CLOSE WINDOW

Gkk3.3: ral gcig ma chos kyi bdag mo spu gri ya ma'i rgyud
Wyliee-texts produced with BDRC’s OCR application

གོཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པ་ཕྱི་མ་སྟེ་ལེའུ་བཅུ་བཞི་པ་རྫོགས་སོ།། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་ཨེ་ཀ་ཛ་ཊི་མན་ཏྲ་ཀ་མ་ལི་ཏིག་མཁ ་ཚེ་དྷ་མ་རན་ཏན་ཏྲ། བོད་སྐད་དུ། རལ་གཅིག་མ་ཆོས་ཀྱི་བདག་མོ་སྤུ་གྲི་ཡ་མའི་རྒྱུད། བཅོམ་ལྡན་འདས་དཔལ་པད་མ་གར་གྱི་དབང་ཕྱུག་ལ་ཕྱག་འཚལ་ལོ།། འདི་སྐད་བདག ་གིས་ཐོས་པ་དུས་གཅིག་ན། ཡུམ་གྱི་མཁའ་ཆོས་ཀྱི་དབྱིངས་རྣམ་པར་དག་པ། སྤྲོས་པ་ཐམས་ཅད་དང་བྲལ་བ། ཆོས་ཀྱི་སྐུ་ཐིག་ལེ་ཉག་ཅིག། རྒྱ་ཕྱོགས་བཅུ་ཡོངས་སུ་མ་ཆད་ཅིང་། ་ལོངས་སྤྱོད་ཐམས་ཅད་རང་ལ་རྫོགས་པའི་སྐུ།། རང་བྱུང་ཕོ་ཉ་ལྷ་མོའི་གཟུགས་སུ་བྱུང་བ་ནི།། བུད་མེད་སྨྱུག་མོ་གཡུའི་སྤྲིན་མ་ཅན།། སྤྲུལ་པའི་དུང་གི་མཆེ་བ་བརྩིགས་པ། བྱི་བོའི་གཙུག་ནས་གཡུས ་རལ་གི་ཙོག་མ། རལ་པའི་རྩེ་ལ་བསྐལ་པའི་མེ་འབར་བ། རལ་པའི་སྐྱེད་ནས་སྤྲུལ་པའི་གློག་འགྲུབ། རལ་པའི་རྩེ་ནས་ཁྲག་གིས་སེར་བ་འབབ་པ།། བུད་མེད་སྨུག་མོ་འབུམ་གྱི་དབུས་ན་འགྱིང་བ།། འཕྲིན ་ལུས་ནཱམ་བཊྭཱཾ་གདུལ་བྱུང་བྱིངས་སུ་བསྐོལ་བ།། དཔལ་གྱི་གཟུང་མ་མཛད་ཅིང་ཐིག་ལེའི་དབྱིངས་སུ་སྤྱོད་བན། རྨ་དུས་པ་ནི་ལ་དབང་བསྒྱུར་ཞིང་། ལྕེ ་ཁྲིམས་ལ་འདེབས་པ།། འཇིག་རྟེན་གཙོ་མོ་དབྱིངས་ཀྱི་རལ་གཅིག་མ་ཞེས་བྱ་སྟེ། འཁོར་ཞི་བའི་ལས་བྱེད་མ་མོ་བཞི་དང་། རྒྱས་པའི་ལས་བྱེད་མ་མོ་བཞི་དང་། དབང་གི་ལས་བྱེ་མ་མོ་བཞི་དང་། དྲག་པའི ་ལས་བྱེད་མ་མོ་བཞི་སྟེ། ལས་བྱེད་མ་མོ་བཅུ་དྲུག་དང་། ཐབས་གཅིག་ཏུ་བཞུགས་ན་དཔྱིད་ཟླ་གསུམ་དུར་ཁྲོད་ན་གཞུགས་ནས། ཤ་ཁྲག་གིས་ཟས་ཚོ་ལ། སྐྱེ་འགྲོ་ཁྲིམས་ལ་བདེབས་པས། ཨེ་ཀ་ཛ་ཏི་མ་ཞེས་ཀྱང ་བྱ། བྷ་ག་ཧཱཏིཏྟ་མཁའ་ཡ་འ་ཆར་འབེབས་མ་ཞེས་བྱའོ།། དབྱར་ཟླ་གསུམ་ལ་ན་མཁར་གནས་ཤིང་། མེ་ཏོག་དང་སེམས་ཅན་གྱི་བཀྲག་མདངས་ཀྱི་བཅུང་ལེན། སྐྱེ་འགྲོ་ཁྲིམས་ལ་འདེབས་པས། གླིང་བཞི་པར་འཇམ ་དྲགས་མོ་རྒྱལ་ཞེས་ཀྱང་བྱའོ།། རྒུན་སྒྲ་གསུམ་ལ་བྱང་ཤར་མཚམས་ན། ཆགས་པརཀྟའི་མཚོ་ལ་གནས་ཤིང་། སྲིད་པ་གསུམ་ལ་རྒྱས་འདེབས་པས། མེ་ཟ་བྲག་གྱོན་མ་ཞེས་ཀྱང་བྱའོ།། སྔགས་ཀྱི་སྲུང་མ་བྱེད ་ཅིང་། དམ་ཚིགས་གྲིས་བརྗེས་གཅོད་པས་ཀའི་བླར་མ་ཞེས་ཀྱང་བྱའོ།། སཱུ་གྲི་ཡ་མའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་པདྨ་གར་གྱི་དབང་ཕྱུག་གིས་ཤིངས་འབར་ག ་རླུང་བསྒོམ་ནས། ཧྲཱི་ཧཱི་ཧྲི། ཧཱུཾ་ཧཱུཾ་ཧཱུཾ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད། འབྲུག་སྟོང་དུས་ཅིག་ལ་འགྱུར་བའི་སྒྲར་གྱུར་ཏོ།། འཇིག་རྟེན་ཁམས་ཐམས་ཅད་ཉམས་ཤིང་དྲག་འཁྲུག་ནས ་ཁམས་གསུམ་དབང་དུ་བསྡུས། སྲིད་གསུམ་ཆིལ་གྱིས་མནན། དྲུག་པ་ཅན་ཐམས་ཅད་ཆར་བ་ཅད་ནས་ས་འདུས་པ་ལས། རྒྱ་ལས་དག་མི་ང་བྱུག། ཡེ་ཤེས་ཀྱི་དྲུག་རྔུ་འཕྲུལ་ནན་ཅིག་གྱུར་། དཔ་ཅ ་བོ་ལ་སོགས་པ། སྐུ་མཆོག་དྲེག་པ་འདུལ་མཛད་པ།། འཇིག་རྟེན་མགོན་ལ་བདག་བཏུང་ནས།། འབར་མ་དབྱིངས་ཀྱི་རལ་ཅིག་མ།། ། ལྟ་བའི་ཐབས་ནི་ཇི་ལྟར་བཅད་།། ་སྤྱོད་པའི་ལས་ནི་ཇི་ལྟར་དོང་།། དབང་དང་དམ་ཚིག་ཁྱད་པར་གང་བསྒྲུབ་ན་ཉམས་སུ་ཇི་ལྟར་བླངས།། ཁྱད་པར་རྫས་ནི་གང་ལ་བསྟེན།། གསང་སྔགས་རིམ་པ་ཇི་ལྟར་བཟླས།། ཐུག་དམ་གང་ན་ནས་ཇི་ལྟར་བསྐུལ། ་གྲུབ་པའི་རྟགས་ཆུང་གང་ལ་སྦྱར།། མ་སྒྲུབ་གདན་ལ་ཇི་ལྟར་དབབ།། ཉམས་ན་ཐུགས་དམ་ཇི་ལྟར་བཀང་།། འཕྲིན་ལས་ཁྱད་པར་རྣམ་པ་དུ།། འདི་ནི་བརྩོན་འགྲུས་ནན་ཏན་དུ།། དབང་པོ་ཐུགས་རྗེས་བཀའ ་སྩོལ་གཅིག། སྱཱ་གྲི་ཡ་མའི་རྒྱུད་ལས། རྐྱེན་གླེང་བླངས་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། དབྱིངས་ཀྱི་རལ་ཅིག་མ་བྱང་ཆུབ་དུ་སྲོག་བཟུང ་བཞེས་བྱ་བའི་ཏིང་ངེ་འཛིན་ཡི་སྙོམས་པར་ཞུགས་ནས། སྟབས་ཐག་བཅད་པ་འ་ཆེང་དུ་གསུངས་པ། ཐིག་ལེ་སྙིང་པོ་བྱང་ཆུབ་སེམས།། ངོ་བོ་འདི་འདྲི་མ་ངེས་པས།། རིབ་དང་མརིག་རང་བྱུང་ནས།། ལས ་ཡེ་ཤེས་གཉིས་སུ་སྣང་།། མ་རིགས་པ་ལ་མངོན་ཞེན་ནས།། ལས་ཀྱི་མ་མོ་གཟུང་བ་ཡསརང་སེམས་རང་གི་གདོན་དུ་ཆེ། ཁམས་བསུམ་འ་ཁོར་བའི་གཡང ་དུག་སྦྲུལ་རྒྱ་མཚོར་ལྟུང་བར་འགྱུར།། རིག་པ་ཡེ་ཤེས་མ་མོ་སྟེ།། མ་མོ་ཐིག་ལེ་བྱང་ཆུབ་སེམས།། ཐིག་ལེ་ཉིད་ལ་ཉིད་སྣང་སྟེ།། རིག་དང་མ་རིག་ཐིག་ལེར་མཉམ།། ལས ་དང་ཡེ་ཤེས་གཉིས་སུ་མེད།། མ་མོ་རིང་བྱུང་ཡེ་ཤེས་ཏེ།། རང་བྱུང་ཡེ་ཤེས་རང་ལ་སྣང་།། དེ་ཏོག་དེ་ལ་གང་གནས་པ།། སངས་རྒྱས་སྙིང་པོ་ཡིན་པར་བཤད།། སྤུ་གྲི་ཡ་མའི་རྒྱུད་ལས།། མ་མོ་བྱང་ཆུབ ་ཏུ་སྲོག་གཟུང་ཞིང་ལྟ་བསལ་ཟླ་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས་བླང་དོར་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། སྤྱོད་པས་ལ ་དོར་བ་འདི་ཆེད་དུ་བཀའ་སྤྲུལ་ཏོ།། ཐིག་ལེ་སྤོས་བྲལ་མ་གཅིག་མ།། ཐམས་ཅད་འབྱུང་གནས་ཀུན་བཟང་མོ།། གཉིས་མེད་སྤྱོད་པ་བདེ་བའི་མཆོག། གཟུགས་སྣང་སྒྲར་གྲགས ་སེམས་སྣང་བ།། མ་མོ་སྐུ་གསུང་ཐུག་ལེར་ལོངས་སྤྱོད་པ།། སྤྱོད་པ་སྨད་དུ་བྱུང་བ་ཡིན།། ཕན་གནོད་དམིགས་འགྲོའི་བའི་ཡོན་རྟེན་ཞིང་།། བྱེད་སྤྱོད་འཕྲིན་ལས་རྣམ་པ་བཞི།། གཉིས་མེད་བདེ ་པབར་སྦྱར་བར་བྱ།། སྐྱེ་ཤི་མེད་པར་བ་སྒྲོལ་བ་ཡང་ཐིག་ལོ་ཡིད་ལ་གཽ་ཡོས་ན།། སྤྱོད་པ་ཐིག་ལེར་རོལ་པའི་བརྒྱད་ཅེས་བཀའ་སྩལ་ཏོ།། སྤུ་གྲི་ཡ་མིའི་རྒྱུད་ལས། སྤྱོད་པས་ལ་དོར་པའི་ལེའུ་སྟེ་བཞི་པ ་།། །། དེ་ནས་དཔལ་པདྨ་གར་གྱི་དབང་ཕྱུགས་གིས་ཁམས་གསུམ་དབང་དུ་བསྡུས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རིམ་པ་དབང་གིས་བསྐོང་བ་འདི་ཆད་དུ་བཀའ་སྩལ་ཏོ།། ་།། དེ་སྲི ་དབང་གི་ངོ་བོ་ཤེས་རབ་སྟེ།། ཏིང་ངེ་འཛིན་དང་ལྡན་པ་ལ།། ལུང་བསྟན་བྱིན་གྱིས་བརླབས་དང་།། དབང་བསྐུར་ཐོབ་པར་བྱ་བ་ལ།། ཕྱི་ནང་གསང་བ་རྣམས་གསུམ་སྟེ།། དེ་ལ་ཕྱིའི་དབང་བསྐུར་བ།། མ་མོ ་འཁའ་འགྲོ་འདྲ་བའི་སར།། དུད་ཁྲོད་གསང་བའི་དཀྱིལ་འཁོར་དུ།། མ་ཅིག་སྙེན་ཅིང་བསྒྲུབས་པ་དང་།། མཚན་མའི་བསྟན་པ་ཐབས་བྱ་སྟེ།། གསང་བ་མཆོག་གི་དམ་རྫས་ཀྱིས།། དམ་ལ་མི་ལྡོག་དབང ་བསྐུར་རོ།། ནང་གི་དབང་བསྐུར་ཐོབ་བྱ་བ། བདག་ཉིད་དབང་ཆེན་བསྐུར་བསྒོམས་ཏེ།། གཟུང་མ་ཀ་མདོག་དམར་བ་ལ།། བདག་མོ་དབང་བསྐུར་བྱིན་གྱིས་བརླབས།། ཐེག་ལེ་བྱང་ཆུབ་སེམས་སྤྲོས་ལ།། བྱང ་སེམས་ཐེག་ལེ་དཀར་དམར་གྱིས།། སྐུ་གསུང་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་རྣམས་སུ་དབང་བསྐུར་རོ།། ཏྲ་ག་རཀྵ་མུ་ཏྲ་ཨེ་ཀ་ཛེ་ཊྭཱཾ་སྙིང་ཁ་ར་ག་མཱ་ཀ་ཡ་བཛྲ་སཱ་བྷཱ་བ་ཨད་མ་ཀོ་ཧཾ། ཅེས་པསམ ་མའི་སྐུའི་དབང་ཐོབ་པར་གྱུར་ཅིག། ཏྱ་ག་རེ་ཀྲ་མུ་ཀཱ་ཛ་ཊི་སྙིང་ཁ་རག་མོ་བ་ག་བཛྲ་སྭ་བྷཱ་བ་ཨང་མཀོ་ཧཾ།། ཅེས་མོ་མོ་གསུང་གི་དབང་ཐོད་པར་གྱུར་ཅིག། ཏྲ་ག་རཀྵི་ཏྲ་ཨེ་ཀ་ཛེ་ཊི་སྙིང་ཁ་རག་མོ་ཙཏྟ་བཛྲ་ས་བྷ་བ་ཨ ་མགོ་ཧཾ། ཅེས་མ་མོ་ཐུགས་དབང་ཐོབ་པར་གྱུར་ཅིག། ཏྲག་རག་མ་ཏྲ་ཨེ་ཀ་ཛ་ཊི་སྙིང་ཁ་རག་མོ།། ཨ་ནུ་རཱ་ག་བཛྲ་ས་བྷ་བ་ཨང་མཀོ་ཧ~ཾ། མ་མོ་ཡོན་ཏན་གྱི་དབང་ཐོབ་པར་གྱུར་ཅིག། ཏྲག་རཀྵ་མུ་ཀ་མ ་ཀ་ཛ་ཊི་སྙིང་ཁ་རག་མོ་ཀརྨ་བཛྲ་ས་བྷ་ཝ་ཨད་མ་ཀོ་ཧེ།། ཅེས་མ་མོ་ཕྲིན་ལས་ཀྱི་དབང་ཐོབ་པར་གྱུར་ཅིག། སོ་སོ་རྫས་ཀྱི་དབང་བསྐུར་ཏེ། མི་ལྡོག་བསྟན་ཞིང་ཐོབ་པར་བྱ།། གསོང་བའི་དབང་བསྐུར་ཐོབ་པ་ནི། ་མ་ནོར་སྣང་བ་རང་གི་སེམས།། སེམས་ཉིད་མ་བཅོས་ཐིག་ལེ་དང་།། སེམས་ལ་རང་དབང་ཐོབ་པ་ཆོས་ཀྱི་སྐུའི་རང་བཞིན་ཏེ།། ཁམས་གསུམ་འཁོར་བའི་ཡུལ་ལས་རྒྱལ། ་ཅེས་བཀའ་སྩལ་ཏོ།། སཱུ་གྲི་ཡ་མའི་རྒྱུད་ལས།། དབང་གི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དཔལ་པདྨ་གར་གྱི་དབང་ཕྱུག་གིས། མི་མངའ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། ་དམ་ཚིག་གི་གནང་འདི་ཆེད་དུ་བཀའ་སྩལ་ཏོ།། དམ་དུ་བཅས་པ་སྡོམ་པ་སྟེ།། མི་མངའ་བ་དམ་པའི་རིགས།། འདས་ན་འབྲས་བུ་ཚིགས་པས་ན།། དཔེར་ན་རྟ་ལ་མགོ་བཅད་བཞིན།། འབྲས་བུ་མེད་ཅིང་རླག ་པར་འགྱུར།། དམ་ཚིག་དང་ནི་སྡོམ་པ་ལ།། ཁྱད་པར་མཐུན་མོངས་རྣམ་པ་གཉིས།། མཐུན་མོངས་འབུམ་སྡེ་ས་མ་ཡ།། བསྡུན་སུམ་རྒྱ་དྲུག་ཅུར་འདུས།། དེ་ཡང་རྩ་བ་ཡན་ལག་གིས།། དམ་ཚིག་ཉི་ཤུ་རྩ ་བྱུང་ངོ་།། འདུས་པས་སྒྲ་གསུང་དྲུག་ཡིན་ནོ།། ཐ་མེད་མི་སྲིད་ཟླུམ་བཀུར།། སཱག་དང་ཕྱག་རྒྱ་བརྒྱན་མི་བཅང་།། གས་ཚིག་གཞན་དུ་སྒྲ་མ་བྱ།། དམཚིགས་རྡོ་རྗེ་མཆོག་གསུམ་པོ།། མ་མོ་སྐུ་གསུམ ་དུ་མྦུ་། ས་སྦྱི་།། ང་པ་མཚ་། ནས། མ་ན ་ན་གྱི་བཆི་ད་བ་དག། རྒྱས་སུ་ཆེ་མ་བདེད་པདང་། ང་རྒྱགསས་ཏོང་ཅུ་མ་ས་། མ་བཏག་ཏུ་དྲུབ་ས་བྱེད་བཅོམ་མསས་རྒྱགན་ཧཱུ~ཾ ་དབ་བ་ནས། སྣ་བའི་ཐོག་དང་བཟུང་མ་དང་། འདའ་ཆབ་ནམ་ཡང་འཛང་མམ།། ཐཱག་ཏུ་སྒྲ་ཐམས་མ་ཁནམཿ། དུས་པ་རྒྱུ་དའི་གནས་བསད།། ཆས་བཀའ་སྩལ་བ།། ཨུ་ཤྲི་ཡ་མའི་རླུང་མས་པ ་ཚིགས་གནས་ཀྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བཅོམ་ལྡན་པ་དས་དཔལ་དྲ་གར་གྱི་དབང་ཕྱུག་གིས། དབང་སྒྱུར་ཐབས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས།། བསྒྲུབ་ཐབས་ཀྱི་རིམ་པར ་སྤྲུལ་པ་ནི།། མ་མོ་བསྙེན་ཅིང་བསྒྲུབ་པ་ལ་པས་ནི་རབ་འབྲིང་ཐ་མ་གསུམ།། རབ་ཀྱི་ཏིང་འཛིན་བརྟེན་དེ་བསྒྲེབ། འབྲིང་གིས་སྔགས་ལ་བསྟེན་ཏེ་བསྒྲུབ།། རབ་ཀྱི་ཏིང་ལ་རྟེན་ཏེ་བསྒྲུབ། རབ་ཀྱི་ཏིང ་ངེ་འཛིན་བྱ་བ། བསྐྱེད་པའི་ཚུལ་དང་རྫོགས་པ་དང་། རྫོགས་པ་ཆེན་པོ་ཏིང་ངེ་འཛིན་གསུམ། རིམ་པའི་ཚུལ་གྱིས་ཐོབ་བྱས་ན།། ཤེས་རབ་ཏིང་འཛིན་ཡོ་བྱད་རྟེན།། ཡོ་བྱད་གཉིས་དང་མ་ལྡན་ན། ་དངོས་གྲུབ་ཐོབ་པའི་ཐབས་དང་བྲལ།། ཡོ་བྱད་གཉིས་ལ་ལོངས་སྤྱད་ན།། མ་མོའི་དངོས་གྲུབ་རང་དབང་བྱེད།། དེ་ནས་ཡོ་བྱད་རྟག་པར་བྱ།། སྐྱེད་པའི་ཏིང་འཛིན་རིམ་པ་ནི།། དེ་བཞིན་ཉིད་དང་ཀུན་སྣང་གྱི།། ་དབང་ཆེན་ཡུམ་ལྔའི་བྷ་ག་རུ།། བྷནྡྷ་འབར་བའི་གཞལ་ཡས་བསྒོམ།། རོ་ཚོགས་སྟོང་གི་གདན་སྟེངས་སུ་ལཱ་མོ་བསྣོལ་བའི་ཁྲི་སྟེང་ན།། ཆུ་སྲིན་ཏི་ར་ནག་མོ་ནི།། བཞི་ཡི་ཁྲི་སྟེང་ནི་ཟླ་བསམ།། སྨག་ནག ་ཛའི་འཕྲོ་འདུ་ལས།། བུད་མེད་སྨུག་མོ་ཆེན་མོ་གཅིག། གསེར་གྱི་སྤྱན་ལག་ཡུའི་སྨིན།། ཞལ་བགྲང་དུང་གི་མཆེ་བ་གི་ཙིགས།། སྐུ་སྟོང་ཞིང་གི་ག་ཡང་བཞི་གསོལ།། སྐུ་སླང་རྟག་གིས་ཤམ་ཐབས་ཅན། ་ཀླུ་རིགས་ལྔས་ནི་སྦྲུལ་ལྡན།། ཐོད་པ་ཆར་གསུམས་ལ་ག། དབུལ་བས་ལ་པའི་མང་བྱུང་འདར།། སྤྱན་མིག་ག་ཡས་ནས་ཁྲག་མཚོལ་ཁྱིལ།། ཐུག་སན་བྷཱུ་ས་པ་། ་གཡས་པ་རྡོ་རྗེས་དཀྲུག་ཅིང་གིསོལ།། ཞབས་ཉིས་ཀྱང་བསྐུ་མདོར་ཐབས་བསྐྲང་།། བུད་མེད་སྨུག་མོ་འབུམ་གྱིས་བསྐོར།། ཏིང་ངེ་འཛིན་གྱི་མེ་གཏང་ཞིང་།། རིམ་པས་བསྒོམ་ཞིང་བསྟན་པར་བྱ།། ཡེ ་ཤེས་མ་མོ་སྤྱན་དྲང་ཞིང་།། ལས་ཀྱི་མ་མོ་དགུགས་གཞུག་བསྟིམ།། དེའི་མཐུ་དང་ལྡན་བྱ་ཏེ།། ཕྲིན་ལས་རྣམ་བཞི་དམིགས་དང་སྦྱར།། ཡང་ན་བཱ་དུ་སྤྱོད་པར་འགྱུར།། མ་ཡེངས་བརྟེན་ན་དངོས་གྲུབ ་འགྱུག། སྤྲོ་གྲི་ཡ་མའི་རྒྱུད་ལས། བསྐྱེད་པའི་ངངེ་འཛིན་གྱི་ལེའུ་སྡེ་བདུན་པོའོ།། ། དེ་ནས་རྫོགས་པའི་ཏིང་ངེ་འཛིན་དུ་སྒྲུབ་པ་ནི། སྙིང་ཚིགས་ཙམ་བརྗོད་པ་འམ།། དྲན་རི་རབ་ཙམ་གྱི་རྫོག ་བ་ནི།། ཆུ་ལས་ཆུ་བུར་རྡོལ་བའི་ཚུལ།། བུད་མེད་སྨུག་མོ་གོས་གཟུགས་སྤྱན།། བཀའ་སྩལ་མནོད་ཅིང་གམ་དུ་འོང་།། ལུང་དང་བྲིང་མེའི་ཚུལ་དུ་འགྲོགས།། མ་སྲིང་ལྟ་བུར་གདུང་བ་ལ།། སྒོ་བ་ཅན་པའི ་བྲན་མོར་བརྟག། སྟྲཻ་གྲཱི་ཡ་མའི་རྒྱུད་ལས་རྫོགས་པའི་ཏིང་ངེ་འཛིན་གྲི་ལེའུ་སྟེ་བརྒྱད་པའོ།། རྫོགས་ཆེན་ཏིང་འཛིན་པསྒྲུབ་པ་ནི།། ཏིང་ངེ་འཛིན་ལ་དབང་ཐོབ་པས།། མ་མོ་བ་སྲོག་ལ་རང་དབང ་བྱེད།། སེམས་དང་མ་མོ་གཉིས་མེད་པས།། སེམས་ཉིད་མ་མོའི་རྣམ་པར་སྣང་།། ཡིད་བཞིན་ནུར་བུའི་གཏེར་འཆང་བས།། དཔེས་འདོད་རང་ལས་འབྱུང་བསྟན།། གཟུགས་སྣང་ཐམས་ཅད་མ་མོའི་སྐུ། ་སྒྲ་སྐད་ཐམས་ཅད་མ་མ་གསུང་།། དྲན་རིགས་ཐམས་ཅད་མ་མོའི་ཐུགས།། སྐྱེ་མེད་རྫོགས་པའི་སྟོབས་འཆང་བ། ལོངས་སྤྱོད་རང་ལ་རྫོགས་པའི་སྐུ།། སྤྲུལ་པ་མི་རང་འདོད་དགུར་བསྒྱུར།། སེམས ་ཀྱི་ཡོན་ཏན་ཏིང་འཛིན་མཛོད།། དངོས་གང་འདོད་ཡིད་བཞིན་བསྒོམ།། སྥུ་གྲི་ཡ་མའི་རྒྱུད་ལས་རྫོགས་ཆེན་ཏིང་ངེ་འཛིན་གྱི་ལེའུ་སྟེ་དགུ་པའོ།། །། འབྲིང་གི་གསང་སྔགས་བསྟེན་བྱ་བ།། ངན་སྔགས ་དྲག་སྔགས་རྣམས་པ་གཉིས།། དྲག་སྔགས་ལ་ཡང་རྣམས་གཉིས་ཏེ།། གསང་དང་དམོད་པའི་དྲག་སྔགས་གཉིས།། ངན་སྔགས་ལ་ཡང་རྣམས་གཉིས་ཏེ།། སྦྱོར་བ་ཕྱིའི་ངན་སྔགས་དང་།། སྦྱོར་བ་ནང་གི་ངན ་སྔགས་གཉིས།། གང་ལ་དམིགས་པ་དེ་འགྲུབ་པས།། གསང་སྔགས་རིམ་པ་དེ་བརྟན་པ།། མ་ནོར་རྩ་བའི་རྒྱུད་སྔགས་ནི། ཛ་སྤུག་གུའོ།། བསྐྱེད་པ་རྐྱེན་གྱི་སྔགས་ནི། ཨེ་ཀ་ཛ་ཏི་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། དབང་བསྐུར ་བའི་སྔགས་ནི། མ་མ་ཨཱ་ཀ་ཛ་ཏི་ཨཱ་ར་ལ་ཛ་ཛ་ཧྲིད་ཏྲིང་། མཆོད་པའི་སྔགས་ནི། མ་མ་ཏྲག་ཤ་མུ་ཏྲ་ཨཽ་ན་ཨ་མྲི་ཏཱ་མ་ཧཱ་བ་ལིང་སྨིན་པནྡྷ་ཁ་ཧི་དངོས་གྲུབ་བླངས་པའི་སྔགས་ནི། མ་མ་ཏྲག་རཀྲ་མུ་ཏྲ ་ཀ་ཡ་མེརྡྷ་མ~ཾ། ཝག་སིདྡྷི་ཧཱུ~ཾ། དམ་ཚིགས་གསུམ་གྱི་སྔགས་དང་། ཕྱག་རྒྱ་ལ། ཟོད་སྐད་ཀྱི་ཕྱག་བརྒྱ་བཅས་ལ། ཨོཾ་བཛྲ་གུ་ཧྱཱ་ཏྲི་ཤ་ས་མ་ཡནྟུ། སྐུའ་དམ་ཚིག་གོ།། ཟོང་རྣོན་གྱི་ཕྱག་བརྒྱ་བཅས་མ། ་ཨོཾ་གུ་དྱ་ཏྲི་ཤས་མ་ཡི་\ུ0f7f། ཟོང་ཚལ་གྱི་ཕྱག་བརྒྱབ་ཆེ་སེལ། ཨོཾ་གུ་ཧྱེ་གླིངག་ས་མ་ཡ་། ཐུགས་ཀྱི་དམཆིག་གོ།། གསང་བའི་དྲག་སྔགས་སྲེག་གི་སྙིང་པོ་ན་མདྲན་པ། མ་མཐུག་རན་མུ་ཏྲ་མ་ཀ ་སྙིང་ཁ་རག་མོ་བྷྱོ། རྨོག་པའི་དྲག་སྔགས་ལས་བསྐུལ་ཞིང་རྦ་དང་ནི། མམ་ཨེ་ཀཛ་ཏི་ས་མ་ཡ་སྙིང་ལ་སེན་སནཱ། སྲོག་ལ་ཡཾ་ཡམ། སྟེང་རྩ་ནི་ཆུང་པ་རོལ། ཏྲག ་མུ་ཏྲི་ནི་དགྲ་ལ་ཡ་བཛྲ་བྷནྡྷ་ན་བྷྱོ།། གསང་སྔགས་ལ། ཁཱ་ཁཱ་མཱ་ར་ཡ་རཀྟ་ཕྱེང་ཕྱུང་མ་ཧཱ་ཨེ་ཀ་ཛཱ་ཏི་ཀྲོ་དྷ་མ་ཧཱུཾ་ཕཊ། ཐུགས་བསྒྲུབ་པའི་སྔགས་ལ། མ་མ་རཀྟ་ཁ་རཾ་མྱོས། སྲོག་རྩ་རྦད་ཙིཏྟ ་ལོང་རཀྟ་ཐུན་མ་མ་རཀྟ་ཙཾ་མུད་ཊི། སྙིང་ཁྲེ་རག་ཐུན་ཐུན་ཡ་མ་ཡཱ་བྷྱོ་བྷྱོ། ཐུན་བརྡེག་པའི་སྔགས་ལ། ཏྲག་རཀྐ་མཱ་ཡ་མཱ་ཡཱ་མ་སྙིང་ཁ་རག་ཚལ་པ་སྲོག་ལ་ཐུན་བྷྱོ། ཕྲིན་ལས་བཞིའི་སྔགས་ལ། ་མ་ཏྲ་ག་རཀྵ་མུ་ཏྲ་ཨཱ་ཀ་ཛཱ་ཏི་སྙིང་ལ་རག་མ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཚེ་དང་བསོད་ནམས་རྒྱས་པའི་སྔགས་ལ། མ་མ་ཏྲག་རཀྵ་མུ་ཏྲ་ཨེ་ཀ་ཛཱ་ཏི་སྙིང་ཁ་རག་མ། པུ་ཏྲ་ཨོཾ་མུ་པ་ལ་སིདྡྷི་ཧཱུཾ། ལོགས་པར ་ལྟ་བ་དབང་དུ་འདྲ་བའི་སྔགས་ལ། མ་མ་ཏྲག་རཀྵ་མཱ་ཏྲ་ཨེ་ཀ་ཛཱ་ཏཱི་སྙིང་ཁ་རག་མ་པ་ཤད་ཀུ་རུ་སཧཱ། ལྷ་འདྲེ་ཐམས་ཅད་དབང་དུ་བྱ་བའི་སྔགས་ལ། མམ་ཏྲག་རཀྵ་མུ་ཏྲ་ཨ་ཀ་ཛ་ཏྲི་སྙིང་ཁ་རག་མ~ཾ། བཛྲ་དུན་བྷྱོ། ཏིཀྵྞ ་ཛཛས་མ་ཡི་སྙོམ། གཞན་གྱི་རིགས་སྔགས་བཟློག་པའི་སྔགས་ལ། མ་མཐུག་རཱཀྵ་མུཿེ་ཀཱ་ཛ~ཾ་ཏཱི་སྟྲཻང་ཁ་དག་མ་མ་ཧཱ་ཀ་ལ་ས།། ཟློག། བདུད་ནག་པོ་བཀྲག་མེད་པཟློག་པའི་སྔགས་པ། ཡཱན་པ་ལ་མན ་ཧཱུ~ཾ་ཕཊ། གྲུ་བདུད་ནག་པོ་ཟློག་པའི་སྔགས་ལ། བྷེ་བས་ཏྭ་ཡེ་ཧ་ན་ཅན་ཧཱུ~ཾ་པཊེ། ཀླུ་བདུད་ནག་པོ་ཟློག་པའི་སྔགས་ལ། ནཱ་ག་ཧ་ཏི་ནནས་ལ་ལངས་ཀུ་རུ་ལིང་མ་ཏིང་སོང་། གནོད་སྦྱིན་ནག་མོ་ཟློག་པའི་སྔགས་པ། མཚོ ་དུན་དུན་ཟློག། ཡགྣ་མོ་དུན་དུན་ཟློག་སྙིང་ཁ་རག་དུན་དུན་ཟློག། སྦྱོར་བའི་ཕྱིའི་ངན་སྔགས་ལ། དུང་མོ་ཕྲོམ་ཤུ་ཏི་ཕྲོ་མ། ཡུག་ཏི་སྨིན། ཏྲག་དུ་ཙ་ར་ཧྲི་ལ་བྷྱོ། ཏཾ་ཏཾ་ཧྲི་ལ་དྷོ། ལྟས་ངན་དབབ་པའི་ངན་སྔགས་ལ། ་ཏྲག་ཧེ་ཧེ་མ་མདུན་ཙལ། ཀང་ཀ་པྲ་ལདུན་ཅི་ལ། ཀྱང་ཀིང་བྲོ་བ་ཡ་ཡཾ་ལིང་ཤམ་ལིང་མི་ཤ་དུན་ཛ། བོ་ཡ་འང་ཆུབ་ཏུ་འབྲི་བ་ཀྱི་དཀྱིང་། དུན་དུན་ཕོབ་ལ། ཙི་བི་ལོ་ཧཱུཾ་ར་ཡག་ཤི་དྲ་དུ་པྲིལ་དུ་ན་པོབ་ལ། ་སྦྱོར་བ་ནང་གི་ངན་སྔགས་ལ། མ་མ་ཏྲག་རཀྟ་ཁ་མུནྟ། མུ་ཀ་ཨ་ཀ་ཛ་ཏྲི་སྙིང་ཁ་ར་ག་མ་དྷོ། ཏྲཾ་ག་རཀྵ་ས་མ་ཡང་གྲ་བོའི་སྙིང་ལིང་ཆུང་། སྥུ་གྲི་ཡ་མའི་རྒྱུད་ལས། སྙིང་པོའི་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། ་། ཐ་མ་རྫས་ལ་རྟེན་བྱ་བ། ཕོ་སྨྲ་བ་འཁོར་ལོ་ལ་བསྟེན་བསྒྲུབ།། མ་སྒྲུབ་འཁོར་བའི་ཁྲག་ལ་བསྒྲུབ།། བྲག་བསྲེགས་ཉུང་ཁར་བསྟེན་ལ་བསྒྲུབ། ཕོ་བསྒྲུབ་འཁོར་ལ་བསྟེན་བྱ་བ།། དབང་ཆེན་ཡབ ་ཀྱི་འཁོར་ལོ་དང་། ལས་བྱེད་གིང་གི་འཁོར་ལོ་གཉིས།། དབང་ཆེན་ཡབ་ཀྱི་འཁོར་ལོ་ནི།། ཞིང་ཆེན་གསར་པའི་གཡང་གཞི་ལ། དུག་དང་སྨེ་ཁྲག་སྦྱར་བྱ་སྟེ།། མི་སྐང་མཆོག་གི་སྨུག་གུ་ནི།། དབྱིབས་ནི་ཟླ་བ་ཉ་ཝཱ ་བུ།། ཀུན་ནས་ཡོངས་སུ་ཟླུམ་པ་ལ།། རིམ་པ་གསུམ་དང་ལྡན་པར་བྲི།། དབུས་སུ་གྲུ་གསུམ་ཟླ་གམ་གསུམ།། དེའི་ཕྱི་རིམ་ཐིག་སྐོར་ལ།། འཁོར་ལོའི་རིའུ་མིག་གཅུ་པར་བྲི།། གྲུ་གསུམ་དབུས་སུ་པདྨ་བྲི།། ཟླ་གམ ་གསུམ་ལ་མ་མ་\ུ0f7f།། དེའི་ཕྱིར་མི་རྩིབས་བརྟུལ།། ད་ར་ཧྲི་ཞེས་བྱ་བ་དང་།། འདྲ་ཤྲཱི་ཧེ་རུ་ཀ་ཨ་ཞེས་བྱ་བ་བཅུ་བ་བྲི། ཐིག་གོར་རིམ་པ་གཉིས་པ་ལ།། འཁོར་ལོའི་རྩིབས་བཅུ་པའི་ནང་། ཏྲི་བཱངྐན་ཏ་ཀྲིང་ཞེས་པ་དང་། ་ཨ་ཀཛ་ཎི། ཞེས་པ་ནི། ཐིག་བསྐོར་རིམ་པ་གསུམ་པ་ལ།། དྷཱུ་ལུ་ཧཱུ་གུ་ཧྞཱ་བཊ། ཞེས་བསྐོར། དམར་ནག་འཇིག་པའི་གཟུགས་བྱས་ཏེ།། དབུ་ལྔ་ལྔ་མཆོག་མཛེས་པས་བྱས། ་བསྐལ་པ་མེ་དཔུང་ཀླུང་དཀྱིལ་ན།། གླང་ཀྱི་དོར་ཐབས་བརྗིད་པར་བསྐོར།། སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ།། ཡེ་ཤེས་ལྔ་རུ་དབང་བསྐུར་རོ།། ཡབ་ཀྱི་འཁོར་ལོ་སྟེང་ནས་དགག། གོང་དུ་སྙན་པ་རྫོགས ་བྱས་ལ།། དུས་བཞི་ཡབ་ཀྱི་འཁོར་ལ་ནི།། དབང་དུ་སྔ་ཞིང་ལས་ལ་བཟུང་།། རྟག་ཏུ་ཡབ་ཀྱི་འཁོར་ལོ་བཅས།། གང་དམིགས་ལས་རྣམས་མ་འགྲུབ་ན།། ཡབ་ཀྱི་འཁོར་ལོ་གྱེན་ལ་བསྟེན།། གྲུ་གསུམ ་དབུས་སུ་ཁྲག་ཐུན་བཞག། ཡབ་ཀྱི་འཁོར་ལོ་གོ་ཡང་བཟློག། དཔལ་གྱིས་གང་ངས་སྐད་ཐངས་གསུམ་གྱིས།། དབང་དུ་དབུག་ཞུག་ཟིལ་གྱི་མནན།། ཕྲིན་ལས་ཞི་འཁྲོའི་དམིགས་དང་སྦྱར།། སྤུ་གྲི ་ཡ་མའི་རྒྱུད་ལས། ཡབ་ཀྱི་འཁོར་ལོའི་ལེའུ་སྟེ་བཅུ་གཅིག་པའོ།། །། ལས་བྱེད་གིང་གི་འཁོར་ལོ་ནི།། སྒྲོལ་གིང་བདག་པོ་མ་རུ་རྩེ།། སྦྱོར་སྒྲོལ་ལས་ཀྱི་བདག་པོ་སྟེ།། དཀྱིལ་འཁོར་གྲུ་གསུམ ་ཐ་མ་རུ།། ས་བདག་རྒྱལ་པོའི་སྙིང་ཚོགས་དགུ། གང་ལ་བྱ་བའི་མིང་རུས་བཅས།། མི་ཟད་མཚོན་ཆས་འཁོར་ལོ་བསྐོར།། གིང་ཆེན་གསང་པ་ལྡོག་མེད་ཀྱི།། སྲོག་གི་ཡང་སྙིང་འབྲུ་བརྒྱད་ཀྱི།། སྒྲ་གྲི ་འབར་བའི་གསང་སྔགས་ཡིན།། ཨོཾ་བཛྲ་གིང་ཙ་ར་ཡམ་ཤ་བྷྱོ།། སྐྱེ་རངས་དང་པོ་ཤར་བ་དང་།། ཉི་མའི་ཟེར་ལ་དྲག་དུ་ཟླས།། ཀུན་བཞི་ཙའི་དྲག་སྔགས་དང་།། དབང་པོ་ལྔའི་སྒྲོལ་སྔགས་བརྒྱད།། ་མཚོན་ཆའི་འཁོར་ལོ་བསྐོར་ཞིང་གསད།། སྤུ་གྲི་འབའ་བའི་བསྒྲོལ་སྔགས་བརྒྱད།། འདི་བརྒྱད་གིང་གིས་རག་ཆོད་ཡིན།། ཨོཾ་བཛྲ་ཐིབ་དུནྡ་ཡ་ཐིབས་རྦད། པུ་རཀྐ་ཐིབས། པུ་ཏི་དར་ཐིབ། ཨོཾ་བཛྲ ་ཚུབ་རིལ་རྦང་། བུ་ཏི་ཙཀྑ་ད་ར་རྦང་། ཨོཾ་བཛྲ་དར་ལྡིབས། ཨོཾ་བརྗེ་སྙིང་མགོ་ཆོད། ཁཱ་ལ་མ་ཡ་ང་ན་ཏི་ད་ར་ཨཱར་དུ་རྦང་སྙིང་དང་ལིང་དཀར་བཅས་པ་ཡ།། འབར་བའི་འཁོར་ལོ་འཆར་བ་དབབ།། ཕུང ་རྡུལ་དུ་བཤིག་ནས་ཀྱང་།། གིང་ཆེན་ཚོགས་ཀྱིས་རོལ་པ་བྱ།། རྣམ་ཤེས་རྒྱལ་བའི་སྲས་སུ་རཱག། སྤུ་གྲི་ཡཱ་མའི་རྒྱུད་ལས། གིང་མཚོན་ཆའི་འཁོར་ལོའི་ལེའུ་སྟེ་བཅུ་གཉིས་པའོ།། ་མི་བསྒྲུབ་ཁྲག་ལ་བསྟེན་བྱ་བ།། དུས་བཞི་རྒྱུ་བའི་ས་ཕྱོགས་སུ།། དཀྱིལ་འཁོར་མདའ་གང་གྲུ་བཞི་ལ།། བདུད་རྩི་རྣམ་ལྔའི་ཆག་ཆག་གདབ།། གསང་བ་མཆོག་གི་དཀྱིལ་འཁོར་ནི།། དབུས་ཀྱི་གྲུ་གསུམ ་ཐུར་དུ་བྲུ།། སོར་གཉིས་འཕང་དུ་གྱེན་ལ་སྙིང་།། དུར་ཁྲོད་སོལ་བས་ནག་པོར་བྱ།། ཟླ་གམ་དམར་པོ་གསུམ་གྱི་བསྐོར།། མུ་ཁྱུད་དཀར་པོ་ཐོད་ཕྲེང་དམར།། གྲུ་ཆད་བཞི་ནི་ལྗང་ཁུར་བྱ།། བར་ཁྱམས ་རྣམ་ས་སེར་པོ་ལ།། སྒོ་བཞི་ཕྱོགས་ཀྱིས་རིགས་དང་སྦྱར།། དབུས་ཀྱི་གྲུ་གསུམ་ཧེ་ཞལ་དུ།། འདོད་ཆགས་རང་གཤེད་ཐོད་པར་ནི། ཁྱི་སྨུག་མ་དང་ལུག་སྨུག་མོ།། ར་སྲུག་མོ་དང་བྱ་སྨུག་མོ།། སྨྲག ་མོ་བཞིའི་སྙིང་ཁྲག་འཚལ།། ངར་སྨུག་པོའི་ཀུར་ཡང་དབུབ།། ཁར་འཁྱམ་སྒོ་བཞིར་འཇུག་ཁྱོད་བཞི།། དྲག་པོའི་ཐོད་པར་ཐུན་པ་ཞི་བཅའ།། ཤར་དུར་སྨུག་སྙིང་ཁྲག་ཟུན། ནུབ་ཏུ་ལུག་སྨྲིག་སྙིང་ཐབངས ་བྱང་དུ་བྱ་སྐྱུག་སྙིད་ཁྲག་ལྡན།། རླུང་དཀར་དུ་བྱ་སྦུབ་སྟེང་ཁྲག་ཐུན།། ཐུང་དཀར་བྱུང་ནག་སྐེ་ཚེ་དང་། ཤང་ཆེ་བཞི་ལ་སྔགས་ཅིང་རྒྱུག། དཀྱིལ་འཁོར་ལྕགས་རའི་སྒོ་བཞི། ་སྨན་དང་རཀྟ་གཏོར་མ་བཞག། བྱེང་སྐོར་མ་མོ་བརྟེན་པོའི་རྫས།། ཟད་སམ་འཁར་བའི་གཞོང་པ་རུ།། སྨུག་མོ་བཞིའི་ཁྲག་མཚོ་བསྐྱིལ།། སྒྱུག་མོ་བཞིའི་ཁྲག་གིས་རམ་བུའི་ཕྱེ་ལ་འབྲུས་པའི། དཔལ་བ ་ཟུར་གསུམ་གྲུ་གང་ཚད།། སེང་ལྡེང་ཕུར་པ་ཁྲ་གང་ལ།། བུད་མེད་སྨག་མོའི་དབང་པོ་ལྔ།། སྒྲ་དང་སོ་དང་སེན་མོ་ལ།། གང་ལ་བྱ་བའི་གསོན་ཐུགས་དབབ།། འབུར་མ་རིངས་སུ་བྱས་པའི། མ་མོ་སྐའི་གཟུགས ་བསྟན་ལ།། སྙིང་པོ་སྲོག་གི་སྙིང་པ་བྲིས། ཁྲག་གིས་ཞུན་མར་སྐུའི་མདངས།། མ་མོའི་གཟུགས་སྟན་ཁྲག་མཚོར་དབྱུང་།། གང་དམིགས་གཟུགས་མ་དྲངས་ཁྲག་གི་ཐུན།། གཟུགས་ལ་ལྕོགས་ཐག ་ཟངས་ཐག་གདགས།། ལྕགས་དང་ཟངས་གིས་ཕུར་བུས་བསྟོད།། སྤྱི་ཐུན་དྲིལ་དང་སྒོ་མཐུན་གཏོར།། ཐུན་དབབ་དངོས་དང་ཕྱོགས་སུ་འཕངས།། སྤུ་གྲི་ཡ་མའི་རྒྱུད་ལས། མ་མོ་ཁྲག་ལ་བསྟན ་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དྲག་སྔགས་ཉུང་ཀར་ལོ་བསྟེན་བྱ་བ། ཐུང་ཀར་རྒྱལ་པོ་སྔགས་ཀྱི་མངའ།། སྣ་ཚོགས་དྲུག་གི་ཁུ་བ་ནས།། སྔགས་ཀྱི་མདའ་མཆོག་དབྱུང་བར་བྱ། ་ཤེས་རབ་པདྨའི་མཚལ་ཆེན་གྱིས།། ཞེ་སྡང་སྲིན་མོར་དབང་བསྐུར་ནས།། རྒྱུན་ཏུ་སྣག་པ་ཙེ་ཅིག་བྱ།། བསྙེན་པ་མངོན་དུ་རྫོགས་པ་དང་།། གང་ལ་བྱ་བའི་སྙིང་དཀྱིལ་དུ།། སྙིང་པོ་ཡི་གེ་ཏི་བསམ་ལ། ་དྲག་སྔགས་འདི་ནི་བརྡེག་པར་བྱ།། ན་མ་ཏྲ་ག་རཀྵ་ཁ་མུན་ཏྲ་མུ་ཏྲ། ཨེ་ཀ་ཛཱ་ཏྲི་སྙིང་ཁ་རག་མ་བྷྱོ། མ་མཱ་ཏྲ་ག་རཀྵ་ས་མ་ཡ། དགྲ་བོའི་སྙིང་ལ་དྲུང་། ཡང་ན་སྙིང་དཀྱིལ་ཎི་བསམ་ལ། ་དྲག་སྔགས་འདི་ནི་རྡེག་པར་བྱ། ཏྲག་རཀྐ་མུ་ཏྲ་ཨ་ཀ་ཛ་ཏཱི་སྟེང་ཁ་རག་མོ་བྷྲྀ། ཡ་མ་དུ་སྙིང་ཁྲག་དགྲ་བོ་མེ་ར་ཡ་ཎཱི་ཤ་ཀུ་རུ། ཁ་སོ་བ་ཏྲི་ཡཾ། དུ་མ་སོན་སེན་ཡཾ། དགྲ་བོའི་སྲོག་ཙ་ལ་མ་ཡ། ་ཁ་འོག་བར་ནཾ་ནུས་པ་ཡི།། སྲིད་པ་གསུམ་ཡང་བརླབ་པར་ངེས། སྤུ་གྲི་ཡ་མའི་རྒྱུད་ལས། དྲག་སྔགས་ཉུང་ཀར་ལ་བསྟེན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་དཔལ་པཱདྨ་གར་གྱི་དབང ་ཕྱུག་གིས། ཕྱི་ནང་གསང་བ་རྣམས་པ་གསུམ།། ངན་ཐབས་རྣམ་གསུམ་བཀའ་སྩལ་པ།། སྣརེལ་གྲ་མོའི་ཐོད་པ་རུ།། སྒྲོན་མོ་ཉིད་ཀྱི་མཎྜལ་བྲི།། དྲག་པོའི་གནོད་དུ་ཐུན་བཞི་བཅའོ།། དབུས་ས ་སྙིང་ཐུན་ཉིད་ལ་སྡུ།། ཐ་མ་ངན་ཐབས་རྣམས་པ་གསུམ།། འདོད་ཆགས་བྱ་ལ་ཐུན་ཟོར་བྱ།། ཞེ་སྡང་ཁྲི་ལ་སྦྱིན་སྲེག་བྱ།། གཏི་མུག་ཙ་ར་དག་ལ་གནན།། ཕུར་བས་གདབ་ཅིང་ཁྲག་ཐུན་པ་སྟེག། ཕྱེད་ཆར་བྱེད་ནི་ཆུ་ལ ་གཏོར།། སྙིང་ཁྲག་དུག་སྣའི་མིང་བྱང་སྲེགས་སྔགས་བརྗོད་ཀླུབ་དག་གཏན་སར་གནན། སྐྱེ་ཚེ་སྙིང་ཁྲག་སྣ་དྲུག་སོགས་པ་མིང་བྱུང་ཙིཏྟ་ཡང་། སྐྱེ་ལ་བསྐོན་ལ་དགྲ་སར་བསྐུལ། རྒྱུན་དུ་བླ་རྡོ་ལུག་ལ་བྱ། ་སྔགས་ལ་ཕྱི་ནང་གསང་བ་གསུམ།། དེ་ལ་ཇི་ལྟར་བཟླས་པ་ནི།། ཏྲ་ག་རཀྵ་ཁ་མུན་ཏྲ་ཨེ་ཀ་ཀ་ཛ་ཏི་སྙིང་ཁ་རག་མ་གྱི།། ཐོག་མཐའ་ཏྲག་དང་བྷྱོ་ཡིས་སོ།། བར་ན་བཅོ་ལྔ་འབྲུག་ནས་པ།། མ་གཅིག་མ་ཡི་ཡང་སྙིང་ངོ་།། ་མ་ཏྲ་ག་རཀྵ་མུ་ཏྲ་ཨེ་ཀཱ་ཛ་ཏཱི་སྙིང་ཁ་རག་མབྷྱོ།། ཐོག་མཐའ་མ་དང་བྷྱོ་ཡིས་སོ།། བ.རན་བཅུ་བཞི་འབྲུ་གནས་པ།། ནང་ལྟར་བཟླས་པའི་ཡང་སྙིང་ཡིན།། ཏྲག་རཀྵ་མུ་ཏྲ་ཨེ་ཀ ་ཛ་ཏེ་སྙིང་ཁ་རག་མ་བྷོ།། ཐོག་མཐའ་ཏྲག་དང་བྷྱོ་ཡིས་སོ།། བར་ན་བཅུ་གཉིས་འབྲུ་གནས་པ།། གསང་བར་ཟླས་པའི་ཡང་སྙིང་ཡིན།། ཕྱི་ནང་གསང་བ་ཡང་སྙིང་ལ།། འཇུག་ཏུ་སྲེད་ན་སྭཱ་ཧཱས་བསྐྱོད།། འཕང ་ན་བཇུག་ཐུན་བྷྱོས་བསྦྱོར།། འཇུག་ཏུ་མནན་པ་ནན་གྱིས་བསྐྱོར།། འཕྲིན་ལས་བཅོལ་དང་སྲོག་ལས་དྲང་།། མཆོད་པ་དབུལ་དང་སོར་ཐུན་དྲིལ།། བཞི་རུ་དྲིལ་ཏེ་གནས་སྲེག་འཕང་།། ལུག་སྨུག་མོའི་སྙིང་ནང་དུ།། ་། སྨུག་མོ་གསུམ་གྱི་སྙིང་ཁྲག་དང་།། གང་ལ་བྱ་བའི་མིང་དང་རུས།། ཉུང་དཀར་ཉུང་ནག་སྐྱེ་ཚེ་དང་།། ཤེ་ཆེན་རྣམས་ནི་ཀླག་པར་བྱ།། མ་ཅིག་མའི་ཡང་སྙིང་ནི།། ལེབ་རྒན་དར་ལ་དྲིལ་ལ་རྩལ། མཐིང་ནག་དར ་གྱི་ནང་དུ་བཏུམ། རྒྱུན་ཏུ་བླ་རྡོ་ཡིད་ལ་བཅས།། སྔགས་ཟླས་ཚད་དུ་བྱིན་པར་བྱ།། མི་ཟད་ལྕགས་ཕུར་སོར་བརྒྱད་ལ། ཁྲག་སྣ་བདུན་ལ་སོག་སྙིང་བཟླས།། མགར་བ་ཤ་མདོག་གནག་པ་དང་།། འཁྲོ་གཏུམཆེན ་དཔྲལ་བར་གདགས།། ཏྲག་ཅེས་པས་དབང་ཡང་བསྐུར།། མ་མོར་མངར་གསོལ་རྒྱུན་སྔགས་ཟླས།། ཙེ་གཅིག་གནས་པའི་འཕྲོ་འདྲ་བྱ།། སྥུ་གྲི་ཡ་མའི་རྒྱུད་ལས། ཕྱི་ནང་གསང་བ་རྣམ་པ་གསུམ།། ངན་ཐབས་བ ་དུ་དྲིལ་བའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་དྨ་གར་གྱིས་དབང་ཕྱུག་གིས།། གྲུབ་པའི་རྟག་ཆང་པོསྟན་པ་ནི།། མངོན་ཤེས་འཕྲུལ་གྱི་མེ་ལོང་འདི།། རྟགས་ལ་རྣམ་པགས་མདུབསམ། ་རྨི་ལམ་ཉམས་དང་མངོན་གསུམ་དུ།། བུད་མེད་སྨུག་མོ་འོང་བ་དང་།། འོད་དང་མཚོན་ཆར་འོང་བ་དང་།། སྦྱོར་ཁའི་རྟགས་ནི་ཐུན་ལ་འོང་། མཚན་མའི་རྣམ་པ་གང་བྱུང་ཡང་།། དམ་ཚིགས་སྔགས་དང་ཕྱག་རྒྱ་བསྟན། ་བར་ཆོད་ཡིན་ན་བརྟགས་མི་བཟོད།། འོད་ནི་དཀར་ཞིང་གསལ་བ་དང་།། དམར་ཞིང་གདང་ལ་ཆེན་བཟང་།། སྨུག་ནག་མོགོ་པོར་བྱུང་བ་ནི།། སྔགས་ལ་ལམ་ལོག་དམ་ཉམ་ཡིན།། མོག་པོར་བྱུང་ན་བཤག་པ་བྱ།། གསང ་བའི་རྟགས་ནི་མཚོན་ཆ་སྟེ།། ཁ་ག་ལ་སོ་ཆ་གཙོན་ལ་ངན།། མཚོན་ཆ་མེ་འབར་འོད་འཕྲོད་དང་།། ཐོགས་པ་མེད་པར་གཅོང་ན་བཟང་།། ཐུན་གྱི་རྟག་མཚན་བསྟན་པ་ནི།། བནྡྷའི་རཀྟ་ཁོལ་ན་བཟང་།། དྲི་ཞིམ་གནམ ་ཞིང་འཕེལ་ན་བཟང་།། སྦུ་བ་སོག་མོར་བྱུང་ན་ངན།། དྲི་མི་ཞིམ་ཞིང་ཉུང་ན་ངན།། དམ་ཚིགས་ཉམས་ན་སྐད་བཤགས་བྱ།། རྟགས་ཀྱི་རྣམ་པ་གང་བྱུང་ཡང་།། དམ་ཚིགས་སྲེ་ཞིང་དངོས་གྲུབ་བླངས།། གསང ་ཞིང་ཡིད་ལ་བརྣག་པར་བྱ།། དབང་ཆེན་སྒྲོམ་ཞིང་དབང་དུ་སྡུ།། ཉམས་ཀྱི་ཕྱག་བརྒྱ་རང་དོན་བསྟན།། བབ་ཚོལ་རས་སྤྱོད་སྤྱད་ཉེས་ནས།། ལོངས་པ་རི་མོ་མཁན་དང་འདྲ།། ཚེ་ཚད་རང་གི་སྙིང་པོར་འགྱུར།། ་དེ་བས་ཉམས་ཀྱི་ཕྱག་བརྒྱ་བསྟེན།། སྥུ་གྲྀ་ཡ་མའི་རྒྱུད་ལ་སཾ། མཚན་རྟགས་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱི་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། སྔགས་ཀྱི་འཁོར་ལོ ་བསྐོར་བ་དང་། ཁཟས་ལུགས་རིམ་པ་བཀའ་སྩལ་པོ། དབང་ཆེན་ཡབ་ཀྱི་ཐུགས་ཁ་ནས། ཙཽདྷ་རིན་ཆེན་གཞུ་རུ།། ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ།། དེ་དཀྱིལ་ཧཱུཾ་ལ་སྙིང་པོས་བསྐོར།། པཱདྨ་མ་དྲ་རྦཾ། ་པདྨ་ཤྲི་ཧེ་རུ་ཀ་ཨ། ཡབ་ཀྱི་འཁོར་ལོ་གཡས་སུ་བསྐོར།། ཏྲི་པདྨ་ཏཱ་ཀྲིད་ཧ་ཡ་བྷཱི་བདྡྷེ། ཨེ་ཀ་ཛཱ་ཏི་ཧཱུ་ལུ་ཧཱ་ལུ་ཧཱུཾ་བཿ། ཡབ་ཀྱི་ཐ་མ་ལས་སྔགས་བསྐོར།། གསེར་གྱི་བ་ཐག ་བཞིན་དུ་སྤྲོ།། ཡུམ་གྱི་ཙིཏྟ་གའུ་རུ། མ་ལས་ཉི་མའི་དཀྱིལ་འཁོར་བསམ། ཉི་དཀྱིལ་ཏྲག་ལ་སྙིང་པོས་བསྐོར།། མ་མ་ཏྲ་ག་རཀྐ་མ་ཏྲ་ཨཾ་ཀ་ཛི་ཏཱི་སྙིང་ཁ་རག་མ་བྷྱོ།། ཡུམ་གྱི་འཁོར་ལོ་གཡོན་དུ་བསྐོར།། ་དེའི་ཕྱིར་ནི་རྦད་པའི་སྔགས། ཐ་མ་བསད་པའི་སྔགས་ཀྱི་བསྐོར།། འོད་ཟེར་ལྕགས་ཀྱུ་ལྔ་བུར་བསྐོར།། སྲོག་ལ་སྲོག་གི་སྙིང་པོ་ནི།། དགེ་འདུན་གྲོང་དུ་འདུ་བའི་ཚུལ།། འོད་དང་དུད་མེད་མཚོན ་། ཆར་འོང་།། ནམ་གུང་རྦད་པའི་སྙིང་པོ་ནོ།། རླུང་ནག་འཚུབ་མའི་ཚུལ་དུ་བཟླས།། སྣང་སྲིད་མ་མོ་འཁྲུག་ན་བཟང་།། ཐོ་རང་བསང་བའི་སྙིང་པ་ནི། ཁྲ་སྤྲིང་ཟན་ལ་རུབ་པའི་ཚུལ།། གསང་སྤྲང ་མང་པོ་བྱེད་པ་དང་།། ཤ་ཆང་མང་པོ་བྱེད་ན་བཟང་།། ཡབས་ཀྱི་འཁོར་ལོ་ག་ཡས་སུ་བསྐོར།། ཡུམ་གྱི་འཁོར་ལོ་ག་ཡོན་དུ་བསྐོར།། གཉིས་སུ་མེད་པའི་ཕྲོ་འདུ་བྱ།། སྥུ་གྲི་ཡ་པའི་རྒྱུད་ལ། ་རྫས་ལུགས་འཁོར་ལོ་བསྐོར་བའི་ལེའུ་སྟེ་བནྡྷ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་དཔལ་པདྨ་གར་གྱི་དབང་ཕྱུག་གིས།། ཐབས་དང་ཤེས་རབ་གཉིས་མེད་པས།། རྒྱལ་བ་ཡ ་དང་སྡིགས་པ་དང་།། ལས་མཁར་གིང་དང་བསྡེབ་པ་དང་།། རྒྱལ་བ་ཡང་དང་བསྡེབ་པ་ནི།། ཡབ་ནི་བྱིན་ཆེ་བཀྲ་ཤིས་ཤིང་།། དབང་དུ་བསྡུ་ཞིང་བྱང་ཆུབ་ཐོབ།། ཡུམ་གྱི་རྣོ་ཞིང་མྱུར་བ་དང་།། དྲ་ཟེར ་ཆེ་ཞིང་ཉེ་བས་ན།། ཡབ་ཡུམ་གཉིས་མེད་བསྒྲུབ་པའི་ཐབས།། དཀྱིལ་འཁོར་འཕྲིན་ལས་རྣམ་པ་བཞི།། དབུས་ཀྱི་ཨེ་ལས་ཨ་དང་མ།། གཡས་སུ་ཨ་ལས་ཟླ་དཀྱིལ་ཏེ།། ཧྲི་ལས་དྨ་དབང་ཆེན་ནི།། ད ་འདག་པ་སྒྱུ། དམ་ད་ཀྱི་སྨྲ་ས།། འང་བ་ས་ག་དུམ་པ་ད་ཀྱི་།། ་པ། གཡས་པ་རྡོ་རྗེ་གཡོན་པ་ན།། བྷནྡྷ་རཀྵས་བཀང་བ་བསྐྱེད།། ཡེ་ཤེས་དཀྱིལ་འཁོར་སྤྱན་དྲངས་ཞིང་།། གཉིས་མེད་སྙིམ་ཞིང་བསྟན་པར་བྱ།། ཕྱག་འཚལ་མཆོད་ཅིང་དགྱེས་པ་བསྟོད།། ཡབ་ཡུམ ་བསྙེན་ཅིང་བསྒྲུབ་པའི་སྔགས།། ཐོག་མཐིའ་ཨོ་དང་ཨ་ཡིས་སོ།། བར་ན་བཅུ་གསུམ་འབྲུ་གནས་པ།། དབང་ཆེན་ཡབ་ཀྱི་བསྙེན་པ་ཡིན།། འབྲུ་བརྒྱད་མེ་དང་ལ་ཀྱིས་སོ།། ཨེ་ཀ་ཛ་ཏིའི་སྟེན་པ་ཡིན། ་ཡང་ཡུམ་བསྒྲིབ་པའི་སྙིང་པོ་ནི།། ཐོག་མཐའ་ཅི་དང་ཕཊ་ཀྱིས་སོ།། བར་ན་བཅུ་བདུན་འབྲུ་གནས་པ།། བསྒྲུབ་ཅིང་ལས་སུ་རུང་བར་བྱ།། འཕྲིན་ལས་རྣམས་བཞི་དམིགས་དང་སྦྱར།། སྠཱ་གྲི་ཡམ ་རྒྱུད་ལས།། རྒྱལ་བ་ཡབ་དང་བསྡེབ་པའི་ལའུ་སྟེ་བཅོ་བརྒྱད་པའོ།། །། ལས་མཁན་གིང་དང་བསྡེབས་པ་དང་།། བོ་ཤམ་མོ་ལ་བདགས་པ་དང་།། མོ་ཤམ་པོ་ལ་བདགས་པ་ནི། ཛྭ་ལ་དར་གཅིག ་བཀྲུད་བ་ཡིན།། གདུགས་པའི་དཔལ་གཅིག་དབྱུང་བ་ཡིན།། དཀྱིལ་འཁོར་ལས་ནི་ཧེ་ཞལ་ལ།། གཡས་སུ་ཨ་ཡས་ཟླ་བའི་སྟེང་།། ཧྲི་ལས་སྒྲོལ་གིང་བདག་པོ་བསྐྱེད།། གཡོན་དུ་མ་ལས་ཉི་མའི ་སྟེང་།། དྲག་ལས་སྒྲོལ་གིང་བདག་མོ་བསྐྱེད།། སྐུ་མཁར་ཁུ་ལེ་རྩེ་དགུ་ལ།། དཀར་པོ་གསུམ་གྱི་སྙིང་སྲོག་དང་།། རིན་ཆེན་སྣ་ཚོགས་དང་རབ་གདགས།། ཟླ་བའི ་འཁོར་སྟེང་དུ་དགོད།། མདོངས་ལྡན་རྨ་བྱའི་རྒྱལ་མཚན་དང་།། སྨུག་མོ་གསུམ་གྱི་སྙིང་སྲོག་བཅས།། གཡབ་དར་དམར་ནག་རིན་ཆེན་རྣམས།། ཉི་མའི་དཀྱིལ་འཁོར་སྟེང་དུ་དགོད།། བདག་ཉིད་དཔལ ་ཆེན་སྐུ་བསྒོམ་ལ།། སྲོག་གི་སྙིང་པོ་རྒྱུན་དུ་ཟླས།། ཏྲག་རཀྵ་མ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ།། མ་མ་སྲོག་གི་སྙིང་པོའོ།། ཨོཾ་བཛྲ་གྲི་རྩོར་ཡམ་ཤྭ་བྷྱོ།། སྒྲོལ་གིང་བདག་པོའི་སྙིང་པོའོ།། ལས་ཀྱི་སྦྱོར་ལ ་ཐུན་འདི་བཅའ།། བརྣོལ་དྲི་མོའི་ཐོད་པ་རུ།། འདོད་ཆགས་སྲིན་མོའི་མངལ་ཁྲག་དང་།། ཞོ་སྡང་ཁྱིའི་སྙིང་ཁྲག་དང་།། གཏི་མུག་བམ་གྱི་སྙིང་ཁྲག་བསག། ལེབརྒན་དར་གྱི་ཁ་བཅད་ལ། ཐལ་ཆེན་རྒྱ ་ག་བ་གཡུང་དྲང་བྲི།། ཙིཏྟ་དབྱུང་བའི་སྔགས་འདི་བཟླས།། ཏྲག་རཀྵ་ཁ་མུན་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ་བྷྱོ།། ཏྲག་རཀྐ་ས་མ་ཡ་དགྲ་བོ་སྙིང་ལིང་རྦད།། དེས་ནི་ཙིཏྟ་དངོས་སུ་འབྱུང་།། བསང ་ཅིང་མནན་པོའི་སྦྱོར་བ་བྱ།། བསྒྲུབ་པའི་དཀྱིལ་འཁོར་བྱང་ཤར་དུ།། དྲག་པོའི་ཨེའི་དཀྱིལ་འཁོར་ལ།། བོང་གིས་བསང་པིའི་འཁོར་ལོ་བཅའ།། ཡི་དགས་གོས་སམ་ཞིང་ལྤག་ལཾ།། འཁོར་ལོ ་རིམ་པ་གསུམ་ལྡན་པ།། ཐིག་བཏབ་པས་ཡིང་རྩེ་བརྒྱད།། དབུས་ཀྱི་ལིང་རྩེ་གྲུ་གསུམ་ལ།། གང་ལ་དམིགས་པའི་དོན་མིང་བཞག། ནང་རིམ་ཕྱོགས་མཚམས་ལིང་རྩེ་བརྒྱད།། སྲོག་གི་སྙིང་པོ་འབྲུ ་བརྒྱད་བྲི།། ཨོཾ་བཛྲ་གིང་རྩར་ཡ་མ་ཤ་བྷྱོ།། བྱི་རིམ་ཕྱོགས་མཚམས་ཡིང་རྩེལ།། བསད་པའི་སྔགས་འདི་བརྒྱད་བྲི།། ཨོཾ་བཛྲ་ཐིབས་དུ་ཟང་།། དར་མུ་ལིབས་ཅད། པུ་རཀྵ་ཐིབས། པྲ་ཏིང་ཐིབས ་ཨོཾ་བཛྲ་ཆུ་བ་རི་ལ་ཟང་། བྷཱུ་ཏི་པྲ་ཙཱག་དྲུར་ཟད། ཨོཾ་བཛྲ་དར་ལྗིབས། ཨོཾ་བཛྲ་སྙིང་མགོ་མཆོད།། ཁ་ལ་མྦྷ་ལི་ངན་ཏི་དཱར་ཡ་མར་དུ་ཆུད། དེའི་ཕྱི་རིམ་མཚོན་ཆས་བསྐོར།། ཐོ་རང་ནམ་གྱི་ཆ ་སྨྱུད་ལ།། ཉི་མའི་རྩེ་ལ་སྦྱོར་བ་བྱ།། ལིང་ཀ་འཁོར་ལོར་བཅས་པ་དི།། ཤུགས་འཆང་གསེར་མདོག་ཐོད་པར་རྩལ།། འབྱུང་པོ་འདུས་པའི་ཁྱིམ་དུ་སྦ།། སྤུ་གྲི་ཡ་མའི་རྒྱུད་ལས། ལས་མཁན་གིང་དང ་སྡེབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་གར་གྱི་དབང་ཕྱུག་གིས།། བསྙེན་བསྒྲུབ་ལས་ཀྱིས་སྦྱོར་ཁྭའི་ཚེ།། ཐུགས་དམ་གནང་ནས་བསྐུལ་བ་བསྟེན།། བསྙེན་པའི་དུས་སུ་བསྐུལ་བ་ནི། ་ཧཱུཾ་དང་བ་དང་ནི་དམ་ཚིག་གིས།། ཚུར་བྱོན་ཚུར་གཤེག་ས་ལྷ་མོ་ཁྱུང་།། ཁྱད་པར་མཛེས་པའི་སྐུ་ལུས་ལ།། ཤིན་ཏུ་མཛེས་པའི་ཐུག་ནི་སྣ་ཚོགས་ཅེར་ཡང་སྟོན།། མཛད་པའི་ཆ་ལུགས་སངས་རྒྱས ་འདྲ།། ལྟ་བའི་འཕངས་ནི་མཁའ་འདྲ།། སྐུའི་ཡོན་ཏན་བསམ་མི་ཁྱབ།། དགོངས་པའི་བྱེ་བྲག་ཇི་སྙེད་པ།། ཁྱུང་ཆེན་མཁའ་ལ་ལྡིང་པ་བཞིན།། ཐུགས་རྗེས་རླབས་ཀྱིས་སྣང་སྲིང་རློབ། གཡས ་ཀྱི་གཤོགས་པ་ལྡེང་པ་ཡིས།། ཡེ་ཤེས་རྡོ་རྗེ་རྩེ་དགུར་འབར།། གཡོན་གྱི་གཤོག་པ་ཆར་བ་ཡིས།། མ་མོ་ལས་བྱེད་བཅུ་དྲུག་འཆེར།། རླབས་ཀྱིས་འཛམ་གླིང་ཁྱད་པར་གཅོད་།། དགེ་སྡིག་ག་ནི ་ཀྱི་བསྐུལ་མ་འདེབས།། སྲིད་པ་གསུམ་གྱི་བདུད་གཅོད་མ།། རུ་ཏྲ་ནག་པའི་སྲོག་ལེན་མ།། ཨ་ཀ་ཛ་ཏི་རལ་ཅིག་མ།། དབུའི་ར་ལཾ་ས་ཡན་ཅན།། རལ་ཅིག་གནལ་ཡང ་པས།། རྟིང་གི་ལྷ་རྣམས་ཀུན་འདུལ་མ།། རལ་གཅིག་ས་ལ་མར་བརྐྱངས་པས།། ས་བདག་ཀླུ་སྲིན་ཀུན་འདུལ་མ།། ལག་ན་ཟངས་ལྕགས་ཕོར་ཐོགས་མ།། ཟངས་ཟོར་དམར་པོ་ཆེམ་སེ་ཆེམས། ་བསྟན་པ་གཉེན་ལ་དགྲ་དར་གྱིས།། བསྟན་པ་བསྲུང་བའི་ཐུ་མོ་ཆེ།། སྲོག་གི་སྙིང་པོ་གནས་ནས་སྤྱན་འདྲེན་ན།། རཀྵ་དམར་གྱི་གཏོར་མ་འང་གསོལ་ལ།། ཐུགས་དམ་རྒྱུད་བསྐུལ་བཅོག་པའི་འབྲིན ་ལས་མཛོད།། བསྒྲུབ་པའི་དུས་སུ་བསྐུལ་བ་ནི།། ཨེ་ཀཱ་ཛ་ཏི་ན་ཁའི་གོ་ཟུ་ཅན།། ཐོར་ཚུགས་འབར་བའི་སྤྱན་གཅིག་རལ་གཅིག་མ།། དྲམར་ནག་འབར་བ་ཨའི་ཀློང་དཀྱིལ་ན།། ཀྲོ་ཏི་ཤྭོ་རའི་ཡུམ ་གྱི་བ་གའི་ཀྲོང་།། གདུགས་པ་འདུལ་ཕྱིར་འཇིག་པའི་སྐུ་བྱུང་ན།། རལ་གཅིག་རྒྱ་མཚོ་ཁྲག་གི་མེ་འབར་མ།། ཐོར་གཅོག་ཅིག་བཅིངས་སྤྱན་མིག་དམར་ལ་སེར།། རྒྱ་མཚོ་ཆེན་པོའི་ཀློང ་ནས་མེ་འབར་སྟེ།། རི་རབ་ཟོམ་འཛིན་ཀླུ་རྒྱལ་སྦྱོར་ཆེན་མོ།། ཆུ་ཏྲི་རྨྨ་ཡིས་འཕྲེང་གི་ངོས་གཏམས་ཤིང་།། ལྕགས་ཀྱུ་བརྒྱ་ཕྲག་དགྲ་སྙིང་འདྲེན་མཛད་མ།། ཐུགས་ངམ་རྒྱུད་བསྐལ་བཙལ ་བའི་ཕྲིན་ལས་མཛད།། ཛ་ཛ་རཀྲ་མུ་ཏྲྀ་དགྲ་ལ་ཡོ།། སྙིང་ལ་ཁའི་ལའི་མ་ཏི་ཡ།། མ་མ་རཀཱ་རུ་ཏྲ་རྦང་ཅུང་།། ཕྲིན་ལས་སྦྱོར་ཁར་བསྐུལ་བ་ནི།། ཨེ་ཀ་ཛ་ཏི་གྲ་ཡ་གསང་བའི་ཡུམ།། ་ནི་པདྨ་རགའི་མདོག། རོ་མཚོགས་མང་པོ་བསྣོལ་བའི་གདེན་སྟེང་ན།། སྟིར་ནག་པོ་བསྣོལ་བའི་གདན་ལ་བཞུགས།། ཆིབས་སུ་ཆུ་སྲིན་ནག་མོ་ཆིབས།། སྐུ་ལ་ཆུ་སྲིན་གཡང་བཞི་གསོལ། ་ཀླུ་རྒྷ་ལཱི་རིགས་ལྔས་སྐུ་ཡཱ་བརྒྱན།། ཅི་ཟླའི་ཐཾད་ཐབས་བཅིངས་པས་དབྱའི་རྒྱན།། དབུ་ལ་མེའི་རལ་པད་མར་མོ་འགྲོ།། རལ་བསྐུལ་པའི་མེ་འབར་ལམ་སེ་ལམ།། སེར་མོ་དཔལ་རྒྱུད་དྲག་པ ་ཐིབས་ཀྱིས་སྒྲོ་ཡི།། སྤྱན་མིགས་གཡས་ལ་ཁྲག་མཚོ་ཁྱིལ།། ཕྱག་གཡོན་དྲུང་ཆེན་མར་གྱི་བཀང་བ་ལ།། ཕྱག་གཡས་རྡོ་རྗེས་དཀྲུག་ཅིང་གསོལ།། དམར་གྱི་ཨརྒ་མ་འདི་གསོལ་ལོ།། ཐུགས ་ངམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ཡས་མཛད།། ཨེ་ཀ་ཛཱ་ཏཱི་ཨ་ར་ཡེ་ཛ།། ཁྱོད་ཀྱི་དྲུག་རམ་སྤྲུལ་པ་ཆེན་མོ་ནི།། སྱཱ་ནི་རཀྵ་ཛ་མུན་ཏི།། རཀྟའི་ཁྲོ་མོ་དགུ་གསུམ་སྤྱན་དགུ་མ།། ཆེ་བ་དྲུག་གི་རྩིག ་ཞལ་ནི་གཅེར།། ཕྱག་དང་ཞབས་ནི་སྤྱིར་མི་གསལ།། སྲོག་རྩ་དབུགས་དང་སྙིང་ལ་འཛུམས།། དབུ་ལ་རཀྟ་འཁྲུག་པའི་ལས་འཟན་ལས།། རཀྵ་ཁྲུག་པའི་ཁྲོ་མོ་འབུམ་འབུམ་འགྲོ།། སྐུའི་སྒྲ ་ཀརེ་རེ་ལས།། ཀྱཱ་ཁཱ་ག་གི་རྫུ་མ་རོ།། ཁྲག་གི་ཝ་མོ་ལྕེ་བརྒྱད་མ།། དམ་ཉམས་རྣམས་ཀྱི་སྒྱིང་ཁྲག་འཐུང་།། སྙན་ནས་རཀྵའི་ཆུ་འབབ་མ།། ཤིངས་ནས་དགཱའི་རླུང་འཆུབ་ན།། ཞམ ་རཀྟའི་མ་འབར་མ།། གཟིགས་ནི་ཁྲག་མཚོའི་དབུས་ན་གཟིགས། མཛད་ནི་སྲོག་གི་དབང་པོ་ཐོག། དམར་གྱི་གཏོར་མ་འདི་གསོལ།། ཟུག་དམ་རྒྱུད་བསྐུལ་བཅོལ་བའི་ཕྲེང་ལས་མཛོད།། མ་མ ་དུན་དུན་སྙིང་ལ་ཛ་ཛ་བྷྱོ།། ལས་བྱེད་མ་མོ་བསྐུལ་བར།། སྲོག་ལ་ནག་མོའི་སྦུབས་སུ་ཞུགས།། སྐུ་ནི་ནག་མོ་ཆེན་མོ་ལ།། སྤྲིན་ནབ་རལ་པའི་ཐོང་སྡེངས་ཅན།། ་། སྐུལ་ཆར་སྤྲིན་ནག་མོ་གྱོན།། བདུད་ཀྱི་གཡང་བའི་ཡབས་བསྐོར།། ཁྱོད་ཀྱི་ལག་པ་གཡོན་པ་ནི།། བྷནྡྷ་ཁྲག་གིས་བསྐང་པ་གསོལ།། ཁྱོད་ཀྱི་ལག་པ་གཡས་པ་ན།། བདུད་ཀྱི་བསྒྲལ་རུས་ཐོད་པ ་འཆང་།། སེ་ལ་བརྡབ་ཤིང་སྡུད་པའི་ཚུལ།། ནི་ཏི་ནག་མོ་ཛ་ཛ་ནན་ནན་གུང་ལ་དམར་བའི་དབུས་སུ་ཞུགས།། སྐུ་ནི་པདྨ་ར་གའི་མདོག། ཤ་ཁྲག་དམར་གྱི་རྗེས་གཅོང་མ།། སྲིད་པ་གསུམ་གྱི་ཤ་ཟ་མ། ་། སྲིད་པ་གསུམ་གྱི་ཁྲག་འཐུང་མ།། ཙི་ཙི་ཟོས་ཀྱང་འགྲང་བ་མེད།། དགྲ་བོའི་ཤ་ཁྲག་ཟ་རུ་བྱོན།། མར་དམར་པོ་ནིན་ནན།། ནམ་ཕྱེད་མཐིང་ཀའི་དབུས་སུ་ཞུགས།། སྦྲུལ་ནག་འབུམ་གྱི་ཐོང ་རྡེངས་ཅན།། སྦྲུལ་ནག་སྟོང་གི་སྙན་ཆ་ཅན།། རིགས་ལྔས་སྐུ་ལ་བརྒྱན་པ་ནི།། ལག་པ་གཡས་པའི་གུང་མོ་ལ།། དཀར་ཁྭ་གསུམ་གྱིས་ཕྱིང་ཀ་ལོག། རྐང་པ་གཡོན་པའི་ཐོ་བོང་ལ།། ནག་ཁྲ་གསུམ ་གྱིས་ནང་ཀ་ལོག། ལག་པ་དགུ་ཚིགས་འཁོར་ལ་ཡིས།། རྒྱ་མཚོའི་ཏིང་དུ་ཕྱག་བྱུགས་པས།། ཀླུ་ཆེན་བརྒྱད་ནི་གདན་དུ་འདིངས།། ཀླུ་སྲིན་ནག་མོ་ཟས་སུ་ཟ།། དམར་གྱི་ཨརྒ་མ་འདི་གསོལ་ལ།། ཐུག ་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད།། ཐོ་རང་སེར་མོའི་སྦུགས་སུ་བཞུགས།། སྐུ་ནི་གསེར་གྱི་ཐུ་ལུམ་འདྲ།། ཕྱག་ན་གསེར་གྱི་ཟོར་བསྣམས།། གསེར་རལ་སེར་མོ་སྤྲུགས་པ་ཡིས།། གསེར ་འདོག་འབར་བ་འོད་ཟེར་གྱི།། དགྲ་བོའི་སྙིང་ལ་འཐུན་འབེབས་མ།། མ་མ་ཧ་ཏི་ནན།། ས་བདག་ཀུམ་པ་ལ།། དགྲ་བོ་ཞིག་ཐུན་ཐུན།། ཁྱོད་ནི་བདུད་ཀྱི་བུ་མོ་བཞི།། དམར་གྱི་ཨརྒར་འདི་གསོལ་ལ།། ་ཐུག་དམ་རྒྱུད་བསྐུལ་བཅོལ་པའི་ཕྲིན་ལས་མཛོད།། སྙིང་དང་སྲོག་རྩ་ཁལ་མ་དང་།། གློ་བ་ནང་གྲོལ་གང་ཡང་རུང་།། ཁྲག་དང་སེན་མོ་སོ་དང་སྐྲ།། མི་ལ་སྦྲང་ཙམ་ཁུག་ལ་ཤོག། མི་ལ་རྦང་ཙམ ་མཁུགས་ན།། རང་གི་གནས་ཀྱང་ཞིག་ག་རེ།། ཉིན་མོ་དཀར་མོའི་སྦུགས་སུ་ཞུགས།། སྐུ་ནི་དུང་གི་ཁ་དོག་ལ།། དབུ་ལ་དུང་གི་ཐོར་ཚུགས་ཅན།། ཕྱུགས་ན་དུང་གི་འཁོར་ལོ་བསྣམས།། ཁྲོས་ཏེ ་གཉེན་པོར་མངག་པའི་ཚེ།། དུང་གི་འཁོར་ལོ་བསྐོར་བ་ཡིས།། ཚངས་རིགས་ལྷའི་གནས་རིགས་འཇོམས།། ཚངས་རིགས་ཐམས་ཅད་རྡུལ་དུ་རློག། མ་ཧཱ་ཡགྲ་སེན་ཧ་ན་ནི་ནིན།། དཔལ་བདེ ་ནི་མིག་གཅིག་མ།། ཡེ་ཤེས་འབར་བའི་སྤྱན་གཅིག་མ།། རྒྱབ་ན་དེ་ནི་ག་ཤོག་གཅིག་མ།། འཇིག་རྟེན་འཕྱོ་བའི་གཤོག་གཅིག་མ།། དབུ་ལ་དེ་ནི་རལ་གཅིག་མ།། སྟོང་ཁམས་དབང་བ་སྡད ་རལ་གཅིག་མ།། ཞལ་ན་དེ་ནི་ཚེམས་གཙོག་མ།། སྐྱེ་ཤི་རྩད་གཅོང་ཚེམས་གཅིག་མ།། བྲང་ན་དེ་ནི་ནུ་གཅིག་མ།། བདུད་རྩིའི་ཆར་འབེབས་ནུ་གཅིག་མ།། དབུའི་བ་སྤུའི་ཉག་རེ་ལ།། གནམ ་ལྕགས་ཐོགས་གིས་བུ་ཡུག་འཚུག། དབུ་བརྒྱན་བྱུ་རུའི་མཆོད་བརྟེན་ལ།། གསེར་གྱི་དྲི་བྲན་འབུམ་གྱི་ས་བརྒྱན།། གནམ་ཕྱེད་གོས་སུ་གྱོན་པས་ཡང་བས་བསྐོར།། ས་ཕྱེད་སྟན་དུ་གཏིངས ་ཆགས།། ཅེར་རྩེར་ལྟས་པས་སྟོང་གསུམ་སྲེག། སྙིང་དྲང་སྲོག་རྒྱ་གྲོ་སྟོང་དང་།། བགེགས་ཀྱི་སྙིང་ཁྲག་ཁ་ནས་སྐྱུག། མ་མ་མ་བ་མོ་གྲོ་ཏ་ཤྭ་རི་བྷཱུན་ཐུར།། དྷཱ་རུ་རྩལ་ཅག། ་@མགོ་ལ་ཙ་ལེ། སྙིང་ཁྲག་ཐོག་ལ་ཁ་ཎཱི།། སྙིང་དང་སྲོག་ཙ་གྲོ་སྙིང་དང་།། མཆིན་པ་ནང་གྲོལ་ཁུག་ལ་ཤོག། མི་ལ་སྦྲང་ཙམ་ཁུག་ལ་ཤོག། དེ་ནི་བདུད་ཀྱི་ཆུང་མ་ཡིན།། དམར་གྱི་ཨརྒ་མ་འདི་གསོལ་ལ།། ་ཐུགས་དམ་རྒྱུད་བསྐུལ་བཅོལ་པའི་འཕྲིན་ལས་མཛོད།། དགུན་གྱི་རྒྱལ་མོ་གཤེགས་པའི་ཚེ།། མེ་ཟ་བྲག་གྱོན་རྒྱ་མཚོའི་གཏིང་ན་ཉལ།། ཁྱོད་ནི་ས་བདག་དགུ་སྐོར་ཆུང་མ་ཡིན།། ཐུགས་དམ ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད།། ས་བ་ར་ཏི་ག་ཐུན་ཐུན།། དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ།། ནམཐའ་སྤྲིན་ཀར་གོ་ཟུ་ལ།། ཐ་མ་རླུང་མར་ཚུབ་མས་བསྐོར།། ཟས་སུ་གློ་སྙིང་ནང ་གྲོལ་ཟད་དེ་ཁྱོད་ནི་ཙང་ཀུན་ནག་མོའི་ཆུང་མ་སྟེ།། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད།། ཏེ་བ་ཏེ་བ་ཏི་ལ་ཕྲ་ར་པ་ཏཱི་ནི་ཐུན་ཐུན།། དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ།། གོས་སུ་འཇ ་སྤྲིན་སྤེལ་མ་གྱོན།། ཟས་སུ་མེ་ཏོག་སྣ་ཚོགས་ཟ།། ཁྱོད་ནི་ས་བདག་ཧ་ལ་ཁྱིའི་ཆུང་མ་ཡིན།། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད།། ན་མོ་རཏྣ་ཏྲ་ཡ་ཡ། བཛྲ་ཀྲོ་ཏི་ནི་ཐུན་ཐུན། སྟོན་གྱི ་རྒྱལ་མོར་གཤེགས་པའི་ཚེ།། གོས་སུ་གཤིན་རྗེའི་གཡང་བཞི་གྱོན།། ཟས་སུ་འབུ་དང་ལོ་ཐོགས་ཟ།། ཁྱོད་ནི་ཐེ་སའི་ཆུང་མ་ཡིན།། ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་མཛོད།། ཁྱོད ་ནི་བདུད་ཀྱི་ཕོ་ཉ་བཞི།། དམར་གྱི་ཨརྒ་མ་འདི་གསོལ་ལ།། སྙིང་དང་སྲོག་ཙ་ཁ་ལ་མ་དང་།། གློ་སྙིང་ནང་གྲོལ་གང་ཡང་རུང་།། སྒྲ་དང་སོ་དང་སེན་མོ་དང་།། མི་ཟླ་སྦྲང་ཙམ་ཁུག་ལ་ཤོག། བླ་ཤར་མ ་ཏི་འདྲིམ་འགྲིམ།། ཤ་ར་མ་ཏི་ཐུལ་ཐུལ།། མྱོས་མྱོས་ཡེད་ཡེང་། ཤ་ར་མི་ཏི་གུག་ལིང་། མྱོས་ལིང་ཤ་ལིང་ས་དུམ།། ཙ་མུན་ཏྲི་བྷྱོ།། བླ་དགུགས་སྤྱིར་དགུགས་པའི་སྔགས་སོ།། སྲོག་དགུགས་པའི་སྔགས ་པ། ཙིཏྟ་ནི་ག་ཤན་ས་ལ། བཛྲ་ཀྲ་ཀི་ཏྲ་པ་ཁུག་ཤོག། གློ་སྙིང་ནང་གྲོལ་དགུགས་པའི་སྔགས་ལ། ཛུ་ལི་ཙ་མུན་ཊཊ། ནརི་ཏྲི་ཤི་ཤི་ནུ་རྦུད། ཁྲ་གོ་དགུགས་པའི་སྔགས་ལ། རཀྟ་ཙག་ཀྲ་དེ་བ་ནི་ཤིག་ཛྷཿ། ་དྲུང་ཅུང་བྲུཾ་བྲུཾ་དྲུང་རྡུང་། སོ་དང་སེན་མོ་སྐྲ་དགུགས་པའི་སྔགས་ཡ། ང་ཡི་མི་རྣ་སད་ཀ་བ་ལི་སི་ན། ཟིན་གྱི་ནི་ག་ཟང་ཐུ་དུ་ཁྲུག་ཅིག། ཆེ་གེ་མོའི་མགོ་བོ་ཁོས་ཤིག། ལུས་སྐོམ་ཤིག། སྒོའི་ནོར་དང་ཕྲོལ་ཅིག། ་སྒྲ་ཕྱི་ཞིག། ལས་ཀྱི་རླུང་དམར་གྱིས་རྒྱབ་ནས་ཕུལ་གཅིག། འཇིག་པའི་མུན་ནག་གིས་མདུན་ནས་སུས་ཤིག། ཁྲོ་བོ་ལ་གསུམ་པོས་སྙིང་ནས་དྲོང་ཤིག། ལུས་བྱེ་མའི་རི་རྡིབས་པ་བཞི་ཐོང་ཤིག། ་སྙིང་ཨ་ཛ་ཀའི་དོག་པ་བཞིན་དུ་ཁོས་ཤིག། མགོ་པདྨ་བཞིན་དུ་ཁོས་ཤིག། སྙིང་ཁྲག་ཁ་ནས་སྐྱུགས་ཤིག། དོན་སྙིང་ཁོང་ནས་ཕྱུང་ཞིག་ཁ་སོ་སེལ་བུར་ལྷོགས་ཤིག། དམིགས་འབྲས་ཐང ་ལ་ཕྱུང་ཞིག། དམ་ཚིག་གི་མདོང་བ་སྡིགས་ཤིག། དཔལ་གྱིས་ཆད་པ་མཆོད་གཅིག། སྤུ་གྲི་ཡ་མོའི་རྒྱུད་ལས།། ཐུགས་དམ་གནད་ལས་བསྐུལ་བ་དང་ཚིག་མོང་པའི་ལེའུ་སྟེ་ཉི་ཤུ་པའོ།། ་དེ་ནས་གར་གྱི་དབང་ཕྱུག་གིས།། ཚེ་དང་བསོད་ནམས་བསྒྲུབ་པ་དང་།། རིགས་རྒྱུད་སྤེལ་བར་བཀའ་སྩལ་པ།། བཙན་བྱུག་འབན་དར་ཐོད་པ་ལ།། གདངས་ཆུ་ཙན་ངན་ཆུས ་དཀྱུས་ལ།། བཙན་ལྡན་བུ་མོ་གཞོན་ནུའི་ནུ་ཞོ་འཚལ་དང་ཐེག་ལེར་སྦྱར།། ཡུམ་དང་ཚེའི་སྙིང་པོ་བྲི།། རྡོ་རྗེ་ཚེ་དང་སྙིང་པོར་བཅས།། སང་སྔགས་འདིས་ནི་བསྟེན་པར་བྱ།། ཨ་ཡུ་བ་ལ་སིདྡྷི་ཧཱུཾ། བར་བར ་ཚེའི་ལྷ་མོ་བསྐུལ།། ཨ་ནྟི་ནི་ཡ་པདྨ་ཚེའི་ཡུམ།། སྐུ་མདོག་པདྨ་ར་གའི་མདོག། རལ་པ་དཀར་མོ་གཡས་ནས་གཡོན་དུ་འཁྱིལ།། ཕྱག་ན་རིན་ཆེན་བུམ་པ་འཛིན།། ཚེ་སྲོག་ཀུན་ལ་དབང་བྱེད་མ།། མཐུ་ཆེན་དྲེག ་བའི་ལགས་ཚེ་དྲོངས་ལ།། སྐལ་ལྡན་རིགས་ཀྱི་བུ་ལ་དབང་གཅིག་བསྐུར།། གཟི་བྱིན་མཐུ་དང་རྫུ་འཕྲུལ་དངོས་གྲུབ་སྩོལ།། ནི་བྷྱཱཾ་ཛ་ཨ་ཡུ་ཥེ་ཨཿཚེ་དང་བསོད་ནམས་གང་འདོད་ལ།། དབང་བསྐུར་བྱིན་རླབ ་བསྟན་པར་བྱ།། གནས་ཆེན་གསུམ་དུ་ཐིག་ལེ་གང་ག།། ཏི་ར་འཕེལ་བྱེད་རྟག་ཏུ་བཅང་།། སྤུ་གྲྀ་ཡ་མའི་རྒྱུད་ལས། ཚེ་དང་བསོད་ནམས་འཕེལ་བའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་གར་གྱི ་དབང་ཕྱུག་གིས།། ཉམས་པ་བསྐང་བའི་ལུང་བསྟན་པ།། ཟངས་སམབ་སེའི་གཞོང་པ་རུ།། སྐྲག་མོ་གསུམ་གྱི་སྙིང་ཁྲག་བསྐྱིལ།། རམ་བུའི་ལྷ་བ་ཤོས་སུམ་རྩེགས་ལ།། རི་རབ་ཆེན་པོར་བྱིན་གྱིས ་བརླབས།། རི་རབ་ཕྱོགས་བཞིར་སྨུག་མོ་བཞི།། ཀར་དུ་ར་སྨུག་དགུའི་གཟུགས།། ལྷོ་རུ་ཁྱི་མུག་དགུའི་གཟུགས།། ནུབ་དུ་ལུག་སྨུག་དགུའི་གཟུགས།། བྱང་དུ་བྱ་སྤྱུགས་དགུའི་གཟུགས།། ཕྱོགས་བཞིར ་གླིང་བཞི་འི་རྒྱལ་མོ་བཞི།། ལག་དུ་བ་དན་རིན་པོ་ཆེ།། ངང་ཟུང་བརྒྱ་བདྨ་བཞི་བརྒྱས་བསྐོར།། རི་རབ་ཟོམ་ལ་སྨུག་ནག་སྦྱར།། རྩེ་ལ་རྨ་བྷའི་རྒྱལ་མཚན་བསྣམས།། གུར་ན་ག་བུང་མེད་སྨུག་མོ་ལ།། མཆོང་གི ་ལེའུ་གའུ་གྱོན་པར་བྱ།། བང་རིམ་པར་དང་ཐ་མ་རུ།། བུད་མེད་སྒྱུག་མོ་འབུམ་གྱིས་བསྐོར།། སྣ་ཚོགས་སྙིང་དང་ངར་སྣ་ས་བརྒྱན།། ཐིག་ལེ་དཀར་དམར་མ་ལོངས་བཅས།། སྨུག་མོ་བཞི་ཡི་མ་དངས ་བསྐོར།། དགུ་འམ་བདུན་གྱི་བར་དུ་བསྙེན།། གསོ་གསང་སྐོང་ཟློག་དམིགས་དང་སྦྱར།། མ་གཅིག་མ་ལ་ཞུག་སོལ་ག་ག། ལས་ཟིན་དགྲ་ཕྱོགས་བྷྱོས་བཏབ་ན།། གང་དམིགས་དེ་འགྲུབ་གདོན་མི་ཟ།། སྤུ་གྲི ་ཡ་མའི་རྒྱུད་ལས།། ཉམ་ན་བཟློག་པའི་ལེའུ་སྟེ་རྩ་གཉིས་པའོ།། །། དེ་ན་སོ་གར་གྱི་དབང་ཕྱུག་གིས།། ཅི་ལྟར་བསྙེན་ཅིང་བསྒྲུབ་བྱས་ཀྱང་།། མ་གྲུབ་གན་ད་ལ་དབབ་པ་བསྟན།། བདག་ཉིད་དབང ་ཆེན་བསྐོར་བ་སྒོམ་ཏེ།། མ་མོ་སྒྲུབ་སྐྱེད་ག་དན་དུ་གདིང་།། གདན་གྱི་སྙིང་ཁྲག་ཞལ་དུ་རྡུག། ལཱུའི་སྟེང་དུ་མཁས་པས་བཞག། གསང་སྔགས་འདི་ནི་གནད་ལ་དཔག། ཧྲི་པདྨ་ཏ་ཀྲིད་ཧྱ་གྷི་བ་ཏྲག ་རཀྲ་མཱ་ཏཱི་ཨེ་ཀཛ་ཏི་སྙིང་ཁ་རག་མ་མུ་ཙིཏྟཏྲ་ཡ་ཞན།། ཧུ་ལུ་ཧུ་ལྱཱ་ཧཱ་ཕཊ།། ཆེ་བའི་དེ་རྒྱལ་འདི་སྐད་བསྐྱེད།། ང་ནི་སངས་རྒྱས་ཀུན་གྱི་ཡཱག། ང་ནི་བདེ་གཤེགས་ཀུན་གྱི་གཙོ།། ད་ནཱི་གེ་ཤྲཱིནྡ ་རྗེ་ཀུན་གྱི་གཤང་།། ང་ནི་མ་མོ་ཀུན་གྱི་ཡིག། ང་ནི་དུར་ཁྲོད་སྟིང་ཤ་ཅན།། ང་ནི་བདུད་ཀྱི་བདེ་ཆེན་མོ།། ཐམས་ཅད་དབང་ཆེན་ངའི་སྐུ།། པདྨ་ཤྲི་ཧེ་རུ་ཀ། ང་ནི་སྦྱོར་བདག་ཆེན་པོ་སྟེ། ་ཡགྣ་གྲི་ཧེ་རུ་ཀ། ད་ནི་སྒྲོལ་བདག་ཆེན་པོ་སྟེ།། རཀྐ་ཤྲི་ཧ་ར་ཀ། ང་ནི་དམ་ཚིགས་ཆེན་པོ་སྟེ།། ས་མ་ཡ་ཤྲི་ཧེ་རུ་ཀ། ང་ནི་ཐམས་ཅད་སྤང་བའི་རང་བཞིན་སྟེ།། གྲཿ ་དཔལ་ཆེན་ཧེ་རུ་ཀ། ང་ནི་དུས་གསུམ་ཀུན་ཏུ་འབྱུང་།། ང་ནི་དུས་གསུམ་ད་ལྟར་གནས།། ད་ནི་དུས་གསུམ་སླད་ཀྱི་འབྱུང་།། དུས་གསུམ་འདི་ནི་ངའི་དབང་།། དཔལ་འབར་དབང་ཆེན་སྐུ་བཞེངས་པ། ་དམར་ནག་འབར་བ་འཇིག་པའི་སྐུ།། དབུ་ལྔ་ཕྱག་ཀྱང་བཅུ་དྲུག་པ།། ཞབས་ཀྱང་འབར་བ་དྲུག་དུ་བསྐྲད།། དུར་ཁྲོད་འབར་བའི་ཆས་ཀྱིས་བརྒྱན།། རྡོ་རྗེའི་གཤོགས་པ་ན་མཁའ་གདེངས།། ཐོད་སྦྲུལ་འབར ་བའི་རྒྱུན་གྱིས་ཀླུབས།། མེ་དཔུང་འབར་བའི་ནང་ན་བཞུགས།། ཞལ་བསྣང་འབར་བའི་མཆོག་ཤི་ཤིང་།། སྤྱན་ཟློག་སྨིན་མ་ཀློག་ལྟར་འཁྲུག། ཆམས་རྔམ་དྲུག་པོས་མ་མོ་འདྲལ།། ཁྱོད་ཀྱི་ཐིག ་ང་ལ་ཡོད།། ཁྲ་སྦྱང་ཟན་ལ་འཇུག་པ་བཞིན།། སྲོག་གི་སྙིང་པོ་དམ་ལ་འདུ།། ཁྱོད་ཀྱི་དམ་རྫས་ངལ་ཡོང་།། རས་པ་ལ་རླུང་གིས་བསྐྱོད་པ་བཞིན།། ཐུན་པའི་དམ་ཚིག་དམ་ལ་འདུ།། བཀའ་དང་དམ་ལ་མི ་གནས་ནས།། གཞོབ་རྒོད་གདོགས་པས་བརྫིས་པ་བཞིན།། གསོ་ལག་མེད་པར་དམྱལ་ཐག་ཅོད།། ནིས་ཏིང་ཀུ་རུ་ནི་ཀུ་རུ་ནི།། ཁ་སོ་བ་ཏྲི་ཡམ?།། སེན་ཡེ་རུ་ཡམ་ནི་སོང་། སྙིང་ཟ་བ་ཙིཏྟ།། མ་ཤ ་ལ་ཁྲ་ག་ཐུང་།། ཤ་ལ་ཀྱི་ཁྲིད་ཀླང་ཤ་ཡ། ཏ་བ་ར་ལ་ཏོ་ཧྲི་ཧྲི་ཧཱུཾ་ཕཊ། ཏྲ་ཧེ་ཏྲ་ཧེ། གྲོག་ཤིང་ཞིང་རས་གནས་པའི་མ་མོའི་གཟུགས་ཀྱི་སྙིང་ཁར་བྲ་ག། ཙ་མ་ར་འམ་ཛ་ཏིས་བརྡ་བ། ཚམ་རྔམ ་དྲག་པོའི་སྟང་བསྟབས་བྱ།། ཞག་གསུམ་བར་དུ་གཟིར་མནན་བྱ།། དེས་ནི་གནད་ཡ་འབེབས་པར་འགྱུར།། དེ་ནས་བསྐང་ཞིང་ལས་ལ་སྦྱར།། སྤུ་གྲི་ཡ་མའི་རྒྱུད་ལས།། ཁྲོ་བོ་འཇིག་བྱེད་བསང ་བས་དབང་བསྡུ་བའི་ལེའུ་སྟེ་རྩ་གསུམ་པའོ།། །། དེ་ནས་གར་གྱི་དབང་ཕྱུག་གིས།། ཕྲིན་ལས་ཁྱད་པར་བསྟན་པ་ནི།། ཞི་བའི་ཡས་སུ་བྱ་བ་ནི།། མཎྜལ་ཟླ་བ་ཉ་ལྟ་བུ་ལྟ་བུ།། ཀུན་ནས་ཡོངས ་སུ་ཟླུམ་པ་པ།། དུར་ཁོང་ཐལ་བས་དཀར་པོར་བྱ།། དར་དཀར་ར་ས་ཡ་མ་གནས་པ།། དཀར་ཡ་མཛེས་པའི་ལྷ་མོ་གཅིག། བརྩི་གདུང་བྱམས་སེམས་མ་ལྟ་བུ།། གདུལ་བྱཱ་གང་དམིགས ་དེ་ལ་བསྐྱོག། གསང་སྔགས་འདི་ནི་ཞི་བར་བྱ།། མ་མ་ཏྲ་ག་རཀྵ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་རག་མ།། ཤན་ཏིང་ཀུ་རུ་སྭཱ་ཧཱ།། རྟག་ཏུ་འདི་ཡི་གང་གནས་པ།། གནོད་སྡིག་ཐམས་ཅད་ཞི་བར་བྱེད།། ་རྒྱས་པའི་ལས་བྱ་བ་ལ།། མཎྜལ་ཆུ་སྐྱེས་རྒྱས་པ་ནི།། གཙོ་མོ་གསེར་གྱི་ཁ་དོག་ལ།། བ་ཙན་ཕྱུག་འབན་དར་ཀ་བ་ལ།། ཙན་དན་གུར་གུམ་ཆུས་དཀྲུས་དེ།། བཟང་པོ་དྲི་དང་ལྡན་པས་གདུག། སྨན ་ལྔ་སྙིང་པོ་ལྔ་ལྡན་ཞིང་།། རྡོ་རྗེ་ཚེ་དང་བཅས་པ་ལ།། སྙིང་པོ་འདི་ནི་བསྟན་པར་བྱ།། མ་མ་ཏྲ་ག་རཀྵ་མུ་ཏྲ་ཨེ་ཀ་ཛ་ཏི་སྟེང་ཁ་རག་པུ་ཏ་ཨ་ཡུ་བ་ལ་བུཏྟི་ཧཱུཾ། པུཏྟིང་ཀུ་རུ་སྭཱ་ཧཱ། བཟླས་བརྗོད་བསྟན ་པའི་དགྲངས་ཐིམས་ནས།། ལོངས་སྤྱོད་ཐམས་ཅད་རྒྱས་པར་འགྱུར།། ལོག་ལྟ་དབང་དུ་བྱ་བ་ན།། མཎྜ་ལ་བྷ་གའི་དབྱིབས་འདྲ་བར།། ཤེས་རབ་འཚལ་གྱི་དམར་པོར་བྱ།། བུད་མེད་ན་ཆུང་མཛེས ་མ་ཡི། ཁྲོད་པར་དབང་གི་གའུ་བྱ།། འཚལ་ཆེན་དག་གིས་མ་གཅིག་བྲི།། སྲུག་མོ་མཛེས་མའི་ཚུལ་གཅིག་མ།། ཆགས་པས་ཁམས་གསུམ་དབང་དུ་སྡུད་། ་གསང་སྔགས་འདི་ནི་རང་དབང་འགྱུར།། མ་མ་ཏྲ་ག་རཀྲ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་གཾ་མ་པ་ཤང་རུ་སྭཱ་ཧཱ། ག་སང་སྔགས་ཚད་དུ་ཕྱིན་པ་ན།། ལོགས་པར་ལྟ་བ་དབང་དུ་འགྱུར།། སྦྱིན་ཐང་དབབ ་བའི་ལས་བྱ་ན།། མུ་སུ་སྐུགས་པ་རའི་ཐོད་པ་ལ།། གང་དམིགས་ཡུལ་དང་མིང་བྲིས་སྟེ།། དབབ་སྔགས་སྙིང་པོའི་ཐ་མ་བསྐོར།། སྟུག་མོ་གསུམ་གྱི་སྙིང་ཁྲག་དང་།། སྣ་ཚོགས་དུག་དང་ལོ ་ལ་སོགས།། གུ་གུལ་དུད་པས་དུག་བྱ་སྟེ།། སྨུག་མོ་འཇིག་པའི་ཆ་བྱད་ཅན།། ཐོང་པ་ཁྲག་གི་རྒྱ་མཚོའི་ནང་།། ཁྲག་གི་སྨིན་ཐང་འདེབས་པའི་བདག། ཉུང་ཀར་ཁྲག་ཀ་མ་གུ་གུལ་ལ། ་སྦྱིན་ཐང་སྙིང་པོ་འདི་ཡིས་དཔག། མ་མ་ཏྲ་ག་རཀྵ་མུ་ཏྲ།། ཨ་ཀ་ཛ་ཏི་སྙིང་ཁ་རག་མདུང་བྲོམ།། ཀར་པྲོ་མ། ཤུད་ཏི་པྲོ་མ། ཡུག་ཏི་སྨིན། ཤར་ཤར་སཏྭ་ཧྲི་ལ་བྷྱོ།། ཆུ་འཁྱགས ་སྙིང་པོར་དྲིལ་བའི་སྔགས།། སྒྲུབ་པོས་ནི་ནན་ཏན་བྱ།། ཆུ་རྣམས་སྙིང་པོ་དྲིལ་བ་དང་།། ཁྱད་པར་དུས་ཚོད་གཟའ་ལ་གཏང་།། བདག་པོ་གནས་པའི་སྟེན་ས་རུ།། སྦྱིན་ཐང་ཟོར་ཐུན་དབབ་པར་བྱ།། ་ཏྲ་ག་རཀྐ་ས་མ་ཡ་སྙིང་ཁ་རག་ཡུལ་ཆེ་གེ་མོ་དུག་ཕྲོམ། ཀར་ཕྲོ་མ་གུ་ཏི་ཕྲོ་མ། ཡུ་ག་ཏི་སྨིན། ཤར་ཤ་ཏི་ཏྲིལ་ཚ་ལ་པ་ཐུན་བྷོ།། གུ་གུལ་དུད་པས་ཡུལ་བདག་གཟིར།། ཁྲག་གི་སྦྱིན་ཐང ་གྲོ་བུར་དབབ།། ལྷས་ངན་དབབ་པའི་ལས་བྱ་ན།། སྣརེལ་དྲི་མོའི་ཐོད་པ་རུ།། གྷས་ངན་སྣ་ཚོགས་སྙིང་ཁྲག་བསགས།། དུར་ཁྲོད་རས་ཀྱིས་ཁ་བཅང་ལ།། ཞིང་ཆེན་གསེར་བའི་ལྡིང་ཁང་དབྱུག ་འབྲུ་སྣ་ཚོགས་པའི་ཕྱེ་བརྟགས་ལ།། ལྟས་ངན་ཤ་ཁྲིག་སྙིང་དང་བསྲེ།། ལྟས་ངན་རྒྱལ་མོའི་གཟུགས་བྱས་ཏེ།། དཀྱིལ་འཁོར་གྲུ་གསུམ་ཨེ་ལ་བཞག། སྣ་ཚོགས་ལྷས་ངན་གཟུགས་ཀྱིས ་བསྐོར།། ལེབ་རྒན་དར་གྱི་གུར་ཕུབ་ལ།། ལྷས་ངན་སྣ་ཚོགས་བསྒྲུབ་པར་བྱ།། ཉུང་དཀར་སྔགས་ལ་ཐུན་དུ་བླུགས།། ལྟས་ངན་རྒྱལ་མོ་འབར་བ་བསྐུལ།། སྙིང་པོ་འདི་ནི་བརྩོན་བྱར་ནས།། དངོས ་སམ་ཕྱོགས་སུ་ཐུན་འཕངས་ལ།། ལྟས་ངན་སྣ་ཚོགས་ཕང་ཁྲོ་ལ་བྱེད།། མ་མོའི་བྲོ་བྲང་ཐེབ་པའི་རྟགས། མ་མ་ཏྲ་ག་རཀྵ་མུ་ཏྲ། ཨེ་ཀ་ཛ་ཏཱི་སྙིང་ཁ་རག་ཧེ་ཧེ་མ་བདུན་ཙ་ཡ། ཀང་ཀེ ་པྲི་ལ་དན་རྩེ་ཡ་ཀྱིད་ཀྱིང་ཕོབ་ཡོ།། ཡ་མ་ལིང་ཤ་མ་ལིང་། ཤ་མ་ལིང་། མི་ཤ་ཛ། མི་ཤ་དུན་ཛ་བོ་བ་ཡ། འུར་འུར་ཏྲ་བ་ཏྲ་བ་ཐིབ་ཐིག་ཀྱིད་ཀྱིང་དུན་དུན་པོ་བ་ཡ། ཙི་བི་ལི་དུར་ཡག ་ཤིང་འདུའུ་འདུའུ་ཤྲི་བ་ལ་དུན་ཙེ་ཕོ་བ་ཡ། དབབ་པའི་སྦྱོར་བ་བཙམ་པ་མིན།། རིགས་སྔགས་སྦྱོར་བཟློག་པའི་ལས།། སྨིན་པའི་ས་ལ་བྱས་པ་ཡི།། མཆོད་རྟེན་དམར་པོ་ཁྲུ་གླང་བ།། བུཿ ་བར་ཟློག་པའི་འཁོར་ལོག།། རི་རབ་ནང་དུ་བསད་པའི་ལས།། འོག་ཏུ་མནན་པའི་འཁོར་ལོ་ཡི།། འཁོར་ལོ་རྩིབས་འཆེན་ཡིག་འབྲུ་རེ།། ལས་སྔགས་རྩ་བའི་ཡི་གེ་ལ།། མིང་དབྱངས ་ཀྱི་ཡི་གེའི་བསྐོར།། ལིང་ཀ་ཕུར་བ་གནང་དང་བཅག། དབང་བསྐུར་བྱིན་བརླབས་ཐོབ་བཱ་ས་ལ།། རབ་ཏུ་དབེན་པའི་གནས་སུ་བཞག། དེའི་གསང ་སྔགས་རིམ་པ་ནི།། མ་མ་ཏྲ་ག་རཀྐ་མུ་ཏྲ་ཨེ་ཀ་ཛ་ཏི་སྙིང་ཁ་མ། ཨེ་ཀ་དུ་ན་བཟློག། མ་ཧཱ་དུན་ས་ག་དུན་ཟློག། ཙ་དུར་སྙིང་ན་ཟློག། ར་ཙ་དུན་ཟློག། གཅིག་ཏུ་དྲིལ་ཞིང་སྐབས་སུ ་གཏོར། སྤྱི་དང་ཁྱད་པར་ཟློག་པའི་ལས།། གསད་པའི་སོ་ལ་མཱ་ར་ཡ།། གནན་པའི་སོ་ལ་སྙམ་པ་ཡ་ན་ན།། ཅི་དང་ཁྱད་པར་ཟློག་པ་ནི།། གཅིག་ཏུ་དྲིལ་ཞིང་སོ་སོར་གཏོར།། གང་ལ་བྱ ་བ་དུས་དང་སྦྱར།། གང་དམིགས་དེ་འགྲུབ་གདོན་མི་བྲ།། སྤུ་གྲི་ཡ་མའི་རྒྱུད་ལས།། ཕྲིན་ལས་ཁྱད་པར་སོ་སོར་བསྟན་པའི་ལེའུ་སྟེ་རྩ་བཞི་པའོ།། །། དེ་ནས་དཔལ་པདྨ་གར་གྱི ་དབང་ཕྱུག་གི། འབར་མ་དབྱིངས་ཀྱི་ར་ལ་གཅིག་མའོ།། སྐུ་དང་གསུང་དང་ཐུགས་ཀྱི་གཏེར།། ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱང་།། ཁྱད་པར་ཐབས་ཀྱི་རིམ་པ་ཡིས།། དངོས་གྲུབ་དྲངས་དབང་བསྒྱུར ་བ་དང་།། ལྷ་སྤྱོང་སོ་སོར་བསྟན་པ་ལ།། འདུས་པའི་འཁོར་རྣམས་ཡི་རངས་སྟེ།། མངོན་པར་བསྟོད་ནས་སོ་སོར་དེངས།། གར་གྱི་དབང་ཕྱུག་ཡབ་ལ་ཐིམ།། དབང་ཆེན་མི་གནས་དབྱིངས་སུ་གནས།། སྤུ་གྲྀ ་ལ་མའི་རྒྱུད་ལས།། བསྟན་པའི་རྒྱུད་ཀྱི་དོན་ཡོངས་སུ་བསྟན་ལ་བབ་ནས།། རྗེས་སུ་ཡི་རང་ཞིང་མངོན་པར་སྟོང་པའི་ལེའུ་སྟེ་རྩ་ལྔ་པའོ།། ། སྒྲ་གྲི་ཡ་མའི་རྒྱུང་རྫོགས་སོ།། རྒྱ་གར་གྱིས ་ན་ན་ཤེས་དང་།། ཁང་ཀྱིས་པང་པན་དག་སོང་ས་བ་ག་ཀྱིས་བསླ་ཀྱུས་དྷཱ་ག་ཏམ་ལམ་། ་