| Wylie | e-texts produced with BDRC’s OCR application |
། བསྒྱུར་ཅིང་གཏན་ལ་ཕབ་ནས་ཕྱི་མའི་དོན་དུ་བཤད་དོ།། མངྒ་ཡ~ཾ། @#རྒྱ་གའི་སྐད་དུ། ཤཱན་པྲ་མེར་ཛཱ་ཀའི་ནྟ། བོད་སྐད་དུ། མ་མ ་ཀ་ཛི་ཏི་ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ཅེས་བྱ་བ། དཔལ་རང་བྱུང་གི་རྒྱལ་མོ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། དཔལ་རང་བྱུང་གི་རྒྱལ་མིའི་གནས། རང་བཞིན་ལྷུན ་གྱིས་རྫོག་མ་པོ་ཡི།། བན་དྷ་འབར་བའི་གཞལ་ཡས་ཁང་།། དཀར་དམར་སེར་དང་གནག་པ་ཡི།། འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡི།། ཞི་བས་སྤ་ཀོང་རྒྱས་པས་ཟིལ་གནོན་པ།། དབང ་གིས་དབང་སྡུད་དྲག་པོས་སྒྲོལ་བར་བྱེད། ཁམས་གསུམ་དབང་སྡུད་བན་དྷའི་གཞལ་ཡས་ནི།། དྲི་ཟ་ལ་སོགས་ཕྱོགས་སྐྱོང་བཅུ་ཡིས་མགོས།། ཤར་ལ་སོགས་པ་དེ་བཞིན་རབ་ཏུ་མཛེས། བན་དྷའི ་གཞལ་ཡ་སཾ་ལྷུན་གྱིས་གྲུབ་པ་ལ།། གནམ་ལྐུགས་འབར་བའི་ག་རེར་ཆེན་རབ་ཏུ་བཏག། ཡེ་ཤེས་ལྔ་ལྡན་ཁ་དོག་རབ་ཏུ་འགྲོ།། ལྷ་བརྒྱད་ཀ་བཀྲུ་བརྐྱང་གདུང་དུ་བྲེས།། གཟའ་བརྒྱད་བྱམ་ཟེས་རྒྱུ ་སྐར་དྲ་ལ་དྲ་བ་བགྱིས།། རུ་ཏྲ་དཀར་པོ་སེར་པོ་དམར་པོ་དང་།། ལྗང་ཁུ་ལ་སོགས་བགས་པ་ས་ཐོག་ཀྱང་ཕུག། ཡེ་ཤེས་བཞིར་ལྡན་སྒོ་བཞིར་གནས་པ་ནི།། སྒོ་སྐྱེས་གཡས་ག་ཡོན་ཆུ་སྲིན་འགྲམ་པ་འོ།། ་གཟས་པ་ཕོ་མོས་ཡ་ཐེམ་མ་ཐེམ་བྱས།། ཆུ་སྲིན་ཐོད་པའི་རྟ་བབ་ས་རབ་ཏུ་མཛེས།། བ་དན་སུམ་ཅུ་རྩ་གཉིས་རབ་ཏུ་གཏིབས།། ཆོས་ཀྱི་འཁོར་ལོ་རབ་ཏུ་ཐམས་སུ་དགའ།། འོད་ཟེར་དམར་ནག ་འཕྲོ་འདུ་རྒྱུན་མི་འཆར།། ཆོས་ཀྱི་འཁོར་ལོ་སྨུག་ནག་གདུག་ཕུབ་པ།། གཡས་གཡོན་ཆུ་སྲིན་ཕྲུག་བུ་ལྟ་ཞིང་འཕྲོ།། སེང་གེ་སྟག་དང་ཆུ་སྲིན་དོམ་གྱི་མགོས།། བན་དྷ་འབར་བའི་གཞལ་ཡས ་བ་ད་བགྱིས་ཏེ།། ཐོད་པའི་དྲ་བ་ཚལ་བུའི་དྲ་ཕྱེད་པ།། ཞེ་སྡང་སྦྲུལ་ནག་ཆེན་པོའི་ཐག་པས་བརྒྱུ་ས།། གསེར་གྱི་དྲིལ་འཁོར་རིན་ཆེན་འོད་ཟེར་འབར།། སྦྲུལ་ནག་གདུག་པའི་ཆུན་པོ་ཉི་ལཱི་ལི།། ཐབས་ད་ཤེས ་རབ་འོད་སེར་གསལ་རྒྱས་ཏེ།། ག་ཞལ་ཡས་ཕྱི་ནང་མེད་པར་འོང་གེས་ཟི་འབར།། ཐོད་པ་ཁྲག་འཛག་པར་བྱ་བར་དུ་ལྡན།། སྤྲུལ་པའི་ལྷ་མོ་འདོད་ཡོན་མཆོད་པ་སྟོབས།། རྒྱལ་མཚན་ཆེན་པོ་བཞི་ཡང་གནས་པ་ནི།། ་བྱ་ང་ཤར་སྤྲུལ་པ་རྡོ་རྗེའི་རྒྱལ་མཚན་དང་།། ཤར་ལྷོ་གདུལ་བྱ་ལྕགས་ཀྱི་རྒྱལ་མཚན་དང་།། ལྷོ་ནུ་བ་ལྔ་ལྡི་དར་གྱི་རྒྱལ་མཚན་དང་།། ནུབ་བྱང་དམར་ན་ག་ཁྲག་གི་རྒྱལ་མཚན་དང་།། རྒྱལ་མཚན་ཆེན་པོ ་བཞི་ཡང་དེ་བཞིན་གནས།། དེ་ལྟར་གནས་པའི་གཞལ་ཡས་ཆེན་པོ་སྟེ།། དཔའ་ལྡན་རང་བྱུང་རྒྱལ་མོ་བཞུགས་པའི་གནས།། གཞལ་ཡས་ཕྱི་རིམ་ཁྲག་གི་རྒྱ་མཚོར་གནས།། སྤྲུལ་པའི་མ་མོ་མཁའ ་འགྲོ་བ་ཞུགས་པའི་གནས།། ཕྱི་རི་མཐོང་བའི་ལྕགས་ཀྱི་གྲོང་ཁྱེར་ནི།། བདུད་དང་སྲིན་པོ་གརིཤིན་རྗེ་བཞུགས་པའི་གནས།། མ་ལྕག་ས་རི་ནག་པོས་བསྐོར་བའི་ནང་།། དུར་ཁྲོ་ཆེན་པོ་བརྒྱད་ཀྱི་ས་གཏམ ་པ་ནི། དུར་ཁྲོད་པདག་པ་ཟུགས་སྟོང་ཡིད་འགྲོས་དང་།། ར་ནི་སྣ་ཚོགས་རྣམས་པར་བམ་པ་དང་།། དུལ་དང་ལྕགས་དང་རྣམ་པར་བམ་བྱ་དང་།། སྡུག་དང་གཟིགས ་། དང་གཱཅན་གཟན་སྣ་ཚོགས་དང་།། ཀང་ཀ་དུར་བྱ་འདབས་ཆགས་སྣ་ཚོགས་དང་།། ཤིང་ལ་སོགས་པ་དེ་བཞིན་གནས་རྣམས་སུ།། ཤམ་ཁྲག་འཐུང་ལས་ཀྱི་མཁའ་འགྲོ་དང་།། གིང་དང་ཡང་ཀ་གནང ་སྦྱིན་ཕོ་མོའི་གནས།། གཞན་ཡང་དུར་ཁྲོད་ཀློང་ན་མ་མོ་མཁའ་འགྲོའི་ཚོགས།། དཔལ་ཆེན་དཀའ་ལ་རྟོགས་པབ་སམ་མི་ཁྱབ།། དེ་དག་ཐམས་ཅད་འཁོར་དང་ཐབས་ཅིག་བཞུག་པ།། དུར་ཁྲོད་གཞལ ་ཡས་དེའི་ཕྱི་རིམ་ན།། དུར་ཁྲོད་མེད་པུང་འབར་བས་བསྐོར་ཏེ་གནས།། ཆོས་ཉིད་གང་དུ་མི་འགྱུར་མི་ཤིག་རྟགས།། རྡོ་རྗེ་ར་བའི་ཕྱོགས་སུ་རྒྱ་མཆད།། དེ་ལྟ་བུའི་གཞལ་ཡས་འབར་བདེ།། འཕྲིན་ལས་རྣམ ་བཞིའི་ལྷན་གྱིས་གྲུབ་པའི་རྟགས།། ཕོ་ཟང་གྲུ་གསུམ་མཁའ་དབྱིངས་བདེ་ཆེན་གནས།། དུར་ཁྲོད་རོའི་གདན་ལ་འགྱིང་པའི་ཚུལ།། བུད་མེད་ནག་མོ་མཛེས་པའི་ཆ་བྱད་ཅན།། དཀར་མོ་སེར་མོ་དམར་མོ་ནག ་མོའི་ཚོགས།། ཉིད་ལས་མི་གཞན་འཁོར་གྱིས་བསྐོར་ཏེ་བནས།། ཉིད་ཀྱི་ཐེ་ཙོམ་རྒྱས་པར་བཤད་པའི་ཕྱིར།། ཕྱག་ན་རྡོ་རྗེ་སྤྲུལ་པ་ལྷ་མོ་བདེ་བྱེད་མ།། ཉིད་ལས་མི་ཞན་དམོད་པའི་མཚོན་ཆ་དང་།། རང ་ལས་བྱུང་བའི་ནག་མོ་འབུམ་དང་བཅས།། རར་བྱུང་རྒྱལ་མོ་ཉིད་ལ་འདི་སྐད་གསོལ།། ཨེ་མ་ཧོ་རང་བྱང་རྒྱལ་མོ་ཉིད།། བདག་ནི་རྟག་ཏུ་ཁྱོད་ལ་འདུད།། ཁྱོད་ཀྱི་བྱིན་བརླབས་ཐུགས་རྗེ་གང་།། རྒྱ་ཆེར ་6བདག་ལ་བ་ཤད་དུ་གསོལ།། ཞེས་གསོལ་པས། དེའི་དུས་དེའི་ཚེ། དཔལ་ལྡན་རངད་བྱུང་གི་རྒྱལ་མོད་ཡང་། སྐུ་མདོག་མཐིང་ནག་འབར་བ།། མཆེ་བ་བཙིགས་པ།། རབ་བས་ས་བ་ནི་ཁེབས་པ་ས ་སྤྱི་བོའི་གཙུག་ནས།། ག་ཡུའི་རལ་པ་མཐིང་ཁ་འོད་དུ་འབར་བ་གཅིག་གནས་པ། ཞབས་གྱད་ཀྱི་དོར་སྟ་ཐབས་སུ་བཞུགས་པ།། གཡས་ན་བམ་ཆེན་གྱི་ཙིཏྟ་སྲོག་པ་རྩ་དང་བཅས་ན་ས་བཟུང་།། གཡོན ་པོ་ན་ག་ཡུའི་སྤྱང་མོ་སྐེ་ནས་བཟུང་ནས་ཁྲ་ཐབས་སུ་བསྣམས་པ།། ཏི་ར་རོའི་གདན་ལ་ཏྲ་ར་ག་ཤ་ཞེས་བྱ་བའི་སྒྲ་བརྗོད་ནས།། ཉིད་ཀྱི་སྐུ་ལས་སྤྲུལ་པའི་མ་མོ་བཀྱེ་སྟེ།། སྐུའི་སྤྲུལ་པ་ལས་བལ་མོ ་ནག་མོ་དང་།། གསུང་གི་སྤྲུལ་པ་ལས་མ་མོ་སྲིན་མོའི་ཚོགས་དང་།། ཐུགས་ཀྱི་སྤྲུལ་པ་ལས་མ་མོ་མོན་མོའི་ཚོག་ས་ང་།། གཞན་ཡང་སྦྱོར་གིང་ལ་སོགས་པ།། ཁྲ་མི་ཐོགས་ཀྱི་བདུད་དང་།། ་སྲོག་གཅོད་ཀྱི་གི་ཏྲ་ལ་སོགས་པ་དང་བཅས་ཏེ།། སྤྲུལ་པ་དང་བཅས་ཏེ། སྤྲུལ་པ་དང་བཅས་ཏེ།། སྤྲུལ་པ་མང་པོ་ཉིད་ལས་བཀྱེ་བས། སྣང་སྲིད་ཐམས་ཅད་དུ་མ་ཅིག་ཏུ་གཡོས་པར་གྱུར་ཏོ།། ནད ་ཀྱི་རླངས་པ་དང་། མཚོན་གྱི་ཆར་པ་དང་། བསྐལ་པ་ཕྲ་མོ་ནང་། དུག་དཔལ་ཡམས་ནད་དང་། གན་མེ་ལྕགས་སེར་བ་ལ་སོགས་པ།། དུས་གཅིག་ཏུ་འཁྲུགས་པར་གྱུར་ཏོ།། སླར་ཡང་འཁོར་འདུད ་ཕོ་མོ་དེ་དག་རང་ལ་རྫོགས་པར་གྱུར་ཏོ།། སྣང་སྲིད་ཐམས་ཅད་བདེ་བལ་དུས་གཅིག་ཏུ་བཀོད་དོ།། དུག་དཔལ་དང་ཡམས་ནང་ལ་སོགས་པ་ཐམས་ཅད་བདུད་རྩི་ཆེན་པོར་གྱུར་ཏེ། ཐམས་ཅད་ཐུག ་རྗེ་ཆེན་པོས་བདེ་བ་ལ་བཀོད་དོ།། མ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས། གླེང་བཞིའི་སྐབས་སྟེ་དང་པོའོ།། བྷྲ་མོ་བདེ་བྱེད་མས་འདི་སྐད ་ཅེས་བཀའ་སྩལ་ཏོ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། ཐུགས་རྗེབ་བྱེན་རླབས་བདྨག་མོ་ནི།། ཉིད་ཀྱི་སྐུ་སྦྱོང་ཇི་ལྟར་ལགས།། ཐུགས་རྗེའི་བདག་མོས་བ་ཤད་དུ་གསོལ།། ཅེས་གསོལ་བས། ་དཔལ་ལྡན་རང་བྱུང་རྒྱལ་མོ་ས་བཀའ་སྩལ་པ།། ལྟ་བ་རྣམ་པ་གཉིས་ཡོད་དོ།། གཉིས་པོ་དེ་ཡང་གཅིག་གི་དང་།། རང་བཞིན་ལྷུན་རྫོགས་ལྟ་བ་དང་།། རྟགས་པ་མངོན་གྱུར་ལྟ་བའོ།། རང་བཞིན ་ལྷུན་རྫོགས་ལྟ་བ་ནི།། སྣང་སྲིན་འདི་ལྟར་སྣང་བའི་ཆོས།། ཕྱེ་ནང་སྣོད་བཅུད་ཐམས་ཅད་ཀུན།། མ་མོ་ཉིད་ལས་གཞན་མ་ཡིན།། མ་ནི་ཀུན་བཞི་དབྱིངས་ཀྱི་ཀློང་། མ་ནི་བྱུང་སེམས་ཡེ་ཤེས ་དང་།། དབྱིངས་དང་ཡེ་ཤེས་དོན་རྟོགས་པ།། མ་དང་མོའི་དོན་རྟོགས་ཡིན།། མ་མོ་དེ་ལྟར་རྟོགས་པ་ནི།། རྟོགས་པ་མངོན་གྱུར་ལྟ་བ་ཡིན།། དེ་ལྟར་གཉིས་མེད་དོན་རྟོགས་ན།། བགྲོད་པ་མེད ་པའི་ས་ཆེན་ནོན།། ཡང་མ་མོའི་ལྟ་བ་ནི།། མ་མོའི་སྙིང་པོ་བྱང་ཆུབ་སེམས།། སྙིང་པོ་ཉིད་ལས་གཞན་མ་ཡིན།། སྙིང་པོ་བྱང་ཆུབ་ཡེ་སངས་རྒྱས།། ཐམས་ཅད་དག་པས་སངས་རྒྱས་ཡིན།། ་ལྷན་གྱིས་གྲུབ་པསམ་མོ་ཡིན།། གཉིས་སུ་མེད་པས་མ་མོ་ཡིན།། རང་ལས་བྱུང་བསམ་མོ་ཡིན།། ཡོངས་ལ་ཁྱབ་པ་ས་མ་མོ་ཡིན།། ཅིར་ཡང་སྣང་བསམ་མོ་ཡིན།། ག་ར་ཡང་ཤར ་བསམ་མོ་ཡིན།། ཁྱབ་པར་བརྡལ་བསམ་མོ་ཡིན།། མེ་འགྱུར་མི་ཤིགས་མ་མོ་ཡིན།། གཅིག་ལས་མེད་པཔམ་མོ་ཡིན།། ཐ་དད་སྣང་བསམ་མོ་ཡིན།། མ་མོ་སྒྲོམ་གླིང་བསྒྲུབ་ཏུ་མེད།། ་མམོ་སྤྱོམ་ཤིང་བསྒྲུབས་ན་འགྲུབ།། བགྲོད་དུ་མེད་པས་གར་ཡང་ཕྱིན།། བརྩལ་དུ་མེད་པས་པར་ཡང་འགྲུ་བ།། གདགས་སུ་མེད་པས་ཐམས་ཅད་ཡིན།། ཐ་དད་སྣང་བས་གཉིས་སུ་མེད།། གཉིས ་མེད་དོན་རྟོགས་མ་མོ་ཡིན།། མ་ནི་སྙིང་པོ་བྱང་ཆུབ་སེམས།། མོ་ནི་རང་བྱུང་ཡེ་ཤེས་ཡིན།། སྙིང་པོ་བྱང་ཆུབ་ཉིད་ལ་ནི།། རང་བྱུང་ཡེ་ཤེས་དེ་བཞིན་ཉིད།། ཡེ་ནས་རྣམ་དག་སྙིང་པོ་ཉིད།། ཡེ་ན་ས་གྷན ་གྱིས་རྫོགས་པར་ནས།། ཁྱུང་ཆེན་ན་མཁའ་སྡིངས་པ་ཡང་།། སྣང་སྲིད་གྱི་རྒྱ་རླབས་དེ་གྱིས་གཙོད།། སྙིང་པོ་བྱང་ཆུབ་ཉིད་ལས་ནི།། མ་མོ་ཞེས་སུ་གདགས་སུ་མེད།། སྙིང་པོ་བྱང་ཆུབ་སེམས་པས་ནི།། ་མ་མོ་གཞན་ནས་གཙབ་མེ་སྙེད།། སེམས་ལེས་ཀུན་བྱུང་ཐམས་ཅད་སེམས།། མ་མོ་བྱང་ཆུབ་སེམས་ཀྱི་བརྒྱན།། དེ་ལྟར་གཉིས་མེད་དོན་གཏོགས་ན།། མ་མོ་སྒོམ་ཞིང་བསྒྲུབ་མི་དགོས།། མ་མོ ་ལུས་དང་གྲིབ་བཞིན་འགྲོགས།། ཅེས་གསུངས་སོ།། བ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས།། ལྟ་བ་བསྟན་པའི་སྐབས་ཏེ་གཉིས་པའོ།། དེ་ནས་སྤྱོད་པ་བཀར་སྦྲེལ་པ་ནི། གཟུགས ་སྣང་བ་ཐམས་ཅད་ཀུན།། མ་མོ་སྐུའི་བདག་ཉིད་ཡིན།། སྒྲོ་རུ་གྲོགས་པ་ཐམས་ཅད་ཀུན།། ཨ་མོ་གསུང་གི་བདག་ཉིད་ཡིན།། སེམས་ཀྱི་དྲན་རྟོགས་ཐམསོ་ཅང་ཀུན།། མ་མོ་ཐུགས་ཀྱི་བདག ་ཉིད་ཡིན།། དང་བྱུང་ལ་ཤེས་ཐམས་ཅད་དཀུན།། མམའི་ཡོན་ཏན་བདག་ཉིད་ཡི།། ཐམས་ཅད་དང་ལས་བྱུ་བས་ནི།། འཛིན་ལས་རྣམ་པནི་སྤྱིར་སྤྱད་ཀྱ ་མང་བཛིན་ལས་བདག་ཉིད་ཡིན། དེ་སྤྱང་གྲགས་དི་སྤྱད། རྣམས་ཅུང་བཉིས་སུ་མེད་པ་ལྷག། ཐམས་རདས་སུས་མ་མར་སྤྱད། ན་མིའི་སྙིང་བ་སེམས་ས་སྤྱག།། ཆེས་གསུངངས་།། ་ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས།། བསྒོམ་པ་བསྟན་པའི་སྐབས་ཏེ་བཞི་པའོ།། ། དེ་ནས་སྒྲུབ་པ་བསྟན་པ་ནི།། སྣང་ཞིང་སྲེད་པའི་ཆོས་རྣམས་ཀུན།། ཐམས་ཅད་མ་མོར་བསྒྲུབ་པར ་བྱ།། མ་མོ་རང་བྱུང་སེམས་སུ་བསྒྲུབ།། སེམས་ཉིད་ཡེ་བསྒྲུབས་ཆེན་པོ་ཡིན།། སྣང་མེད་ཀུན་ཏུ་སྣང་བའི་གདོངས་པ་ཅན།། བྱ་བ་མེད་ཅིང་མཚན་ཉིད་ཅི་དགར་འགྱུར།། ནོར་བུ་རིན་ཆེན་ལྟ་བུའི ་སེམས་ཉིད་དེ།། མ་མོ་མཁའ་འགྲོ་སེམས་ཅན་རྣམས་ཀྱི་དངོས།། དེ་ཉིད་མ་ཡེངས་མ་མོའི་སྒྲུབ་པ་ཡིན།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས། ་བསྐྱབ་པ་བསྟན་པའི་སྐབས་ཏེ་ལྔ་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། སྒོམ་བསྒྲུབ་གཉིས་ཀྱི་བདག་མོ་ནི།། ཉིད་ཀྱི་སྦྱོར་སྒྲོལ་ཇི་ལྟར་ལགྶ། ་སྒོམ་བསྒྲུབ་བདག་ཨོས་བཤར་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། བདེ་གཤེགས་ཐུགས་ཀྱི་ཡེ་ཤེས་ལ།། རང་རིག་ཡེ་ཤེས་བློ་ཡིས་སྦྱོར།། ་ཐམས་ཅད་ཆོས་ཀྱི་ཆོས་ཉིད་ལ།། སེམས་ཀྱི་སེམས་ཉིད་གཉིས་མེད་སྦྱོར།། ཐབས་དང་ཤེས་རབ་གཉིས་མེད་སྦྱོར།། དབྱིངས་དང་ཡེ་ཤེས་གཉིས་མེད་སྦྱོར།། སངས་རྒྱས་སེམས་ཅན་གཉིས་མེད ་སྦྱོར།། འཁོར་བ་མྱ་ངན་འདས་གཉིས་སྦེང་སྦྱོར།། ཕྱི་ནང་སྣོད་བཅུད་གཉིས་མེད་སྦྱོར།། ཡུལ་དང་དབང་པོ་གཉིས་མེད་སྦྱོར།། སྣང་སྲིད་ཐམས་ཅད་མ་མོ་སྦྱོར།། ར་མོ་སྙིང་པོ་སེམས་སུ་སྦྱོར།། སེམས ་ཉིད་ཡེ་སྦྱར་ཆེན་པོ་ཡིན།། དེ་ལྟར་གཉིས་མེད་སྦྱོར་བ་ནི།། དེ་ནི་མ་མོའི་སྦྱོར་བ་ཡིན།། ཅེས་གསུངས་སོ།། ཟ་བྱེད་སྤ་ངོ་རྒྱལ་ནག་མོའི་རྒྱུད་ལས། སྦྱོར་བ་བསྟན་པའི་སྐབས་ཏེ་དྲུག་པའོ།། ། ་དེ་ནས་སྒྲོལ་བ་བསྟན་པ་ནི།། ཁམས་གསུམ་ཐམས་ཅད་རང་གི་སེམས་ཡོན་པས།། སེམས་ཉིད་ཡེ་སངས་རྒྱས་པོས་ཁམས་གསུམ་ཡོངས་སྒྲོལ་ལོ།། སྲིད་གསུམ་ཐམས་ཅད་རང་གི་སེམས་ཡིན ་པས།། སེམས་ཉིད་ཡེ་སངས་རྒྱས་བྱར་མེད་འབད་རྩོལ་བྲལ།། སྲིད་པ་དག་པའི་ཞིང་དུ་ཡེ་སྒྲོལ་ཆེན་པོ་ཡིན།། རྒྱུ་དྲག་ཕུང་པོར་སྣང་བ་རྭ།། རང་གི་སེམས་ཉིད་ཡིན་ཏེ་ཡེ་སངས་རྒྱས།། རྒྱུད་དྲུག ་འཁོར་བའི་རྩད་གཅད་དག་པའི་ཞིང་དུ་སྒྲོལ།། རྒྱུ་ལྔ་ལས་ཀྱི་སྒོ་ཡང་རང་གི་སེམས་ཡིན་པས།། སེམས་ཉིད་ཡིནས་སངས་རྒྱས་པས།། ངན་སོང་ལམ་ཡང་ཡེ་ནས་མེད།། ཡེ་ནས་དག་པས་དག ་པའི་ཞིང་དུ་སྒྲོལ།། སྣང་སེར་ཐམས་ཅད་མ་མོའི་ངང་དུ་བསྒྲལ།། མ་མོ་མཁའ་འགྲོ་བྱང་ཆུབ་སེམས་སུ་བསྒྲལ།། སེམས་ཉིད་ཡེ་སངས་རྒྱས་པས་ཡེ་བསྒྲལ་ཆེན་པོ་ཡིན།། ཅེས་གསུངས་སོ།། ་ཟ་བྱེད་སྤ་ང་རྒྱལ་ནག་མོའི་རྒྱུད་ལས། སྒྲོལ་བ་བསྟན་པའི་སྐབས་ཏེ་བདུན་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་བ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། སྦྱོར ་སྒྲོལ་གཉིས་ཀྱི་བདག་མོ་ནི།། ཉིད་ཀྱི་གསོ་མཛད་ཇི་ལྟར་ལགས།། སྦྱོར་སྒྲོལ་བ་དག་མོས་བཤད་དུ་གསོལ།། དེ་སྐད་གསོལ་བ་ག་སན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། འཁོར་བཛྲ ་སྡུག་བསྔལ་ཐམས་ཅད་ཀུན།། བདེ་ཆེན་ཆོས་ཀྱི་དབྱིངས་སུ་གསོ།། ཕྱི་ནང་སྣོད་བཅུད་ཐམས་ཅད་ཀུན།། སྙིང་པོ་བྱང་ཆུབ་སེམས་སུ་གསོ།། ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས།། ཁམས་གསུམ ་སེམས་ཅན་ཉོན་མོངས་གསོ།། འདུས་པའི་ནད་ཀྱི་ཟིན་པ་རྣམས།། བདུད་རྩི་ཆེན་པོའི་སྨན་གྱིས་གསོ།། ཐུགས་རྗེའི་རྒྱུན་ཐག་ཆད་པ་རྣམས།། རང་བྱུང་ཡེ་ཤེས་ཐུགས་རྗེས་དམ་ཚིག་རྒྱུན་ཐག ་ཆད་པ་རྣམས།། མི་བརྗེད་གཟུངས་ཀྱི་ཐུགས་རྗེས་གསོ།། ཤེས་རབ་མེ་སྟག་ཤི་བ་རྣམས།། ཏིང་འཛིན་མི་གཡེངས་བརྟན་པོས་གསོ།། ཤེས་རབ་མོ་ལྕེ་ཆད་པ་རྣམས།། རྟོགས་པའི་ཁྱད་པར་བརྟན ་པོས་གསོ།། རང་བྱུང་ཡེ་ཤེས་རྒྱུན་ཆད་པ།། སྙིང་པོ་བྱང་ཆུབ་སེམས་ཀྱི་གསོ།། སེམས་ཀྱི་དེ་ཉིད་མ་རྟོགས་པས།། ཤེས་རབ་ཏིང་འཛིན་བརྟན་པས་གསོ།། མ་མོ་མཁའ་འགྲོ་གདུག་བཏུལ ་བ།། སྙིང་པོ་བྱང་ཆུབ་སེམས་སུ་གསོ།། ཅེས་གསུངས་སོ།། ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད།། གསོབ་བསྟན་པའི་སྐབས་ཏེ་བརྐྱང་པའོ།། །། གསད་པའི་སྦྱོར་བ་བསྟན་པ་ན།། དུ ་ལྔ་ཡེ་ཤེས་ལྔ་རུ་གསད།། དུག་གསུམ་སྐུ་གསུང་ཐུགས་སུ་གསད།། སྡུག་བསྔལ་བདེ་བ་ཆེན་པོར་གསང་།། འཁོར་བ་མྱ་ངན་འདས་པར་གསད།། ཤེས་རབ་མེ་ལྕེ་འབར་བ་ཡིས།། གཟུང་འཛིན་རླུང ་འཚུ་བ་འཚུབས་པ་གསད།། ཤེས་རབ་མེ་སྟག་ཆེན་པོ་ཡིས།། རྣམ་རྟོག་གྲུ་ཆར་འབབ་པ་གསང་།། རྣལ་འབྱོར་རྟོགས་པའི་ཁྱད་པར་གྱིས།། མ་རྟོགས་རྨོངས་པའི་གཏི་མུག་གསད།། ཡེ་ཤེས་ཉི ་མ་འོད་གསལ་བས།། གཏི་མུག་མུན་པ་འཐིབས་པ་གསད།། སྣང་སྲིད་ཆོས་རྣམས་སེམས་སུ་གསད་།། མ་མོ་མཁའ་འགྲོའི་དབྱིངས་སུ་གསད།། ཤི་བ་མེད་པས་ལེགས་ཡིན།། སེམས ་ཅན་ཐམས་ཅད་སེམས་སུ་གསད།། རྟོག་པ་མངོན་དུ་གྱུར་པ་ན།། ཏིང་འཛིན་ལས་སུ་རུང་བ་ན།། སྣང་སྲིད་ཐམས་ཅད་གསད་པར་བྱ།། གསང་དུ་མེད་དེ་ཡེ་གསང་ཡིན།། ཅེས་གསུངས་སོ།། ་ཟ་བྱེད་སྤང་རྒྱལ་ནག་མོའི་རྒྱུད་ལས། གསད་པར་བསྟན་པའི་སྐབས་ཏེ་དགུ་པའོ།། །། ལྷ་མོ་བདེ་བྱེད་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། གསོ་གས་ད་གཉིས་ཀྱི་བ་དག ་མོན།། ཉིད་ཀྱི་དབབ་བཅད་ཇི་ལྟར་ལགས།། གསོ་གསད་བདག་མོས་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། འཁོར་བའི་ལུང་རོ་སྐོམ ་པོ་རུ།། བྱང་ཆུབ་སེམས་ཀྱི་ཆུ་བོ་དབག། རྣམ་རྟོག་མེ་ལྕེ་འབར་བ་ལ།། ཡེ་ཤེས་ཆེན་པོ་ཆུ་བོ་དཔག། དུག་ལྔའི་འབྲས་བུ།། མི་ཤེས་ལྔའི་སེར་བདབག། དུག་གསུམ་ལོ་མ་རྒྱས་པ་ལ།། སྐུ ་གསུང་ཐུགས་ཀྱི་ཐོག་ཆེན་དཔག། གཟུང་འཛིན་རླུང་ཚུབ་ལྡང་བ་ལ།། ཏིང་འཛིན་བརྟན་པོའི་ཐིབས་ཀྱིས་མནན།། ཡུམ་གྱི་པདྨའི་བྷ་ག་རུ།། བྱང་ཆུབ་སེམས་ཀྱི་ཆུ་བོ་རབག། ཆོས་ཀྱི་དབྱིངས་ཀྱི ་བརྡལ་བདུ། རིག་པའི་ཡེ་ཤས་ཆུབ་དཔག། མཁར་དབྱིངས་པདེ་ཆེན་གྲོང་ཡངས་ཀྱུ།། ཤེས་རབ་ཏིང་འཛིན་ཆུ་བོང་དབག།། མཁའ་འགྲོ་མ་ཆར་ཕྱོགས་ཆར་པ། ་སྙིང་པོ་བྱང་ཆུབ་ཆུ་བོ་དཔག།། དབབ་དུ་མེད་དེ་ཡེ་ཕབ་ཡིན།། དེ་ལྟར་དབབ་པ་བསྟན་པ་ནི།། བྱང་ཆུབ་སེམས་ཀྱི་ཆུ་ཆེན་སྟེ།། མ་མོ་མཁའ་འགྲོའི་དབབ་ལུགས་ཡིན།། ཟ་བྱེད་སྦྱ་ང་རྒྱལ་ནག་མོའི་རྒྱུད་ལས། ་དབབ་པར་བསྟན་པའི་སྐབས་ཏེ་བཅུ་པའོ།། །། དེ་ནས་བཅད་ལུགས་བཀའ་སྩལ་པ།། བདེ་ཆེན་ཆོས་དབྱིངས་ཀློང་ཡངས་སུ།། ཉོན་མོངས་འཁོར་བའི་རྒྱུན་ཐག་བཅད།། ང་དང་བདག ་ཏུ་ལྷ་ལ།། གཉིས་མེད་རལ་གྲི་རྣོན་པོ་ཡིས།། བྱང་ཆུབ་སེམས་སུ་རྒྱན་ཐག་བཅད།། བདག་ལྔའི་ཁང་པུར་བཅུག་པ་ལ།། ཡེ་ཤེས་ལྔ་རུ་རྒྱུན་ཐག་བཅད།། དུག་གསུམ་དྲ་བར་ཆུད་པ་ལ།། སྐུ་གསུང ་ཐུགས་སུ་རྒྱུན་ཐག་བཅད།། ཆགས་སྡང་ལྕགས་སུ་བཅུག་པ་ལ།། ཐབས་དང་ཤེས་རབ་སྤུ་གྲི་ཡིས།། ཆགས་སྡང་གཉིས་ཀྱི་རྒྱུན་ཐག་བཅད།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས། ་བཅད་ཐབས་ཀྱི་ལེའུ་སྟེ་བརྩཝ་གཅིག་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་བ།། ལས་ཀྱི་དཀྱིལ་འཁོར་ཆེན་པོ་དག། ཚུལ་བཞིན་ཁྱེད་ཀྱིས་བ་ཤར་དུ་གསོལ།། རང་བྱུང་རྒྱལ་མོས ་བཀའ་སྩལ་པ།། དྲི་མོར་ཤི་བའི་རོ་བླངས་ལ།། ཏི་ར་རོ་ཚོབ་ཆོ་ག་བྱ།། ཡིན་གཉིས་ཀྱི་ནི་རྒྱུན་ཐག་བཅད།། ཡིད་གཉིས་ཐེ་ཚོམ་ཟ་བ་ལ།། ཤེས་རབ་ཏིང་འཛིན་བརྟན་པོ་ཡིས།། ཡིད་ཆེས་དད་པས་རྒྱུན ་ཟག་བཅད།། སྣང་སྲིད་མ་མོ་ཐམས་ཅད་ཀུན།། རང་གི་སེམས་ལས་བྱུང་བས་ན།། སེམས་ཉིད་ཡིན་པར་རྒྱུན་ཐག་བཅད།། བཅང་དུ་མེད་དེ་རྣམ་རྟོག་རྣམས།། ཡེ་སངས་རྒྱས་པས་ཡེ་ཅད་བཅད།། ་ཅེས་གསུངས་སོ།། ཟ་བྱེད་སྦྱ་རྒྱལ་ནག་མོའི་རྒྱུད་ལས།། བཅང་ཐབས་བསྟན་པའི་སྐབས་ཏེ་གྷུ་བྱིས་པའོ།། བདེ་བྱེད་ལྷ་མོས་ཡང་གི་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མ ་ཆེ། དབབ་བཅད་གཉིས་ཀྱི་བདག་མོན།། ཉིད་ཀྱི་མངོན་དུ་བསྒྲུབ་ཐབས་གང་།། རྫས་དང་བྱ་བ་ཇི་ལྟར་ལགས།། འཕྲིན་པས་གཞུང་བསྲང་ཇི་ལྟར་སྦྲེར་།། སྒྲུབ་ཐབས་རྣམ་པ་དུ་རུ་བསྟན།། ་དབབ་བཅད་བདག་མོས་བཤད་དུ་གསོལ།། དེ་སྐད་གསོལ་པ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ལས་སུ་བྱ་བའི་བྱེ་བྲག་རྣམས།། ངེས་པར་བཤད་ཀྱིས་ཚུལ་བཞིན་ཉོན།། ་མངོན་དུ་བསྒྲུབ་ཐབས་རྣམ་པ་གསུམ།། རབ་ཀྱིས་ཏིང་འཛིན་བརྟན་པས་སྒྲུབ།། འབྲིང་གིས་སྔགས་ལ་རྟེན་ཏེ་སྒྲུབ།། ཐ་མས་རྫས་ལ་རྟེན་ཏེ་སྒྲུབ།། རབ་ཀྱིས་ཏིང་འཛིན་སྨྲ་བ་ཐབས་ནི།། དཀྱིལ ་འཁོར་གཞལ་ཡས་གསལ་བ་ལ།། དམིགས་པ་བསྐྱེད་པ་ནན་ཏན་བྱ།། ཏིང་འཛིན་བརྟན་པོར་འགྱུར་བ་ཡིས།། མ་མོ་ལས་སུ་རུང་བ་ན།། རྣལ་འབྱོར་ལས་དང་གྲིབ་བཞི་ནི་འགྱུར།། དམིགས་པ་ཚད ་དུ་མ་གྱུར་ཅིང་།། ལྷ་མོ་ལས་སུ་མ་རུང་ན།། ནམ་ཀྱང་བཀོལ་ཏུ་མི་བཏུབ་སྟེ།། དབེན་པ་ཆེན་པོའི་ས་ཕྱོགས་སམ།། དུར་ཁྲོད་མ་མོ་ཆགས་ས་རུ།། བདག་ལས་མ་ཡིན་གཞན་མི་བསྙེན།། འདུ་འཛི ་སྤངས་ལ་བདེ་མ་ལ་བ་གས།། མཎྜལ་ཆག་ཆག་ལེགས་བཏབ་ལ།། ངར་དཀར་རས་ལམ་མོ་ཉིད།། འདྲི་མཁན་དམ་ཚིག་ཅན་གྱི་ཟི།། མདོག་གནག་ཞབས་བགྲང་མ ་གཙིགས་པ།། སྤྱན་བཟློག་རག་རལ་པཐུར་དུག་མིག། མཐིང་གི་རབ་པ་ཆག་གང་ག། འོད་འབར་གྱེན་དུ་བསྒྲེང་བའོ།། གཡས་པ་མཚན་ཙི་དྷ་ལ།། གཡོན་པ་སྦྱར་མོ་ཁྲ་ཐབས་ཐོགས།། སྐར་པ ་པའི་གསེབ་ནས་ཀྱང་།། སྤྱད་མི་དང་པོ་འཕྲོ་བ་ཟེ།། ག་ཡས་སུ་སྒྲོལ་བའི་གིང་ཆེན་བྲི།། གཡོན་དུ་སྦྱོར་བའི་གིང་ཆེན་དྲི།། ཁ་དོག་གཟུགས་མ་དང་ས་མ་ཛེ་པར་བྲི།། དེ་ལྟར་བྲིས་པའི་མེ་མོ་དེ།། ་མཎྜལ་དབུས་སུ་དེ་བཞུག་ལ།། དམིགས་པ་བསྐྱེད་ལ་ནན་ཏན་བྱ།། རས་བྱིར་རེ་ས་གསལ་ཅུང་ཟད་ཙམ།། མང་དུ་འབྱུང་བས་ནན་ཏན་གྱི།། དེ་ལྟར་བྱུང་སྟེ་མངོན་གས་པན།། རང་གི་སེམས་ཉིད་ཡིན ་པར་ལྟ།། ལོ་མ་ཟླ་བའི་བར་དུ་བྱ།། དེ་ལྟར་ཡིན་པར་ཤེས་རྟོགས་ན།། འཕྲིན་ལས་རྣམ་བཞི་ཅི་དགར་སྤྱང་།། ཞེ་རྒྱས་གཉིས་ཀྱི་གསོ་བར་བྱ།། ད་བ་དྲག་གཉིས་ཀྱི་བམ་པར་བྱ།། གསལ་བ ་མངོན་དུ་རྒྱུ་ཐབ་ན།། རང་ཉིད་ཅི་བདེ་ཅི་དགར་སྤྱད།། ཅེས་གསུ་ངས་སོ།། ཟ་བྱེད་སྦྱང་རྒྱལ་ནགོ་མོའི་རྒྱུད་ལས། རབ་ཏིང་ངེ་འཛིན་ལ་རྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་གསུམ་པའོ།། ། ་། སྔགས་ལ་བརྟེན་ཏེ་བསྒྲུབ་པ་ན།། དེ་ལྟར་བཀྲམ་པའི་མ་མོ་དེའི། མདུན་དུ་དམ་རྫས་ཚོགས་བྱས་ལ།། སྔགས་ནི་སེལ་མ་ཞུགས་པར་བཟླས།། ཏྲག་རག་ཤ་ཁ་མུན་ཏྲ་མུ ་6རུ་ལུ་རུ་ལུ་དྷཱ་ཀྵྨ་ཧཱུ~ཾ། རག་མོ་ཏ་ཀུ་མཛ་ཛ་ཁ་ཁབྷྱོ།། རུ་གུ་རུ་སྱཱ་མ་ཧིབྷྱོ།། དེ་ནི་རྒྱུན་དུ་བཟང་བར་བྱ།། དྲག་མོའི་སྔགས་འདིས་མཆོད་པར་བྱ། གཟག་སྙིང་སོགས་སྤྱན་གཟིགས་དང་།། ་མ་རྒྱས་པ་རཾ་གོ་ས་ལ་བཀྲ་མ་ལ།། ཏྲག་རག་ཤཱ་ཏ~ཾག་རག་ཤ་ཙིཏྟ་ཁ་ཧཾ། སྙིང་ཁ་རག། ཏྲག་རག་ཤ་གྲམ། མ་ཧ་མ་ས་ལ་ཡ། མ་ཧཱ་རཀྟ་གྲ་མ། ཙིཏྟ་རྦད་བྷུ་རི་ལི་པི་རྦང་། དྲག་པོའི་སྔགས་འདིས ་ལས་ལ་གཏང་།། ཏྲག་རཀྐ་བཛྲ་ཁེ་ཆུ་མས་རི་ལི་ཕྱི། བྷྱོ་རྦད་རྫྫ། པྲ་ཏཱི་ས་ན་མཛ་སྐྲག་པྲ་ཏིས་ན་མ་ཛཱ་ནེ་ཐི་མག་ཁུམ་ཁུམ་མག་མག་ཆོད།། ཕུངས་ཀར་ཡུངས་ནག་སྐྱེ་ཚེ་དང་།། དུག་རྫས ་སོགས་རྫས་ཀྱི་བརྡེག། རྫས་རྣམས་སྒྲོལ་བའི་ཀྲྀ་དུ་བསྒོམ།། དེ་བཞིན་སྔགས་རྣམས་རིམས་ཀྱིས་སོ།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས། སྔགས་ལ་བརྟན་ཏེ་བསྒྲུབ ་པའི་སྐབས་ཏེ་བཅུ་བཞི་པའོ།། །། རྫས་ལ་བརྟན་ཏེ་བསྒྲུབ་པ་ནི།། རྫས་ནི་རྣམ་པ་ལྔ་རུ་བཤད་།། དབང་རྫས་མཚང་རྫས་སྒྲུབ་པའི་རྫས།། བརྟན་རྫས་བསྐང་རྫས་ལྔ་རུ་བ་ཤད་།། ་དབང་རྫས་བྱང་སེམས་དཀར་དམར་དང་།། ཆང་ཕུད་ཨ་མི་ཏ་ས་སྦྱར་བའོ།། རྒྱུ་ས་ཆེན་སྲོག་ཤད་ལ་སོགས་པའོ།། མཆོད་རྫས་སྙིང་ཁྲག་སྣ་ཚོགས་ཤ། དཀར་གསུམ་མངར་གསུམ་སྤྱན་གཟིགས ་སོགས།། སྨན་དང་ཕྲད་དང་སྟེང་གིས་མཆོད།། འབྲས་བུ་སྣ་ཚོགས་དེ་བཞིན་དུའོ།། སྒྲུབ་རྫས་སྤ་དཀར་ཚིག་གསུམ་པ།། དུག་ཁྲག་ལ་སོགས་ཐུན་རྣམས་སོ།། རྟེན་རྫས་ཤེས་རབ་མཚོན་ཆེན ་དང་། ཨ་མྲི་ཏ་དང་བྱང་ཆུབ་སེམས།། ཤ་ཁྲ་སྙིང་སྣ་ཚོགས་པའི་ཕྱེ།། རྟག་ཏུ་ལུས་ལ་བསྲེལ་བར་བྱ།། རུ་དང་རམར་ནག་ལེའུ་བརྒན་གུར།། རྨ་བྱའི་རྒྱལ་མཚན་མཐིང་ནག་གུར།། རྨ་བྱའི ་རྒྱུ་ལ་མཚན་ག་ཡང་བཞིན་ལ་མོའི་མགོ། ནལ་བུའི་རྒྱལ་མཚན་ཤ་ཁྲག་སྙིང་།། སྤྱི་བླུགས་ཞ་དང་རྔ་གླིང་དྲུང་།། ཙིཏྟའི་རྒྱལ་མཚན་ལུག་ནག་གསོག། རྟག་སྤྱོད་རྔ་དང་འབྲེང་ཆེན་རྣམས།། ཨ ་མོ་རྟེན་པའི་རྫས་སུ་བཤད།། བསྐང་རྫས་འབྲས་བུ་སྣ་ཚོགས་དང་།། བྱ་ནག་ལྕོག་ནག་ཁྱི་རོག་མོ།། འབྲི་རོག་མོ་ལ་སོགས་པས་བ་སྐད་།། མི་ཁྱི་རྟའི་བམ་གྱིས་བསྐོར།། མདོས་ལ་སོགས་པ ་དེ་བཞིན་ནོ།། དེ་ལྟར་རྫས་རྣམས་འཚོགས་པ་དང་།། མ་མོ་གཉིས་སུ་མེད་པར་འགྱུར།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས། རྫས་ལ་ཎཱན་ཏེ་བསྒྲུབ་པའི་སྐབས་ཏེ་བ ་ལྔ་པའོ།། ། དེ་ནས་འཕྲིན་ལས་གཞུང་བསྲང་བ།། བྲག་དམར་ཆེས་བཟངས་འདྲ་བའམ།། མཚོ་གླིང་དུར་ཁྲོད་དག་ཏུ་བསྒྲུབ།། ཟླ་བ་མར་གྱི་ཉི་ཤུ་གཉིས།། གཟའ་མཚོན ་སྒྲ་གཅན་འཛིན་ལ་གཏད།། བསྒྲུབ་བྱ་ཤེས་ལྡན་དབང་རྫོགས་པས།། དཀྱིལ་འཁོར་ཞི་རྒྱས་དབང་དྲག་བཞི།། དབུས་མུ་མཚལ་གྱིས་ཏྲིག་བྲིས་ལ།། སྤ་དཀར་ཚིགས་གསུམ་གཟུགས་པར ་བྱེ།། སྐྱེ་བ་མགོ་ལིང་ཡལ་ག་ལྔ།། དེ་བཞིན་མཁར་བའི་རྩ་རུ་གཟུགས།། ནེལ་མོའི་ཐོད་པ་དུམ་ལྔའི་ནང་།། རྟེན་རྫས་ཤེས་རབ་མཚལ་ཆེན་དང་།། ཨ་མྲི་ཏ་དང་ཆང་ཕུད་སོགས།། སྤྱན་གཟིགས ་གཏོར་མ་དེ་བཞིན་ཏེ།། རྒྱ་བ་ནི་འཇམ་དཔལ་ཕྱར་ལ་རྟེན།། ཡང་ན་ཆེ་མཆོག་དེ་བཞིན་ནོ།། ཏིང་འཛིན་རྣམ་གསུམ་གསལ་བསྒོམས་པ།། དབང་ཆེན་གན་ལ་ཡས་གདན་བཅས་བསྒོམ།། བསྐྱེད་བརྐྱེན ་གྱི་སྔགས་བརྗོད་དེ།། དབུས་ཀྱི་ཤིང་དང་ཐ་མི་དང་།། སྐུ་ལ་དབང་བསྐུར་དུག་གིས་མཐུ་བྱིན་བསྐྱེད།། འཕྲིན་ལས་རྫོགས་ནས་རྟག་པར་རྒྱུན་སྔགས་བཟླས།། བར་དུ་རྦད་ཅིང་ཐ་མར་གསང་སྔགས་བཟླས།། ་བརྡེག་པའི་སྔགས་བཟླས་སྙིང་ཐུན་དབབ་པར་བྱ།། གཏོར་མ་གཏོར་ཞོ་དེ་ལས་ཀྱི་མཐའ་བསྭ་སྟཽ།། ས་མཚོན་ཁར་པ་སྐོར་པ་དགྲ་བོའི་ཕྱོགས་སུ་བསྟན། བརྣག་པའི་ལིང་གདུག་གིས་མནན་པར་བྱ།། ་མི་བྱང་གཏུ་བེ་ཅིང་སྔགས་བཟླས་སྦྱིན་བསྲེག་བྱ།། སྠ་དཀར་མི་ལག་མི་བ་སྐར་རྟག་ཏུ་མ་མོར་བསྒོམ།། འཕྲིན་ལས་ཡོངས་སུ་རྫོགས་ནས་ལུས་དང་གྲིབ་བཞིན་འགྱུར།། ཅེས་ག་སུངས་སོ།། ཟ་བྱེདད་སྤང ་རྒྱལ་ནག་མོའི་རྒྱུད་ལས།། འཕྲིན་ལས་བསྟན་པའི་སྐབས་ཏེ་བཅུ་དྲུག་པའོ།། ། བདེ་བྱེད་ལྷ་མོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ།། འཕྲིན་པས་ཐམས་ཅད་པོདག ་མོ་ན།། བསྒྲུབ་ཐབས་རྣམ་པ་དུ་རུ་བསྟན།། འཕྲིན་ལས་བདག་མོ་བ་ཞད་དུ་གསོལ།། དེ་སྐད་གསོལ་བ་ག་སན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ། ཁ་སྒྲུབ་ཐབས་རྣམས་པ་གསུམ་དུ ་བཤད།། ཕོ་སྒྲུབ་འཁོར་ལོ་ལ་རྟེན་སྒྲུ་བ།། མོ་སྒྲུབ་འཁོར་བའི་ཁྲག་ལ་སྒྲུབ།། དྲག་སྔགས་ཡུངས་ཀར་ལ་རྟེན་སྨྲ་བ།། ཕོ་སྒྲུབ་འཁོར་ལོ་ལ་རྟེན་སྨྲ་བ། ཕོ་དང་འཁོར་ལོ་སྟོབས་ཆེ་སྟེ།། དེ་ཕྱིར ་འཁོར་ལོ་རྟེན་ཏེ་སྐྲག། ཕོན་གདུག་ཅིང་གཏུམ་པ་སྟེ།། དེ་ཕྱིར་འཁོར་ལོ་རྟེན་ལ་སྒྲུབ།། པོ་ཡིས་ཐམས་ཅད་སྒྲོལ་བྱེད་པས།། དེ་ཕྱིར་འཁོར་ལོ་རྟེན་པ་སྒྲག ་འཁོར་ལོ་འཁོར་བས་ཐམས་ཅད་སྒྲོལ།། འཁོར་ལ་འཁོར་བས་ཐམས་ཅད་གཅོད།། འཕྲིན་ལས་རྣམ་བཞིའི་དངོས་པོ་གཅིར།། དེ་ཕྱིར་འཁོར་ལོ་རྟེན་ཏོ་བསྒྲུབ། དུར་ཁྲོད་རས་པ་སྐུང་ནུལ་བྱ།། དུག་ཁྲག ་མཚོན་ཆ་ལུགས་བརྡར་ལ་བྱུག། སྒྲོལ་གིང་སྦྱོར་གིང་ཞལ་བྲི་ས་ལ།། ལྟོ་བར་སྲིད་པའི་འཁོར་ལོ་བསྐོར།། སྲོག་གི་འཁོར་ལོ་བསྐོར་བའི་ཚེ།། སྲོག་ལས་ཕྲེང་བའི་འཁོར་ལོ་བསྐོརོ།། གསང་པའི་འཁོར ་ལོ་བསྐོར་བའི་ཚེ།། ཕྱང་ཤིག་ང་སྒྲལ་བའི་འཁོར་བསྐོར།། བར་བར་མིང་རུས་ཤས་བུར་སྦྱར།། མཱ་ར་ཡའི་བྷྱོ་སྒྲས་གདག། སྲོག་གི་འཁོར་ལོ་གྲུ་བ་པ་ན།། བདུད་རྩི་ཆང་ཕུད་ཁྲག་གིས་བཀྲུ།། བསྐང་བའི ་ཆོ་ག་རྒྱ་ཆེར་བྱ།། གསད་པའི་འཁོར་ལོ་འགྲུབ་པའི་ཚེ།། རབས་ཆད་ཐོད་བཅུག་མནན་གཏད་བྱོ།། སྒྲོལ་བ་སྒྲོལ་གང་ཉིད་ལ་སྟེ།། གཏད་པ་ཞང་པོ་ཀླུ་ལའོ།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད ་ལས།། པོ་འཁོར་ལོལ་རྟེན་ཏེ་བསྒྲུབ་པའི་སྐབས་ཏེ་བཅུ་བདུན་པའོ།། ། མ་སྒྲུབ་འཁོར་བའི་ཁྲག་ལ་བསྒྲུབ་པ་ནི།། མོའི་རང་བཞིན་འདོད་ཆགས་ཆེ། ཁྲག་གི་རང་བཞིན་ཆགས ་པའི་རྒྱུ།། ཆགས་པའི་འབྲས་བུ་ཁྲག་ཏུ་སྨིན།། དེ་ཕྱིར་ཁྲག་ལ་བརྟེན་ཏེ་བསྒྲུབ།། དང་པོ་སྒྲུབ་ཆེ་ཁྲག་གིས་མཆོད།། གསང་བའི་མཚོན་ཆ་ཁྲག་གིས་བྱ།། ཁྲག་ལ་དུག་གིས་གྲོགས་དང་སྦྱར།། དུག ་ཁྲག་ནད་ཀྱི་རྒྱུ་ཡིན་པས། ཁ་སད་ཚེ་དྲུག་ཁྲག་བཙོ་བར་བྱ།། ཁྲག་ལ་རྣམ་པ་གཉིས་ཡོད་ཏེ།། ཤི་བའི་ཁྲག་དང་གསོན་པོའི་ཁྲག། གསོན་པོའི་ཁྲག་གིས་བསྒྲུབ་ཅིང་མཆོད།། ཤི་བའི་ཁྲག་གིས་གསད ་པར་བྱ།། དུག་དང་ཁྲག་གཉིས་དྲག་པོའི་རྫས།། ཟག་འཕང་དུག་ལ་མནན་པ་བྱ།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས།། མ་མོ་འཁོར་བའི་ཁྲག་ལ་རྟེན་ཏེ་བསྒྲུབ་པའི་སྐབས་ཏེ ་བཅོ་བརྒྱད་པའོ།། ། དྲག་སྔགས་ཡུངས་ཀར་ལ་བསྒྲུབ་བྱ།། ཡུངས་ཀར་སྔགས་ཀྱི་མཚོན་ཡིན་ཏེ།། དྲག་པོའི་རྗེས་སུ་རབ་ཏུ་བསྔགས།། ཡུངས་ཀར་རྒྱལ་པོའི་ངག་ལའང་།། གོང་དུ ་བསྙེན་པ་རྫོགས་བྱས་ཏེ།། མཚན་མདྲོད་ལ་ཕེབས་པ་དང་།། དཔགས་པའི་ལིང་གཉིད་ལའོ།། ཏྲིག་ཏིག། སེར་སེར། ཀུ་ལུ་ཀུ་ལུ། མོ་ཀུ་མོ་ཀུ།། ཙ་ཧ་ཙ་ཧ། མུ་ཏ་ཛ་ལ་ཁ་ཧེ།། ཙ་གར་ལྡིང་། ཨུ ་ལྱ་མུ་ལུ།། མྱོགས་ལྡིང་ལྡིང་། བྱ་ཆ་གེ་བྱུག། མི་ཧ་ཧེ། བ་ཤ་ལ་བ་ཤུལ། མུ་ཧུ་ས་ནེ་ཙག་ཙ་ག། ཙག་ཅིག། མུ་སྟཾ་ཏི། ཧེ་ལེ་ཧེ་ཏེ། བུ་རུ་ཙས་ཙི། མྱོག་མྱོག། ཐུ་ཐུམ། དཀར་ལྡན་མེ་ཧེ། ཧེ་ཀུ་གུ་། ་ཨེ་ཕཊ་ནེ།། དགའ་བའི་མཆོག་ཆེན་པོའོ།། ཙིང་ལཱིང་མུ་ཀ་ཡེ་ཀྲོད་ཀེད་མེ་ཧེ། མྱ་མྱ། མི་མི་ཙེ་ཀུ། ཧུ་ཧུ་ཙི་ལྡེང་། མུ་ད་ཡེ་ཙིང་ལྡིང་། ཁུ་ཅོག་ནེ། ཙ་ཧ་མེ་མུ་ཀ་ཡཾ། ཏིང་མུ་ལོ་ཙི་ཀ་ཡེ། སྐར་མི ་ཏིང་ཏིང་། བྲ་བ་བྲབ། བྲིབ་བྲི་བ། ཅིང་ལེ་སྟེང་། མི་ལོ་ཀོ་ཡང་ཤིང་པི་མྱོགས་སྟ་རི། ཅེས་གིང་དུ་བསྙེན་པ་རྫོགས་བྱས་ཏེ། ལིང་ག་ཉིད་ལ་བརྡེག་པར་བྱ།། འདི་ནི་སྔགས་ཀྱི་མཆོག་ཡིན་ཏེ། ཡང ་སྙིང་ཐུགས་ཀྱི་རྒྱལ་པོས་བྱ།། བརྡེག་ན་གང་ཡིན་གསོད་པ་སྟེ།། ཕུང་བྱེད་དྲག་སྔགས་གཟིང་བའི་ཐབས།། དཀྲུགས་ནི་གོ་བཟློག་སྟེ།། སྲིད་པ་གསུམ་ཡང ་འཁྲུགས་པར་འགྱུར། རྫས་བསྣངས་ས། བཟེད་སྦྲང་རྒྱ་ན་ག་ནང་རྒྱུ་ལག། དག་ཐུགས་སང་ས་ཀྱར་བརྟེན་བའི་སྒྲུབས་ཏེ་ནྡྷ་ངས་པ། ལྷ་མ་པ་བྱེད་པ ་གསོལ་པ།། ལས་ཀྱི་དཀྱིལ་འཁོར་ཆེན་པོ་དང་།། ཚུལ་དང་ཐབས་ནི་ཇི་ལྟར་ལགས།། རང་བྱུང་རྒྱལ་མོས་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ་པ།། ་མན་ངག་ལས་ཀྱི་དཀྱིལ་འཁོར་ནི།། དུར་ཁྲོད་མ་ལ་ཡར་སོང་ལ།། རྣལ་མོའི་རོ་འམ་ཡང་ན་ནི།། གྲི་མོར་ཤི་བའི་རོ་བླངས་ལ།། ཏི་རའི་རོ་ཆོལ་ཆོ་ག་བྱ།། སྤོས་དང་སྨན་གྱི་རོ་བླངས་ལ།། རོ་ལ་དཀྱིལ་འཁོར ་བྲི་བར་བྱ།། སྙིང་ཀར་སྲོག་གི་འཁོར་ལོ་བྲི།། མཐིང་ནག་གྲུ་གསུམ་ཟླ་ཁམས་གསུམ།། མུ་ཁྱུད་ཟླུམ་པོ་གྲུ་ཆད་ལྗང་།། སྒོ་བཞི་རིགས་དང་མཐུན་པར་བྱ།། ཤེས་རབ་མཚལ་གྱིས་སྔགས་འདི་བྲི།། གྲུ ་གསུམ་དབུས་སུ་ཏྲག་བྲིས་ཏེ།། ཐ་མར་དྲག་པོ་འདི་རྣམས་བྲི།། རཱ་ཀ་ཁ་མུན་ཏྲ་ཅེས་པ།། སྲིན་མྦྷིའི་དྲག་སྔགས་ཏེ།། རང་རྟགས་སྲོག་གི་སྙིང་པོར་ཤར།། སྲིད་པ་གསུམ་ཡང་སྒྲོལ་བར་བྱེད།། ཟླ་ཁ་མཱ། ་གསུམ་ལ་སྔགས་འདི་བྲི།། མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། གནོད་སྦྱིན་ནག་མོའི་དྲག་སྔགས་ཏེ།། གྲུབ་པ་རྟགས་ཀྱི་སྙིང་པོར་བཤད།། སྲིད་གསུམ་དབང་དུ་སྡུད་པར་བྱེད།། རག་མོ་ཏེ་ཀེ་མ་ཙ་ཙ་ཁ་ལ་མ་ཏི་བྷྱོ།། མ ་མོ་ནག་མོའི་དྲག་སྔགས་ཏེ།། ཁམས་གསུམ་ཐ་བྱེད་སྙིང་པོར་བཤད།། ཐམས་ཅད་མགུས་ཞི་བར་བྱེད།། མུ་ཆང་བཞི་ལ་སྔགས་འདི་བྲི།། རུ་པུ་རུ་ལུ་མ་ཧཱི་བྷྱོ།། བདུད་མོ་ནག་མོའི་དྲག་སྔགས་ཏེ།། ་གདུག་པ་འདུལ་བྱེད་སྙིང་བོར་བཱ་ཤཱ་།། ཐམས་ཅད་ཨ་ལུས་རྒྱས་པར་བྱེད།། སྒོ་བཞིར་ཙྪ་བཻ་ཧོ་ཆེ།། སྒོ་བཞིར་འབྱེད་པའི་པོ་ཙམོ།། དེ་ལྟར་དཀྱིལ་འཁོར་བྲི་བ་འམ།། བྱང་སེམས་དཀར ་དམར་སྦྱར་ལ་བྲི།། དེ་ནི་སྲོག་གི་དཀྱིལ་འཁོར་ཡིན།། ལྟེ་བར་སྲེད་པའི་འཁོར་ལོ་བྲི།། དབུས་སུ་དུག་གསུམ་ཡེ་གེ་དགོད།། མཐའ་མ་གསད་པའི་སྔགས་ཀྱི་ས་བསྐོར།། མཱ་རའི་མཐའ་མ ་ཨིང་རུ་ས་སྦྱར།། དུག་དང་ཁྲག་ཏུ་སྦྱར་ལ་བྲི།། སྲིད་པ་ག་ཤིགས་པའི་འཁོར་ལོར་བ་ཤ་དཱ།། གསང་གནས་གསད་པའི་འཁོར་ལོ་དག། གྲུ་གསུམ་བྷ་གེའི་མཎྜ་ལ་དུ།། དབུས་སུ་ལྗང་ཁུ་ནཱི་ཅིག་བྲི།། ་མཐའ་མ་མིང་རུ་ས་དག་གིས་བསྐོར།། དེའི་མཐའ་མཛས་བསྐོར་ཏེ།། ལྷ་མོ་ལྕགས་ཀྱུ་སྤྲོ་ཞིང་བསྡུ།། ཞགས་པ་ལྕགས་སྒྲོགས་ཐོ་བ་དང་།། མདའ་གཞུ་མེ་རི་ངམག་ནག་བྲི།། དེ་ནི་བསྒྲལ་བའི ་དཀྱིལ་འཁོར་ཡིན།། ཞལ་དུ་བསྲེག་པའི་མཎྜལ་ལ།། གྲུ་གསུམ་རྩེ་མོ་ལྷོ་སྒོར་གཏད།། ནང་དུ་རྡོ་སོལ་ཆང་དུ་སྦྱར།། དབུས་སུ་རཾ་ཞེས་བྲི་བར་བྱ།། མཐའ་མར་ཨག་ན་མ་བརྒྱད་བྲི།། ཛ་ལ་རབ་རྒྱ ་བྲི་བར་བྱ།། གྲུ་གསུམ་ཁ་ཁྱེར་མ་རིས་བསྐོར།། དངལ་ལྡན་རང་བྱུ་ང་རྒྱལ་མོ་ཡང་།། སྦྱིན་སྲེག་མའི་ལྷ་མོར་བསྐྱེད།། དུག་ཤོག་སྣ་ཚོགས་ཧཽ་བྱས་ཏེ།། ཚེ་ར་མ་ཅན་གྱི་ཤིང་ལ་སྒྲར།། སྦྱིནི་སྲེག་བོད་རྦད་སྦྲེལ་ལ ་བྱ།། མགུ་བོ་བྱང་ཤར་མཚམས་སུ་བསྟན།། སྙིང་ཀར་སྭ་དཀར་ཚིགས་གསུམ་གཟུགས།། དབང་བསྐུར་སྐུ་བསྐྱེད་འཕྲིན་ལས་བསོག།། ལྟེ་བར་འཁོར་ལོ་མིང ་། དྲས་བྲེ།། གོས་དང་རྗེས་ངར་སྣབས་དང་། དྲི་ཆེན་དྲི་ཆུ་ག་ལས་བྱཱ།། སྡོད་མར་བཏགས་ལ་བྱང་དུ་བཞུག། སྣ་གཅིག་མཁར་བའི་རྗེ་མོར་གདོགསོ།། ཙམ་སྣ་བ་ཚོའི་རྒྱུན་ཐག་ཀྱང་།། མཚོའི་ལ6 ་དུ་བརྔུབས་པར་བསམ།། གསང་གནས་མངག་པའི་འབྲུབ་ཁྲུང་ཉིད།། ལྕགས་ཀྱི་ཁང་སྒོམ་འབར་བ་རབས་མི།། རབ་ཆད་ཐོད་པར་མིང་རུས་གཞུག། ལྕགས་ཀྱི་ཕུར་བུ་སོར་བརྒྱད་པ།། གདུག་བྱེད ་ནིག་མའི་སྐུར་བསྒོམས་ཏེ།། སྔོན་དམར་སྣ་གཅིག་པུར་གྲོལའོ།། གདུག་བྱེད་གྱུར་བུ་བྷ་ག་རེ་གདུག། གསད་བྱ་ལས་ཀྱི་སྦྱོར་བ་བྱ།། ད་མ་མ་ཉིད་ཡིན་ཏོ།། ནང་ན་པ་ཉིད་དབྱུང་མཚན་དབྱུང་དུ། མན ་བསྦྱིན་སྲེག་ཞལ་དུ་དབུལ།། སྙིང་ཀར་དར་ནི་གགུང་ཅིག་དབུབ།། གལ་ཏེ་རོ་དྲི་མེད་གྱུར་ན།། སྨིན་མའི་ས་ལ་རོ་གཟུགས་བྱ།། གོང་བཞིན་དཀྱིལ་འཁོར་རྒྱས་པར་བྲི།། རོ་དེ་མཾ་ཡིས་མཐོང་མི་རུང་། ་མཐོང་ན་དམ་ཚིག་ཉམས་པ་སྟེ།། རྣལ་འབྱོར་བདག་ལ་བར་ཆད་འབྱུང་།། མིས་མ་མཐོང་ན་དངོས་གྲུབ་སྟེར།། འཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྟེར།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ན་གམ ་རྒྱུད་ལས།། མན་ངག་གསང་བའི་དཀྱིལ་འཁོར་སྲོག་གི་སྒྲུབ་པའི་སྐབས་ཏེ་ལེའུ་ཉི་ཤུ་པའོ།། ། བདེ་བྱེད་ལྷ་མྱོས་ཡང་གསོལ་པ།། དཔལ་ལྡན་རང་བྱུང་རྒྱལ་མོ་ཆེ། དེའི་གསང་སྔག ་ཇི་ལྟར་ལགས།། བདག་འདུལ་ཁྱོད་ཀྱིས་བཤད་དུ་གསོལ།། དེ་སྐད་གསོལ་བགས་ན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྤྲུལ་པ།། གསང་སྔགས་དགོས་པའི་རྩ་བ་རྣམས།། ངེས་པར་བཤད་ཀྱི ་ཡང་དག་ཉོན།། དྲགར་ཀྴ་ཁ་མུན་ཏྲ། མུ་རུ་ལུ་རུ་ལུ་ཧཱུ~ཾ་བྷྱོ་ཧཱུཾ། རག་མོ་ཏི་ཀུཾ་ཛ་ཛ་ཁ་ལ་བྷྱོ།། རུ་ལུ་རུ་ལུ་མ་ཧྲྀ་བྷྱོ།། རྩ་བརྒྱན་གྱི་སྙིང་པོ་ཡིན།། ཏྲག་ཏུག། གུར་ལན་གུར་ལན། སེར་སེར་དུག་དྲུག ་ན་ཤ་ག། བལ་མོ་ཤ་མ། མུ་ཀི་ཡེ། ཨ་པ་ཡེ། ཀཾ་པ་ཡེ། ན་མཁའ་ཁམས་ཀྱི་སྒྲ་དྲག་པོའོ།། ནུས་པའི་མཐུ་ལྡན་དབང་བསྐུར་བ་སྔགས།། ཛཿཧཱུཾ་བཾ་ཧོཿམ་མ་ཁཱ་དག་ཤ་མ་མ་ཁྭ་དག་ཤ། ཧཱུཾ་ཧཱུ~ཾ་ཧྲི་ཧྲི་། ་དེ་ནི་མ་མོ་སྤྱན་དྲང་སྔགས།། མ་མ་ཏྲག་རག་ཤ་ས་མ་ཡ་ཏི། ཎྜལ་ལྡན།། དེ་ནི་བཞུགས་སུ་གསོལ་བའི་སྔགས།། ཏྲ་གེ་རག་ཤ་ཨཾ་ཀཱ་ཛ་ཏི་པ་ཏྲེ་ན་མ།། ཏྲག་རག་ཤ་ཙ་པ་ལན་མོ།། དེ་ནི་ཕྱག་བཙལ་བའི ་སྔགས་སོ།། མ་མ་ཏྲེ་ག་རག་ཤ་ཨེ་ཀ་ཛ་ཏི། ཨི་དན་པ་ལཾ་པུ་ཙ་ཧོ་ཁ་རཾ་ཁཱ་ཧི། དེ་ནི་གཏོར་མ་དབུལ་བའི་སྔགས་སོ།། ཏྲ་ག་རགྨ་མ་མ་ཏི། ཥྛ་ས་མ་ཡ།། དམ་བདར་བའི་སྔགས་སོ།། ལས་ལ་དྲག་པོའི་སྔགས་འདིས ་གཏེད།། ཏྲག་རག་ཤ་སུ་སྙིང་ཁ་རག་སྲོག་ཙ་འབད།། ཙིཏྟ་ལོང་།། རཀྟ་ཐུན་བྷྱོ། ཐུ་རི་ཝི་ལི་རྦད། དྲག་པོའི་སྔགས་འདྲིས་གསད་པར་བྱ། ཏྲག་རག་ཤ་བཛྲ་ཁ་ཆུ་མས་རི་ལི་ལི་བྷྱོ་རྦད་བྷྱོ།། པྲ་ཏི་ས་མཛ། ་སྨག་པྲ་ཏི་སི་ནཾ་ཛ། ནརི་ཁཾ་གཾ་ཁུ་ལུ་མག་མག་ཆོད། མིང་རུས་གཟུགས་ལ་སྔགས་འདིས་བརྡེག། ཨོཾ་མེ་དར་ཧྲི་བྲུཾ་རི་ལ་རྦད།། ཨོཾ་མེ་ད་ར་ལིག་སྙིང་ཁ་རག་རྦད།། ཨོཾ་ཙ་མོ་ར་སྟིང་ཁ་ར་ག་ར་ཏི་བཛྲ་དྲན ་བྷྱོ།། གསད་པ་པོ་མའི་སྔགས་འདིས་བརྗེ། ག་དྷྲིག། སེར་སྟེར། ཀཱ་རུ་ཀྵཱསྱ། མོགུ་མོ་ཀྲ། ཙ་ཧཱ་ཙཱཏཱ། མཏ་ཛཱ་བ། ཁ་ཙ་ཙ་གར་ལྡིང་། མུན?་སུ་དུ་སྒྱོགས་ལྗི་ལྡང་རྩ། ་9། བྷུ་རྩུ།། མཻ་ནྟེ་ཀྵྞ། བྱཱཤ+འུལ་རི་ཤ+འུལ། སྐུ་ནྱས་ནི། ཅིག་ཅག་ཅིག་གས་ཏེམ་ཧཱུ~ཾ། རྒྱུ་དུ་ཅེས་ཆེ། ག་བྷྱོ། བྷྱཿ། དཀར་ཝཱན་མེ་ནྱེ་ཀྱེ། ཀུས་སྟྲཻ་། མྨེ་བནྡྷེ། དག་བའི་མཆོག་ཆེན་པོ། ་ལྡེང་མུ་ཀ་ཡེ། ཀོད་ཀོད་མི་ཧེ་མ་མྱ་ང་མྱ་ང་མི་ཙེ་ཀུ། ཧུ་ཧུ་ཙེ་ཏེ། མུ་ད་ཡེ་ཡེ། སྐར་མི་ཏིང་ཏིང་། པྲ་བ་པྲབ། བྲིབ་པྲེ་བ། ཙིང་ལེ་ལྡིང་མིང་ལོ་ཀ། ཡ་ཤི་བི་མྱོག་ས་སྟ་རི། ཕོ་མོ་གསད་པ་རུ་བཟློག་དང་།། ་སྐྱེ་དུང་བཅུ་དང་བཀླུ་གས་དྡྷ་རྣན། སྦྱི་ན་སྒྲུ་རྒྱུག། མྱུག་བཙུན་དྷེཿཀྵྨ་ཙྪ་སུ་མ་རྒྱུ་ཀྴི། ནུ་སཛྫ། འདྲེས་བྱེས་པད ་འོ།། ཨེ་ཀ་ཛ་ཏི་མེད་ར་ལིག། སྙིང་ཁ་ར་ག་མ། རག་མོ་སྲོག་རྩ་རྦད། ཁའད་ར་རུ་ནི་སདྡྷིཡ་བྷྱོ།། འདིས་ནི་གསད་པར་བྱའོ།། ཨི་ཀ་ཛཱ་ཏི་མེ་སེན་མེ་སེན། ཏཱ་ག་ར་གཽ་ཤ། སྙིང་ཁ་རག་ས་མ་ཡ་ཛ ་ཛ།། དྲག་སྔགས་གསུམ་པའི་སྒྲུབ་ལུགས། ཕུར་བུའི་སྔགས་འདིས་གཟེར་བར་བྱའོ།། ཧཱུཾ་ཧཱུཾ་ཚེན་དྷ་ཚེན་དྷ་མཱ་ར་ཡ། མ་ག་ཤ་ཏྲ་པྲ་བེ་ཤ་ཕཊ། ཕུང་པོ་བ་ཤིག་པའི་སྔགས་འདིས་བརྗེག། པྲ་བེ་ཤྭ་པ། ་ཙི་བེ་ཤག་ཏི། མྱོགས་ཤུ་གུ་ཨི་གུ་ཤ་ཛྲ། ཙིཏྟ་གུ་ལུ་སྨར་མང་བག་ཏི་ཛ། ཡིད་ཀྱི་རྣམ་བཻར་ཤེས་པ་དྲོངས་ཤིག་པའོ།། བི་མུགས་རྦད་ཐེབས། ལིང་ཤར་དེས་སོད། ཙིཏྟ་རྦ་ནས་དྲོངས་ཤིག། ་པའོ།། དེ་ནི་སྒྱིང་ཐུན་སྔགས་གཟེར་སྟེ།། ཕུང་པོ་བཤིག་པའི་དྲུག་སྔགས་ཡིན།། འཕྲིན་ལས་བདག་མོ་ཡིན་པའི་བྱེར།། དྲུག་རག་ཤ་ཨེ་ཀ་ཛ་ཏེ་སརྦ་ཤན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། ཐམས་ཅད ་རྒྱས་པར་བྱ་བའི་ཕྱིར།། ཏྲག་རེག་ཤ་ཨེ་ཀ་ཛ~ཾ་ཏི། སརྦ་པུཥྚི་ཀུ་རུ་ཝེ་སྭཱ་ཧཱུཾ། ཐམས་ཅད་དབང་དུ་བསྡུ་བའི་ཕྱིར།། དྷུག་རག་ཤ་ཨེ་ཀ་ཛཱ་ཏི། སརྦ་པ་ཤད་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོས་བསྒྲལ་བའི་གསང ་སྔགས་ནི། ཏྲིརྦ་ཏྲིག་སེར་སེར་སྔགས་ཀྱིས་སོ།། སེར་བ་དབབ་ན་འདྲིའི།། ཏྲག་རག་ཤ་མ་མ། རག་མོ་ཨཱི་ཀ་ཏི། དུད་བྲྀ། དཀར་པྲོ། ཤྲུ་ཏི་པྲྀ། ཡུག་ཏི་སྨིན། ཏྲག་དུ་ཚར། ཤ་ར་ཤ་ལ་ཏ་ཕོག། ་ཏྲཾ་ཏྲེ་བོ་བ་དྲག་དུ་བོག། ཆོ་འཕྲུལ་ལྟ་ས་ངན་དབབ་པ་ནི། མ་མ་རག་མོ་ཨེ་ཀ་ཛ་ཏེ། ཡོ་མ་ལ་མཾ་ཤག། ལཾ་མ་ཤ་ཛེ། མི་ཤ་དུན་ཛ་ཕོ་བ་ཡ། ཏྲག་ཏྲག་ཧེ་ཏེ། མདུ་ན་ཙཽ་ཡ། ཀྲ་མ་ཀེམ། སྲེག་དན་རྩེ ་ཡ་ཀྱང་ཀྱང་ཕོ་བ་ཡ། འུར་འུར། ཏྲབ་ཏྲབ། ཐིབ་ཐིབ། ཀྱི་ཀྱིང་། དུན་དུན་ཕོབ་ཡ། ཙི་མོ་ལིང་། དུ་ར་ཡཿཤི། དུ་དུ་སྲིལ་དུན་ཙེ་ཕོ་བ་ཡ། རྒྱ་རྒྱ་ཡ་ཕོ་བ་ཡ། དེ་ནི་སྔགས་ཀྱི་དགོངས་པ་སྟྭཾ། ཡང ་དག་བཤད་ཀྱིས་ངེས་པར་བྱོས། ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས། དགོས་པ་མ་ལུས་པའི་གསང་སྔགས་ཀྱི་སྐབས་ཏེ་ལེའུ་ཉི་ཤུ་རྩ་གཅིག་པའོ།། །། བདེ་བྱེད་ལྷ་མོས་ཡང ་གསོལ་པ། དཔལ་ལྡན་རང་བྱུང་རྒྱལ་མོ་ཡིས།། ཐུན་གྱི་ཁ་ཚོར་བདག་ཉན་འཚལ།། གདུག་བྱེད་ལྷ་མོས་བཤེད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུང་རྒྱལ་མོས་བཀའ་སྩལ ་པ།། ཐུན་ལ་རྣམ་པ་བཞི་རུ་བཤད།། སྒྲུབ་པར་བྱ་བའི་ཐུན་བཞི་ནི།། སྙིང་ཐུན་ཁྲག་ཐུན་དུ་གཐུན་ཕུར་ཐུན་ནོ།། ཁྲག་ཐུན་སྙིང་དུ་སྒྲུབ་པར་བྱ།། དཀྱིལ་འཁོར་མཐིང ་། ནག་གླུ་གསུམ་དུ།། སྒྱེད་བུ་གསུ་མཁར་ཐ~ཾད་ཁྲག་བཞག། རྒྱས་འདི་བ་སོལ་རིས་ལེབ་རྒན་གྱུར།། བྱེ་ནོད་སྤྲོ་རྩ་དགོན་ས་སྔགས།། སྒོ་བཞི་འབྱེད་པའི་པོ་ཉ་གཏ་།། སྔོན་དམར་གཟུངས་ཐག་ལྤགས ་བསྟོད།། འབྱུང་བཞིའི་མ་མོ་སྒོམས་ལག་དབ།། དྲག་སྔགས་འདིས་ནི་མངོན་དུ་བསྒྲུབ།། ཏྲག་རག་ཤ་ཁ་མུན་ཏྲ། མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ།། རགར་ག་ཤ་ས་མ་ཡེ་དགྲ་བོའི་སྟེང་ལིང་ཆུད།། མམ ་། སྙིང་ཁ་རག་སྙིང་ཁ་རག། མ་མ་ར་ག་ཤ་མ་མ་རག་ཤ། རག་མོ་སྙིང་ཁྲག་ལ་མདུན་དུ་ན།། ཏྲ་ག་རག་ཤམ། སྙིང་ལ་ཧེ་ཀཾ། མ་མ་རུ་ལུ་རུ་ལུ་བྷྱོ། ཁོག་སྐྱོབས་དྲོལ་ཅིག། སྙིང་ཁྲག་ལ་ས་མ་ཡ། དྷཾ་ཛ་ཛ། སྙིང་རྩ ་ཕྱུང་ཅིག། མ་མ་སྙིང་ཙིཏྟ་ལ་ཐུན། སྙིང་ཁྲག་ལ་མཐུན། ཤི་སྟི་ཏ་མ་སྙིང་ལ་ཡ་མ་དྷོ།། མ་མ་ཤ་ཤ་མ་མ་ཧྲིང་རྫིང་། མ་མ་ས་མ་ཡ་དགྲ་བོ་ནི་མཱ་ར་ཡ་སོང་སོང་། མ་མ་ཙིཏྟ་ཛྭ་ལ་རཾ། སྙིང་རྩ་ལ་རོལ། ཆུ ་བྲུཾ་རི་ལི་ལི། མ་ལས་མྱུར་ད་མཛོད་ཅིག། ཁྲག་ལས་སྙིང་དུ་གྲུབ་པ་དང་། དེ་ནས་སྔགས་འདི་བཟླས་པར་བྱ།། ཨོཾ་བཛྲ་དཱ་ར་ལིག། ཨོཾ་བཛྲ་སྙིང་མགོ་ཆོད་ཅིག། ཁ་ལ་ཛ་མུན་ཏ་ལོ་དུན་ཏི་ང་ར་ཡ་རྦ་ད། ཨོཾ ་བཛྲ་ཙ་ཏུ་ཀྲི་ད་ར་རྦ་ད། ཨོཾ་ག་ཤུ་ཀྲི་ད་ར་ཏི་ཏི་ཡ་བཛྲ་ཧཱུ~ཾ་ཕཊ། རྦད་དུ་རྦད་དུ། རྦད་པུ་རྦ་ད་པུ། དར་ཀ་ཡ་སྟི་མ་བི་ཤི་སྟ་སཱ་མཱ་ཡཱ། དེ་ནས་སྙིང་གཏུབ་ཅིང་བསྲེག། དངོས་གྲུབ་མཆོག་ཏུ་ཐོབ་པར་བ་ག་ར།། ་ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས། ཁྲག་ཐུན་གྱི་སྐབས་ཏེ་རྩ་གཉིས་པའོ།། ། དེ་ནས་སྐྱིང་འདི་གསུངས་སོ།། གྲུ་གསུམ་མཐིང་ནག་ཁ་ཁྱེར་ཛ།། དབུས་སུ་བན་དྷ་ཁ་སྦྱར་ལ།། ཕྱི་རོལ ་དུག་ཁྲག་དམར་ནག་བྱུག། གྲི་མོར་ཤི་བའི་སྙིང་ཆེན་ལ།། ནང་དུ་སྙིང་རྗེ་སྣ་ཚོགས་བླུགས།། རྒྱུས་ཆེན་དག་གིས་བཙེམ་པར་བྱ།། མིང་རུས་སྙིང་ཀར་སྔོན་དམར་བཏགས།། དེ་ཡང་སྟེང་གི་ནང་དུ་གཞུག། ་སྐུད་པ་སྲོག་རྩའི་ནང་ནས་འབྱུང་།། ལྕགས་ཕུར་བརྗོད་ལ་གདུག་བྱེད་བསྒོམ།། ཐོད་པའི་སྟེང་དུ་བུ་གུ་དབུག། གྲི་ལྕགས་སྦུ་གུར་ཡུངས་ཀར་སྔགས།། མཐིང་ནག་དར་མར་ལེབ་རྒན་གུ་ར།། རྒྱ་དང་བཅས་ཏེ་སྔོན ་དོམར་བཅིང་།། སྲོག་གི་སྙིང་པོས་མངོན་དུ་སྒྲུབ།། མ་མ་ཏྲག་རག་ཤ་ཁ་མུན་ཏྲ།། མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རབ་མོ་ཏྲེ་ཀུ་མ་ཛྭ་ཁ་ལ་བྷྱོ།། རུ་ལུ་རུ་ལུ་ཨེ་ཧིད་བྷྱོ། བོད་ཅིང་མ་མོ་མངོན་དུ་བསྒྲུབ།། མ་མ་ཏྲ་ག་ར་ག་ཤ་ཁ ་མུན་ཏྲ། སྙིང་ཁ་རག་སྲོག་རྦང་། ཙིཏྟ་ལོང་རིག་ཏ་ཐུན་བྷྱོ།། ཆུ་བྲུཾ་རི་ལི་ལི་རྦད། ཙིཏྟ་ཀུ་ལུ་སྨཱ་རོ་མཾ་ཤ་ག་ཏི་ཛཱ་ཛ། རྟགས་དང་སྦྱར་ལ་ལས་ལརྦད།། དེ་ནས་སྲོག་སྙིང་འདི་ཡིས་བསྒྲུབ།། སྙིང་པ་རིལ། སྙིང ་ཁ་རཱག་ཚལ་པ། རྦད་འུད་རྦད་ཕཿ། ཙག་ལེ་མུ་རུ་བཽ། ཨེ་སྟེ་ཕཊ། ནེ་ཙག་སོད་སོད། བུམ་མྱོགས་ཟླུ་མ་རི་ལེ། ཨ་ལོ་ཤ་འུད། ཁ་ཐུན་སྙིང་དུམ་བུ་ཆུང་། དུས་སྲོག་ཁྱེར་ཡག་ཤི་བི་རིལ་རྦད། ཡུངས་ཀར ་རྒྱལ་མདག་ཅིང་བརྡེག། དེ་ནས་ཕུར་བུ་དྲིལ་བྱ་ཞིང་།། སྙིང་ལ་མགོ་འཇུག་མེད་པར་བརྡེག། ཨོཾ་བཛྲ་ཀཱི་ལ་ཀི་ལ་ཡ་སརྦ་བི་གྷ་ནཱན་བ་ཧཱུཾ་ཕཊ། ཙིཏྟ་རྦུང་ཁུག་ཡང་ཕྱག། མྱོགས་ཐུམ་བི་རིལ། ཞུང་ཞུང ་ཆུ་ཆུ། རྦན་རྦ་ན། ཀི་ལ་ཡ་ཀཱི་ལ་ཡ། རག་ཤ་རག་ཤ། ཁྱུ་ཝུ། ཀྲོ་དྷ་བི་རིལ། ཅེས་བརྡེག་གོ།། དེ་ནས་སྙིང་དང་ལིང་གར་བཅས། བཏུབཅིང་སྔགས་བཟླས་གཏོར ་། ས ་པའི་དུག་ཐུན་དག། ཤིན་ཏུ་དྲག་པོའི་མཛེ་མཐོང་ནང་།། ཕྱི་རོལ་དུག་བྱུག་རེ་བར་དྲི་ལོ།། སྣ་ཚོགས་ཁྲག་དང་དུག་སྦྱར་ལ།། བུད་མེད་ཞབ་སེམས་ཁ་ཡང་བཅད།། དྲག་པོའི་སྔགས་འདིས་དུག་ཐུན་སྐྲག། ་ཨ་མ་ཏྲ་ག་ར་ག་ཤ། ཐུ་རི་ལི་ལི། བལ་དུག་ཀུན་དུག་ཨེ་ཀ་ཛ་ཏི། ཏི་བ་ཏ་ཙེཀྲ་ཀྲོ་དྷ་ཨ་བྷྱོ་བྷྱོ། ཁོལ་ལམ་རླུངས་བྱུང་སྤོས་པ་ན།། མིང་རུ་ས་དུག་གིས་རླངས་པས་བདུག། གྲཱ་གསུམ་བཅུག་ལ་དུག་གིས་བརྡེག། ཨཽ ་ཨ་བེ་ཤ་ཁ་བེ་ཤ། བེ་ཤི་བ་ཤ། རུ་བེ་ཤ་ཀ་ཐུན། ཤོག་ཐཾ་ཤོག་ཐཾ། ས་ཐཾ་ས་ཐཾ། པཾ་མུགས་པཾ་མུགས། མྱོས་རྒལ་མྱོས་རྒལ་ན་ཏི་སྟཾ་བྷ་ནན། ཅེས་བཟླ་ས་ལ་ལིང་ག་ལ་གཏིག་ཅིང་། ཀླ་ནག་པོ་གནས ་པའི་སར་གནན་ནོ།། ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས། མྱོས་པ་དག་ཐུན་གྱི་སྐབས་ཏེ་རྩ་བཞི་པའོ།། ། དེ་ནས་གདུག་བྱེད་པུར་ཐུན་དག། གྲུ་གསུམ་མཐིང་ནག་ཐུར་དུ་རྐོ། ཁ་ཁྱེར་རྩེད ་མེ་རིས་བསྐོར།། ལྕགས་ཀྱི་ཕུར་པ་སོར་བརྒྱའོ།། གདུག་བྱེད་ནག་ཨོར་བསྒོམ་པར་བྱ།། སོ་བ་ཚིག་ཕྱེ་གུ་གུལ་དང་།། ཤ་ཆེན་རཀྵ་ཞིང་ག་རས།། གོ་རོ་ཙ་ན་ལ་སོགས་པ།། ཆག་གང་གཟུགས་དང་དབང ་པོ་དགོད།། མིང་རུས་བྲིས་ལ་མདུན་རྒྱ་བ་གླན།། རྐང་རྗེས་ཡུད་པ་ངར་སྣབས་ཀྱང་།། ལིང་ག་དེའི་རྒྱུ་རུ་བྱ།། ཚོན་སྐུད་སྣ་ལྔས་གཟུག་ས་དཀྱིལ་ལ།། ཕུར་པ་དེ་ལ་ག་ཏག་ས་ལ་བཞག། གུ་གུལ་དུད་པས ་དྷཱུ་དང་བྱེ།། ཡུངས་ཀར་རྒྱལ་པོ་དག་དང་ནི།། ཕྱར་བ་དབང་བསྐུར་བྱིན་གྱིས་བརླབས།། བཱར་པ་དྲག་པོའི་སྔགས་འདིས་བསྒྲུབ།། ཨོཾ་མེད་ར་ཧྲིང་ཐུ་རིལ་རྦད།། ཨོཾ་ཙ་ར་མ་སྙིང་ཁྲག་རག་ར་ཏི་བཛྲ་དུན་བྷྱོ། ་ཨོཾ་མེ་དར་ལིག་སྙིང་ཁ་རག་རྦད།། གྲུབ་རྟགས་འོད་དང་དུ་བ་དང་།། མེ་འབར་སྒྲ་དང་དྲི་ཞིམ་ན།། འབར་བའི་སྔགས་བཟླས་གཟུགས་ལ་བརྡེག། དར་ཧྲིང་གིས་མིང་ལ་བརྡེག། ད་ར་ལིང་གིས་རུ་ས་ལ ་བརྡེག། དེ་ནས་ལུས་སྤྱིར་སྔགས་འདིས་བརྡེག། ཧཱུཾ་ཧཱུཾ་ཚིན་དྷ་ཚིན་དྷ། མཱ་ར་ཡ། མ་ག་ཤ་ཏྲཾ་པྲ་བེ་ཤ་ཕཊ། དེ་ནི་ལུས་ཕྱིར་བཏུད་ཅིང་བརྡེག། སྙིང་ཁྲག་སྲོག་པ་རྩའི་ཁྲག། པདྨ་རྦག་ཏའི་གཏོར་མ་ཡ་། ་གདུག་བྱེད་མ་མོ་ཉིད་ལ་དབུལ།། གཟུགས་དེ་ཀླུ་ནད་སར་སྒྲ།། ཡང་ན་བྱང་ཤར་སྦྱིན་བསྲེག་ཧོ།། ཅེས་གསུངས་སོ།། ཟ་བྱེད་སྤང་རྒྱལ་ནག་མོའི་རྒྱུད་ལས། ཡང་ཐིག་ཡང་སྙིང་ཕུར་ཐུན་གྱི་སྐབས ་ཏེ་ལེའུ་སྟེ་རྩ་ལྔ་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་བ།། དབོལ་ལྡན་རང་བྱུང་རྒྱལ་མོ་ཆེ།། དབབ་པའི་ལས་དག་བཤད་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུང ་རྒྱལ་མོས་བཀའ་སྩལ་པ།། དབབ་པ་རྣམ་པ་གཉིས་ཡིན་ཏེ།། སེར་བདབ་པ་དང་ལྟས་ངན་དབབོ།། སེར་བ་དབབ་པར་འདོད་པ་ན།། མཛེ་ཅན་དག་གི་མགོ་ཐོད་ངམ།། རབས་ཆད་ཡུགས་སུའི་ཐོད་ནང་དུ།། ་ཁྱི་རྒྱར་རོག་པོ་བ་དམར་ཁྲག། སྔོ་སྣ་སྣ་ཚོགས་བརྡུངས་ཏེ་སྦྱར།། གུ་གུལ་དུད་པ་མཐོང་ནང་བདུག། རྒྱ་ཆེལ་བསུར་ཆེན་གུ་གུལ་གྱི།། དུད་པས་ཡུལ་ལྷ་བདུག་པར ་བྱཱ།། ཏ་མགྲིན་སྦྱར་སྙོམས་མ་མོག་ཟེར།། མ་མོའི་བསྙེན་པ་རྫོགས་པ་དང་།། སྔགས་འདིས་བརྩོན་པ་འབུམ་དུ་བསྒྲལ།། དུད་བྷྲྀ། དཀར་ཐོ། ཤུད་ཏི་ཐོ། ཡུག་ཏི་སྤྲིན་ཏྲ་དུར་ཅར་དྲིལ་བྷ། ཤཱ་ར་ག ་ཏྲི་ལ་བྷྱོ།། ཏྲཾ་ཧྲྀ་མུར་བྷྱོ།། ཕོ་བ་རབ་ཏུ་ཕོ་བ་ཡ། ཡུལ་ལྷ་ཐོ་ག་དུ་ཐོད་པ་ག་ནན། ཁྲ་ག་དང་སྔོ་ཁུ་ས་ཡུལ་ལྷ་ད་ཀྲུ།། དེ་དས་སྔགས་འདིས་ཡུ་ལ་ལྷ་ག་ཟི་ར།། ཨོཾ་ཡ་མན་ཏ་ཀ། པདྲ་ཏ་ཀྲི་ད། ཧ་ཡ་གྷྲི་བ། ཨ་ཙ ་མེ་ད་ར་ཀུ་རུ་མེ་ཙེ་ས་བྲོག་སྭཱ་ཧཱ། དྲག་དུ་ཁྲོས་ཏེ་བཟླས་པར་བྱ།། ཡུལ་ལྷ་རྟེན་དག་གཟིར་ནས་ཀྱང་།། ཡུལ་ཁམས་སོར་བསེ་འཇོམས་བ་ཤད།། ཡང་ན་ཀླུ་གནས་ཆུ་མིག་དང་།། བདག་ཉིད་ནུབ་ཕྱོགས་ཕྱིར ་སྐྱེད་ལ།། བག་བྱེའི་སྦལ་པ་བཞི་བྱས་ཏེ།། ཁྲག་ལ་སྔགས་བཟླས་སྤྱི་བོར་ཐུགས།། ཀླུ་ཡང་མི་བཟོད་འཇོམས་པར་གཤད།། ཐ་ཆེ་ལ་ལས་བྱས་ན།། ཕུག་པ་གཅིག་ཏུ་མེ་བཏང་ལ།། དགྲ་གཟུགས་བ ་བྱེ་དག་ལ་བྱ།། མིང་རུས་ཁྲག་སྔོ་ཁུ་དང་།། གཅིག་ཏུ་བསྲེས་ལ་སྦྱིན་སྲེག་བྱ།། སྲེད་པ་འཁྲུག་པ་མ་གྱུར་ན།། སེར་བ་ཕབས་པར་མི་འགྱུར་ཏེ།། མ་མོ་ཆུ་འཁྱག་པ་བདག་མོར་བསྒོམ།། ཅ་ན་སྤངས་སོ།། ་ཟ་སྦྱང་རྒྱལ་ནག་མོའི་རྒྱུད་ལསེ། སེར་བ་དབབ་པའི་སྐབས་ཏེ་ཙོ་དྲུག་པའོ།། ། དེ་ནས་ལྟས་ངན་དབབ་པའི་ཕྱིར།། དཀྱིལ་འཁོར་འཕྲིན་ལས་རྣམ་བཞི་བྲི།། དབུས་སུ་མཐིང་ནག་གྲུ་གསུམ ་དུ།། དལྟས་ངན་བདག་མོ་ཞལ་བྱུང་སྟེ།། འབྲུ་ནག་ཟན་པ་ཇི་བཞིན་པའི།། མཐིང་ནག་རལ་བས་ས་བཞི་ཁྱབ།། མཆེ་གཙིགས་སྤྱན་དམར་རྣ་བ་དཀྲོགས།། ཕྱག་གཡས་ཙིཏྟ་གཡོན་སྦྱང་སོ།། ་ཐུགས་ཁར་གྲུ་གསུམ་ཁ་ཕྱེ་ལ།། དགྲ་བགེགས་གང་རུང་མི་རུས་དང་།། མ་མོའི་སྙིང་པོ་གཞུག་པར་བྱ།། སླར་ཡང་མཐིང་ནག་དར་གྱི་སོ་གཅར།། སྤྱི་བོར་ལེབ་རྒན་གུར་ཅིག་དབུག། འབྲུ་ནག་ཟན་ལ་ལྟས ་ངན་ནི།། རང་ཉིད་གང་འབེབས་ཤ་ཁྲག་དང་།། བསྲེས་ཏེ་ལྟས་ངན་གཟུགས་བྱས་ཏེ།། མ་མོ་ཉིད་ལ་བསྐོར་ལ་བཞག། ཡང་སྦྲུལ་སྣ་ཚོགས་དབབ་པའི་ཕྱིར།། རེ་རེ་ལ་ཡང་བཞིས་བཞིས་བསྐོར།། རང་རང ་སྙིང་ཁྲག་ཤ་རུས་ལ།། གཏོར་མ་བྱས་ཏེ་གཞག་པར་བྱ།། གསོབ་ལ་སོགས་པའང་དེ་བཞིན་ཏེ།། སུམ་སྦྲུལ་འོད་དང་དཔའ་པའི་ཕྱིར།། མེ་ལོང་གཡབ་ཅིང་སྔགས་ཀྱང་བཟླས།། རུ་དར་ནག་པོ་རྟེན་དུ་བཙལ ་མ་མོ་ཉིད་ཀྱི་རྒྱབ་དུ་ཡང་།། སྔོན་དམར་དྲ་བ་བསྐུར་བར་བྱ།། སྐེ་རུ་གསེར་གྱི་དྲ་བ་གདགས། མདུན་དུ་རྒྱབ་བཤོས་དགལ་ཡང་།། མཉེས་ལུས་ཀ་བྲིས་ལ་འཞག། རྣལ་འབྱོར་རང་གི་སྤྱོར་ཡུལ་ལས།། ་རྒྱལ་བའི་སྲས་པོ་ཉིད་མི་བསྟེན།། བྱང་སེམས་དཀར་དམར་ཨ་མྲྀ་ཏ།། ཆང་ཕུད་ལ་སོགས་དབང་ཡང་བསྐུར།། ལྟས་ངན་བདག་མོར་དབང་ཡང་བསྐུར།། ལྟས་ངན་སྣ་ཚོགས་འབེབས་པར་བསྒོམ། ་སྐྱེ་ཁྲག་སྙིང་དང་སྲོག་རྩའི་ཁྲག། སྣ་ཚོགས་ལྟས་ངན་ཤ་ཁྲག་སྦྱར།། ནང་ནུབ་གཏོར་མ་རྒྱུན་མི་བཅང་།། ཐམས་དང་རྨི་ལམ་མངོན་སུམ་དུ།། རྣལ་འབྱོར་རང་གི་གནས་སུའོ།། དེ་ནས་དགྲ་ལ་ཆད་པར་བྱ། ་བདག་ཉིད་ཆེ་མཆོག་ཧེ་རུ་ཀ། མ་མོ་ཏྲག་ལས་མངོན་དུ་བསྐྱེད།། ལྟས་ངན་སྣ་ཚོགས་འགྱེད་པར་བསྒོམ།། སྔགས་འདི་རྒྱུན་དུ་བཟླས་པར་བྱ།། ཏྲག་རག་ཤ་ཁ་མུན་ཏྲ། ་མུ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཎཱ། རག་མོ་ཏེ་ཀེ་མཛ་ཛ་ཁ་ལ་བྷྱོ།། རཱམྦྷ་རུ་མུ་མཧི་བྷྱོ།། ཡ་ལཾ་ཤ་ཀཾ་ལོ་མ་ཤ་ཛ། མ་ཤ་དུན་ཛི་ངོ་བ་ལ། ཏྲ་ག་ཧེ་ཏེ་ཡ་དུན་ཙེ་ཡ། ཀྲྀ་ཀྲྀ་སྲི་ལི་དུ་ནི་ཅེ་ལ། ཀྱིད་ཀྱིང་ཕོ་བ་ཡ། འུར་འུར། ་ཏྲབ། ཐིབ་ཐིབ། ཀྱད་ཀྱིང་། དུན་དུན་ཕོ་བ་ཡ།། ཙ་པོ་ལིཾ་དུ་ར་ཡ་ག་ཤཾ། དུ་དུ་སྲིལ་དུན་ཙེ་ཕོ་བ་ཡ། རྒྱ་རྒྱ་ཕོ་བ་ཡ། རང་གི་གན་ས་དང་མཐའ་ཕྱི་རུ། ཐིབ་ཐིབ་མ་བྱུང་བར་དུ་བ་ཟླ་ས།། ཏིང་ངེ་འཛིན་གྱིས ་མ་ཟིན་ན།། ཡང་ཡང་འོང་ཡང་ཕེབས་པར་དཀའ།། དེ་ནས་འོ་དོང་དབང་གཟུགས་ཏེ།། རྫས་རྣམས་དགྲ་ཕྱོགས་ཁ་ཡང་བསྟན།། འོད་དང་སྒྲ་དང་ཏུག་ཚོམ་དང་།། སྣ་ཚོགས་ལྟ་ས་ངན་གདོན་མི་གྲཝ། ་དེ་ནས་རྫས་རྣམས་དྲིས་བྱས་ཏེ།། རང་གི་ལུས་པ་བསྲེལ་པར་བྱ།། ཕྱི་ནང་རྫས་ཀུན་གཏོར་བས་ཆོག། ཡིད་ལ་གང་བསམས་གང་འདོད་འོང་།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག ་རྒྱུད་ལས།། ཆོ་འཕྲུལ་ལྟས་ངན་དབབ་པའི་སྐབས་ཏེ་རྩ་བདུན་པའོ།། ། ལྷ་མོ་བདེ་བྱེད་ཡང་གསོལ་བ།། རང་བྱུང་རྒྱལ་མོའི་བཀང་ལུགས་གང་།། བསྐད་ལུགས་གང་ལགས་བཤད ་དུ་གསོལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱུ་ང་རྒྱལ་མོས་བཀའ་སྩལ་པ།། རྣལ་འབྱོམ་མོ་སྤྱོད་པའི་ཚེ།། བསྐང་ལུགས་གང་ལགས་བཤད་དུ་གསོལ།། དུར་ཁྲོད་དབེན་པའི་གནས ་མམྦྷ་ལམ།། ཆུ་འགྲམ་མཚ་ཐིང་རི་རབ་མཁར།། སྒྱུ་གུབ་མི་དང་མ་ཟད་པར།། འབྲུ་སྣ་ཚོགས་པའི་དར་བྱུག།། ཤཱ་ཁྲུག་སྙི་བྱེག་སེར་བ་སུབ་དངར་།། ནི་རྒྱས་བཞིའི་བློ་འབུར་རྩེག། རྒྱས་པ་གསེར ་བཞིའི་སྟེ་ང་དག་དུ།། སྣ་ང་སྲིད་གཟུགས་ཀྱིས་བསྐོར་ལ་བཞག། དེ་སྟེངས་ཞི་བ་དཀར་ཟླུམ་དུ།། སྤྱན་གཟིགས་སྣ་ཚོགས་བཀྲམ་ལ་བཞག། ཟུ་ར་ག་མུ་མ་རྩེགས་པར་ཟླ་ཁ་མ་ག་སུ་མ།། ཟླ་ཁ་མ་གསུམ ་ལ་ག་ཏོར་ཨ་གསུམ།། མི་ཁྱི་རྟའི་ཀ་ཁྲག་སྙིང་།། ག་ཞན་ཡང་སྣ་ཚོགས་འབྱོར་པར་དགྲམ།། གྲུ་ག་སུ་མ་རྩེ་ཨོ་ལྷོ་རུ་བསྟན།། སོར་གཉིས་གྱེན་དུ་སྟོང་པ་ལ།། ཁྲུ་གང་བྷུ་ར་དུ་བྲུ་བར་བྱ།། སོལ་ཆེན་དག ་གིས་ནག་པོར་བྱ།། ཟུ་ར་ག་སུམ་རྩེ་ལ་རུ་དར་གསུམ།། རྨ་བྱའི་རྒྱལ་མཚན་གསུམ་ཡང་དགོད།། མི་ཁྱི་རྟའི་སྙིང་གསུམ་ཡང་།། སྲོག་པ་རྩ་དང་བཅས་ཏེ་བཞོག། གྲུགསུམ་དབུས་སུ་རྣལ་མོ་མགོ། ་དུམ་བུ་ལྔ་ལ་བཞག་པར་བྱ།། དེའི་ནང་དུ་མ་མོའི་སྐུ།། ལུགས་མ་དག་གམ་ར་ཤྲཱིང་ལ།། འབུར་དུ་བྲུས་པ་བཞུགས་སུ་གསོལ།། ཡང་ན་འབྲུ་ཟ་ན་ལས་བྱས་པའི།། མཐིང་ནག་འཇིགས་པའི་ཆ་བྱང་ཅན།། ་ཞལ་གདངོས་སྤྱན་དགྲ་མཆེ་གཙིགས་པའི།། རལ་པས་ས་གཞི་ཁྱབ་བ་ལ།། སྤྱི་གཅིག་མཐིང་གི་རལ་པ་འོད་དུ་འབར།། གཡས་པ་བཾ་ཆེ་ན་ཙེཏྟ་ལ།། གཡོན་པ་གཡུའི་སྤྱང་མོ་ཁྲ་ཐབས་ཐོགས།། སྤྱང ་མོ་འབུམ་གྱིས་བསྐོར་བ་བྱ།། ཐུགས་ཁར་མཚལ་གྱི་ཏྲག་ཅིག་བྲི།། ཞལ་དུ་བརྣག་པའི་མིང་རུས་གཞུག། སྔོན་དུ་རྣལ་འབྱོར་བྱོལ་ཟོར་བྲི།། ལེ་བརྒན་གུར་དབུ་བཞིང་ཡོལ་བྲི།། དེ་ལྟར་གཞེང་ས ་པའི་མ་མོདེ།། ཚེ་སྲོག་བདག་མོ་ཡིན་པར་བཤད། ཚེའི་དཀྱིལ་འཁོར་བཞེངས་གསོལ་ལ།། སྐབས་སུ་ཚེའི་སྙིང་པོར་དང་།། དང་པོར་ཏིང་འཛིན་རྣམ་གསུམ་གྱིས། ་རང་གི་སེམས་ཉིད་རྟོགས་པར་བྱ།། རྟོགས་པ་མ་ཡེངས་བརྟེན་པོ་ལིས།། འཕྲིན་ལས་རྣམ་བཞིའི་མཎྜལ་ལ།། བན་དྷ་འབར་བའི་གཞལ་ཡས་སུ།། རང་བྱུང་ཡེ་ཤེས་ཆེན་པོ་ལས།། ཡེ་ག་ཏྲག་ཏུ ་འཕྲོས་པ་ལས།། ཏྲག་ལས་མ་མོ་ག་སལ་བསྒོམས་ཏེ།། འཁོར་ནི་མ་མོ་ནག་མོ་འབུམ་དང་བཅས།། ཏིང་འཛིན་བརྟན་པོ་མ་ཡེངས་སྒོམ།། དེའི་མདུན་དུ་མཆོད་པ་ཀུན།། འདོད་ཡོན་སྣ་ཚོག ་ལྡན་པས་བསྒོམ།། བྱ་ནག་ལུགས་ནག་བསྐང་བའི་རྫས།། བདུད་དང་གིང་ལའང་དེ་བཞིན་དུ།། རང་རང་མཉེས་པའི་རྫས་ཀྱང་བཤམ།། ཞག་གསུམ་བར་དུ་དཔལ་བསྙེན་བྱ།། དྲུག་གི་བར་དུ་ཚེ ་བསྒྲུབ་བྱ།། དགུའི་བར་དུ་མ་མོ་བསྙེན། བཅུ་གཉིས་བར་དུ་མེ་མོ་བསྐང་།། བཅོ་ལྔའི་ནུབ་མོ་ཐུན་ཟོར་འཕང་།། རྒྱ་མཚོ་ཆུ་བོའི་གཞུང་ལ་བསྐྱོན།། དེ་ཡི་དགོས་འདོད་ཐམས་ཅད་འགྲུབ། ་ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས། གུ་ཧྱ་ཙིཏྟ་མདོས་ཀྱི་ལེའུ་ཞེས་བྱ་སྟེ་རྩ་བརྒྱད་པའོ།། ། བདེ་བྱེད་ལྷ་མོའི་ཡང་གསོལ་པ།། བདག་མ་ཡིན་པ་ཡིད ་ཆེས་ཕྱིར།། སྐྱེ་བརྒྱུད་ལུང་བསྟན་བདག་ཉན་འཚལ།། དེ་སྐད་གསོལ་བ་གསན་ནས་ཀྱང་།། རང་བྱང་རྒྱལ་མོས་བཀའ་སྩལ་པ།། ཉོན་ཅིག་ལྷ་མོ་བདེ་བྱེད་མ།། སུམ་ཅུ་རྩ་གསུམ་ལྷ་གནས་ན།། ། ་ལྔ་ཆན་མཧཱ་དེ་བ་དང་།། ལྷ་མོ་དབུམ་དེ་ཝ་གཉིས།། མ་འཇལ་ཡིད་ཀྱིས་སྦྱོར་བ་མཛད་པ་ལས།། ཡབ་ཡུམ་གཉིས་སུ་མེད་པའི་མདངས་ལས།། ལྷ་མོ་དབུ་མ་དཔྲལ་བར་ལྕགས་ཀྱི ་མཛེར་བ་ཊཱིག་སྐྱེ་བ་ལས།། ཡབ་ཀྱིས་བུ་ཁྱེའུར་སྨོན་ལམ་བཏབ།། ཡུམ~ཾ་གྱིས་བུ་མོར་སྨོན་ལམ་བཏབ་སྟེ།། ཡུམ་གྱི་སྨོན་ལམ་མཐུ་བཙན་ནས།། བུ་མོ་བཟང་སྡུག་ལ་འོད ་ཆགས་པ་ཅིག་སྐྱེས་སོ།། མིང་ཡང་ལྷ་ཨོཾ་མ་དང་ས་ལྡན་མར་བཏགས་སོ།། བུ་མོ་ཟས་སུ་ནཱི་ལྷའི་ཞལ་ཟས་རོ་མཆོག་བརྒྱ་ད་དེ་ལྡན་པ་ཟ།། གོས་སུ་ནི་ལྷའི་ནཱ་བཟའ་བཉྩི་ལི་ཀ་གོན་པ ་པ།། བདུད་ཐོད་པ་དང་།། བདུད་མོ་རྒྱལ་བྱིན་ཀུན་དགེའ་མོའི་བུ།། བདུ་བྲང་ཀུན་པོ་བྱ་བའི་ཆུང་མར་བྱིན་ཏེ། ཕ་མ་གཉིས་ཀྱི་ས་རྨོད་པ་བོར་རོ།། ཁྱོད་ལ་གཅིག་ལ་སོ་ན་ཡང་གལ ་མེད་པ་ལ།། ཁྱོད་ལྷའི་བུ་ག་སོས་པས་བདུད་དུ་སོང་བ་ལས།། ཁྱོད་ལུས་མཐིང་ལས་གནག་པར་སོང་ཅིག། ཟས་སུ་མི་ཤ་རྟ་ཤ་ཟ་བ་ཅིག་ཏུ་སོང་ཅིག། སྐོམ་དུ་མི་ཁྲག་རྟ་ཁྲག ་མཐུང་བ་ཅིག་ཏུ་སོང་ཅིག། གོས་སུ་མི་ལྤག་སེ་གོན་པ་ཅིག་ཏུ་སོང་ཅིག། ཅེས་སྨོད་པ་བོར་བས།། ཡུམ་གྱི་སྨོད་པ་བ་ཙན་པར་གྱུར་ཏེ།། མོང་དེ་ཉིད་ལ་དེ་བཞིན་ཉིད་དུ་གྱུར་ཏེ། ་རྨེ་ཤ་གསུམ་ལ་རྐ་ན་ཕབ་པས།། ལྷའི་ཞལ་ཟས་པས་ཤིན་ཏུ་རོ་རྒྱས་པ།། གོས་སུ་མི་ལྤགས་གོན་པས་ཤིན་ཏུ་བརྗིད་ཆེ། རལ་པ་ནག་པོ་ས་གཞི་ཁྱབ་པ་ཅིག་ཏུ་གྱུར་ཏོ།། ་ཡབ་ཡུམ་ལྷ་ཡིན་པའི་རྟགས་སུ།། སྤྱི་བོའི་གཙུག་ཏུ་མཐིང་གི་ངལ་པ་འོད་དུ་བཕྲོ་བ་ཅིག་མི་འགྱུར་བར་གནས་པ་ལས།། མཚན་ཡང་རལ་པ་གཅིག ་མར་མངའ་གསོལ་ལོ།། དེ་ནས་རྒྱ་མཚོའི་གཏིང་དུ་ཡུམ་མཚོ་སྨན་རྒྱལ་མོའི་དངོས་གྲུབ་བསྙེམས་ཏེ།། བྲག་དམར་ཆོས་བཟངས་འདྲ་བ་ལ་ཉིན་གྱི་གནས་བཅས།། མཚན་ཡང་མེ་ཟ་བྲག་གྱོན་མར་གསོལ་ལོ།། ་དེ་ནས་དུར་ཁྲོད་ཀློང་དགུམ།། གྲཝ་གསུམ་དཔལ་གྱི་ཕོ་བྲང་དུ།། དཔལ་ཆེན་ཁྲག་འཐུང་དབང་ཐོབ་པས།། མཚན་ཡང་དཔལ་གྱི་ཟུངས་ཅིག་མ།། ལྷོ་ཕྱོགས་ཤིན་རྗེའི་ཕོ་བྲང་དུ།། ཡ་ཨན་ཏ་ཀའི་མཛད་པས། ་མཚན་ཡང་སྒེག་མོ་རལ་ཅིག་མ།། གྲཝ་གསུམ་ཤེལ་གྱི་དཀྱིལ་འཁོར་དུ།། རྡོ་རྗེ་གཞོན་ནུའི་ཡུམ་མཛད་པས།། མཚན་ཡང་འཁོར་ལོ་རྒྱས་འདེབསམ།། རི་བོ་མ་ལ་ཡའོ་རྩེར།། ཕྱག་ན་རྡོ་རྗེའི་ཞབས ་དྲང་དུ།། གསང་སྔགས་བསྲུངས་དབང་བསྐུར་བས།། མཚན་ཡང་སྔགས་བསྲུངས་ནག་མོས་བྱ།། ཐམས་ཅད་གསོད་པའི་ལས་བྱེད་པས།། སྲིན་མོ་རལ་ཅིག་ཤ་ཟ་མ།། རྣལ་འབྱོར་ཡོངས་ཀྱི་གྲོགས ་བྱེད་པས།། མཚན་ཡང་དགྲ་འདུལ་ནད་འོ་ཆང་མ།། དེ་ནས་ཚ་བའི་ནད་གཏོང་བས།། མཚན་ཡང་བལ་མོ་ཀུན་དྲུག་མ།། ཁྲག་རིམས་ཡམས་ནད་གཏོང་བྱེད་པས།། མཚན་ཡང་ནག་མོ་ཁྲག་འཛག་མ། ་ལྟས་ངན་ཆོ་འཕྲུལ་གཏོང་བས་ན།། མཚན་ཡང་མོན་མོ་ནག་མོ་བྱ།། དེ་བཞིན་མཚན་གྱི་རྣམ་གྲངས་ཡང་།། བརྗོད་ཀྱིས་མི་ལངས་བསམ་ཡས་ཏེ།། ཕྱག་ན་རྡོ་རྗེ་སྤྲུལ་པའི་སྐུ།། དེ་ཉིད་སྤྲུལ་པ་བསྟན་པས ་བས།། ཅེས་སུངས་སོ།། ཟ་བྱེད་སྤང་རྒྱལ་ནག་མོའི་རྒྱུད་ལས།། ལུང་བསྟན་པའི་སྐབས་ཏེ་རྩ་དགུ་པའོ།། །། དེ་ནས་འདུས་པའི་ཕལ་ཆེ།། ཤིན་ཏུ་ངོ་མཚར་ཡི་རངས་ནས།། ་མ་མོ་ཉིད་ལ་མངོན་པར་བསྟོད།། ཧཱུ~ཾ་གསང་སྔགས་གཉེན་གྱི་སྲུངས་མ་མཐུ་མོ་ཆེ།། སྔགས་སྲུངས་ནག་མོ་རལ་ཅིག་མ།། མངོན་པར་བསྟོད་ཀྱིས་དམ་མ་འདའ།། གླུ་གསུམ་ཡུམ་གྱི་མཁའ་དབྱིངས་ནས ་གྲུ་གསུམ་མཐིང་ནག་འབར་བ་ནི།། ཆོས་ཉིད་འགྱུར་བ་མེ་པ་ཡི།། དོན་དམ་ཐུགས་སུ་ཆུང་བའི་རྟགས།། རལ་པ་ཐོར་ཚུགས་ཅིག་བཅིངས་པ།། ཁམས་གསུམ་དབང་དུ་བསྡུད་པའི་རྟགས།། ཕྱག ་ག་ཡས་ཞིང་ཆེན་ཙིཏྟ་ནི།། འགྲོ་དྲུག་རྩད་ནས་པའི་རྟགས།། ཕྱག་གཡོན་ག་ཡུའི་སྦྲང་མོ་ཁྲ་ཐབས་གཏོང་བ་ནི།། གདུག་པའི་དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས།། ཐུགས་ལས་སྤང་མོ ་དགུ་འབུམ་འཕྲོས་པ་ནི།། སྟོང་ཁམས་དགྲ་བོ་མ་ལུས་སྒྲོལ་བའི་རྟགས།། ཞ་བས་གཉིས་གྱད་ཀྱི་དོར་ཐབས་བཞུགས་པ་ནི།། ཐབས་དང་ཤེས་རབ་གཉིས་མེད་སྦྱོར་བའི་རྟགས།། མ་མོ་ནགོ་མོ་གདུག ་པའི་སྲོག་སྒྲོལ་མ།། མངོན་པར་བསྟོད་ཀྱིས་མཐུ་མ་ཆུད།། ཞེས་བརྗོད་དོ།། དེ་ནས་འཕྲིན་ལས་ཀྱིསམ་མོ་འདི་སྐད་བསྐལ་བར་བྱའོ།། འཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ། གྲུ་གསུམ་མཐིང་ནག་ཀྲོང་དཀྱིལ་ནས།། ་སྔགས་ཀྱི་སྲུངས་མ་མཐུ་མོ་ཆེ།། སྐུ་མདོག་མཐིང་ནག་འབར་བ་ལ།། རལ་བའི་ཟར་བུས་གཞི་ཁེབས།། གཡས་ཀྱི་ཕྱག་ནོ་ཞིང་ཆེན་ཙིཏྟ་བསྣམས།། གཡོན་ན་ག་ཡུའི་སྤང་མོ་བསྣམས།། ག་ཡུའི་སྤང་མོ་དགུ་འབུམ ་ཐུགས་ཀྱི་ཕོ་ཉར་འགྱེད།། འཛིན་བྱེད་འབར་བའི་ལྕགས་ཀྱུ་ཡིས།། མིག་གི་དབང་པོ་མངོན་དུ་ཕྱུང་།། ལྕགས་ཀྱི་སྡེར་ཆེན་དེངས་པ་ཡིས།། ལུས་ཀྱི་ཁོང་ཁྲོལ་སྙིང་བྱུང་ཅིག། སྤྱང ་མོ་སྤྲུལ་པའི་འཕྲོ་འདྲ་ཡིས།། སྒོག་ཙ་སྙིང་རྩ་ཕྱུང་ལ་ཤོག། མགོ་དང་ལུས་སུ་ཕྲོལ་ལ་ཤོག། ཤ་དང་རུས་པར་ཕྲོལ་ལ་ཤོག། ནང་གྲོལ་དབང་པོ་སྤྱོས་ལ་ཤོག། དགྲ་བོའི་ལྷ་ལྔ་དབང་དུ་བསྡུས།། མངོན་སྤྱོད་དྲག་པོའི ་རྡུལ་དུ་རློགས།། ཞེ་སྡང་སྐྱེད་ཅིང་སྲིད་པ་དཀྲུག། མི་མངོན་མཁའ་དབྱིངས་བདེ་ཆེན་ནས།། ཨེ་ཀ་ཛ་ཏི་ར་ལ་ཅིག་མ།། དབུ་དགུ་ཐོར་ཚུགས་གཅིག་བཅིངས་ཤིང་།། ཁམས་གསུམ་སྲིད་གསུམ་དབང་དུ་བསྣད།། དེང་འདིར ་ལས་རྣམས་ཐམས་ཅད་བྱེད།། མཁའ་ལ་དེ་བཞིན་ག་ཤོག་ཅིག་མ།། དཔལ་གྱི་གཙུག་འཇམ་ཨ་ལ་ལ།། ཟངས་ཀྱི་ཁ་ལ་ལྕགས་ཀྱིས་སོ།། སྣ་ཚོགས་ཞལ་ལ་ཞིང་སྒྲོལ་མ།། མཐིང་ནག་རྗེ་རུ་དབུ་དགུ་མ།། སྙིང་ཡང་དགུ་སྟེ ་རྐང་ཅིག་མ།། སྟོང་ཁམས་འཕྱོ་ཞིང་མཁའ་ལ་འགྲོ།། ལྟས་ངན་བདུད་རྣམས་སྒྲོལ་བར་བྱེད།། ལག་ན་ལྕགས་ཀྱུ་རྩེ་དགུ་བསྣམས།། གདུག་བྱེད་རྣམས་ཀྱི་སྙིང་འབྱིན་མ།། རྡོ་རྗེ་བ་སྤུ་རེ་རེ་ལ། རྡོ་རྗེ་ལྕགས་ཀྱུ་རེ་རེ་འཕྲོ། ་གནོད་བྱིན་ཨ་ལུས་རྡུལ་དུ་བརློགས།། བར་བར་མིག་ནས་ཁྲག་འཛག་མ།། རྐན་སྒྲ་སྡེབས་ཤིང་བདུད་དཔུང་འཇོམས།། རྟག་ཏུ་དབང་ཕྱུག་སྐལ་རོལ།། དགའ་བའི་དབང་གིས་ཐོགས་མཛུ་མ།། འདོད་ཁམས་གཙོ་མོ ་དབང་དུ་བསྡད།། ཁྱོད་ནི་མ་བརྒྱད་གཙོ་མོ་སྟེ།། ཁྲག་གི་བཅུད་ལ་འབྱུང་ཞིང་ལྷ་རྣམས་དབང་དུ་བསྡུད།། དམ་རྫས་རྒྱན་གྱི་གཏོར་མོའི་དི་ལོང་ལ།། ཁྲག་ནད་དུག་མདའ་འཕེན་ཅིང་འཕྲིན་ལས་མཛོད།། དེ་ཕྱིར་འཕྲིན ་ལས་བདག་མོ་འབྲུམ་ཆུང་།། ཅེས་པས་འཕྲིན་ལས་བདག་མོ་བསྒྱུར།། ལྟས་ངན་བདག་མོ་འདི་སྐད་བསྐུལ།། རུ་དར་ནག་མོ་བྱ་དང་།། མེ་ལོང་གཡབ་མོས་གཡབ་པར་བྱ།། ཧཱུཾ་གསང་སྔགས་གཞན་གྱི་སྲུང་མ་མཐུ་མོ་ཆེ། ་བཞེངས་ཤིག་མི་མངོན་དབྱིངས་ནས་བཞེངས།། བསྐུལ་ལོ་མཆོག་བདག་མོ་བསྐུག། གཤེགས་ཤིག་ཚེ་འཕྲུལ་བདག་མོ་གཤེགས།། སྐུ་མདོག་མཐིང་ནག་རྩེ་རེ་རེ།། རལ་པ་ནག་པོ་ཤ་རར། མཐིང་ནག ་རལ་གཅིག་རྒྱངས་སེ་རྐྱངས།། ག་ཡུའི་སྨན་མ་ཁྲགས་ས་ཁྲགས།། སྦྲན་མིག་ཉི་ཟླ་འཁྱིལ་བ་ཙམ། ཁྲག་གི་མཆི་མ་ཤ་ར་ར།། ཞལ་གདང་ས་མཆེ་གཙིགས་ཐ་མས་སེ་ཐ་མས།། ཁྲག་དང་ཞག་འཛག་ཟུ་ལུ ་ལུ།། ལྗགས་འདི་ལ་མཆེ་གཙེགས་མཆེམས་སེ་ཚེམས།། མི་ལྤགས་གོ་ཡང་གཞི་འཇོལོ་ལོ།། དར་ནག་བེར་ཆེན་ལྷུམས་སེ་ལྷུམས།། གཡས་ཀྱི་ཕྱག་ན་ཙིཏྟ་འཕར་མི་འཆད་།། གཡོན་གྱི་ཕྱག་ན་སྦྲང་མོ་ཁྲ་ཐབས ་བསྣམས།། དེ་ཕྱིར་འཕྲིན་ལས་བདག་མོ་དམ་ལ་འདྲ།། ཞལ་ནས་ནད་ཀྱི་རླངས་པ་འཐུལ།། མིག་གནས་ཁྲག་རིམས་ཡམས་ནད་གཏོང་།། སྣ་ནས་དུད་འཐུལ་མཛེནད་གཏོང་།། སྐུ་ལས་གཟེར་འཕྲོས་འབྲུམ་ནང ་གཏིང་།། ཁོང་ནས་ནད་སྡོང་མཁྲིས་པ་གཏོང་།། དེ་ཕྱིར་ནད་ཀྱི་བདག་མོ་དམ་ལ་འདུ།། གཡས་ན་གསེར་གྱི་བྲག་ཆེན་ཟངས་སེ་ཟངས།། གཡོན་ནག་ཡུའི་མཚོ་ཆེན་ཁྱི་ལ་ལི།། སྔོན་མོན་མོ་མཛེས་མ་ཤ་ར་ར།། སྲང ་ན་བལ་མོ་མཛེས་མ་ཤ་ར་ར།། ཞབས་གཉིས་དོར་སྟབས་དམ་སྙིང་ལྟེ་བར་གཟིར།། ལྟས་ངན་ཝ་སྦྲང་ཆོ་དེས་དི་རི་རི།། འདབ་ཆགས་ཁྲ་ཐབས་མང་པོ་ཞལ་ལ།། ཤ་ཟན་སྡེར་ཆགས་མང་པོ་འཕུར་ལྷབ་ལྟ་བ།། ་སྡེར་ཆགས་སྟག་གཟིགས་མང་པོ་འཛུམ་དང་མུ་ལུ་ལུ།། སཱ་ལ་ནཔ་སྦྲུལ་ནག་སྡོམ་སྡིག་ཉི་ལི་ལི།། ལཱུ་སྤྱང་ཁ་གདངས་མང་པོ་དུ་རུ་རུ།། མོན་པ་སྡེའུ་བརྒྱ་ཞོན་ཡེ་རེ་ར། ་། གསེར་འོད་གཡུ་འོད་དྲུང་འོང་ལམས་སེ་ལམས།། བུད་མེད་མང་པོ་གཡབ་འདོར་ལིངས་མེ་ལིངས།། ལྟོས་ངན་ཡང་སྦྲུལ་མང་པོ་ཐིབས་མ་ཐོ་བས།། དེ་ཕྱིར་ལྟས་ངན་བདག་མོ་དམ་ལ་འདུ།། ཉིད་ཀྱིས་ཆེ་བ ་བརྗོད་ཀྱིས་མིང་ལང་སྟེ།། ཡོན་ཏན་སྣ་ཚོགས་འབྱུང་བའི་དཔལ་ལྡན་མ།། ལྟས་ངན་ཆོ་འཕྲུལ་དགྲ་ལ་དབབ་དུ་གསོལ།། མ་མ་ཨི་ལ་ཏ་ཀ་ཀེར་ཀྱི་ཀྱི་ང་མཁའ་ལ་ལྡིང་།། དུར་དུ་བྷོ་རོ་ག་མ་རྒྱུགས་མ་ཡ་ཚོར། ་ཨ་མོ་ཀར་ནོངས།། ཅེས་ཡུངས་ཀར་ལ་ག་ཏོར་རོ།། ལྟས་ངན་སྣ་ཚོགས་སུ་ཤིགས་ཀྱིས་འོང་བར་འགྱུར་རོ།། ཟ་བྱེད་སྤྱང་རྒྱལ་ནག་མོའི་རྒྱུད་ལས།། མངོན་དུ་བསྐུལ་བའི་སྐབས་སྟེ། སུམ་ཅུ་པའོ།། ་། དེ་ནས་ཡང་དག་བ་ཤ་ད་བྱ་བ།། བསྟན་པའི་སྲུངས་མར་དབང་བསྐུར་ཏེ།། མཎྜལ་མདོའ་གང་གྲཝ་བཞི་ལ།། སྣ་ཚོགས་ཁྲག་གིས་ཆོག་ཆག་གདག། རྡོ་རྗེ་སྔགས་བསྲུང ་ནག་མོ་ནི།། ལུགས་སམ་ཡང་ན་དར་དཀར་ལ། ཨཁས་པས་ཆ་བྱེད་རྫོགས་པར་བྲི།། དེའི་མཐའ་མར་རྫས་རྣམས་དགོད།། ཏིང་ངེ་འཛིན་བརྟན་པ་དགུག་ཅིང་བསྟིམ།། ཡང་ནས་ཡང་དུ་དམིགས ་པ་བསྐྱེད།། དམིགས་པ་བརྟན་པོར་གྱུར་པ་ན།། བསྟད་ཅིང་བསྐང་ཞིང་དབང་ཡང་བསྐུར།། བཀའ་རྟགས་ཕྱག་རྒྱའི་དབང་རྟག་མ་ཡིན།། རུ་ང་ར་ནག་པོ་རྟེན་དུ་བཅའ། མཁར་བའི་སྐྲའི་དབང་བསྐུར།། ་དྲག་སྔགས་གསུངས་གི་དབང་ཡང་བསྐུར།། གཉིས་མེད་གཟུངས་ཀྱི་དབང་ཡང་བསྐུར།། ཡེ་ཤེས་ཡོན་ཏན་དབང་སྐུར་ཡང་།། མཐུན་རྫས་འཕྲིན་ལས་དབང་ཡང་བསྐུར།། འབྲས་བུ་སྣ་ཚོགས ་གཏོར་མས་བསྐར་།། བྱངསེམས་དཀར་དམར་སྦྱོར་བའི་དབང་།། དེ་ལྟར་དབང་རྣམས་རྫོགས་པར་བསྐུར།། དེ་རྫོགས་འཕྲིན་ལས་ཐོགས་པ་མེད།། དེ་མ་རྫོགས་པའི་རྣལ་འབྱོར་པས།། མ་མོ་སྒྲུབས ་ཀྱང་འགྲུབ་མི་འགྱུར།། ཅེས་གསུངས་སོ།། ཟ་བྱེད་སྦྱང་རྒྱལ་ནག་མོའི་རྒྱུད་ལས།། དབང་བསྐུར་བའི་ལེའུའི་སྐབས་སྟེ་སོ་གཅིག་པའོ།། ། དེ་ནས་དཔལ་ལྡན་རང་བྱུང་རྒྱལ ་མོ་དེས།། འདི་སྐད་ཅེས་གསོལ་ཏོ།། ཧེ་ང་ནི་དུས་གསུམ་ཐམས་ཅད་དུ།། ངའི་ཐུགས་རྗེ་རྒྱན་མི་འཆད།། ང་ནི་བདེ་གཤེགས་སྦྱོར་སྡེ་མོ།། དམ་ཚིག་ཅན་གྱི་དགྲ་འདུལ་མ།། ང་ནི་རྣལ་འབྱོར་སྒྲུབ་སྡེ་མོ།། དམ་ཚིག ་ཉམས་པའི་སྲོག་གཤེད་མོ།། ང་ནི་རང་བྱུང་རྒྱལ་མོ་སྟེ།། ང་ནི་ང་ལས་བྱུང་བ་ཡིན།། ཐམས་ཅད་དུའི་སྤྲུལ་པ་ཡིན།། དཀར་མོ་སྐུའི་སྤྲུལ་པ་ཡིན།། སྨྲབ་མོ་གསུང་གི་སྤྲུལ་པ་ཡིན།། ནག་མོ་ཐུགས་ཀྱི་སྤྲུལ་པ ་ཡིན།། སེར་མོ་ཡོན་ཏན་སྤྲུལ་པ་ཡིན།། དམར་མོ་འཕྲིན་ལས་སྤྲུལ་པ་ཡིན།། དེ་དག་ཐམས་ཅད་ང་ཡིན།། ངའི་སྤྲུལ་པ་བསམ་མི་ཁྱབ།། དེའི་མིང་ནི་ཅིར་ཡང་གྲགས།། ངའི་འཕྲིན་ལས་ཐམས་ཅད་བྱེད།། ཀུན་གྱི ་རྩ་བ་བཅོད་འདོད་ན།། ཐམས་ཅད་ང་ཡིན་པ་ཉིད་ལྟོས།། ང་ཉིད་ཡོངས་སུ་བཟུང་བར་གྱིས།། ཞེས་ཟེར་ཏེ་མི་སྣང་བ་མ་གྱུར་ཏོ།། ཡོངས་སུ་གཏང་བའི་སྐས་སྟེ་སོ་གཉིས་པའོ།། ། སྙིང་པོར་གྱུར་པའི་རྒྱུད ་རྫོགས་སོ།། དེ་བཙནྡྲ་ལཱ་བཻ་རོས་ནུས།། @#། རྒྱུ་གར་སྐད་དུ། ཨ་རྱ་རེ་མ་ཏི་མཧཱ་ཨ་ནནྱཱ་ཏཱནྣ་ཏྲ། བོད་སྐད་དུ། འཕགས་པ་ཏེ་བསྤྱད་འབར་མའི་རྒྱུད ་