CLOSE WINDOW

Gkk3.5: e ka dza Ti sbas pa nag mo'i rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨེ་ཀཙྪི་ཏ་མ་ནི་ཤ་པྲ་ཏི་ཏནྟྲ། བོད་སྐད་དུ། ཨེ་ཀཱ་ཛ་ཊཱི་སྡུས་པ་ནག་མོའི་རྒྱུད། དཔལ་ཁྲག་འཐུང་ཀུན་ཏུ་བཟང་པོ ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཡང་ལོ་ཅན་གྱི་པོ་བྲང་ནས། ཀུན་བཟང་ལྷའི་རྒྱལ་པོའི་ཕྱོགས་ཀྱི་རིམ་ལ་ཡི་འཐག་ཟུག་ཏུ། དཔལ་ཆེན་བཻཉྩ་སྠའི་ཏིང་ངེ་འཛིན་པ ་སྙོམས་པར་ཞུགས་པ་ལས། འཁར་གྱི་ཨ་ཀཛཱ་ཊྚི་དང་། རམ་ཏི་དང་། རི་མཆི་དང་། རེ་མཛ་དང་། རེ་མཛུ་དང་། ནག་མའི་ཚོགས་དང་། དམར་མའི་ཚོགས་དང་། ་ཁྲོ་ག་ཉེར་རླབས་ཅན་མའི་ཚོགས་དང་། བཅོམ་ལྡན་འདས་དཔལ་ཁྲག་འཐུང་གི་རྒྱལ་པོ་ལ་རྐང་མགྱོགས་ཀྱི་རྫུ་འཕྲུལ་བསྟན་པས། བཅོམ་ལྡན་འདས་དཔལ་ཆེན་པོས། དབུ་དགུ་ཕྱག་བཅོ་བརྒྱད་དུ་སྤྲུལ་ཏེ། ་དུར་ཁྲོར་ཀྱི་ཆས་བརྒྱང་སྐུ་ལ་བརྒྱན་ནས། བསྐལ་པའི་མེ་རི་འབར་བའི་ཀློང་ན་བཞུགས་ཏེ། སྡིགས་མཛུབ་མེ་འབར་བམ་མོའི་ཚོགས་ལ་བསྟན་པས། མ་མོའི་ཚོགས་འདར་ཞིང་བརྒྱལ་ནས་དོགས་ལ་འགྱེལ་ཏོ།། ་བརྒྱལ་བ་སངས་ནས་སྲོག་གི་སྙིང་པོ་འདི་ཕུལ་ལོ།། མ་མ་ཏྲག་ར་ག་ཤ་ཨེ་ཀ་ཛ་ཏི་ཨ་པ་ར་ཙིཏྟེ། ཅེས་ཕུལ་ལོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་ཚོགས་ལ། ཡུམ་ཨེ་ཀ་ཛ་ཏི་དང་། མ་ཆགས་ཐབས་ཀྱི ་སྦྱོར་བ་མཛད་ནས། དབང་མོ་དང་སྤོས་མོས་གསང་བའི་དབང་བསྐུར་ཏེ། མ་མོའི་ཚོགས་ལ་བཀའ་བསྒོས་སོ།། དེ་ནས་དཔལ་ཁྲག་འཐུང་གི་རྒྱལ་པོས་འཇིགས་བྱེད་འབར་བའི་ཏིང་ངེ་འཛིན་ལ་ཞུགས་ཏེ། མ་མོ ་ཚོགས་རྦད་དོ།། སྦས་པ་ནག་མོའི་རྒྱུད་ལས་གླེང་བཞིའི་ལེརུ་སྟེ་དང་པོའོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་ནག་མོའི་དཀྱིལ་འཁོར་འདི་གསུངས་ཏེ། དཀྱིལ་འཁོར་དམར་ནག་རྦྷ ་གསུམ་དབུས་ནི་ནག་པོར་བྱ། གྲུ་གསུམ་དབུས་ནི་ནག་པོར་བྲི།། བླ་ཁམས་གསུམ་ནི་དམང་པོར་བྱ།། ཐ་མ་རྡོ་རྗེ་རབས་བསྐོར།། བླ་ཁམ་གསུམ་ལ་གཏོར་མ་གསུམ།། ཤ་སྣ་ཚོགས་གཏོར་མར་བྱ།། མཐའ་མ ་མེ་རྫང་གི་བསྐོར།། བལ་སྔོན་སྔོན་དམར་ཟུངས་ཀྱིས་དགག། ལུག་ནག་སྤྱི་བོ་དཀར་པོག། མ་མོའི་སྐུ་ཡི་སྙིང་པོ་བྲི།། མགྲིན་པར་སྲོག་གི་སྙིང་པོ་ཟེ།། དྲག་པོ་ཐུན་ཐུན་ཞེས་བྱ་བ།། བྲིས་ལང ་ཉིད་བརྟེན་དུ་གཟུགས།། བདག་ཉིད་རྡོ་རྗེ་གཞོན་ནུ་ཡི།། ཏིང་ངེ་འཛིན་ལ་ཞུགས་ནས་ནི།། རེ་ནག་གུ་ཐུ་བ་ཙམ་བྱས་ནས།། བ་འོག་ནག་ཁྭའི་ཕུ་རུང་བྱ།། ཕྱག་རྒྱ་བཅས་ལ་བཟླས་པ་བྱ།། ཡུངས་དཀར ་ཁྲག་སྐམ་ཕུལ་གང་ལ།། བསང་བའི་རྫས་ནི་སེང་ལྡེང་ཕུར་པ་དང་།། མ་མོའི་གཟུགས་ནི་ཞི་བའི་ཞལ་གསུམ་མ།། ཁ་ནས་ཁྲག་འཛག་མིག་གསུམ་གཅེར་བུར་བྲི།། སྙིང་ལ་གྲུ་གསུམ་འབར་བ་བྲི། ་བི་ཏ་མ་ར་ཡ་ཕཊ། སྔགས་དང་དགྲ་བོའི་མིང་བྱང་སྤེལ།། མཐའ་མར་མ་མོའི་དྲག་སྔགས་གདོན།། སྦས་པ་ནག་མོའི་རྒྱུད་ལས་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཁྲག་འཐུང ་གི་རྒྱལ་བོས་སྲོག་གི་སྙིང་པོ་འདི་རྣམས་དྲངས་ཏེ། མ་མ་ཏྲགཱ་རག་ཤ། དྷཱ་དྷ་དྷེ། པ་མི་མཧཱ་མ་མ་ཤ་ཏྲཱུཾ། ཨ་མུ་ཀ་ཤ་ཧཱུཾ། ཀུ་རུ་ཀུ་རུ། ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཀཱི་ལི་ཀཱི་ཡ་ཡ། ཨོཾ་ཨོཾ་སྲོག་ལ་མྱུར། ར ་མོ་ཡག་མོ་ཀ་ལ་དུམ་པ་སྙིང་རྩ་ཤ་ལ་མ་ཡེ་སརྦ་བི་གྷན་ན་བེ་ཧཱུ་ནི། སྲོག་ལ་ཡ་ཙང། སརྦ་བིགྷ་ནན་བ་ཧཱུ~ཾ་ཕཊ། མ་ར་ས་ནས་པ་མར་ཏེ་ན་ཡཻ་ཧཱུ~ཾ་ཕཊ། སྙིང་ཁྲེལ་ཁྲིལ། སྲོག་ཡེ་མ། ཆུ་མ་ཏ་ཡ་ཧཱུཾ་ཕཊ་སྙིང་ལ་ར་བམ ་ཏེ་ཤ་ཡ་ཧཱུཾ་ཕཿ། རྟགས་ཐོན་སྙིང་ཏྲག་ཤ་ཛ། ཙིཏྟ་སྲོག་ཏུ་ཏྲུང་། ཐུ་མ་རིལ་ཤམ་ཁྱེར་བྷྱོ། ལས་ཀྱི་མཐའ་བརྟུལ་ཕྲིན་ལས་ཤམ་ཁྱེར་བྷྱོ། ཞེས་ནག་མོའི་ཚོགས་ཀྱི་སྐུ་གསུང་ཐུགས་དང་། སྲོག་གི་སྙིང ་བད་། འགུགས་ཅ་རྙི་དང་། མ་གས་ལཚུལ་བས་ཟབ་འཐང་དགི་རྒྱལ་གཞས་ན་སམ་དུ་ཞུགས་པར་གྱུར་།། ག་མམཚན ་ཀྱང་ལས་མངོན་སུམ་དུ་བྱེད་པར་གྱུར་ཏོ།། སྨྲས་བདག་མོའི་རྒྱུད་ལས་སྔགས་ཀྱི་ལའུ་སྟེ་གསུམ་པའོ།། དེ་ནས་ཁྲག་འཐུང་གི་རྒྱལ་པོས་ཆངད་པའི་ཐབས་འདི་གསུངས་ཏེ། དཔ ་ཆེན་ཏིང་འཛིན་སྔོན་ཞུགས་ནས།། ཐུགས་ཀའི་ཛཿལས་ལྕགས་ཀྱུ་འཕྲོས།། དགྲ་བགེགས་ཤེས་པ་བཀུག་ནས་ནི།། ཨ་བེ་ཤ་ཡིས་བསྟིམ་པར་བྱ།། གྲོ་ག་ཤིན་ཤུན་གྲོག་མཁར་ས།། གནས་ལྔའི་རྫས ་། ནི་སྨྲ་བར་བྱ།། ལིང་གཱ་བཅཝས་ལ་མིང་རུས་བྲི།། མོན་པ་ནག་པོའི་ཐོད་པར་གཞུག། ཡུངས་ཀར་བྲབ་ཅིང་དགུག་གཞུག་\ུ0f7f།། བི་ཏཱ་ཡ་དང་ལྷ་མོའི་སྲོག་སྙིང་སྤེལ།། འབུམ་ཚོ་གཉིས་སུ་བཟླས་པར་བྱ།། ་ཡུངས་ཀར་བཟླས་ཤིང་ལིང་གཟག། ཆེ་གེ་གྲུབ་པའི་རྟགས་འོང་སྟེ།། ལྷ་མོའི་སྐུ་ནི་མངོན་དུ་སྟོན།། ཡང་ན་འོད་དང་སྒྲ་དང་དྲི་འབྱུང་ངོ་།། དེ་ཚེ་དམདོ་སྔགས་རྦད་ཅིང་བཟླས།། ཀི་ན་མུ་ཀ་ཤ་ནག ་བས་ཏ་པ་ལིད་ཏཱི་ཀ་ར་ཡ་མུར་ཏི་ཙམ་པ་ལ། མཱ་ར་ཡ་ཕཊ། ཅེས་བཟླས་ཤིང་ཡུངས་ཀར་གྱིས་ཟབ་བོ།། སྦས་པ་ནག་མོའི་རྒྱུད་ཡིས་སྦྱོར་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། དེ་ནས་མཚ ་ཚོགས་རྣམས་ཀྱི།། འཐུབ་ཁུང་ལས་ཀྱི་ཧོམ་བྱས་ཏེ།། གྲུ་གསུམ་ཁྲུ་བྱེད་ཐུར་དུ་ཟུ།། ཁྲུ་ཕྱེད་འདག་པས་གྱེན་ན་བརྩིག། མཐའ་མ་རྡོ་རྗེའི་རབས་བསྐོར།། དེ་ཡི་མཐའ་མ་མོ་རེས་བསྐོར། ་བདྲུག་པནང་མས་ཀྱི་ཤིད་རྣམས་པ། མྱུན་སགང་རླུ་གག་ཆགས་བ་ཅས་བྱས་པ།། ཙམ་ཀྱང་ནང་དུ་སྙམ་བགྱུ། ཁྱི་མ་འར་བྱ། མྲ་ཀའི་སྡུབ་མ ་ད་། བ~ཾ་ཏ་ཡའི་སྔགས་སྨྲས་ལ།། སྦྱིན་སྲེག་བྱ་ཞིང་ཡང་གདན་པ།། ཁལ་བྷ་བསྡུས་པ་རྩམསས། མཱནན་པ་ཐཱ་ཞི་དམཽད་སྔགས་བཟླས།། བྱིན་མ་ཐག་ཏུ་འཆིབར་འགྱུར།། ས ་ནས་མའི་རྒྱུད་ལས་སྦྱིན་སྲེག་གི་ལེའུ་སྟེ་སྡེ་པའོ།། རྫོགས་སོ།། ། དགེ་ལེགས་འཕེལ་བར་བྱེན། @#རྒྱ་གར་སྐད་དུ། ་