| Wylie | e-texts produced with BDRC’s OCR application |
སུ་ཡི་རངས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་གྱི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། སྣ་སྣེ་གྱི་བསྒྱུར་བའོ།། རྒྱ་གར་སྐད་དུ།། ཨེ་ཀ་ཛཱ་ཊི་མ་ཧཱ་མོ་གཽ་ཤྭ་རི་ཏནྡ།། ད ་སྐད་དུ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་དུས་གཅིག་ན།། བཅོམ་ལྡན་འདས་དེ ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གྱི་གནས།། ཡུམ་གྱི་བྷག་རྣམ་པར་དག་པའི་དབྱིངས་ན་བཞུགས་སོ།། ཉིད་ལས་མི་བཞན་པའི་དེ་བཞིན་གཤེགས་པ་དང་མཛེས་པའི ་མ་མོ་ཆེན་མོ་ཀཽ་རི་དང་།། ཙཽ་རི་དང་།། པྲ་མོ་ཧ་དང་།། བེ་ཏ་ལི་དང་། པུཀྐ་སི་དང་། གྷསྨ་རི་དང་། སྨ་ཤ་ནི་དང་། ཙནྡ་ལི་ལ་སོགས་པ་དང་། གཞན་ཡང་སེང་གེ་མགོ་ཅན་དང་། དེ་བཞིན་དུ་སྟག་དང་། ཝ་དང་། སྦྱང ་ཀི་དང་། བྱ་རྒོད་དང་། ཀང་ཀའི་མགོ་དང་། བྱ་རོག་གི་མགོ་དང་། འུག་པའི་མགོ་ཅན་ལ་སོགས་པའོ།། གཞན་ཡང་ལྕགས་ཀྱུ་ཅན་དང་། ཞགས་པ་དང་། ལྕག་སྒྲོགས་དང་། དྲིལ་བུ་ཅན་ལ་སོགས་པ་དང་ལྡན་པར་འགྱུར ་རོ།། གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་བཞུགས་སོ།། དེའི་ཚེ་དེའི་དུས་ན་འདི་ཉིད་ཀྱི་འདི་ལྟར་རང་བཞིན་གྱི་དཀྱིལ ་འཁོར་ཡུམ་གྱི་བྷ་ག་རྣམ་པར་དག་པ་མ་མཐོང་བ་རྣམས་ནི། གནོད་སྦྱིན་དང་། སྲིན་པོ་དང་། སྲིན་མོ་དང་། མ་མོ་དང་། མཁའ་འགྲོ་མ་ལ་སོགས་པ་ནི། ཁྲག་འཐུང་བ་དང་། ནུས་པ་ལ་སོགས་པ་ཡང་འཆའ་ཞིང་། སྲོག ་ཕྲོག་པར་བྱེད་པ་དང་རྣམ་པར་འཚེ་སྟེ། གཞན་གྱི་ནི་འདུལ་བའི་དུས་ལ་མ་བབ་པར་གྱུར་པ་དང་། དེའི་ཚེ་དེའི་དུས་ན། གསང་བའི་བདག་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་རྡོ་རྗེ་ཧེ་རུ་ཀ་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བདག་ལ་བྱིན་གྱིས་བ་རླབ་ཏུ་གསོལ། སེམས་ཅན་གྱི་དོན་ལ་དབང་སྐུར་བ་དང་། དཀྱིལ་འཁོར་བསྟན་པ་དང་། སྦྱིན་སྲེག་དང་། དམ་ཚིག་དཔོག་པ་དང་། མཆོད་པ་བྱ་བ་དང་། མངོན་པར་བྱང་ཆུབ་བསྟན་པ་དང་། ་སྦྱོར་པ་བསྟན་པ་དང་། ་སེམས་དཔའ་གསུམ་གྱི་ཁྱད་པར་བསྟན་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསྟན་པ་དང་། ལྟ་བསྟན་པ་དང་། གསང་སྔགས་བསྟན་པ་དང་། དངོས་གྲུབ་ཐོབ་པའི་ཚུལ་བསྟན་པ་དང་། ལས་ཕྲ་མོ་རྣམས་བསྒྲུབ་པ ་ཐོང་པར་མཛད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ།། ཕྱག་ན་རྡོ་རྗེའི་དུས་ལ་བབ་པར་ཤེས་ནས། ཁྱོད་སྦྱོར་བ་གཉིས་དང་ལྡན་པར་བྱས་སོ།། རྒྱུད་ཡོངས་སུ་བཟུང་བའི་སྦྱོར་བ་དང་། ་དཀྱིལ་འཁོར་རྣམ་པར་བཞིན་པའི་བདག་པོ་བྱོས་ཤིག། དེ་ནས་གསང་བའི་བདག་པོས་ཚུལ་གཉིས་ལ་སྙོམས་པར་ཞུགས་ཏེ།། གཅིག་ལ་ནི་དེ་བཞིན་གཤེགས་པའི་ཐད་དུ་ཐལ་མོ་སྦར་སྲིན་མོའི་ཚུལ ་དུ་སྦྱར་དབང་ནོད་པར་གྱུར་ཏོ།། གཉིས་པ་ནི། སྟོན་པ་ལ་རྒྱུད་ཀྱི་དོན་རྣམས་ཡང་དག་པར་དྲི་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པས་ཉི་ཟླའི་སྟེང་ལྷ་མོ་བཅུ་དྲུག་བཞུགས་ནས། ཧ་དང་ཧེར་གྱུར་པ་རྣམས་ཡིག་འབྲུ ་རྣམས་བཟུང་སྟེ་སྤྱི་བོར་གཞག་པ་དང་། སྐུ་དང་དབུ་དང་ཕྱག་མཚན་རྣམས་རིམ་པར་རྫོགས་ཏེ་འུག་པའི་མགོ་རྣམས་ལ་ཐུག་པ་རྣམས་སྔགས་འདིས་བྱིན་གྱིས་རཱ་ག། བཛྲ་གཽ་ར། ཙཽ་རི། པྲ་མོ་ཧ། བེ་ཏི་ལ། པུཀྐ་སིདྷསྨ་རི།། ་སྨ་ཤ་ནི། ཙནྣ་ལི། སིདྷ་མུ་ཁ། བྱཱ་གྷི་མུ་ཁ། སྲི་ལ་མུ་ཁ། ཤཱ་ན་མུ་ཁ། གྲྀ་དྷ་མུ་ཁ། ཀངྐ་མུ་ཁཁ་ཁ་མུ་ཁ། ཧུ་ལུ་མུ་ཁ། ཨ་བྷི་ཥཉྫ་ཧཱུཾ། ཞེས་གསུངས་པ་དང་། དམ་ཚིག་ལྷ་མོ་དབུ་བཅུ་བདུན་ཕྱག་སུམ ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་རོ།། གསང་བར་ལས་གྱུར་འདི་ཉིད་ལ།། ཡེ་ཤེས་རྣམས་ཀྱི་དབང་བསྐུར་བ།། རྫོགས་པའི་ཚུལ་གྱི་ཕྱག་རྒྱ་ཆེ།། བྱིན་བརླབས་གཉིས་མེད་ཐོབ་པར་ཤོག། དེ་ནས་ཕྱག་ན་རྡོ་རྗེས ་གསོལ་པ། བཅོམ་ལྡན་འདས་དེའི་དཀྱིལ་འཁོར་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་གསུངས་པ།། ལྟེ་བ་མུ་ཁྱུད་དང་བཅས་པ་རྣམ་པར་དག་པ་འདི་ཉིད་ཀྱིས།། དཀྱིལ་འཁོར ་ལྷ་ཡང་བྱིན་གྱིས་བརླབས།། ཡེ་ཤེས་འབར་བའི་འཁོར་ལོ་བཞི།། དཀྱིལ་འཁོར་རྣམ་པར་དག་པའི་གནས།། གཞལ་ཡས་ཁང་གི་བར་ཁྱམས་ནི།། གྲུ་ཆང་རྩིབས་མཚམས་བཅས་པ་ལ།། ཡུལ་དང ་ཤེས་པ་རྣམ་པར་དག། དཀྱིལ་འཁོར་ལྷ་ནི་སྒོ་བཞིའོ།། འདི་ལྟ་སྟེ།། དཀྱིལ་འཁོར་ལྟེ་བ་དང་། འཁོར་ལོ་དང་། བར་ཁྱམས་དང་། སྒོ་ཁྱུད་དང་། ལྕགས་རི་དང་། རྡོ་རྗེའི་ཕྲེང་བ་དང་། མེའི་ཕྲེང ་བ་དང་། དྲ་བ་དང་དྲ་བ་ཕྱེད་པ་དང་། མཚོ་དང་བྱ་དང་། ཤིང་དང་། གཅན་གཟན་དང་། དུར་ཁྲོད་ལ་སོགས་པའི་ཕྱི་རོལ་བརྒྱན་པའི་ནང་ན། མ་མདོང་། མཁའ་གྲོ་དང་། སྲིན་མོ་ལ་སོགས་པ་རྣམ་པར ་དག་པ་ཅན་མ་ཡིན་པ། དཀྱིལ་འཁོར་གྱི་ལྷར་གཏོགས་པ་རྣམས་ཀྱིས་བསྐོར་བའོ།། དེའི་དབུས་ན་དཔལ་རལ་པ་གཅིག་མ་དབུས་ཀྱི་ལྕགས་རླུང་འཆུབས་མའི་ནང་ན། དྲེའུ་རྐང་གསུམ་ཞོན་པ། མཆེ་བ ་རྣམ་པར་གཅིག་པར་གྱུར།། བམ་ན་ག་ར་ལ་པ་གཅིག་ཏུ་དྲིལ་བ། རེ་ལྡེ་དང་། གླང་གིས་ཀོ་བས་ཤམ་ཐབས་བྱས་པ། སྦྲུལ་གྱི་རྣ་ཆ་དང་། སེང་གོས་བརྒྱན་པ། ལྟེ་བའི་སྟེང་ན་ཉི་མ་དང་། སྤྱི་བོའི་གཙུགས ་ནས་ཟླ་བ་འཆར་བ། སྤྱན་གསུམ་དང་ལྡན་པ། ལག་པ་གཡས་པས་རླུང་ནག་གིས་ནང་ནས་རལ་གྲི་འབྱིན་པ། ལག་པ་གཡོན་པས་རིན་པོར་ཆེའི་ནེ་ལེ་འཛིན་པ། གཞན་ཡང་དུར་ཁྲོད་ཀྱི་ཆས་ཀྱིས ་ཚང་བ། མིའི་རྒྱུ་མ་ལུགས་ཀྱིས་བཀང་བས་ཞལ་དུ་གསོལ་པ། གཞན་ཡང་སྒེག་པ་དང་། དཔའ་བ་དང་། སྤྲོ་བ་དང་། རྒོད་པ་དང་། ཁྲོ་བ་དང་། འཇིགས་སུ་རུང་བ་དང་། རྨད་དུ་འབྱུང་བ་དང་། ་སྙིང་རྗེ་བ་དང་། ཞི་བ་ལ་སོགས་པ་དང་ལྡན་པར་འགྱུར་རོ།། དེ་ནི་འདི་ལྟ་སྟེ། མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། རལ་གྲི་ནི་ལེ་ཡང་དག་འཛིན།། མཐིང་ནག་ཀེ་རི་དབྱུགས་པ་ཁྲག། ཙཽ་རི་འབྲེལ ་པཾ་མདའ་གཞུ་འགེངས།། པྲ་མོ་ག་ཡ་སེ་ན་ཆུ་སྲིན་ཕྱར།། པེ་ཏ་ནག་མོ་རྡོ་རྗེ་ཕྱར། པུཀཱ་ལག་ན་རྒྱ་ཞག་འདྲེན།། གྷསྨ་ཁྲག་ཆེན་འཐུང་ཞིང་འཁྲག། སྨ་ཤ་ལོག་ལྟོ་བྱི་སྙིང་ཟ། ཙཎ་འཁོར་བའི ་མགོ་ལུས་འབྲེལ།། སེང་གེ་སྟག་གི་ཕྱག་བསྣོལ་ཏེ། ཝའི་ཕྱག་གིས་སྒྲ་སྙིང་ལྡག། སྤྱང་ཀིའི་མགོ་བོའི་སྙིང་ལ་འདྲད།། བྱ་རྒོད་སྤུ་གྲི་བནྡྷ་འཛིན།། ཀངྐ་མགོ་ཡི་ཞིང་ཕྲག་གཟིགས།། བྱ་རོག་མགོ ་ཡིས་གྲི་ཐོད་འཛིན།། འུག་པའི་མགོ་ཡིས་ལྕགས་ཀྱུ་ཁྲག། སྨོས་པའི་ཕྱག་མཚན་ཅན། གཞན་ནི་བཏང་སྙོམས་མཛེས་པ་དང་། གཉིས་ཀ་གང་མོས་རྫོགས་པའི་ཕྱག། སྐུ་ནི་ཐམས་ཅད་དབྱིངས་སུ ་གཅིག། དཀྱིལ་འཁོར་འདི་ཡིས་ལས་རྣམས་བྱེད། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། དབང་བསྐུར་བ་དང་། དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་དང་པོའོ།། ་དེ་ནས་གསང་བའི་བདག་པོས་གསོལ་པ། བཅོམ་ལྡན་འདས་སྦྱིན་སྲོག་གིས་ལས་ཀྱི་སྦྱོར་བ་ཇི་ལྟ་བུ་གྲུབ་པ་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་སྟེ ་སྟེ། དཀྱིལ་འཁོར་ཆེན་པོའི་ཤར་ལྷོའམ།། ཡང་ན་བྱང་ཤར་ཉིད་ཀྱང་རུང་།། དེ་བཞིན་ལྕོ་དང་ལྡན་ཏུ་ཡང་།། གཟུགས་འཛིན་པ་དབ་པ་ཞལ་བྲི་སྟེ། མདོག་ངན་ཁམས ་ནག་རལ་པ་ཅན།། ཤེལ་མིག་ཁྲོ་གཉེར་ཁ་ཟུར་གསུམ།། ཚེར་མ་ཅན་གྱི་ཤིང་དག་ལ།། དུག་ཤིང་བརྩེགས་པའི་ཡམ་ཤིང་བྱས།། གནོད་པའི་མིང་རུས་དུ་མ་རྣམས།། རེ་རེའི་སྔོན་དུ་གསང་སྔགས་ལྡན།། ་བདག་ཉིད་འདོད་ལྷའི་ང་རྒྱལ་གྱིས།། རང་བཞིན་གནས་ནས་དགུག་དང་དང་གཞུགས།། གཞན་ཡང་བྱས་ཏེ་རྟེན་འབྲེལ་ནི།། གླང་ཆེན་ཀླད་པ་མི་དབང་ཤ། བྱ་རོག་འུག་པའི་ཤ་ཚིལ་དང་།། ཤ་ཁྲག་རོའི ་རྡུར་ཁྲག་སོགས་སྦྱར་ནས་བཏབ་པའི་སྔགས་འདི་ཡིན།། ཨོཾ་ཙ་ལ་ཨ་ཤུག་མེ། སརྦ་ཤདྡྷ། ཨ་མུ་ཀཾ། ད་ཧ་ད་ཧ། པ་ཙ་པ་ཙ། སྨྲས་ཀུ་རུ་ཀུ་རུ་ཙུ་ཧཱུ~ཾ་ཕཊ། མེ་ནི་སྔོ་གནག་དམར་བ་ཡིན།། ལྗང་ནག ་དུང་ཁ་བཙུག་ཏུ་འཁྱིལ། ཁམ་པའི་ཚུབ་ལོ་བྱེད་འདྲ།། འཚུབ་མ་ཚ་ཞིང་ཚ་ཚ་འཕྲོ།། བབ་པའི་མེ་ལྕེ་ལྟ་བུ་ནི།། དྲག་པོ་སྦྱིན་སྲེག་ལྟ་བུ་ཡིན། དྲག་པོ་ཕྱིའི་ཞེ་གནས་ལ།། རྟེན་ན་གང་གིས་སྦྱིན ་སྲེག་གྲུབ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། སྦྱིན་སྲེག་ལེའུ་སྟེ་གཉིས་པའོ།། ། ཕྱག་ནི་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་རྣལ་འབྱོར་ཆེན་མོ་རལ་གཅིག ་མའི་དམ་ཚིག་ཇི་ལྟ་བུ་ལགས།། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་རལ་པ་གཅིག་པའི་དམ་ཚིག་གི་ནི་འདི་ལྟ་སྟེ། བདེན་པ་ལ་ཐེ་ཚོམ་མེད་པ་དང་། ཆོས་ཉིད་ལ་ཐེ་ཚོམ ་མི་ཟ་བ་དང་། གསང་སྔགས་དགའ་བ་དང་། སྲིད་པ་ལ་མངོན་པར་ཆགས་པ་དང་། བླ་ན་མེད་པའི་དཀོན་མཆོག་གསུམ་ལ་བྲང་དོར་མི་བྱེད་པ་དང་། གསང་སྔགས་ཀྱི་སྒྲ་མི་གཅོད་པ་དང་། གསང ་སྔགས་ཀྱི་ལྷ་སྤྱོད་དམན་པ་ལ་མི་བརྗོད་པ་དང་། དཀོན་མཆོག་གི་སྐྱབས་ན་འདུག་པ་ལ་བྱམས་པ་དང་། གསང་བའི་དམ་རྫས་དང་མ་བྲལ་བ་དང་། བླ་མ་སློབ་དཔོན་གྱི་ཐུག་འཛིན་པ་ལ་གུས་པ་དང་། ་དམ་ཚིག་འདྲེས་པ་རྣམས་ལ་གསང་བའི་ཚང་མི་འབྲུ་བ་དང་། ཐུན་མོང་གི་དངོས་གྲུབ་ཀྱི་མི་གདུང་བ་དང་། གཞན་དང་པའི་ཚོགས་མི་ཅོག་པ་དང་། སྡིག་པ་ཅན་དང་འཛའ་བར་མི་ཕྱེད་པ་དང་། བུད་མེད ་ཐམས་ཅད་དང་།། སེམས་ཅན་ལ་རྟག་པར་འཛིན་པ་དང་། ཕྱག་ན་རྡོ་རྗེ་ལ་ཁྱད་པར་གྱི་ལྟར་མི་བྱེད་པ་དང་། ཕྱག་ན་རྡོ་རྗེ་མའི་མཚན་འཛིན་མི་བྱེད་པ་དང་། ཕྱག་ན་རྡོ་རྗེའི་ཙ་ཤ་ཡི་ཁམ་ལ ་བདེབས་པ་དང་། ས་མནོན་པར་ལུས་དང་ངག་གི་དགེ་བ་སྤོང་བ་དང་། ངམ་རྫུས་མ་ཚོགས་པར་མཁའ་འགྲོ་འབོད་པ་དང་། ལྷ་དང་དེ་བཞིན་གཤེགས་པ་ལ་བཟང་ངན་དུ་འདུ་ཤེས་མེད་པ་དང་། ་སྙིང་རྗེའི་སེམས་ཡོད་པ་དང་། དམ་བཅས་པའི་དགེ་བ་ཡོད་པ་དང་། འདི་ལྟར་དམ་ཚིག་ཉི་ཤུ་རྩ་དྲུག་མ་ཡིན་པར་དོར་ཏེ། ཡང་དག་པར་བླང་བ་དག་བླངས་ན། དཀོན་མཆོག་གསུམ་གྱི་ཕྱག ་རྒྱ་དཔལ་རལ་པ་གཅིག་མ།། མཉེས་ནས་དངོས་གྲུབ་ཐམས་ཅད་དུས་འདིར་གྲུབ་པར་འགྱུར་རོ།། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དམ་ཚིག་ཉི་ཤུ་རྩ་དྲུག་མ་ཉམས་པར་བྱེད་པའི ་@གང་ཟག་དེའི་ཕོ་ཉ་བདག་གིས་བགྱི་སྟེ། ཇི་སྟེ་བདག་གིས་མ་བགྱིས་ན། བདག་ཀྱང་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་འགས་པ་དང་། མནར་མེད་པར་དམྱལ་བ་ཆེན་པོར་རྟག་ཏུ ་འགྱུར་ཏེ། སངས་རྒྱས་ཐམས་ཅད་བདག་གིས་བསྐུས་པ་ལགས་སོ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ་གཅིག་མའི་རྒྱུད་ལས། དམ་ཚིག་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ ་ལྡན་འདས་རྣལ་འབྱོར་ཆེན་པོ་རལ་པ་གཅིག་མའི་མཆོད་པ་དབུལ་བའི་ཐབས་ངག་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་དག་ནི་ཕྱག་ན་རྡོ་རྗེ་ཉིད་ཀྱི་ཁྱད་པར་ཏེ། བྱང་ཤར་གྱི་རི་རབ་ཀྱི ་སྟེང་། ཡོངས་བསྡུས་ཤིང་ལ་གནས་པ། གནོད་སྦྱིན་མོ་ངམ་ཅན་གྱི་ཚུལ་དུ་གནས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་འཁོར་མང་པོ་མཐུ་ཆེ་བ། དེ་རང་བཞིན་གྱི་གནས་ན་བཀུག་ལ་བསྟིམ་པ་དང་། གཉིས་སུ་མེད་པར་བྱ་སྟེ། ་མཆོད་པ་ནི། སྤྱན་དྲངས་ཏེ་མཆོད་པ་དང་། འདིར་གཤེགས་མཆོད་པ་དམ་པ་བཞེས། སྐུ་མདོག་སྔོནག་རལ་པ་ཅན། རལ་པ་བསིགས་པས་སྟོང་ཁམ་གཡོས།། སྐུའི་རྒྱན་ཏེ་གནས་ཀྱི་མཆོག། ཤུགས་དྲག་ཁྱབ་འགྲོ ་གྲོག་གི་བང་། ཡུད་ཙམ་བསམ་ཡས་གནས་སུ་ཕྱིན། དབུའི་གཙུག་ན་ཟླ་གསལ་རྒྱས། མ་རིག་མུན་པ་སེལ་བའི་གཏགས། ལྟེ་བའི་དཀྱིལ་ནས་ཉི་ཤར་བས།། ཤེས་རང་ཉི་མས་སྡུག་བསྔལ་རྒྱ་མཚོ་སྐེམས། སྤྱན་ནི་སྐར་ཆེན ་ཤར་བ་འདྲ། སྤྱན་རྩ་དམར་ལ་སྡང་མིག་ཅན།། ཕྱག་གཡས་འཚུབ་མ་བསྣམས་པ་ནི།། རླུང་དམར་ནང་ནས་རལ་གྲི་འབྱིན།། མྱུར་མགྱོགས་རྫུ་འཕྲུལ་འགྲོ་བའི་རྟགས།། གཡོན་པ་ནིའུ་ལེ་བསྣམས་པ་ནི། མི་མགོ་གཅད ་ནས་སྦེད་པའི་སྣོད།། ཡན་ལག་བཞི་ནི་བསྒྲུབ་པའི་ཚུལ།། མ་གཅིག་ཐུགས་དམ་ཞལ་ཟས་སྣོད་།། མ་ལ་བཱབྷནྡྷ་བཅུད་ཡངས་པའི།། ཁོར་ཡུག་བཅས་པའི་ཏིང་འཛིན་འདི།། གསོལ་ལོ་རོལ་ཅིག་དགྱེས་པར་མཛོད།། མ་གཅིག ་ཐུགས་དམ་ཞལ་ཟས་ནི།། གསད་པའི་ཤ་དང་མྱོས་པའི་ཆང་།། བཙོས་པའི་ཤ་དང་ཁུ་བ་ཁྲག། སྲེག་པའི་གསུར་དང་རློན་པའི་ཤ།། བློ་གྲོང་ནང་རོལ་མཁལ་མར་བཅས།། རྒྱུ་མ་རྐང་དང་རུས་པ་དང་།། དམར་གྱི་ཨཿ ་རྒྱ་མཚོར་བསྐྱིལ།། གསོལ་ལོ་རོལ་ཅིག་དགྱེས་པར་མཛོད།། རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ། སརྦ་ཤ་ཏྲུ་མཾ་ས་ཙི་ཏ་གོ་རོ་ཙན་ཁ་རེ་ཁ་ཧི། མི་དབང་འབྲས་བུ་སྨིན་པའི་ཤ་ཆེན་དང་།། ཤི་ཀ་མའི་འཚལ་ཐིག་དམར ་ཤིང་ལོ་རླུང་ཁྱེར་ས་ལ་མ་རེག་དང་།། ན་ཆུང་གཞོན་པའི་བྱུང་ཚང་ཁྲག། མཐུན་པའི་མཆོད་པ་བཞེས་པར་མཛོད།། དེ་ནས་གཏོར་མ་གཏང་བར་འདོད་ན།། རྩ་བའི་ཡི་གེ་ལས་སྐུར་པ་བསྐྱེད་ནས།། སྐུ་གསུང་ཐུགས ་སུ་བྱིན་གྱིས་བརླབས་ནས། ཡཾ་ལས་རླུང་དང་། རཾ་ལས་མེ་དང་། ཨ་ལས་ཐོད་པའི་ནང་དུ། དམ་ཚིག་གི་རྫས་ཀྱི་བཀང་ནས། དེ་ཉིད་ཀྱིས་སྦྱངས་ཏེ། གཉིས་སུ་མེད་པའི་མཆོད་པའི་རོལ་པ་ཆེན་པོའི་ཚུལ་གྱིས།། ་དབུལ་བར་བྱའོ།། མེ་ཏོག་གི་རྣམ་པ་དང་། ཤིང་ཏོག་གི་རྣམ་པ་དང་། འཁུར་བའི་རྣམ་པ་དང་། ཆང་གི་རྣམ་པ་དང་། ལ་དུའི་རྣམ་པ་དང་། འདུག་པའི་རྣམ་དང་། ཤའི་རྣམ་གྲངས་དང་། ཤ་ཆེན་པོའི་རྣམ ་གྲངས་དང་། ཁྲག་ཆེན་པོས་རྣམ་གྲངས་དང་། འོ་མ་དང་ཞོའི་རྣམ་གྲངས། དེ་ལ་སོགས་པ་དག་དུས་བཞིའི་རྒྱུན་དུ་བརྩོན་པར་བྱའོ།། གདུལ་བར་བྱ་བའི་གནོད་སྦྱིན་མ་དམ་ཅན་ཐུན་མོང་ཡང་དག་པར་བྱེད་ཅིང་། ་དེའི་འཁོར་ཡང་ཤིན་ཏུ་གདུལ་བའི་ལས་བྱེད་པ་དང་། རྣལ་འབྱོར་མ་གཅིག་པུར་གྲུབ་ཡང་མཉེས་པར་གྱུར་ཏོ།། དེ་ནས་བསྒྲུབ་པའོ།། མཆོད་པ་དང་གཏོར་མའི་དངོས་གྲུབ ་སྟེར་བར་བྱེད་དོ།། རྣལ་འབྱོར་མ་གཅིག་པུ་བསྒྲུབ་པའི་རྒྱུད་ལས་མཛད་པ་དང་། གཏོར་མ་གཏང་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་མངོན་པར ་བྱང་ཆུབ་པའི་ཚུལ་གྱིས་ལྷའི་དཀྱིལ་འཁོར་བསྐྱེད་པར་བྱ་བ་ནི་གང་ལགས། བཅོམ་ལྡན་འདས་ཀྱིས་གསུངས། ཐམས་ཅད་ཆོས་ཉིད་གཉིས་མེད་སྟོང་།། དེ་བས་སྟོང་པའི་བྱང་ཆུབ་ནི།། ཀུན་རྫོབ ་ས་ཀྱ་དུ་།། གཟུགས་སྨྲས་ར།། སེམས་ཟླུ་བསྐྱེད་པ། ན་དུ་ནམསབྱུ་ཆུབ་ཡིན། གང་དག་གསུང་གི་ག་དུ་བུའི་བྱུ། ཨ་བདྡྷ ་བཏགས་པ་ནི།། མངོན་པར་བྱང་ཆུབ་ཡི་གེ་ཡིན།། དབང་པོ་རྣོན་པོས་འདུལ་བ་ཡིན།། ཐུགས་ཀྱི་ཡང་དག་དེ་སྦྱོར་བས།། སོ་སོའི་ཕྱག་མཚན་དེ་ལས་འབྱུང་།། ལུས་ངག་ཡིད་གསུམ་གདུལ་ཕྱིར་ན།། ་སྐུ་གསུང་ཐུགས་སུ་རྫོགས་པའི་ཕྱག་རྒྱ་ནི།། ཞི་གནས་བསྒྲུབ་ཕྱིར་བསྟན་པ་ཡིན།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་སེམས་གསུམ་གྱི་ཚུལ་དུ་བསྒྲུབ་པ་ནི་གང་ལགས།། བཅོམ ་ལྡན་འདས་ཀྱིས་གསུངས་པ། མངོན་པར་བྱང་ཆུབ་རྣམ་ལྔ་ཡིས།། གང་གིས་སྐྲ་ཅིག་རྫོགས་པ་ནི།། དམ་ཚིག་ཉིད་ལས་སེམས་དཔའ་ཡིས། དེ་གྲུབ་གནས་ནས་དེ་འདྲ་བ།། བྱིན་དྲངས་ཐུགས་ཀར ་བཞུགས་པ་ནི།། ཡེ་ཤེས་དེ་ལས་སེམས་དཔའ་ཡིན།། དེའི་ཐུགས་ཁར་ཏིང་ངེ་འཛིན།། སྐུ་གསུང་ཐུགས་ཀྱི་གདན་སྟེང་དུ།། སྐུ་གསུངས་ཐུགས་ཀྱི་རྒྱལ་བ་ནི།། གསུངས་གི་འཁོར་ལོའི་ཏིང ་འཛིན་སེམས།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མིའི་རྒྱུད་ལས་བཏགས་པའི་བསྐྱེད་རིམ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས ་བསོད་ནམས་མེད་པས། དེ་ལྟ་བུའི་དཀྱིལ་འཁོར་མཐོང་བ་དཀའ་བོ་ལགས་ན། དེ་དག་གིས་དོན་དུ་བསོད་མས་ཀྱི་ཚོགས་གསོག་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི ་བདག་པོ་འདི་ལྟ་སྟེ། ཏིང་འཛིན་གྱི་འོད་ཟེར་ལས་འཕྲོས་ནས་དག་པ་གཉིས་བྱས་དཀུག། བསོད་ནམས་ཀུན་གྱིས་སྣ་ལ་འགྲོ།། ཏིང་ངེ་འཛིན་ལ་ཕྱག་འཚལ་བ།། འདི་ནི་བསོད་ནམས་དང་པོ་ཡིན། ་ཡེ་ཤེས་འཁོར་ལོ་དེ་ཉིད་ལ།། ཏིང་འཛིན་མཆོད་པ་ཡན་ལག་གཉིས།། བདག་གཞན་སྡིག་དེར་བཤགས་པ་ནི།། བསོད་ནམས་དེ་ནི་གསུམ་པ་ཡིན།། གཞན་གྱི་དགེ་ལ་ཕྲག་དོག་མེད།། རྗེས་སུ ་ཡི་རང་དགེ་བའོ།། དམ་ཚིག་དེ་རྣམས་ཡང་དག་ལ།། དགེ་བ་བསྐུལ་བ་བསོད་ནམས་ཡིན།། མྱ་ངན་མི་འདས་གསོལ་བ་ནི།། བསལ་བ་བཟང་པོའི་སྨོན་ལམ་ཡིན།། དེ་དག་དགེ་བ་གང་བསྡུས ་པས།། མ་རིག་པ་ལ་སྔོས་པས་ན།། ཡན་ལག་བདུན་པ་རྫོགས་པ་ཡིན།། བསོད་ནམས་ཚོགས་པའི་ཡན་ལག་རི།། སློབ་དཔོན་བླ་མ་དག་ལ་སླབས།། དེ་བས་ཐེག་པ་ཆེན་པོར་འགྱུར།། ཆོས་རྣམས་ཐམས ་ཅད་སེམས་དཔའ་ཡིན།། སེམས་ཀྱི་བྱེད་པ་མེད་ཕྱིར་ཐབས་ཀྱི་རྒྱུ།། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་བསོད་ནམས་དེ་ལ་བསག་པས།། ཡེ་ཤེས་ཐོབ ་པར་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་གསུངས་པ།། གསང་བའི་བདག་པོ་འདི་ལྟ་སྟེ།། ཕྱག་འཚལ་བའི་ཡེ་ཤེས་ནི།། མེ་ལོང་ལྟེ་བུ་ཐོབ་པར་འགྱུར།། མཆོད་པའི་བསོད་ནམས་རྒྱུ་ལས་ནི།། ་འབྲས་བུ་གཉིས་མེད་ཡེ་ཤེས་སྐྱེ།། བཤགས་པ་ཉིད་ཀྱི་སྟོང་པ་ཡི།། སྟོང་ཉིད་ཡེ་ཤེས་ཐོབ་པར་འགྱུར།། རྗེས་སུ་ཡི་རང་བསྐུལ་དང་གསོལ། བྱ་བ་ལ་ཡང་ནན་ཏན་གྱི།། ཡེ་ཤེས་ཐོབ་པར་འགྱུར ་བ་ཡིན།། གསོལ་བ་བཏབ་པའི་ཁྱད་པར་གྱི།། ཆོས་ཀྱི་རྒྱལ་པོར་བདག་གྱུར་ནས།། འཇིག་རྟེན་འགྲོ་བ་འདུལ་བའི་ཞིང་།། རྣལ་འབྱོར་དབང་ཕྱུག་ཆེན་པོ་རལ་པ་གཅིག་པའི་རྒྱུད་ལས། བསོད་ནམས ་དང་ཡེ་ཤེས་ཀྱི་བསྒྲུབ་པ།། རྒྱ་ངང་འབྲས་བུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་རྒྱུད་འདི་ཐེག་པ་ལ་རྟེན་ནས། ལྟ་བ་ནི་གང་ལགས། བཅོམ་ལྡན ་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། ཕྱི་རོལ་གྱི་ཡུལ་ནི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་མི་ལྟ་བ་དང་། དབྱིངས་རྣམ་པར་དག་པར་ལྟ་བ་དང་། རང་བཞིན་སྐྱེ་བ་མེད་པ་ལ་བརྟེན ་ནས། སྒྱུ་མ་ཙམ་དུ་ཡང་སྐྱེ་བ་མེད་པར་མི་ལྟ་བ་དང་། ཚིག་ཙམ་དུ་ཡོད་ཀྱང་། རྟག་པ་མ་ཡིན་པར་ཤེས་པ་དང་། བདག་ཉིད་ཀྱི་ཕུང་པོ་མི་གཙང་བ་དང་། དམན་པར་མི་ལྟ་བ་དང་། བུད་མེད་ཤེས་རབ་ཀྱི་རང ་བཞིན་དུ་ལྟ་བ་དང་། སེམས་ཅན་རྣམས་སེམས་ཅན་དུ་མི་བལྟ་བ་དང་། སེམས་ཅན་རྣམས་ལ་མ་འོངས་པའི་སངས་རྒྱས་སུ་ལྟ་བ་དང་། ཐེག་པ་འོག་མ་དང་། དམན་པ་རྣམས་ལ་མི་གཤེ་བ་དང་། ཐེག་པ་འོག ་མ་དང་། དམན་པ་རྣམས་ལ་སྙིང་རྗེ་བར་ལྟ་བ་དང་། སངས་རྒྱས་རྣམས་གཟུགས་ཅན་དུ་མི་ལྟ་བ་དང་། སྒྱུ་མ་ཙམ་དུ་རང་གི་སེམས་རྟགས་ཀྱི་ཕྱག་རྒྱར་ལྟ་བ་དང་། གཉིས་སུ་རྟགས་པ་རྣམས་སེམས་ཅན་མ་ཟད ་ཀྱི་བར་དུ་སྒྱུ་མ་ཙམ་དུ་ཡོད་པར་ལྟ་བ་དང་། སེམས་ཅན་གྱི་དུག་རྣམ་པར་དག་པ་ཙམ་ནི། ཐ་སྙད་ཀྱང་མི་གནས་པར་ལྟ་བ་ནི། ཐུན་མོང་གི་ལྟ་བའོ།། གསང་བའི་བདག་པོ། འདི་ཁྱད་པར་གྱི་ལྟ་བ་ནི། དཔལ ་རལ་པ་གཅིག་མ་རྣམས་གནོད་སྦྱིན་མོར་མི་ལྟ་བ་དང་། དཔལ་རལ་པ་གཅིག་མ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེར་ལྟ་བ་དང་། གསང་བའི་བདག་པོ་དཔལ་རལ་པ་གཅིག་མ་གུད་ན་ཡོད་པར་མི་ལྟ་བ་དང་། ་དཔལ་རལ་པ་གཅིག་མ་རང་གིས་སེམས་དེ་ལྟར་བྱིན་གྱིས་བརླབས་པར་ལྟ་བ་དང་། དཔལ་རལ་པ་གཅིག་མའི་གདུལ་བྱར། དཔལ་ལྡན་བོང་ཞོན་མ་གནོད་སྦྱིན་མོར་མི་ལྟ་བ་དང་། དཔལ་ལྡན་བོང་ཞོན་མའི ་འཁོར་ནི་བྱང་ཆུབ་སེམས་དཔར་མི་ལྟ་བ་དང་། དཔལ་ལྡན་བོང་ཞོན་མའི་འཁོར་གྲག་པ་བསོད་ནམས་ཅན་དུ་བལྟ་བ་དང་། དཔལ་ལྡན་རལ་གཅིག་མ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གོ་འཕང ་ཐོབ་པར་མི་ལྟ་བ་མིན་པ་དང་། དཔལ་རལ་པ་གཅིག་མ་ལབརྟེན་ནས། དེ་བཞིན་གཤེགས་པའི་གོ་འཕང་དུ་ལྟ་བ་དང་། དམ་རྫས་མེད་ཀྱང་དམ་ཚིག་མ་ཉམས་ལ། སྔགས་དང་ཏིང་འཛིན་ཡོད་པས ་ལྡན་སོང་ཁོན་མའི་ས་བརྒྱད་པའི་བྱང་ཆུས ་བདག་གིས་གྲུབ་པ་ཐོབ་པར་འགྱུར་བར་མི་ལྟ་བ་དང་། ཏིང་ངེ་འཛིན་དང་སྔགས་དང་དམ་ཚིག་མ་ཉམས་ཀྱང་དམ་རྫས་མེད་ན་དཔལ་རལ་པ་གཅིག་མའི་གདུལ་བྱ། བྱང་ཤར ་གྱི་འཕགས་མ་བོང་ཞོན་གྱི་འཁོར་གདུག་པ་ཅན་བསོད་ནམས་ལས་གྲུབ་པ་རྣམས། བདག་ལ་མི་དག་པས། ཐུན་མོང་གི་དངོས་གྲུབ་མྱུར་དུ་མི་འོངས་པར་ལྟ་བ་དང་། ཆོས་རིང་ལྟ་བུ་སྣོད་རིགས་ཀྱི ་མཆོག་བྲམ་ཟེའི་རིགས་ཡིན་པར་ལྟ་བ་དང་། གསང་བའི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་མཐུ་ཕུན་སུམ་ཚོགས་པར་ལྟ་བ་དང་། མཐུས་ནི་ཉོན་མོངས་པར་གསོད་པར་བལྟ་བ་དང་། ཉོན་མོངས ་པ་ཆུང་ན་ནི། ཐུན་མོང་གིས་མཐུས་ན་མཁའ་ལ་གྲོ་བ་དང་། ཆུ་ལ་མི་འབྱིངས་པ་དང་། གཞན་གྱི་སེམས་ཤེས་པ་དང་། རྒན་པོ་ལས་གཞོན་པར་ནུས་པ་དང་། གཞོན་པ་ཉིད་མི་འགྱུར་བ་དང་། ཚེ ་རིང་བ་དང་། མི་ལ་སོགས་པའི་སེམས་ཅན་སོས་པར་འགྱུར་བ་དང་། ཆར་པ་དབབ་པར་ནུས་པ་དང་། ཆར་ལ་སོགས་པ་གཅད་པར་ནུས་པ་དང་། གཞན་ཡང་སྐ་དཀར་མེད་པ་དང་། གཉེར་མ ་ཡང་ནུབ་ཏེ་ནུབ་པ་དང་། ཤེས་པརྣོ་བ་དང་། གཞན་གྱི་དབང་བྱས་པའི་རྫས་མཐོང་བ་དང་། སེམས་ཅན་མཐུ་ཆེ་བ་རྣམས་དང་འདྲི་ལ་ཡང་ཉམས་པ་ལས་ལྷག་པའི་ཚུལ་སྟོན་པར་ནུས་པ་ལ ་སོགས་པ་ཨང་གང་ཟག་ཞིག་ཉོན་མོངས་པ་རླུང་བར་མཐུའི་ཤུགས་ཀྱི་སོང་བར་འགྱུར་ཏེ། འདི་ལྟར་ལྟ་བར་བྱའོ།། རྣལ་འབྱོར་ཆེན་པོ་རོལ་པ་གཅིག་མའི་རྒྱུད་ལས། ཐུན་མོང་དང་ཁྱད་པར ་གྱི་ལྟ་བ་བསྟན་པ་སྟེ། ལེའུ་བདུན་པའོ།། །། ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཐེག་པ་ཆེན་པོའི་རྣལ་འབྱོར་གྱིས་སྤྱོད་པ་ནི་ཇི་ལྟ་ཇི་ལྟར་སྤྱད་པར་བགྱི། བཅོམ ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་སྤྱོད་པ་ནི་འདི་ལྟ་སྟེ། དམ་རྫས་ལྔ་ལ་ཐོགས་པ་མེད་པར་སྤྱོད་པ་དང་། འཇིགས་པ་མེད་པ་དང་། དཔའ་བདུད།། རྒོང་པོ་ཆེན་པོ་དང་། ཤ ་ལ་ལོངས་སྤྱོད་པ་དང་། ཕྱག་ལས་མཁས་པ་དང་། འཇིགས་པའི་སྟབས་ལ་མཁས་པ་དང་། དཀྱིལ་འཁོར་གྱི་ལས་མཁས་པ་དང་། ཐབས་དང་ཤེས་རབ་ཀྱིས་སྤྱོད་པ་ལ་མཁས་པ་དང་། བྲོ་གར་ལ་མའ ་པ་དང་། འདུ་འཕྲོ་ལ་མཁས་པ་དང་། གླུ་ལ་མཁས་པ་དང་། གར་ལ་མཁས་པ་དང་། མཆོད་པ་ལ་གོམས་པ་དང་། ཐུན་མོང་གི་སྤྱོད་ལམ་མོ། ཁྱད་པར་གྱི་སྤྱོད་ལ་མན། དུར་ཁྲོད་ན་འདུག་པ་དང་། ཤ་ཆེན ་བཟའ་བ་དང་། བོང་བུ་ལ་ཕྱིན་ཕྱོགས་ཞན་ནུས་པ་དང་། རེ་འགྱོན་པ་དང་། གཅེར་བུ་བྱུང་བ་དང་། ས་མ་ཡའི་སྒྲ་ལ་མཁས་པ་དང་། མི་དབང་མེད་མར་དུ་བལྟམས་ཏེ་འགྲོ་བ་དང་། འདུག་པ་དང་། བསྐོར་བ་དང་། ་ཞིང་གི་ལྤགས་པ་གྱོན་པ་དང་། རྨ་བྱའི་རྒྱལ་མཚན་དང་ལྡན་པ་དང་། དུང་ཆེན་པོ་འབུད་པ་དང་། རུས་པའི་ཕྲེང་བ་འདྲེན་པ་དང་། དཔལ་རལ་པ་གཅིག་མ་དང་། འཕགས་པ་བོང་ཞོན་མ་གཉིས་སུ་མེད་པར ་མཆོད་པ་ལ་བརྩོན་པ་དང་། ཁྲོ་ཟའི་ཏིང་ངེ་འཛིན་ལ་མཁས་པས། འཁོར་འདུལ་ལ་མཁས་པ་དང་། ཚིལ་ཆེན་གྱི་མེ་མར་འབུད་པ་དང་། ཤ་ཆེན་གྱི་ལྷ་བཤོས་འབུལ་བ་དང་། ཁྲག་ཆེན་པོའི་ཨན་འདུལ ་བ་དང་། བདུད་རྩི་དྲི་ཆབ་དབུལ་བ་དང་། ཤ་ཆེན་གདུག་པ་དབུལ་བ་དང་། དབང་པོ་རྣམས་ཀྱི་མེ་ཏོག་འབུལ་བ་དང་ཞི་བ་ལ་ཞི་བའི་སྤྱོད་ལམ་ཤེས་པ་དང་། རྒྱས་པ་ལ ་རྒྱས་པའི་སྤྱོད་ལམ་ཤེས་པ་དང་། དབང་ལ་དབང་གིཥྛ་མ་ཤེས་པ་དང་། འདུག་པའི་སྤྱོད་ལམ་ཤེས་པ་དང་། ཉལ་བའི་སྤྱོད་ལམ་ཤེས་པ་དང་། འགྲོ་བའི་སྤྱོད་ལོམ་ཤེས་པ་དང་། ངལ་གསོ་བའི ་སྤྱོད་ལར་ཤེས་པ་དང་། བཟའ་བའི་སྤྱོད་ལམ་ཤེས་པ་དང་། བཤང་གཅི་བའི་སྤྱོད་ལམ་ཤེས་པ་དང་། བཏང་བའི་སྤྱོད་ལམ་ལ་སོགས་པ་ནི། ཁྱད་པར་གྱི་སྤྱོད་ལམ་དེ་ཐམས་ཅད་ལྷའི་རང་བཞིན ་དུ་གྱུར་པ་དང་། སེམས་དཔའ་གསུམ་གྱིས་ཚུལ་གྱིས་བསྒྲུབ་པར་བྱའོ།། རྣལ་འབྱོར་མ་དབང་ཕྱུག་ཆེན་མོ་རལ་གཅིགོ་མའི་རྒྱུད་ལས་སྤྱོད་ལམ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། བཅོམ ་ལྡན་འདས་དངོས་གྲུབ་ཐམས་ཅད་འབྱུང་བ་སྦྱོར་བ་མང་པོ་དང་ལྡན་པའི་དེ་བཞིན་གཤེགས་པས་བྱིན་གྱིས་བརླབས་པས། སྔགས་འཆང་དང་རིག་འཛིན་རྣམས་ཀྱི་སྐྱབས་དང་རྟེན་གྱུར་ལ། བྱང་ཆུབ ་སེམས་དཔའ་འདས་པའི་ལམ་ལ་བསྒྲུབ་པ། བདུད་དང་སྲིན་པོ་ལོག་པ་སྲེག་པར་བྱེད་པ་དང་། རང་གི་སེམས་ཞི་བར་ནུས་པ་དང་ལྡན་པར་གྱུར་ལ། མཐུ་ཐམས་ཅད་འབྱུང་བའི་གསང་སྔགས་ཀྱི་ཚིག ་རྣམས་བསྟན་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ནི་ཟབ་པ་རྒྱ་ཆེ་བ། འཇིག་པ་སྐྲག་པ། མི་སྡུག་པར་ལྟ་བའི་མིག་འབྲལ་བར་བྱེད་པ། མི་གདུང་བར་ཉན་པར་བྱེད ་པ། རྣ་བ་གཅོད་པར་བྱེད་པ། མི་དགའ་བར་བྱེད་པའི་སྣ་སྲུབ་པར་བྱེད་པ། མི་སྡུག་པར་བྱེད་པའི་ཡུས་རེངས་པར་བྱེད་པ། མི་འོས་པ་བརྗོད་པ་ལྕེ་འཆད་པར་བྱེད་པ། ལོག་པར་སེམས་པའི་སྙིང ་འགས་པར་བྱེད་པ། བར་དུ་གཅོད་པ་ཐམས་ཅད་ཐག་རིང་དུ་སྨོད་པ་གསད་པ་རྣམས་གསོ་བར་བྱེད་པ། སྤྲོ་བ་རྣམས་དྲན་པ་སྐྱེད་པར་བྱེད་པའི་མཐུ་ཆེན་པོ་ཉོན་ཅིག་རབ་ཏུ་ཉོན་ཅིག་ཡང་དག་པར་ཉོན ་ཅིག། ཤིན་ཏུ་ཡང་དག་པར་ཉོན་ཅིག། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་ཧཱུཾ་བྷོ་ཛྫ། ཡེ་ཤེས་ལྔ་དང་ཡང་དག་ལྡན། ཀཽ་རི་ལ་སོགས་བརྒྱད་དང་ལྡན།། དེའི་སྟོབས་ནི་ས་བརྒྱད་ཕྱག་རྒྱ་དཔལ ་ལྡན་ཡིན།། མ་བདུན་ཨ་ཤུག་མེ་དང་ལྡན།། དཀྱིལ་འཁོར་སྒོ་ལ་ཡང་དག་ལྗོན།། དབང་ཕྱུག་ཉི་ཤུ་བརྒྱད་དང་ལྡན།། དང་པོ་ལྷ་རྣམས་སྤྱན་དྲངས་ཏེ།། གཉིས་པས་བསྒྲུབ་པ་དགུག་བྱ་ཡིན།། བཅོ་ལྔ ་སྔགས་ཀྱིས་ཕྲེང་བ་ཡིན། མིང་ཅན་དང་པོ་ཡེ་ཤེས་དག། མགོ་ལ་ཡོད་པས་མགོ་ཅན་ཡིན།། རྣམ་སྣང་མཛད་ཧཱུཾ་དང་ལྡན།། རུ་རུ་སྲིན་མོའི་ཚུལ་གྱི་འཇོམས།། རུ་རུ་སྲིན་མོའི་ཁྱད་པར་ནི། ཙ་པ་ལ ་ཞེས་བསྒྲུབ་བྱའི་མིང་།། ཨ་ཤུག་མི་མི་མ་བདུན་དང་།། ཧཱུཾ་ནི་དཀྱིལ་འཁོར་སྣ་ཕྱིར་བགོ། བྷྱོ་ཞེས་དབང་མོ་ལས་ལ་བསྐུལ།། དེ་རྣམས་རྔ་ཡིན་དབང་དག་དགུག། དེ་ནས་ཛཿཡིས་བསྒྲུབ་བྱ་དགུག ་བཅོ་ལྔ་སྔགས་ཀྱི་ཕྲེང་བ་ནི། རྒྱལ་བ་རྣམས་ཀྱིས་བྱིན་གྱིས་བརླབས།། འདིས་ནི་ཞི་གནས་ཐོབ་བོར་བྱེད། དེ་བཞིན་ལྷག་མཐོང་སྐྱེ་བར་ནུས།། འདི་ནི་བསོད་ནམས་འཕེལ་བར་བྱེད། དེ་ལ་ཡེ་ཤེས ་རྣམས་ཀྱང་ཚང་།། འདི་ནི་དེ་བཞིན་རྒྱུ་ཞེས་བྱ།། གང་ཞིག་འདི་ལ་འབྲས་བུ་འདོད།། དེ་ཕྱིར་དེ་ནི་འབྲས་བུས་སོ།། མེ་ལ་བརྟེན་ན་ལས་ཀྱང་འགྲུག། ཕྱག ་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་གསང་སྔགས་འདི་བཟླས་པའི་ཐབས་ཀྱིས་སེམས་པ་གང་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། བདག་ཉིད་དམ་ཚིག་རྫོགས་པའི་སྐུ། ་ཐབས་དང་ཤེས་རབ་ལྡན་བྱས་ལ།། དབུའི་གྲངེས་ནི་བཅུ་བདུན་ནས།། ཡང་ན་དབུ་གསུམ་ཕྱག་དྲུག་གམ།། ཞལ་ཅིག་ཕྱག་གཉིས་རབ་ཏུ་ཤེས།། རང་བཞིན་གནས་དང་དགུག་དང ་གཞུང་།། གཉིས་མེད་ཀྲྀ་ཡ་སྤངས་ནས་ཀྱང་།། ཟླ་དཀྱིལ་སྟེང་ན་ཀོ་རི་མ།། ཉི་མའི་སྟེང་ན་རལ་གྲི་འབར།། ཐ་མ་སྔགས་ཀྱི་བསྐོར་བའོ།། བཞི་འབུམ་སྟོན་ན་ལས་རྣམས་བྱེད། ཁྲི་ཕྲག་ལས་ནི ་དངོས་གྲུབ་འབྱུང་།། བྱེ་བ་དག་ནི་ཆད་དང་ལྡན།། མན་ངག་ཅན་གྱིས་སཱ་ཡང་སྟོན།། སྔོན་དུ་སྟོན་དང་ལུས་སྟོན་གྱུར།། གང་ཞིག་དུང་འཕྱུར་རྫོགས་པ་ནི།། ཕྲིན་ལས་རྣམ་བཞི་ལྷུན ་གྲུབ་སྟེ།། ཟབ་མོ་སྦྱོར་བ་རྫོགས་ནས་ཀྱང་།། རིན་ཆེན་ཞིང་དེར་སོང་བ་ཡིན།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ་གཅིག་མའི་རྒྱུད་ལས།། གསང་སྔགས་དངོས་གྲུབ་ཀུན་གྱི་འཁོར་ལོ ་བསྟན་པ་སྟེ་ལེའུ་དགུ་པའོ།། །། ། བཅོམ་ལྡན་འདས་ཇི་ལྟར་ན་སྔགས་ཀྱི་ཚུལ་གྱི་དངོས་གྲུབ་ཐོབ་པ་དང་མི་ཐོབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་གསུངས་པ།། གསང་བའི ་བདག་པོ་དངོས་གྲུབ་ཐོབ་པའི་ཚུལ་ནི་འདི་ལྟ་སྟེ། དེ་བཞིན་གཤེགས་པའི་བཀའི་ཁུངས་ཕྱུང་བ་དང་། དཔོན་མན་ངག་ཅན་གྱི་གདམས་ངག་ནོད་པ་དང་། དམ་ཚིག་བསྲུངས་མཚམས་ཡལ་བར ་མི་དོར་བ་དང་། ཡིད་ཆེས་པའི་དད་པ་ཡོད་པ་དང་། བརྩོན་འགྲུས་ཆེ་བ་དང་། གཏོང་ཕོད་པ་དང་། ཟབ་མོའི་ལྟ་བ་ཤེས་པ་དང་། རྒྱ་ཆེ་བའི་སྤྱོད་པ་ཤེས་པ་དང་། མཐུན་པའི་དམ་རྫས་དང་། མི ་འབྲལ་བ་དང་། སྔོན་དུ་འགྲོ་བའི་ཆོ་ག་རྫོགས་པ་དང་། ཡི་དམ་གྱི་ལྷ་མི་སྤོང་བ་དང་། སྙིང་རྗེའི་སེམས་ཡོད་པ་དང་། སྤྱོད་ལམ་གྱི་ཏིང་ངེ་འཛིན་མི་བརྗེད་པ་དང་། དགོས་པ་ལ་བརྟེན་པ་དང་།། ་སེམས་དཔའ་དང་། གསང་ཐུབ་པ་དང་། ཆོག་ཤེས་པ་དང་། སེམས་ཅན་གྱི་སྲོག་མི་གཅོད་པ་དང་། འདུག་པ་ལ་དགའ་བ་དང་། འཇིགས་པ་མེད་པ་དང་། སངས་རྒྱས་ལ་ཆེ་ཆུང་མི་འཛིན་པ་ལ ་སོགས་པ་དང་ལྡན་ན། ནམ་ཡང་དངོས་གྲུབ་ཐོབ་ཟིན་པ་ཡིན་ནོ།། དེ་དག་དང་མི་ལྡན་ན་ནམ་ཀྱང་དངོས་གྲུབ་ཐམས་ཅད་མི་ཐོབ་བོ།། རྣལ་འབྱོར་དབང་ཕྱུག་ཆེན་པོ་རལ་གཅིག་མའི་རྒྱུད་ལས། ་དངོས་གྲུབ་ཐོབ་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཕྱག་ན་རྡོ་རྗེས་དཔལ་རལ་གཅིག་མའི་ཕྱག་རྒྱ་ནམ་གྲ་མ་ལ་མངོན་པར་བསྟན་པ། ནམ་གྲུ་ཁྱོད་ཀྱི་མཚན་ཉིད་ནི། ་འབྲང་དག་གིས་བཤད་པར་བྱ།། ནོར་བུའི་རང་བཞིན་ཁྱོད་ཀྱི་ལུས།། རྒྱབ་ནི་འཛམ་བུ་ཆུ་བོའི་གསེར།། ཁྱོད་ཀྱི་གདོང་ནི་རྔ་མ་ཡིན་ཏེ།། ལྟེ་བའི་ཕྱོགས་ན་རྡོ་རྗེ་མཁྲེག། མིང་པོ་མཛོད་དང་མཛོད ་བསྲུངས་གཉིས། ཁྱོད་ཀྱི་ཕ་ནི་རླུང་ཞེས་བྱ། ཁྱོད་ཀྱི་མནི་ཀུན་སྒྲོལ་མ།། སྦྲུལ་ལྡན་ཤིང་རྟ་ཁྱོད་ཀྱི་ལུས།། བ་རཱ་ཧི་ཏི་ཁྱོད་ཀྱིས་ལུས།། ལྷ་ཡུལ་དག་ཏུ་གྲགས་པ་ཡིན། ་ན་མོ་བཛྲཱ་ནཻ་སྱཻ། ཛི་ལི་ཛ་ལི་བྷིནྟ་ཥི་ནཱ། མུནྡ་མུནྡྷ།། ཧི་བྷ་ཡ་ཤཾ་ན་སྭཱ་ཧཱ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་གསང་བའི་སྔགས་འདི་ལ་བཅེར་ནས། ལས་ཕྲ་མོའི་དངོས་གྲུབ ་ཐོབ་པའི་ཐབས་ཅི་ལགས། བཅོམ་ལྡན་འདས་ཀྱིས་གསུངས་པ། ཕྱག་ན་རྡོ་རྗེ་འདི་ལྟ་སྟེ། སྔགས་འདིས་ཞི་བའི་ལས་གྲུབ་པར་འདོད་ན། མཎྜལ་དཀར་ལ་ཟླུམ་པར་བྱ་སྟེ། མེ་ཏོག་དཀར་པོ ་ལ་སོགས་པ་མཆོད་ཅིང་། ལྷ་ཁང་དཀར་པོའི་སྤྲུལ་པའི་ཕོ་ཉ། ཞི་བའི་རྒྱན་གྱིས་བརྒྱན་པར་བསྒོམས་ནས། ལས་ཐམས་ཞི་བར་འགྱུར་ཞིང་། ཞི་བའི་ལས་ཕྲ་མོ་འགྲུབ་པར་འགྱུར་རོ།། ་རྒྱས་པའི་ལས་གྲུབ་པར་འདོད་ན། མཎྜལ་སེར་པོ་གྲུ་བཞི་པ་བྱ་སྟེ། མེ་ཏོག་སེར་པོ་ལ་སོགས་པས་མཆོད་ཅིང་། ལྷ་ཁང་སེར་མོ་ཆེན་མོ་མཁའ་ལ་བཞད་པ། རྒྱས་པའི་རྒྱན་གྱི་ས་བརྒྱན་པར་བསྒོམས་ན། ་ལས་ཐམས་ཅད་རྒྱས་པར་འགྱུར་ཞིང་། རྒྱས་པའི་ཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དབང་གིས་ལས་ཐམས་ཅད་འགྲུབ་པར་འདོད་ན། མཿཁ་སྨྲབ་དམང་པོ་ཛྲ་སྟེ། མེ་ཏོག་དམར ་མམམ་པས་ཚན་ཅིང་། ལྷ་འི་དམ་ང་ཆེན་མོད་པང་ཆེན་མོ་གཏུས་པ་མོ།། དབང་གིས་རྒྱ་གྱིས་བཙུན་པར་བསྒོམས་ན། ལ་ས་ཁྲིམས་ཅད་དབང་དུ་འགྱུར་ཞིང་། དབང་གིས་ལས་ཐལ་འགྲུབ་པར་གྱུན ་དྲག་པོ་ལས་ཕྲ་མོ་གྲུབ་པར་འདོད་ན། མ། ལ་ནག་པོ་ཟུར་གསུམ་པའི་འོག་ཏུ་ཐོས་པ་གསུམ་དང་ལྡན་པར་འགྱུར་ཏོ།། མེ་ཏོག་ནག་པོ་ལ་སོགས་པས་མཆོད་ཅིང་། གྷུ་རང་ནག་མོ་ལ་གཅིག་མ། ་དྲག་པོའི་རྒྱན་གྱིས་བརྒྱན་པར་བསྒོམས་ན། ལས་ཐམས་ཅད་དྲུ་། པོར་འགྱུར་ཞིང་། དྲག་པའི་ལས་ཕྲ་མོ་གྲུབ་པར་འགྱུར་རོ།། དེ་དག་གིས་སྔགས་ཀྱི་ངན་དུ་ནི། ཞྀང་ཀུཪྵ། བྱིཥྞཥྛ་ཀུར ་པ་ཤཾ་ཀུ་རུ། མཱ་ར་ཡ། ཞེས་བརྗོད་པས། གཞན་གྱིས་ཐུན་མོང་གིས་ལས་སུ་བྱའོ།། གཞན་ཡང་དགུག་པར་འདོད་པས། ཆེ་གེ་མོ་ཨཱ་ཀཪྵ་ཡ་ཧཱུཾ། ཞེས་པར་དུ་བཅུག་སྟེ། དབང་དུ ་འགྱུར་བའི་ཡན་ལག་གོ། སྐྲད་པར་འདོད་ན་རླུང་གི་རྔ་མོ་དུང་ཁའི་སྟེང་དུ་བསྒྲུབ་བྱ་བ་སྐྱོན་ནས། ཆེ་གེ་མོ་ཛཾ་ཛ་ཞེས་བརྗོད་པར་བྱའོ།། མནན་པ་བྱ་བར་འདོད་ན། རྡོ་ལེ་བ་ལ་རི་རབ་ཀྱིས་གཟུག ་བྲིས་ཏེ། འོག་ཏུ་སྒྲུབ་བྱའི་མིང་རུ་ས་གཟུགས་དང་ལྡན་པ། ག་སེར་གྱིས་ས་གཞིའི་སྟེ་ངོས་ན་བཞག་ནས། ཆེ་གེ་མོ་ལམ་ནན། ཞེས་བསྒྲུབ་པར་བྱའོ།། སྦྱིན་སྲེག་བྱེད་པར་འདོད་ན། དྲག་པོའི ་རྫས། སྔགས་དང་མི་བྱང་རེ་རེ་ལྡན་པར་བྱ་སྟེ། མེར་དོང་བ་དང་། ཆེ་གེ་མོ་མཱ་ར་ཡ་ཁཱ་ཧི་ཞེས་བརྗོད་པར་བྱའོ།། དབྱེ་བར་འདོད་ན་འུག་པ་དང་། བྱཱ་རོག་གིས་བསྒྲུབ་བྱའི་གཟུགས་བྱས་ལ། ་གཉིས་ལ་སྔགས་བཟླས་ལ། མཱ་ར་ཡ་མཱ་ར་ཡ་ཕཊ། ཞེས་བྱའི་སྔགས་ཀྱི་ཤཾ་བུ་དང་ལྡན་པར་བྱས་ཏེ། སྒྲོ་བརྡབས་ཉེ་བར་འཁོན་ཞིང་མྱུར་དུ་དབྱེ་བར་འགྱུར་ཏེ། ཡུལ་གཞན་དུ་ཡང་འཁྱམས ་པར་འགྱུར་རོ།། སྨྱོ་དུལ་བར་འདོད་ན་གང་གདོན་གྱིས་ཟིན་པའི་སྐེ་ནས། སྔགས་ཀྱི་འདུད་པས་བཏགས་ཏེ། ཟུང་ལ་སྔགས་པར་མི་གཙང་སྦྱོར་བ་འདི་ལྟ་བུ་དང་ལྡན་པར ་གཏོར་ན་འང་། ཆེན་པོ་ཡང་དང་ཡང་དུ་བསྟན་པར་བྱའོ།། ཐོག་བཅད་པར་འདོད་ན། ཡུལ་གང་ཙམ་བསྲུང་བར་འདོད་པའི་ཐད་ནས། ཤིང་དང་མེ་བླངས་ཏེ། ཡང་དང་ཡང་དུ་སྦྱིན་སྲེག་བྱས་ན། ་སྦྱིན་སྲེག་གི་རྫས་གང་ནས་འདུས་པ་རྣམས་ཇི་སྲིད་དུ། ཐོག་འབྱུང་བར་མི་འགྱུར་རོ།། རྣལ་འབྱོར་དབང་ཕྱུག་ཆེན་མོ།། རལ་གཅིག་མའི་རྒྱུད་ལས་ཕྲ་མོ་གྲུབ་པར་བྱེད་པའི་ལེའུ་སྟེ་བཅུ ་གཅིག་པའོ།། ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ལུས་ངག་སེམས་བདེན་པའི་ཐབས་དང་། རླུང་ནི་གཱ་ལགས། གསང་བའི་བདག་པོ་འདི་ལྟ་སྟེ། ཨོཾ་ཞེས་བྱ་བ་འཇུག ་བའི་རླུང་། ཨཿཞེས་བྱ་བ་གནས་པའི་དྲུང་། ཧཱུཾ་ཞེས་བྱ་བ་འབྱུང་བའི་རླུང་། འཇུག་པ་དེ་ནི་གང་དུའོ།། དེ་ནས་གནས་པ་གང་དུ་གནས། དེ་ནས་འབྱུང་བ་ཕྱིར་ཡང་དབྱུང་། ནང་གི་སྙིང་ཀའི་དཀྱི ་ན་ཡོད།། གནས་པ་དེ་ཉིད་ནམཁའི་རྒྱུ།། ཡུལ་བྲོ་བ་ནི་ཕྱི་རོལ་ཡིན།། ཨོཾ་ཞེས་བྱ་བ་ནི་སེར་པོ་སྟེ།། ཨཱ་ནི་དམར་པོར་བཤད་པ་ཡིན།། ཧཱ་ནི་དཀར་དོར་གྱུར་པའོ།། ཨ་ནི་ཉོན་མོངས་འགྱུར་བ་ཡིན། ་དེ་ནི་ཧཱུཾ་ནི་མཚན་མར་གནས།། ཨོཾ་ནི་དེ་ལ་ཚངས་པ་ཡིན།། སེར་པོ་རྣམ་པར་སྣང་མཛད་དང་།། དམར་པོ་སྣང་བ་མཐའ་ཡས་ལྡན།། དཀར་པོ་མོ་བསྐྱོད་ཡང་དག་ཡིན།། དམང་པོར་འདྲ་ཞེས ་བ་སྟེ།། དཀར་པོ་ཡང་ནི་ཐབས་ཀྱི་རྒྱ།། གཡས་ཀྱི་རྩ་ནི་ལ་ལན?།། གཡོན་གྱིས་གནས་པར་སན།། ཨ་ཝ་དྷཱུ་ཏི་དབུས་ན་ཡོད།། སྣང་མཛད་བདག་གི་ལུས་ཀྱི་རྒྱུ།། སྣང་བ་མཐའ་ཡས ་ངག་གིས་རྒྱུ།། མི་བསྐྱོད་དེ་ཉིད་སེམས་ཀྱི་རྒྱུ།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ཡིན།། སྒྱུ་མ་ཙམ་དུ་ཅིར་ཡང་སྣང་།། གདོས་བཅས་རྣམ་རྟོག་མ་ཡིན་ཏེ།། ཡེན་གནས་པ་ཞེས་བྱ་ཡིན།། དབུགས ་དང་རྩཝའི་སྦྱོར་བ་ལས།། ཕྲ་ལ་ཞི་བར་རྣམ་སྦྱངས་ནས།། རྫོགས་པ་འདོད་ཕྱིར་བསྐྱེད་པ་སྟེ།། རྣལ་འབྱོར་ཆོ་ག་གསུམ་པ་ཡིན།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས།། རྫོགས ་བའི་རིམ་པོ་སྐྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་དབང་པོ་རྣོན་པོ་རྣམས་ཀྱི་དོན་དུ་རྫོགས་པའི་རིམ་པ་རྫོགས་པར་བསྟན ་དུ་གསོལ། བཅོམ་ལྡན་འདས་ཀྱིས་གསུངས་པ། གསང་བའི་བདག་པོ་འདི་ལྟ་སྟེ། གང་ཞིག་ཆོས་འདི་གང་ནས་བཙལ།། དེ་ལ་བཙལ་བ་རྡུལ་ཙམ་མེད།། ཅི་ཕྱིར་འཁྲུལ་པ་ས་གཉིས་སུ ་སྣང་།། དོན་དམ་ཅན་ལ་སྣང་བ་མེད།། གང་དུ་རྫོགས་པ་བསྐྱེད་དང་།། བསྐྱེད་པ་ལ་སོགས་བསྟན་པ་ནི།། དབང་པོ་བརྟུལ་བ་གདུལ་ཕྱིར་དུ།། དྲང་བའི་དོན་གྱི་ཞི་གནས་ཡིན།། འོད་གསལ ་སྙིང་ཀའི་དཀྱིལ་འཁོར་མོ།། འགྱུར་བ་མེད་ཅིང་ཉེས་བ་སྲངས།། དྷར་མོ་ཡ་ཞེས་གྲགས་པ།། ན་མཁའ་དེ་ཉིད་རང་ལ་ཡོད།། འདི་ལྟར་ཁྱབ་བྱེད་ཨ་ཞེས་བྱ།། ཡི་གེ་ཁ་དོག་གཟུགས་ཅན་མ་ཡིན ་ཡེ་ཤེས་ཡང་དག་གཞི་ལ་ཕྲ།། ཟབ་མོ་གཅིག་མིན་དུ་མ་མིན།། སྟོང་ཉིད་མཚན་མེད་སྨོན་པ་མེད།། ཆོས་རྣམས་ཙམ་དུ་སྣང་བ་ཡིན།། འདིར་བསམ་འདི ་ཡིན་འདི་ལ་གནས།། འོད་གསལ་འདིར་ཡིན་དེ་ཉིད་ཁོ་ནའོ།། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་གཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པའི་རྣལ་འབྱོར་དབང་ཕྱུག་ཆེན་མོའི་རྗེས་སུ་རྣལ ་འབྱོར་གྱི་སྤྱོད་ཡུལ་དུ་མ་གྱུར་པ། རྫོགས་པ་ཆེན་པོའི་འབྱོར་ཚང་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། ཨེ་ཀ་ཙ་ཏི་རལ་གཅིག་མའི་རྒྱུད་ལས་རྩ་བའི་རྒྱུད་ཆེན་མོ་རྫོགས་སོ།། ་དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་འོད་གསལ་ཉིད་ཇི་ལྟར་ལགས།། སྙིང་རྗེ་ཞེས་བྱ་ཇི་ལྟར་ལགས།། དེའི་དཀྱིལ་འཁོར་ཇི་ལྟར་ལགས།། མི་འགྱུར་བ་ཉིད་ཇི་ལྟར་ལབས།། ་ཉེས་པ་མེད་པ་ཅིའི་ཕྱིར།། དྷར་མོ་དཱ་ཡ་ཇི་ལྟར་ལགས།། ན་མཁའ་ཞེས་བགྱི་ཇི་ལྟར་ལགས།། ཁྱབ་མེད་ཨ་ཡང་ཇི་ལྟར་ལགས།། ཡི་གེ་མེད་པ་ཅིའི་དོན།། ཡེ་ཤེས་བགྱི་བ་དོན་ཅི་ལགས།། ་ཡང་དག་ཉིད་ཀྱང་ཇི་ལྟར་ལགས།། ཞི་བར་མ་གྱུར་ཇི་ལྟར་ལགས།། ཕྲ་མོ་ཡང་ནི་ཇི་ལྟར་ལགས།། ཇི་ལྟར་ཟབ་མོར་གསུང་བ་ལགས།། གཅིག་དང་དུ་མ་ཇི་ལྟར་ལགས།། སྟོང་པ་ཉིད་ནི་ཇི ་ལྟར་ལགས།། མཚན་མ་མེད་པ་ཇི་ལྟར་ལགས།། སྨོན་པ་མེད་པ་ཇི་ལྟར་ལགས།། ཆོས་རྟག་བགྱི་བ་ཇི་ལྟར་ལགས།། འདིར་བ་སམ་པ་ཉིད་གང་གི་ལགས།། འདི་ཡིན ་གསུང་བ་ཇི་ལྟར་ལགས།། འདི་ན་གནས་པ་གང་དང་གང་།། འོད་གསལ་བ་དེ་ཇི་ལྟར་ལགས།། དེ་ཉིད་གསུངས་པ་ཇི་ལྟར་ལགས།། དེ་ཁོ་ན་ཡང་ཇི་ལྟར་ལགས།། དེ་ནས་བཅོམ་ལྡན ་འདས་དཔལ་རྡོ་རྗེ་ཧེ་རུ་ཀས་གསང་བའི་བདག་པོ་ལ། འདི་སྐད་གསུངས་སོ།། རྩོལྔ་པ་མེད་པའི་ཡེ་ཤེས་ནི།། རང་ལ་སྣང་བས་འོད་གསལ་ཡིན།། ཆོས་རྣམས་རྟེན་པའི་དྲན་པ་ནི།། སྙིང ་རྗེ་ཡིན་པར་ཞེས་བྱ་བཤད།། དེའི་དབུས་ན་རང་བཞིན་སྟོང་པ་ནི།། འགྲོ་བ་རྣམས་ཀྱི་མི་ཤེས་པ།། ཅི་ཡང་མེད་པའི་དཀྱིལ་འཁོར་ཡིན།། དེ་ནི་ཐོག་མ་ཐ་མའི་བར།། མི་འགྱུར་གནས་པས ་འགྱུར་བ་རྙེད་།། དེ་ལ་ཆོས་ཅན་རྣམ་རྟོག་གིས།། བསླང་ན་ཉེས་པ་མེད་པ་ནི།། དེ་ཉིད་ཉེས་པ་མེད་པ་ཡིན།། ཆོས་འབྱུང་བའི་གནས་ཡིན་པས།། དྷར་མོ་ང་ཡ་དབྱིངས་ཀྱི་དོན།། དེ་ཉིད་ངོ ་ནམཁའ་ཡིན། བརྗོད་པ་རྣམས་ལ་གནས་ཡིན།། བརྗོད་མེད་ཁྱབ་བྱེད་ཨ་ནི་གཟུགས་དང་མདོག། ཡི་གེ་རྣམས་དང་བྲལ་བ་ནི།། དོན་ནི་སྐྱེ་མེད་སྟོང་པ་ཡིན།། དེ་ནི་ཡ་ནས་གནས ་པ་ཡིན།། དོན་དེ་ཤེས་པས་ཡེ་ཤེས་ཡིན།། དེ་ཕྱིར་དེ་ཤེས་ཤེས་པ་ལས།། ཡང་དག་པ་ཞེས་བཏགས་པ་ཡིན།། ཡང་དག་དེའི་ངོ་བོ་ནི།། ཀུན་ཏུ་ཞི་བར་གྱུར་པ་ཡིན།། དོན་དེ་བརྟག ་པ་དཀའ་ཕྱིར་དང་།། ཕྲ་མོར་གྱུ་རབས་ཕྲ་བ་ཡིན།། དེ་ཕྱིར་དེ་ལ་ཟབ་ཅེས་བྱ།། སེམས་ཀྱི་སྤྱོད་ཡུལ་ཡིན་ཕྱིར་རོ།། སེམས་ལ་གཅིག་དང་དུ་མ་མེད།། དེའི་ཕྱིར་ན་གྲངས་ལས་འདས། ་གཅིག་དང་དུ་མ་སྦྱངས་པ་ཡི།། གཅིག་དང་དུན་རྣམས་སྤུངས་པ།། སྟོང་པ་ཉིད་ཅེས་དེ་ལབྱ།། དེ་ལ་དངམ་ཐམཚས་ཅན་མེད།། དེ་ཕྱིར་མཚན་མ་མེད་པ་ཡིན། ་མཚན་མེད་པ་དེ་ཉིད་ལ།། སྨོན་པ་མེད་དགོས་རང་ལ་ཡོད།། དེ་ཕྱིར་སྨོན་པ་མེད་པ་ཡིན།། དེ་ནི་གྲུ་གསུམ་རང་བཞིན་ཏེ།། རྣམ་པར་ཐར་པ་གསུམ་པ་ཡིན།། ཆོས་དེ་མཚོན་པའི་རྟགས་ལ་ནི།། དེ་ཕྱིར ་ཆོས་རྟག་ཕྱག་རྒྱ་ཡིན།། དུས་གསུམ་དྲར་མོ་ངོ་འབུལ་ལ།། འདིར་བསམ་པས་ན་བསམ་པ་ཆེ།། བསམ་པ་མེད་པའི་ཕྱག་རྒྱ་ཡིན།། དེ་ལྟར་བསམ་པ་དེ་ཉིད་ནི།། སྤྲོས་དང་བྲལ་བས་དེ་ཉིད་ཡིན།། སྤྲོས ་དང་བྲལ་བ་དེ་ལ་ནི།། གནས་པ་ན་མཁའི་མཚན་ཉིད་དོ།། དེ་བས་འོད་གསལ་ཞེས་བརྗོད་དེ།། གྲོ་བ་ཀུན་གྱི་རང་བཞིན་གནས།། ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་།། འགྲོ་བའི་རང་བཞིན་དེ་ལས་མིན།། ་དེའི་ཕྱིར་ན་རྒྱལ་བ་དང་།། འཁྲུལ་པ་མཉམ་པར་དེ་ཉིད་གཅིག། དེ་ལ་གང་ཞིག་མཁས་ལྡན་པའི།། སོ་སོ་རང་རིག་ཏིང་འཛིན་གྱིས།། ན་མཁའི་དཀྱིལ་ལྟར་ཆོས་མཐོང་སྟེ།། གཉིས་སུ་མེད ་བདེ་ཁོ་ན།། རྫོགས་པའི་མཁས་པའི་རྒྱ།། རྫོགས་པ་ཆེན་པོ་དཔལ་དང་ལྡན།། སྙིང་གི་ན་མཁའ་རང་ལ་ཡོད།། དེ་ནས་ཕྱག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་ཆོས་ཟབ་མོ ་ཡང་དག་པའི་དོན།། ཐུན་མོང་མ་ཡིན་པ་བདག་པ་བསྟན་པ་ངོ་མཚར་ཏོ།། བདེག་གིས་ཀྱང་མ་འོངས་པ་ན།། ཐུན་མོང་མ་ཡིན་པ་རྣམས་ལ་བསྟན་པར་བགྱིའོ།། བཅོམ་ལྡན་འདས་ཀྱིས ་གསུངས་པ།། གསང་བའི་བདག་པོ་ཆོས་ཆེན་པོ་འདི་འཛམ་བུའི་གླིང་དུ་སྐྱེས་པ།། མཁའ་འགྲོ་མའི་ཕྱག་རྒྱ་ཡོད་པ། ཚེ་ལ་དབང་བའི་རིག་འཛིན་ཐོབ་སྟེ། བྲམ་ཟེ་མཆོག་སྲེད་ཅེས་བྱ་བ། ་ལྷུན་གྱིས་གྲུབ་པའི་ས་ལ་འགྲོ་བ།། དེའི་ལག་ཏུ་འབྱུང་བར་གྱུར་ཏེ། ཁྱོད་ཀྱིས་བཟུང་ལ་ཚངས་ཤིག། སྣོད་དག་པ་རྣམས་ཀྱི་རྒྱུད་བྱང་བར་གྱིས་ཤིག། རྣལ་འབྱོར་དབང་ཕྱུག་ཆེན་མོ་རལ་པ ་གོཅིག་མའི་རྒྱུད་ལས། རྫོགས་པའི་རིམ་པ་ཕྱི་མ་སྟེ་ལེའུ་བཅུ་བཞི་པ་རྫོགས་སོ།། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་ཨེ་ཀ་ཛ་ཊི་མན་ཏྲ་ཀ་མ་ལི་ཏིག་མཁ ་