| Wylie | e-texts produced with BDRC’s OCR application |
རྒྱའོ།། རྒྱ་རྒྱ་རྒྱ། མངའ་བདག་མྱང་གི་གཏེར་མ་ཡིན། བཀྲ་ཤིས། @། རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀ་ལ་རུ་ཏྲ་མ་ཧཱ་འམ་ས་ན་ཏནྟྲ་ནཱ་མ། བོད་སྐད་དུ། ་དཔལ་ནག་པོ་ཆེན་པོ་དྲག་པོའི་རྟག་པ་དུར་ཁྲོད་ཆེན་པོའི་རྒྱུད་ཅེས་བྱ་བ་དཔལ་རྡོ་རྗེ་མཁའ་འགྲོ་མ་ལ་ཕྱག་འཚལ་ལོ།། ན་མཁའ་དང་མཉམ་འཁོར་ལོའི་བདག། ཐུགས་ཀྱི་རྡོ་རྗེ་བརྒྱད་ཀྱིས་བསྐོར།། དེ་སྦྲུལ་ནག་པོ་ཆར་སྤྲིན་མདོག། ལག་ནི ་གྲི་གུག་ཐོད་པ་འཛིན།། འཁོར་དང་བཅས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན།། བཅོམ་ལྡན་འདས་སྐུ་གསུང་ཐུགས་རྡོ་རྗེ་ནག་པོར་སྤྲུལ་ནས་འཇིགས་བྱེད་ཆེན་པོའི་སྐུར་མཛད་དེ།། ནག་པོ་དྲུག་པོ ་ཤིན་ཏུ་ཡང་མི་བཟང་བར་མཛད་དེ།། དུར་ཁྲོད་ཆེན་པོའི་གནས་མཆོག་ན་བཞུགས་སོ།། དེའི་ཚེ་ཐུགས་རྡོ་རྗེའི་མཁའ་འགྲོ་མ་དང་། དམ་ཚིག་ལས་སྤྲུལ་པའི་མཁའ་འགྲོ་མ་དང་།། ལས་ལས་ཡོངས་སུ་གྲུབ་པའི་མཁའ་འགྲོ་དང་། ་འཇིགས་བྱེད་དང་འཇིགས་བྱེད་ཆེན་མོའི་ཚོགས་ཀྱིས་ཡོངས་སུ་བསྐོར་ཏེ། དེའི་ཚེ་བཅོམ་ལྡན་འདས་གཉིས་སུ་མེད་པར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལས་ནག་པོ་ཆེན་པོར་སྤྲུལ་ཏེ། བཅོམ་ལྡན་འདས་ཀྱི་ཐུགས་ཀའི་འོད་ཟེར ་གྱི་ཕྱོགས་དང་མཚམས་ཐམས་ཅད་དུ་ཁྱབ་ནས།། གནོད་སྦྱིན་གྱི་གདུག་པ་བསལ་ནས། འོངས་ཀྱི་རབ་དང་གུར་དང་དྲ་བར་གྱུར་ཏེ་གནས་པའི་ཚེ།། མཁའ་འགྲོ་མ་དང་། ནག་པོ་ཆེན་པོའི་ཚོགས་ཀྱིས་ཕྱག་འཚལ་ཏེ། བཅོམ་ལྡན་འདས ་ལ་གསོལ་པ།། བཅོམ་ལྡན་འདས་ནག་པོ་དྲག་པོར་ཅི་ཞིག་བའང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདི་ནི་ནག་པོ་དྲག་པོའི་རྒྱུད།། དུར་ཁྲོད་ཆེན་པོ་ཞེས་བྱ་བའི།། གནས་ན་རྣལ་འབྱོར་རང་བྱ་གནས།། རི་རབ་གྲོང་ཁྱེར་སུམ་བརྩེགས ་ན།། གནོད་སྦྱིན་ནག་པོ་དྲག་པོ་ཡིས།། རྣལ་འབྱོར་རྒྱུད་ལ་གཟི་བྱིན་བསྐྱེད།། ནག་པོའི་གཟུགས་འཆང་གདུག་པ་ཅན།། ཉ་པའི་གྲི་དང་ཐོད་པ་འཛིན།། དུག་གི་ལ་དྷུ་རྟག་ཏུ་མ།། དུས་གསུམ་གྲོང་ཁྱེར་སུམ་བརྩེགས་དགུག། ཤ་ཆན ་ཁྲག་དང་ཉ་ཤ་ཆང་།། ཉ་ཡིས་གྲི་ཡིས་ཐོད་པ་རུ།། གཏུགས་ནས་ཤ་ཟ་ཁྲག་འཐུང་བའི། ཁ་ནས་ཁྲག་འཛགས་རྒྱུན་མི་འཆད།། རོ་བསྲེགས་སྨན་དང་བསྲུང་དང་ནི།། དུར་ཁྲོད་ལ་གནས་དྲི་ཡིས་མཆོག། དུས་གསུམ་དུ་ནི་སྣོམས ་བྱེད་ཅིང་།། གདུག་པའི་སྤྲུལ་པ་སྣ་ཚགས་འགྱེད།། ད་ནི་ནག་པོ་དྲག་པོར་བཤང།། ནག་པོ་ཆེན་པོས་ཡང་གསོལ་པ།། བཅོམ་ལྡན་འདས་ནག་པོ་དྲག་པོ་ཞེས་བྱ་བ་འཇིག་བྱེད་ཆེན་པོའི་སྐུར་སྤྲུལ་ནས།། ཞེས་བྱ་བ་ཇི་ལྟར་ལགས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། ལྷའི་སྐུ་ནི་རྣམ་པར་དག། གཉིས་སུ་མེད་པར་སྣང་བ་ཡི།། ཏིང་ངེ་འཛིན་ལ་སྙོམས་པར་ཞུགས།། དེ་ལས་ནག་པོ་ཆེན་པོ་ཡིས།། ཆ་བྱད་མཐུན་པར་སྦྲུལ་མཛད་ནས། ་གསང་བ་གསུམ་ལས་བྱུང་བ་ཡིས། ཁྱོད་ནི་ནག་པོ་ཆེན་ཡིན།། རྡོ་རྗེ་གསུམ་གྱི་བདག་ཉིད་ཁྱོད།། དེ་ནི་འཇིགས་བྱེད་ཆེན་པོར་བཤད།། ཁྱོད་ཀྱི་རྒྱུད་ནི་རབ་བཤད་བྱ།། དེ་ནས་དཔལ་ནག་པོ་ཆེན་པོའི་བོད་ཀྱི་གོང་བུའི་ནང་དུ་སྐུ་མཐོ་གང ་ཚང་དུ་གྱུར་ཏེ།། རྡོ་རྗེ་ཛིན་པའི་བོད་ཟེར་གྱིས་རྒྱལ་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ།། དེའི་ཚེ་བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོས་གྲི་གུག་ལྕགས་ཀྱུའི་ཆུབ་དུ་བཟུང་ནས།། ཨོཾ་མཧཱ་ཀཱ་ལ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ལྕགས་ཀྱུའི་འོང ་ཟེར་དང་བཅས་ནས་བརྗོད་པས།། མདུན་གྱི་ནག་པོ་ཆེན་པོ་ཏིང་ངེ་འཛིན་ལས་སད་པར་གྱུར་ཏོ།། དེ་ནས་ནག་པོ་ཆེན་པོ་དགའ་བར་གྱུར་ཏེ།། ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བདག་ནི་གཙོ་བོའི་འོད་ཟེར་གྱིས ་ཕོག་ནས་ཤིན་དུ་བདེ་བར་གྱུར།། གཙོ་བོ་བཅོམ་ལྡན་ནག་པོ་ཆེ།། བདག་གི་བང་བ་ཆེན་པོར་ནས། ཞེ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁྱོད་ནི་གསད་པ་གསུམ་གྱིས་བདག ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་གསུངས་པར་བྱིན་གྱིས་བརླག། ཁྱོད་ནི་དཔལ་ལྡན་ནག་པོ་ཆེ།། བསྟན་པ་བསྲུང་བར་ཁས་བླངས་པ།། ཤཱཀྱ་སེང་གེའི་བསྟན་པ་ལ།། དམ་ཚིག་ཆེན་པོར་གནས་པར་བགྱིས།། ཞེས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ནག་པོ་ཆེན་པོ་དང་ཐུགས་རྡོ་རྗེ་ལས་སྤྲུལ་པའི་མཁའ་འགྲོ་མ་དང་།། དམ་ཚིགས་སྤྲུལ་པའི་མཁའ་འགྲོ་མ་དང་།། ལས་ཡོངས་སུ་གྲུབ་པའི་མཁའ་འགྲོ་མ་དང་། འཇིག་བྱེད་དང ་འཇིགས་བྱེད་མ་ལ་སོགས་པ་རྣམས་ཤིན་ཏུ་འདང་བ་དང་སྐྲག་པ་དང་།། ཤིན་ཏུ་མི་ཟད་པར་དྲག་ཉམས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས། ཨོཾ་མ་ཧཱ་ཀཱ་ལ་སུམ་མྲ་ཏྲི་སྭཱ་ཧཱ། ཧཱུཾ་ཞེས་བརྗོད་པས། དེ་ནས་ནག་པོ་ཆེན་པོ་དང་། ་འཁོར་གྱི་ཚོགས་རྣམས་ཀྱིས་དྲན་པ་བརྙེད་པར་གྱུར་ཏོ།། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོ་ལ། དཔལ་ནག་པོ་ཆེན་པོ་དང་མཁའ་འགྲོ་མ་རྣམས་ཀྱིས་རང་གི་སྲོག་གི་སྙིང་པོ་ཕུལ་བ། ཨོཾ་མ་ཧཱ་ཀཱ་ལ་ཡ་མུག་ཤས་རབ་ཏུ་མ་ཧཱ ་ཀཱ་ལ་རབ་ཏུམ་པར་བྱིན་དྷ་ནས་གསལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གྱི་དབང་ཕྱུག་ལགས་སོ་ལ་ག་ནག་པོ་ཆེན་པ་ལགས་ས་ལག། ཁྱོད་ལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ ་པར་བྱ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོ་དང་འཁོར་གྱི་ཚོགས་ཀྱིས་གསོལ་བཔ། བཅོམ་ལྡན་འདས་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩ ་པ། སྲིད་གསུམ་ལོག་པའི་ཕྱོགས་འཛིན་པ།། བདུད་དང་མུ་སྟེགས་སྲིན་པོ་དང་།། ལྷ་མ་ཡིན་དང་གནོད་སྦྱིན་ཚོགས།། ཤཱཀྱ་སེང་གེའི་བསྟན་པ་ལ།། གནོད་ཅིང་འཇིགས་པར་བྱེད་པ་རྣམས།། གང་ཞིག་བསྟན་པ་འཇིགས་བྱེད ་པ། དེ་དག་འཇིགས་པར་བྱེད་པ་ཡི།། རྒྱུད་ཀྱི་ཆོ་ག་འོད་དག་བཤད།། དང་པོའི་རྒྱུད་ཀྱི་གླིང་བཞི་དང་།། གཉིས་པ་སྔགས་ཀྱིས་སྦྱོར་བ་དང་།། གསུམ་པ་ལྷ་ཡི་ཆོ་ག་དང་།། བཞི་པའི་དཀྱིལ་འཁོར་རབ་གནས་དང་།། ལྔ་པ་བར ་བུའི་ཆོ་ག་དང་།། དྲུག་པ་ལྷ་ནི་འཁོར་ལོ་དང་། དུན་པ་མནན་པའི་ཆོ་ག་དང་།། བརྒྱད་པ་སྦྱིན་བསྲེགས་ཆོ་གར་བཤད།། དགུ་པ་ཡི་གེ་བཏུ་བ་དང་།། བཅུ་པ་དམ་ཚིག་ཆོ་ག་སྟེ།། བཅུ་ཡི་བདག་ཉིད་ཤེས་པར་གྱིས།། ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པ་ཞེས་བྱ་བའི་གླིང་བཞིའི་སྟེ་དང་པོའོ།། ། དེ་ནས་དཔལ་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་གསོལ ་པ། དང་པོའི་རྒྱུད་དོན་ངེས་གྲུབ་པ།། ལས་ཀྱི་ཆོ་ག་སྣ་ཚོགས་དང་།། ངེས་སྒྲུབ་ཐབས་དང་ལྡན་པར་ནི།། བསྒྲུབ་པའི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་འཇིག་བྱེད་ཆེན་པོར་མཛད་ནས་བཀའ་སྩལ་པ། རྒྱུད་འདི ་བསྒྲུབ་པར་འདོད་པས་ནི།། སྔགས་དང་ཆོ་གར་བཅས་པ་ནི།། རྒྱུད་ཀྱི་ཆོ་གར་ངེས་བཤད་པ།། བསམ་གཏན་དང་ལྡན་དོན་གྱི་མཆོག། སྔགས་ཀྱིས་དངོས་གྲུབ་འགྲུབ་པར་འགྱུར།། དཔལ་ལྡན་ནག་པོ་རྒྱུད་ཀྱི་མཆོག། ་སྔགས་ཀྱི་རྩ་བ་འདི་དག་བཤད།། ཏདྱ་ཐཱ། ཨོཾ་མ་ཧཱ་ཀཱ་ལ་ཡཀྵ་སེ་ན་ཡ། ཨ་པ་ཀ་ར་ནི། ཨེཥྚཾ་ཨ་པས་ཙི་མོ་ཀ་ལོ་ཡ། ཏྲི་རདྭ་ཏྲེ་ཡཱ་ཡ། ཡ་ཏི་པྲ་ཏ་ཛཱ་སྨཱ་ར་སིད་དྷ། འདི་ནི་རྩ་བའི་དོན་དང་ལྡན།། ལས་རྣམས་ངེས་པར ་འགྲུབ་པ་ནི།། སྔགས་ཀྱི་ཆོ་ག་འདི་དག་བཤད།། ཨོཾངམ་དུཥཱན་ཁ་ཁ་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བན་དྷ་བན་དྷ། ཧ་ན་ཧ་ན། ར་ཧ་ད་ཏ། བཙ་བ་ཙ། ད་ནི་མེ་ཀེ་ན་ཧཱུ~ཾ་ཕཊ་སཱ་ཧ། འདི་ནི་ནག་པོ་རྩ་བ ་སྔགས། ཆོ་གའི་སྔགས་དང་བཅས་པར་བཤད་དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོ་མཁའ་འགྲོ་མའི་འཁོར་དང་བཅས་པ་གཟི་བརྗིད་དང་ལྡན་པར་བྱང་ནས། བཅོམ་ལྡན་འདས་ལ ་གསོལ་པ། སྔགས་ཀྱི་ཆོ་གའི་རིམ་པ་རྣམས།། བསྒྲུབ་པའི་དོན་དང་ལྡན་པར་ནི། དེ་བཞིན་བདག་ལ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་ནག་པོ་ཆེན་པོ་དང་། མཁའ་འགྲོ་མའི་ཚོགས་ལ་གཟིགས་ནས། ་འདི་སྐད་ཅེས་བཀའ་སྩལ་ཏོ།། གང་ཞིག་དཔལ་ལྡན་ནག་པོ་ཆེན་པོ་བསྒྲུབ་པར་འདོད་པས། དུར་ཁྲོད་ཆེན་པོའི་གནས་འབྱུང་པོ་དང་རོ་ལངས་འདུ་བའི་གནས་སུ་སོང་ལ། བདུད་རྩི་རྣམ་པ་ལྔས་ལུས་བྱུག་ཏེ། ཨུ་པ་ཀཱ་བི་མེ ་ཏོག་དང་། དུར་ཁྲོད་སྦྱར་བའི་སྤོས་དང་། མར་ནག་ཆེན་པོའི་མར་མེ་དང་། ཤ་ཆེན་གྱིས་ལྷ་བཤོས་དང་། ཁྲག་གི་ཨརྒ་དང་། དེ་དག་བསམ་གཏན་དང་ལྡན་པར་སྔགས་ཀྱིས་མཆོད་པར་བྱ་སྟེ། གཙོ་བོ་དང་མཁའ་འགྲོ་མ ་སྔགས་བཟླས་ན་དེ་མ་ཐག་ཏུ་བསྙེན་པར་འགྱུར་རོ།། དེ་ནས་ཐོད་པ་དུམ་བུ་དྲུག་པའི་ནང་དུ། ནིམ་པའི་ལོ་མ་དང་སྤྲེའུ་ཤིང་གི་ཁུ་བ་དང་། རྒྱ་སྐྱེགས་ཀྱི་ཁུ་བ་དང་། དུར་ཁྲོད་སྣག་ཆ་དང་སྦྱར་ལ། བདག་ཏུ་ལྷོ་ཕྱོགས་སུ་ལྷས ་འུག་པའི་སྒོ་ཡིས་སྐྱུག་གུས་བསྒྲུབ་བྱའི་གཟུགས་བྲིས་ནས། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་འགྲམ་གྱིས་ཐོད་པ་བཀང་ལ་སྔགས་འདི་བཟླས་ནས་ཤིང་གཅིག་གི་རྩར་སྔོས་ན་དེ་མ་ཐག་ཏུ་ཁྲག་སྐྲག་པར་འགྱུར་རོ།། ཨོཾ་མ་ཧཱ་ཀཱ་ལ ་ཡ། སརྦ་ཌ་ཀི་ནི། པུ་ཀ་ལ་ག། དུ་དྷི་རུ་པི་བ་ཧ་ན་ཧ་ཧཱུཾ་ཕཊ་སྭཱ་ཧཱ། གང་ཞིག་ཆག་ཚང་སྐུ་བ་འམ། མ་ཧོའི་ར་ལ་བྱས་ཏེ། བདག་ལུས་གུར་གུམ་གྱིས་བྱུ་བ་ལ་ཁ་ནབ་དུ་ལྔས་ཏེ། ར་དཀར་མོ་དང་པ་དམར་མེའི་འོ་མ་བདུད་རྩི་དང་སྦྱར་ནས། ་དུར་ཁྲོད་རས་ལ་འུག་པའི་སྨུག་གུས་སྦྲུལ་མགོ་གསུམ་པ་བྲིས་ལ། སྙིང་ཁར་ཕུ་བྲི་དཔྲལ་བར་འ་བྲི། ལགས་གཉིས་ཀྱི་མཐིལ་དུ་ཕྱིན་ཕྱོགས་སུ་བྲི། བྱཾ་ལ་ནག་པོའི་ལྤགས་པ་ལ་བསྒྲུ་བྱིབ་གཟུགས་དག་དངས ་དང་བྱ་རོག་ཁྲག་དང་དུར་ཁྲོད་སྣག་ཆས་བདག་ཁ་ཤར་ཕྱོགས་སུ་ལྟས་བྱ་རོག་གི་སྒྲོས་སྨུག་གུ་བྱས་ལ་བྲི། བསྒྲུབ་བྱའི་དཔྲལ་བར་རུསོ་སྙིང་ཁར་མིང་རྐང་ཞབས་སུ་ཡཾ་བྲི། ལྟེ་བར་ཛ་ཡན་ལེགས་བཞི་ལ་ཀླུ་རིགས་བཞི ་གྲི་སྙིང་ཁར་ཀླུ་ནག་པོ་མགོ་བོ་གསུམ་པ་མགོ་བོ་ཕྱོགས་ལུས་ལ་ནུབ་པ་བྲི། དེ་ནས་བཟངས་དང་ལྕགས་དང་གསེར་དང་དངུལ་དང་། འཚལ་ལ་སོགས་པ་བར་དུ་བཞག་ལ་ཁ་སྦྱར་དུ་བྱའོ།། དེའི་ཕྱི་རོལ་དུ་དུར་ཁྲོད་ཀྱི་རས་ཀྱི ་སྐུད་པ་བཅིངས་པ་བྱ་སྟེ། མདུན་དུ་བཞག་ལ། ནི་རང་སུའི་ཕུར་བུ་ལ་སྔགས་ཏེ་བཏབ་པར་བྱའོ།། དེ་ནས་ཆ་བ་ཚད་སྐ་བ་འམ་མ་ཧེའི་རང་བཅུག་ལ། ཀླུ་གནས་པའི་སར་བཞག་ན་ལུས་པོ་ཨ་རྫ་ཀའི་འབྲས་བུ་ལྟར་འགས་པ ་འགྱུར་རོ།། ཨོཾ་མཧཱ་ཀཱ་ལ་ཡ། བྷ་བཻ་ནི་ནཱ་ག་ར་ཛ་བའི་ཤ་མ་ན་ཨ་མུ་ཀ་དུཥྚ་ན་ཙ། མཱ་ར་མཱ། ནི་རི་ནི་རི། བཾ་གུ་ཡ་བཾ་གུ་ཡ། ཛ~ཾ་ད་ཡ་ཛ་ད་ཡ། མ་ཐ་མ་ཐ། དུན་དུ་མ་ནཱ་བཱ་ར་ཛ། བ་ཤ་ཏ་ཡ་ཧཱུཾ་ཕཊ་སྭཱཧཱ། ཨོཾ་མཧཱ་ཀཱ་ལ་ཡཱ་བྷ་བི་སྟཱ་ཏི ་མ་ན་ག་ཀོ་ཏ་ས་ད་ན་ལ་ཡ་ཧཱུཾ། མ་མ་རཀྵ་རཀྵ། ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། གུར་གུམ་ལ་བཟླས་ཏེ། དཔྲལ་བར་ཐིག་ལེ་བྱས་ན་ཐམས་ཅད་བསྲུང་བར་འགྱུར་རོ།། དེ་ནས་གཞན་ཡང་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་གང་ཞིག ་ཕྱི་རོལ་པ་རྣམས་ཀྱི་སྟོབས་ནི་འཇིག་རྟེན་ག་ལས་བྱུང་། རབ་སྟོབས་ལོགས་པར་ཕྱོགས་པའི་ཕྱིར། རྒྱལ་བའི་བསྟན་པ་འཇིགས་པར་འགྱུར།། ཕྱི་རོལ་སྟབས་དང་དབྱེ་བ་ཡི། ཆོ་ག་ཅི་ལགས་བཤད ་དུགསལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་ནག་པ་ཆེན་པོ་ཁྱོད།། ཕྱི་རོལ་སྟོབས་དང་ལན་པ་ཡི།། མྱུར་དུ་དབྱེ་བའི་ཆོ་ག་བཤད།། དབྱེ་དང་བསྐྲད་དང་རྨོངས་བྱེད་དང་།། འགུགས་དང་དབང་དུ་བྱེད་པ་དང ་ཕྱི་རོལ་དམག་གི་དཔུང་རྣམས་དང་།། གཅན་གཟན་ལ་སོགས་འཇིགས་པའི་ཚེགས།། དེ་དག་རེངས་པར་བྱེད་པ་ཡི།། ཆོ་ག་བདག་གི་བཤད་པར་བྱ།། དང་པོ་དབྱེ་བའི་ཆོ་ག་བཤད་བསྒྲུབ་བྱའི་རྐང་པ་ཡོན་པའི་ས་དང་། ་སྐེ་ཚེ་དང་བ་ཅན་དུག་དང་བག་ཟན་དང་།། ཡུགས་མའི་སྐྲ་ཤིང་རྣམས་ལ་བསྒྲུབ་བྱའི་གཟུགས་སོར་བརྒྱད་པ་བྱས་ལ། སྐྱེ་ལ་མའི་ལྷག་ཙ་བསྐོར་བ་བསྒོན་ལ། དེ་ལ་དེ་ཉིད་ཀྱི་འདོད་པའི་ལྷའི་གཟུགས་རྡོ་དཀར་དང་མཚན་པའི་ས་དང ་། སྦ་ཚིལ་ལས་སོར་བརྒྱད་པའི་ཚད་བྱས་སྟེ། སྙིང་ཁར་ལྷ་གང་དང་། གང་གི་སྙིང་པོ་འམ། མིང་གི་ཡི་གེ་གཞུགས་པར་བྱ་སྟེ་བསྒྲུབ་བྱའི་གཟུགས་དང་རྒྱབ་སྤྲོད་དུ་བྱས་ལ་བར་དུ།། ཨོཾ་མ་ཧཱ་ཀ་ལ། ཨུཥྚ་དེ་བ་ཏ། བྷིན་དྷེ་ཤ་ཡ་ཧཱུཾ་ཧཱུཾ ་སྭཱཧཱ། ཞེས་པར་སྣང་གི་ཤིང་ལོ་ལ་བྲིས་ལ་གཞུག། དེ་ནས་མའི་རྒྱུ་མས་དཀྲིས་ཏེ། རྐང་པ་ལ་བརྟགས་ནས་མཆོག་ཕུར་བཞི་ལ་བཏགས་ཏེ་བར་སྣང་ལ་གཞག་པར་བྱའོ།། བསྒྲུབ་བྱའི་སྟེང་དུ་གནས་པར་བྱའོ།། བདོད་པའི་ལ་ནིའོ།། ་ཏུ་གནས་པར་བྱའོ།། དེའི་འོག་ཏུ་དྲུག་དང་སྐྱེ་ཚེ་དང་ལྡོང་རོས་དང་གུ་གུལ་ནག་པོ་དང་། དེ་རྣམས་བསྲེགས་ལ་ཚ་གར་བྱའོ།། དེ་ནས་དེའི་སྟེང་དུ་སྐེ་ཚེ་དང་ཡུང་ཁར་དང་ཅན་དུག་དང་རྔོ་ནག་པོའི་ཕྱེ་མ་འམ་ཟངས་དང་ལྕགས་ལ་སོགས་པའི ་རིན་པོ་ཆེའི་ཕྱེ་མས་བསྲེས་ལ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱ་ལ། ཤིན་ཏུ་དྲག་པོའི་སྟོབས་ཀྱིས་སྔགས་བཟླས་ལ་ཕྱེ་མས་བརྡེགས་པར་བྱའོ།། ཨོཾ་མཧཱ་ཀཱ་ལ་ཡ། སརྦ་དུཥཱན་ཙ། དྷ་ད་དྷང་། ཧཱུ~ཾ་ས་མུ་གཿ ་དྷེ་ཤ་ཡ་མཱ་ར་ཡ་ཛྙཱ་ཧཱུ~ཾ་ཕཊ་སྭཱཧཱ། དེ་བཞིན་དུ་ཞག་གསུམ་དུ་བསྟེན་པར་བྱ་སྟེ། དེ་ནས་ནག་པོ་ཆེ་གྲི་གུག་གིས་སོ་སོར་ཕྱེ་ལ། འདོད་པའི་ལྷ་ནི་མནན་པར་བྱ། བསྒྲུབ་བྱ་ལ་སྦྱིན་བསྲེགས་ཏུ་བྱའོ།། ངེས་དབྱེ་བའི་སྟོབས་དང་ལྡན་པར་འགྱུར ་རོ།། དེ་ནས་གཞན་ཡང་ཐོད་པ་དུམ་བུ་བསུམ་པར་ཏ་ནག་པོའི་ཁྲག་དང་རིའི་ཁུ་བ་དང་ནིམ་པའི་ལོ་མ་རྣམས་ཟླ་བ་གཟས་ཟིན་པའི་དུས་སུ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པས་སྣག་ཚ་བྱས་སྟེ། བུས་པ་ལོ་བཅུ ་གཉིས་པའི་སྨྱུག་གུས་ཐོད་པ་ལ་འཁོར་ལོ་བྲི་བར་བྱའོ།། རྩིབས་དྲུག་ལ་འཕར་མ་གཉིས་པར་བྱས་ནས་ཤར་ལ་སོགས་པའི་རིམ་པར་ཨོཾ་མ་ཧཱ་ཀཱ་ལ་ཡ། ནང་གི་རིམ་པ་ལའོ།། ཕྱི་རོལ་གྱི་རིམ་པ་ལ་གཡོན་བསྐོར་དུ། ཨོཾ་ཨུ་ཙ་ཏ་ན་ཡ། ་དེ་ནས་ཕྱི་རོལ་གྱི་མུ་ཁྱུད་གཡོན་བསྐོར་དུ། ཨོཾ་མ་ཧཱ་ཀཱ་ལ་ཡ། པ་ཏ་ན་ཡ། ཡ་མུ་ཀ་ཨུ་ཙ་ཏ་ན་ཡ། མ་ཧཱ་ཀཱ་ལ་ཡ། ཏ་སེའི་ཁ་ན་ལག་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཆོ་ག་བདག་ཉིད་ཀྱི་ལས་བདུད་རྩིས་བྱུག་ལ་བསྒྲུབ་བྱའི་ཕྱོགས་སུ་ཁ་ལྟས་ཏེ། ་འཁོར་ལོ་མཎྜལ་སྟེང་དུ་ཁ་སྦུབ་ཏུ་བཞག་ལ་མི་ནག་པོ་སྨེ་བ་ཡོད་པའི་སྲེ་ལོང་གི་ཐོ་བ་དང་རྗེ་རང་གྱི་ཕུར་པས་བཏབ་ཅིང་བརྡུང་བར་བྱའོ།། དེ་བཞིན་དུ་དཔལ་ནག་པོ་ཆེན་པོའི་སྦྱོར་བས། དུས་གསུམ་དུ་བསྒྲུབ་པར་བྱ་བ་ལ། སྒྲུབ་བྱའི་ས ་ཕྱོགས་སམ་ཁྱིམ་གྱི་སླད་དུ་རྦ་བར་བྱས་ན་གང་ཞིག་སྒྲུབ་བྱ་དེ་ཁྱབ་འཇུག་ཡིན་ཡང་སྐྲོད་པར་འགྱུར་རོ།། ཅུ་ཚུན་ད་རིའི་ལྗགས་པ་ལ་དུར་ཁྲོད་ཀྱི་སྣག་ཚས་འཁོར་ལོ་བྲི་ལ། བསྒྲུབ་བྱའི་གྲི་མའི་ས་རིང་ཤོ་མང་གི་ཁུ་བས་སྦྲུལ་ལ་བསྒྲུབ ་བྱའི་གཟུགས་བྱས་ནས། སྙིང་ཁར་མིང་གི་ཡི་གེ་དང་ལྡན་པར་བྱས་ལ། འཁོར་ལོའི་ནང་དུ་གཞུག་པར་བྱ་སྟེ་སྤྲེའུ་ཡི་རྒྱུས་པས་དཀྲི་བར་བྱའོ།། དེ་ནས་རང་གི་མདུན་དུ་ཁམས་ཕོར་གྱིས་ནང་དུ་བཞག་ལ། སྔགས ་ཐལ་ཆེན་དང་ཡུང་དཀར་ཡ་བཟླས་ལ་གདབ་པར་བྱ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་པྲ་ཏི། ཨ་མུ་ཀཱ་མོ་ཧ་ཡ་མོ་ཧ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་བཞིན་དུ་ཆོ་ག་འདི་དུས་གསུམ་བྱས་ལ་བསྒྲུབ་བྱའི་ཉལ་སར་སྦས་ན་རྨོང་པར་འགྱུར་བ་འམ། གཞོག ་ཕྱེད་སྐམས་ནས་འཆི་བར་འགྱུར་རོ།། དེ་ནས་གཞན་ཡང་ཨུད་པ་ལོའི་མེ་ཏོག་དང་ཙན་དན་དམར་པོ་དང་ཨ་བ་ར་ཙིཏྟི་བ་ཁུ་བས་སྣག་ཚ་བྱས་ལ་མེ་ཏོག་དམར་པོ་ལ། ཨོཾ་མ་ཧཱ་ཀ་ལ་ཡ། ཥཱི་དན་ཨ་མུ་ཀ་ཨ་ཀར་ཥ་ཡ། ཨ་ཀར་ཥ་ཡ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་བྲི་ཁ་ལྷོ་ནུབ་ཏུ་བལྟས་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་ལ་མེ་ཏོག་ལ་མངོན་པར་སྔགས་ཏེ། སྐྱེས་པ་འམ་མོ་བཙུན་གྱི་ལུས་སམ་གྲིབ་མ་ལ་ཕག་པ་ཙམ་གྱིས་ལུས་སམ་གྲིབ་བམ ་ལ་ཕོག་པ་ཙམ་གྱིས་དེ་མ་ཐག་ཏུ་འགུགས་པར་འགྱུར་རོ།། དེ་ནས་གཞན་ཡང་ལ་བཅུ་གཉིས་མའི་ཐོད་པ་ཚེས་བཅཝ་ལྔའི་ཉིན་པར་བདུད་རྩི་ལྔས་བྱུག་ལ། མེ་ཏོན་དམར་པོའི་ཡུ་བ་ལ་སྨྱུག་གུས་བྱས་ཏེ། རྒྱལ་པོ་འམ་བློན་པོའི་གྲོང་ཁྱེར ་དུ་ཁ་ལྟས་ཏེ། ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱས་སྟེ། འཁོར་ལོའི་རྩིབས་ལ་ཡི་གི་ཧྲི་དཀོད་པར་བྱ། དབུས་སུ་ཨོཾ་མཧཱ་ཀ་ལ་ཡ། པྲ་བུད་ཏཥྨ་ད་ནག་ད་རེ། ཨ་མུ་ཀ་པ་ཤ~ཾ་ཀི་ར་ན~ཾ། བཱ་ཤི་ཀར་ཧཱུ~ཾ་ཏྲི་ཧྲི་ཧྲི་སཧཱ། ཞེས་བྲི་བ ་བྱའོ།། དེ་ནས་མེ་ཏོག་དམར་པོས་ཐོད་པ་བཀང་ལ་དཔལ་ནག་པོ་ཆེན་པོའི་བསམ་གཏན་གྱིས་མངོན་པར་བསྔགས་ན། ཐོད་པའི་མེ་ཏོག་དྲི་དང་ལྡན་ཏེ་གཡོ་བར་འགྱུར་རོ།། དེ་འི་ཚོ་ཐོང་པའི་མེ་ཏོག་དེ་དཔལ་ནག་པོའི་བསམ་གཏན་གྱིས། ་རྒྱལ་པོ་འམ་བློན་པོའི་ལག་ཏུ་ཕྱིན་པ་ཙམ་གྱིས་དབང་དུ་འགྱུར་རོ།། དེ་ནས་གཞན་ཡང་ལས་ཐམས་ཅད་བསྒྲུབ་པའི་ཡུང་ཀར་གྱི་ཆོ་ག་ལ་བརྩོན་པར་བྱ་སྟེ། དེ་ལ་ཐོད་པ་དུམ་བུ་གསུམ་པར་དུར་ཁྲོད་ནས་བླངས་ལ། དཔལ་ནག་པོ་ཆེན་པོའི ་བསམ་གཏན་གྱིས་བགེགས་བསྒག་དེ། ལྷོ་ནུབ་མཚམས་ས་ཁ་བལྟས་ཏེ་ཐོད་པ་ལ་འདི་བྲིས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ས་རས་པ་མི་བྷཱི་བྷ་བཱ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ས་གཏིང་ཁྲུ་གང་ཚད་དུ་སྠ། དེའི་སྙིང་དུ་ཁྲུ་གང་ཆོས་འབྱུང་གཟུགས་སུ་བདུག ་པ་བྱ། དེ་ནས་ནག་པོ་ཆེན་པོའི་ཐུག་ཀའི་ས་བོན་ལས་འོད་ཟེར་ཡུངས་ཀར་ལ་ཐིམ་པར་བསམ་ལ་སྔགས་འདིས་ཡུངས་ཀར་ལ་ལན་བདུན་ནམ་བཅུ་བཞི་འམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་ལ། ཉི་མའི་འོད་ཟེར་ལ་གཟུགས་པར ་བྱའོ།། དེ་ནས་བསྐོར་བ་ལ་ལན་ཉི་ཤུ་རྩ་གཅིག་བྱ་ཞིང་སྔགས་བཟླའོ།། གཏོར་མ་དང་མཆོད་པ་ཡང་བྱ། ཞག་བདུན་བདུན་ཞིང་དེ་ལྟར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུད་ག་ཏེ་ཧཱུཾ་ཕཊ་ཞེས་བཟླས་ཞིང་ཡུངས་ཀར་སྨིན་པའི་དུས་སུ། དཔལ་ནས ་བོ་ཆེན་པོའི་བསམ་གཏན་དང་ལྡན་པས་ཡུངས་ཀར་བླ་བར་བྱའོ།། དེ་ནས་དུར་ཁྲོད་ཀྱི་གནས་ས་མཎྜལ་གྲུ་གསུམ་ཁྲུ་གང་གི་ཚད་དུ་སྔ་བྱས་ཏེ། བདུད་རྩི་རྣམ་པ་ལྔས་བྱུགས་ཏེ། དེའི་སྟེང་དུ་ཐོད་པའི་ཡུངས་ཀར་བླུགས་ལ་གཞག་པར་བྱ་སྟེ། ་དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ནས་ཞག་གསུམ་དུ་སྔགས་ཀྱི་བསྙེན་པ་བྱས་ན། དེས་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ལས་ཐམས་ཅད ་འགྲུབ་པར་འགྱུར་བ་ཅི་ལགས། བཅོམ་ལྡན་འདས་ཀྱིས་འཁོར་གྱི་ཚོགས་ལ་གཟུགས་ནས་བཀའ་སྩལ་པ། ཕ་རོལ་གྱི་དམག་ཚོགས་གཡུལ་རྣམས་དང་། གཅན་གཟན་ལ་སོགས་འཇིག་པའི་ཚོགས།། གང་ཞིག་འབྱུང་པོའི་སྟོབས ་ཆེན་དང་། ལོགས་པའི་མཐུ་དང་ལྡན་པ་རྣམས། དེ་དག་བཇིག་པར་འགྱུར་བ་ནི། ལུང་ཀར་ཆོག་བདི་ཡིས་སུ། ཨོཾ་མཛཀ་ལ་ལ། སངས་པས་རག་ན། བྷ་དྷ་བྷ་དྷ། ཧ་ཏྲ་རྦཿ། ཨ་མུཀ་ན། བྷ་དྷ་བྷཿ། ་བྷཱ་ནཾ་སྟཾ་བྷཱ་ནི་དྷུ་སཱཧཱ། དེའི་ཆོ་ག་ཡུངས་ཀར་ལ་བྱས་ན་དམགས་དཔུང་རེངས་པར་འགྱུར་རོ།། ཨོཾ་མཧཱ་ཀཱ་ལ་ཡ། སཾ་གན་\ུ0f7f། ཧན་ཧ་ན། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེའི་ཚོགས་སེང་གེ་ལ་སོགས་པའི་གཅན་ཟན་གྱི་ཚོགས་འཇིགས་པར ་རཿ། ཨ་མཧཱ་ཀ་ལ་ཡ། སརྦ་བུངྒ་བི་ཤིམ་བེ་ཏ་མ་ཏི་གན། སྟཾ་དྷ་ཡ་སྟཾ་བྷ་ཡ། གྲས་གྲས། མཱ་ར་ཡ་མཱ་ར་ཡ་བི་དྷ་ན་སྱ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། དེའི་ཚིགས་བགགས་ཀྱི་ཚོགས་འཇིགས་པར་འགྱུར་རོ།། དེ་ནས་གཞན་ཡང་བྱི་ལ ་ནག་མོའི་རིལ་མ་དང་། མིའི་ལྷག་ཙ་བསྐོར་དང་དྷོ་པ་ཝང་ལུང་བུ་དང་གུ་གུལ་ནག་པོ་དང་། འཆད་པའི་ས་དང་དེ་རྣམས་བསྲེས་ལ་ནད་པ་འམ། གནོད་གྱིས་ཟིན་པའི་མདུན་དུ་བསྲེགས་ལ། བདག་ལག་ཏུ་གྲི་གུབ་ཐོག ་ཏེ་བདག་ཉིད་དཔལ་ནག་པོ་ཆེན་པོའི་ང་རྒྱལ་དུ་བྱས་ལ་ཐུགས་ཀའི་བོད་ཟེར་གྱིས་མདུན་གྱི་དཔལ་ནག་པོ་ཆེན་པོ་དཀུག་ལ། དེ་ཕར་སྤྲོས་པས་བགེགས་དཀུག་ལ་ནད་པ་ལ་བསྟིམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་པ་ཏཿ ་པ་ཏ་ཡཱ། སྟཾ་བྷ་ཡ། སརྦ་བུ་དྷ། མ་ཧཱ་ཀ་ལ་ཡ། ཨ་ཏ་ན་ཛ་ཡ་ཧཱུཾ། དེས་གྲི་གུག་ལ་བཏབ་ལ་ནད་པའི་ཐོག་ཏུ་བཞག་ལ། ཡུངས་ཀར་དང་ལྕགས་ཀྱི་ཕྱེ་མས་ཡང་ཡང་མི་སྨྲ་བའི་བར་དུ་གདབ་བོ།། དེ་ནས་སྨྲ་བར་འགྱུར་ཏེ་རང་གི ་འདོད་པའི་དྲི་བར་བྱ། དེ་ཡང་དམ་ལ་གདགས་པ་དང་མནནའ་བསྒྲུབས་པ་དང་གནད་ལ་དབབ་པའི་ཆོ་ག་བྱས་ལ་བསྐྲད་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བུས་པ་མི་ཏི་མི་ཏི་མེ་ཏོག་འགུགས་པའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ་ར་སི་བ་ཡཾ་ཀ་ཨ་མྲི་ཏ། ཀུ་རུ་ཀུ་རུ་སྭཱ་ཧཱ། བཅུང་ལེན་བྱིན་གྱིས་བརླབས་པའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། དུ་པྲ་བ་ཏི་གྲྀ་ཧ་ནམ། ཨུ་པ་ཡ་པྲ་ཏི་ཀྲ་མ། པ་རི་བུ་ར་ནི་དུ་བ་ཨ་ཏཥྛན་ཨ་ཏིཥྛ་ཏེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ནཿ ་པོ་ཆེན་པོའི་སྤོས་སྦྱོར་གྱི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། སུ་ར་ཏི་ཏི། མ་ཡཾ་གུ་མི་ལི་མི་ལི། སུ་ར་ཨ་ཀར་ཥ་ཡ་ན། ནི་རུན་དྷ་ན་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། གྲོང་ཁྱེར་གྱི་ཚངས་དབུགས་པའི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ་བྷཾ་ཤ་པ་རང་དྷི་ཤ། ཧ་རི་མི་ཨུ་པ་པྲ་ཏི་པར་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། སྦྲུལ་གྱི་དུག་གསལ་བའི་སྔགས་སོ།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ ་ལས་སྔགས་ཀྱིལ་འགྲེ་གནས་པས།། དེ་ནས་དཔལ་ནག་པ་ཆེན་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་ཡིག་སྔགས་ཀྱི་སྦྱོར་བ་རྣམས།། སྦུབས་དང་ལྡན ་སྦྱོར་བ་ཡི། དེ་ཡི་ཆོ་ག་བཤད་དེ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་ལྷ་ཡིས་རྣལ་འབྱོར་གྱིས།། སྔགས་ཀྱི་སྟོབས་རྣམས་བསྐྱེད་པར་བྱེད།། རྟག་ཏུ་ལྷ་ཡིས་རྣལ་འབྱོར་དང་།། ལྡན ་པས་སྔགས་ཀྱིས་ཆོ་ག་རྣམས།། བརྩམ་པ་ཙམ་གྱིས་གྲུབ་པར་འགྱུར།། དེ་ཕྱིར་ལྷ་ཡི་རྣལ་འབྱོར་ནི།། རྒྱུད་ཀྱི་དོན་ལྡན་ཡིན་པར་བཤད།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས། རྒྱུད་ཀྱི་དོན་ནི་ལྡན་པ་ཡི། ལྷ་ཡི་ཆོ་ག་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དང་པོ་ས་བཞི་བསྲུང་བ་དང་།། བདག་དང་རྣལ་འབྱོར་བསྲུང་བར་བྱ།། ་དེ་ནས་ལྷ་ཡི་ཆོ་ག་ནི།། རིམ་པ་བཞིན་དུ་རྫོགས་པར་བསྐྱེད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་དུར་ཁྲོད་ལ་སོགས་པ་འབྱུང་པོ་འདུ་བའི་གནས་སུ་སོང་ལ ་ལུས་བདུད་རྩི་ལྔས་བྱུགས་ལ་བདེ་བའི་བསྟན་ལ་འདུག་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀ་པ་ཙ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ལན་གསུམ་དུ་བསྲུང་བར་བའོ།། དེ་ནས་དེ་མ་ཐག་ཏུ་དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་ལྡན་པར་བྱ་སྟེ། དེའི ་སྟེང་ཁར་རྀ་ལས་ཉི་མིབ་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ནག་པོ་བསམ་པར་བྱའོ།། ཧཱུཾ་གི་འོད་ཟེར་གྱིས་སྲིད་པ་གསུམ་གྱི་གདུག་པ་བསལ་བར་བྱས་ནས། བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔལ་རྣམས་དཔལ་ནག་པོ་ཆེན་པོའི་རང ་བཞིན་དུ་དམིགས་ལ་རང་གི་མདུན་དུ་བཀུག་སྟེ། མེ་ཏོག་དང་སྤོས་ལ་སོགས་པ་མཆོད་པའི་ཁྱད་པར་གྱིས་མཆོད་ནས་སྡིག་པ་བཤགས་པ་ལ་སོགས་པ་བྱའོ།། དེ་ནས་དཔལ་ནག་པོ་ཆེན་པོའི་སྟོབས་ཀྱིས་བྱམ་པ་ལ་སོགས་པ་ཚད་མེད ་པ་བཞི་དམིགས་པར་བྱ་སྟེ། དངོས་པོ་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རྗེས་སུ་བལྟ་བར་བྱས་ཇི་ལྟར་བཞིན་གསལ་བའི་ངང་ལ་བཞག་གོ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས ་དངོས་པ་ཐམས་ཅད་ཀྱི་ཁོ་ན་ཅིང་ཇི་ལྟར་ལགས། རང་བཞིན་གསལ་བས་ཅི་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཐོག་མར་མ་སྐྱེས་སྐྱེ་བ་མེད།། དངོས་དང་དངོས་མེད་གཉིས་སྤངས་ཤིང་།། མཐའ་ལ་མི་གནས ་རྣམ་པར་གྲོལ།། སྟོང་དང་མི་སྟོང་རང་བཞིན་གྱིས།། ང་བ་ཉིང་ཀྱི་རྣམ་པར་དག། དངོས་པོའི་སྙིང་པོ་བསྡུས་པ་ནི།། སྟོང་པ་ཉིད་ན་གསལ་བར་བྱེད།། ཟས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། ཨོཾ་སཏྭ་ཤུནྱ་དྷན་བརྫས་བྱ་མས ་མ་ཀོ་ཧཱཾ། གཉིས་སུ་སྣང་དངོས་པོ་རྣམས།། གཉིས་མེད་ཡེ་ཤེས་ཆེན་པོ་ཡིས།། སྟོང་པ་ཉིད་དུ་བསྒོམ་པར་བྱ།། དེ་ནས་དཔལ་ལྡན་ནག་པོར་བསྐྱེད།། སྟོང་པ་ཉིད་ལས་ཡི་གེ་བ།། སྣ་ཚོགས་པདྨ་ཉི་མར་བཅས།། དེ་ཡི་སྟེང་དུ་ཧཱུཾ་གནས ་པ།། བོད་དུ་ཞུག་ནས་གྲི་གུག་གྱུར།། ཡུ་བ་ཉི་མ་ཧཱུཾ་གིས་མཚན།། ཧཱུཾ་གི་འོད་ཟེར་ཕྱོགས་རྣམས་སུ།། གྲི་གུག་འོད་དང་བཅས་པར་སྤྲོ།། འོད་ཀྱི་གདུགས་བ་བསལ་བྱས་ནས།། གྲི་གུག་གུར་དང་དྲ་བར་འགྱུར།། དེ་ཡི་དབུས་སུ་ཆོས་འབྱུང ་བསམ།། ནང་དུ་སྣ་ཚོགས་པང་ཉི་མ།། དེ་སྟེང་རོ་ཡི་གདན་ཉིད་དོ།། སྟེང་ཁར་ཟླ་བ་ཉི་མ་ནི་ཨ་ལི་ཀ་ལིས་རྣམ་པར་བརྒྱན།། ཁ་སྦྱོར་དབུས་སུ་གནས་པ།། བོང་དུ་ཞུ་ནས་གྲི་གུག་གྱུར།། གྲི་གུག་ཡུ་བ་ཧཱུཾ་གཉིས་མཚོན།། སྤྲོ་དང་བསྡུ ་བའི་ཆོ་ག་ཡིས།། དཔལ་ནག་པོ་ཆེན་པོར་བཞེངས།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། གྲི་གུག་ཐོད་པ་ལགས་ན་འཛིན།། སྤྱན་གསུམ་མེ་བདག་ཕུང་པོ་འདྲ།། དབུ་སྐྲ་ཁམས་སེར་གྱེན་དུ་ཁྱིལ།། རྔམ་པའི་མཆེ་བ ་ཤིན་ཏུ་གཙིགས།། ཁ་ནས་འཛག་འཛག་རྒྱུན་མི་འཆད།། སྔགས་གི་ཤམ་ཐབས་རབ་ཏུ་མཛེས།། ཀླུ་ཆེན་བརྒྱད་ཀྱིས་ཡན་ལག་བརྒྱད།། བརྒྱ་བྱེད་ཐོད་པའི་འཕྲེང་བས་མཛེས།། ད་ལྟར་རྫོགས་པར་བསྐྱེད་ནས་ནི།། རང ་སྙིང་པ་ད་ཉིད་ཧཱུཾ་གནས་པ།། ཧཱུཾ་ལས་གྲི་གུག་ཧཱུ~ཾ་གཉིས་མཚན།། དེ་ཡི་འོད་ཟེར་རབ་སྤྲོས་པས།། བླ་མ་སངས་རྒྱས་ཐམས་ཅད་དུ།། བྱང་ཆུབ་སེམས་དཔའ་ལ་སོགས་པ།། དཔལ་ལྡན་ནག་པོའི་རང་བཞིན་དུ།། བཀུག ་ནས་གཉིས་སུ་མེད་པར་བྱ།། ཛ་ཧཱུཾ་བཾ་ཧོ་འདི་ཡིས་གཅིག་ཏུ་བྱས་ནས་ནི།། ཐུག་ཀའི་འོད་ཟེར་ལས་བྱུང་བའི།། ཡེ་ཤེས་ཆུ་ཡིས་དབང་བསྐུར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་ལྷ་ཡི་ཆོ་ག་ལྡན་གྱུར་ན།། ལས་ཀྱི་སྦྱོར་བའི་མྱུར་ལགས།། བཅོམ་ལྡན་འདས་ཀྱིས་དཀའ་སྩལ་པ།། འདི་ཡི་ལས་ཀྱི་ཆོག་རྣམས།། ལྷ་ཡི་རྣལ་འབྱོར ་རྫོགས་བྱེད་ཀྱིས།། སྔགས་ཀྱི་མཐུ་དང་ལྡན་འགྱུར་ན།། ལས་ཀྱི་ཆོ་ག་ཐམས་ཅད་འགྲུབ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་ལྷ་ཡི་ཆོ་ག་ལྡན་གྱུར ་ན།། ལས་ཀྱི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཁྱད་པར་ལས་ཀྱི་ཆོ་ག་ནི།། རྣམ་པ་བཞི་རུ་ཤེས་པར་བགྱི།། གནས་དང་ལིང་ཁ་བཅའ་པ་དང་།། དུས་དང་གསད་པའི་སྦྱོར་བྱའོ།། བསམ ་གཏན་སྔགས་ཀྱིས་ཤེས་པར་གྱིས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་བྱང་ཕྱོགས་ཀྱི་ཆུ་བགྲམ་གྱི་དུར་ཁྲོད་དམ་ཤར་ཕྱོགས་ཀྱི་ཤིང་རྐང་གཅིག་གམ། ལྷོ་ཕྱོགས་སུ་རོ་བསྲེགས་པའི་དུར ་ཁྲོད་ངམ། ནུབ་ཕྱོགས་སུ་མཁའ་འགྲོ་མའི་ཁང་སྟོང་ངམ། ནུབ་བྱང་མཚམས་པ་རྒྱ་མཚོའི་གླིང་ངམ། བྱང་ཤར་མཚམས་རིའི་རྩེ་མོ་འམ། ཤར་ལྷོ་མཚམས་མ་ཧཱ་དེ་བ་གནས་པའི་ས་བམ། ལྷོ་ནུབ་མཚམས་གསལ ་ཤིང་ཡོད་པའི་ནག་འཚལ་ལམ། གནས་དེ་དག་ཏུ་ནག་པོ་ཆེན་པོ་བསྒྲུབ་པར་བྱའོ།། དེ་ནས་རྣལ་འབྱོར་བསྒྲུབ་བྱའི་ཕྱོགས་སུ་ཁ་བལྟས་ལ་ཚ་བ་གསུམ་དང་བསྒྲུབ་བྱའི་རྐང་པ་ཡོད་པའི་ས་དང་། སྤྲ་ཚིལ་དང་བག་ཟན་ལ་སོག ་པ་རྣམས་ལ། བསྒྲུབ་བྱའི་གཟུགས་སོ་སོར་བརྒྱད་པའི་ཚད་དུ་བྱས་ལ། དེ་ནས་དུར་ཁྲོད་ཀྱི་སྣག་ཆ་དང་། བྱ་རོག་ཁྲག་གིས་མིང་རུས་ཀྱི་ཡི་གེ་དང་ལྡན་པར་བྱའོ།། དེའི་ཚེ་ལུས་ཀྱི་ཐིག་ལེའི་གནས་སུམ་བཅུ་རྩ་གཉིས་སུ་གསལ ་ཤིང་གི་ཚེ་རམས་དགང་བར་བྱས་ནས། དེའི་སར་སྐྱེ་ཚེ་དང་ཡུངས་ཀར་དང་གཙན་དུག་གིས་ཀྱང་བསྣུན་པར་བྱ་སྟེ། དཔལ་ནག་པོ་ཆེན་པོའི་བསམ་གཏན་དང་སྔགས་ཀྱི་གསུང་བར་བྱའོ།། དུས་ནི་ཞག་བདུན་ནས་སུམ་བཅུ་རྩ་གཉིས ་ཀྱིས་བསྙེན་པ་དང་ལས་སྦྱོར་ཐུན་མོང་དུ་འགྱུར་རོ།། དེ་ནས་གཞན་ཡང་དཔལ་ནག་པོ་ཆེན་པོའི་འདི་སྐད་ཅིག་མའི་བསམ་གཏན་དུ་བྱ་སྟེ། ཨོཾ་མཧཱ་ཀཱ་ལ་ཡ། ཡུད་པ་ཏི་ཀྲ་མ། བཱ་བཱ་དྷ་ས་དྷི་མཧཱ་ཀཱ་ལ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས ་བྱ་བའི་སྔགས་འདིས་དུག་གི་ལ་དྷུ་གཏོར་མ་བྱ་སྟེ། ཞག་གསུམ་དུ་བསྒྲུབ་ན་དཔལ་ནག་པོ་ཆེན་པོ་སྟོབས་དང་ལྡན་པར་འགྱུར་རོ།། དེ་ནས་གཞན་ཡང་ཁྲག་དང་དུག་དང་སྒོག་པ་དང་ཡུངས་ཀར་དང་ཤ་ཆེན་དང་གུ་གུལ་ཆེན་པོ ་དང་ཆ་མ་སྙམས་ལ་བོད་ཟེར་ཅན་དང་ལུ་ཏི་དང་དེ་རྣམས་མ་ནག་ཆེན་པོས་བསྲེས་ལ། དཔལ་ནག་པོ་ཆེན་པོའི་མདུན་དུ་བསྲེགས་ལ་ཞག་དར་བསྒྲུབ་པས་བྱས་ན། དཔལ་ནག་པོ་ཆེན་པོ་མངོམ་གསུམ་དུ་འགྲུབ་པར་འགྱུར་རོ།། ་དེ་ནས་གཞན་ཡང་དུར་ཁྲོད་ཀྱི་འགལ་བ་དང་། དཔལ་ནག་པོ་ཆེན་པོའི་གཟུགས་མཐོ་གང་བའི་ཚད་དུ་བྱས་ཏེ། དུར་ཁྲོད་ཀྱི་ས་ལ་མཎྜལ་གྲུ་གསུམ་པ་བྱས་པའི་སྟེང་དུ་གཞག་གོ།། དེ་ནས་རྣལ་འབྱོར་པའི་ཐུགས་ཀའི་འོད་ཟེར ་གྱིས་དཔལ་ནག་པོ་ཆེན་པོས་སྤྱན་དྲངས་ཏེ་བསྟིམས་པར་བྱའོ།། དེ་ནས་དེ་ལ་མཆོད་པ་དང་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། མདུན་གྱི་ནག་པོ་ཆེན་པོ་དང་བསམ་གཏན་རྩེ་གཅིག་པར་བྱས་ལ། ཚངས་པའི་གནས ་བཞི་བསྒོམ་པར་བྱས་སྟེ། དེ་མ་ཐག་ཏུ་སྟོང་པ་ཉིད་དུ་བསམ་པར་བྱའོ།། སྟོང་པ་ཉིད་ལས་ཆོ་ག་གསུམ་གྱིས་དཔལ་ནག་པོ་ཆེན་པོ་རྫོགས་པར་བསྐྱེད་ལ། དེའི་ཐུགས་ཀའི་འོད་ཟེར་གྱིས་རང་བཞིན་པ་དཔལ་ནག་པོ་ཆེན་པོ ་སྤྱན་དྲངས་ཏེ། གཉིས་སུ་མེད་པར་བསྟིམ་པར་བྱའོ།། དེ་ནས་དུར་ཁྲོད་ཀྱི་ཤིང་གི་ནག་པོ་ཆེན་པོ་དང་།། དཔལ་ནག་པོ་ཆེན་པོ་གཉིས་སུ་མེད་པར་དམིགས་ལ་མཆོད་པ་དང་། གཏོར་མ་ལ་སོགས ་པ་ཡང་བྱ་སྟེ། བསྲེགས་པར་བྱ་བའི་རྫས་ཀྱང་སྲེག་ལ་དབུལ་བར་བྱའོ།། མདུན་གྱི་ནག་པོ་ཆེན་པོ་ནི་བཀའ་སྡོད་ཀྱི་ནག་པོ་ཆེན་པོར་ཤེས་པར་བྱ་སྟེ། ཐུགས་ཀ་ནས་ཐུགས་ཀྱི་སྔགས་ཀྱིས་བཟླས་པ་བྱས་ན། དུས་གསུམ་དུ་མཆོད་པ་དང ་གཏོར་མ་ལ་སོགས་པ་རྒྱུན་མི་འཆད་པར་བྱས་ལ། ཞག་ཉི་ཤུ་རྩེ་བསྒྲུབ་པ་བྱས་ན་དཔལ་ནག་པོ་ཆེན་པོ་མངོན་གསུམ་དུ་འགྱུར་ཏེ། རྣལ་འབྱོར་པ་དེ་དོན་ཐམས་ཅད་དང་ལྡན་པར་འགྱུར་རོ།། དེ་སྐད་ཅེས་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས། ལྷའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་དཔལ་ནག་པོ་ཆེན་པོས། བཅོམ་ལྡན་འདས་ལ་གསོལ་པ། རྒྱུད་དོན ་བསྒྲུབ་པར་བྱེད་པ་ཡི། ཁྱད་པར་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ནག་པོའི་དཀྱིལ་འཁོར་བྲི་བ་དང་།། རབ་ཏུ་གནས་པས་འགྲུབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ།། ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་དཀྱིལ་འཁོར་བྲི་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གནས་དང་དཀྱིལ་འཁོར་བྲི་བ་དང་།། བསྒྲུབ་པར་བྱེད་དང་དོན་གསུམ་དང་།། ཞེས་བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་བཤང་བྱ་བ།། དུར་ཁྲོད་ཁ་དོག་ནག་པོ་ཡི།། ཁང་སྟོང་ཟུར་གསུམ་དབྱིབས་གནས་པའི་ནང་དུ་དཀྱིལ་འཁོར་བྲི་བར་བྱ།། ད་ལ་བུ་མོ་ལོ་བཅུ་གཉིས་མ་རྣལ་འབྱོར་མི ་གཟུགས་སུ་འདུག་པ་འཁྲུས་བྱས་ལ་ལུས་བདུད་རྩི་ལྔའི་ཐིག་ལེ་བྱས་ནས། རྣལ་འབྱོར་མ་ཐམས་ཅད་ཀྱིས་སྔགས་ཀྱིས་བྱིན་གྱིས་བརླབས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ། སརྦ་ཡོ་གེ་ནི། ཀ་ཡཱ་བཱགྣ་ཙིཏྟ། ཏིཥྛ་བཛྲ་པྲ་བེ་ཤ་ཡ། ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལྷོ་ནུབ་འཚམས་ནས་ཆ་བཀྲམ་འམ་མཆད་པའི་ས་བླངས་ནས། ཨོཾ་མ་ཧཱ་ཀཱ་ལ་ཡ། ཧཱུཾ་བི་བཱི་ཤོ་དྷ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་སྔགས་དང་བདུད་རྩིས་བྱིན་གྱིས་བརླབས་པར་བྱའོ།། དེ་ནས་དུར ་ཁྲོད་ཀྱི་ཕ་བུ་ལ་སོགས་པ་དུར་ཁྲོད་ཀྱི་མཚོན་གྱིས་དཀྱིལ་འཁོར་བྲི་བར་བྱ་སྟེ། མའི་སྒྲའི་སྐུད་པས་ཐིག་གདབ་པར་བྱའོ།། ཐོད་པ་དཀར་པོ་དང་གྲི་གུག་ནག་པོ་དགོད་པར་བྱ་སྟེ། དེ་ནས་གཞན་ཡང་རྣལ་འབྱོར་པ་དཔལ་ནག་པོ་ཆེན ་བོའི་བསམ་གཏན་དང་ལྡན་པར་བྱས་ནས་ཆོ་ག་གསུམ་གྱིས་ནག་པོ་ཆེན་པོ་དང་མཁའ་འགྲོ་མའི་ཚོགས་དང་བཅས་པའི་དཀྱིལ་འཁོར་བསྐྱེད་ལ་ན་མཁའ་ལས་བྱུང་བའི་དཀྱིལ་འཁོར་བསྟིམ་པར་བྱའོ།། དེ་ནས་མཆོད ་པ་དང་གཏེར་མ་ལ་སོགས་པ་ཡང་བྱ་སྟེ་དམ་ཚིག་ལ་སོགས་རྫས་ཀྱི་ཁྱད་པར་གྱིས་མཆོད་པ་ཡང་བྱ་སྟེ། དེ་བཞིན་དུ་དུས་གསུམ་དུ་བསམ་གཏན་དང་ལྡན་པར་བྱས་ན།། ཞག་ཉི་ཤུ་རྩ་གཅིག་གིས་དཔལ་ནག་པོ་ཆེན་པོའི་མངོན་དུ་མཐོང ་བར་འགྱུར་རོ།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རྒྱུད་ཀྱི་ཆོ་གིའི་རིམ་པ་རྣམས། ཁྱད་པར་བསྒྲུབ་པ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དཔལ་ནག་པོ་ཆེན་པོ་ཡིས། ས་ལ་དཀྱིལ་འཁོར་བྲི་བ་དང་།། དེ་བཞིན་དུར་ཁྲོད་ཆེན་པོའི་ནས།། རོ་བསྲེགས་ཤིང་དང་མཆད་པའི་ས།། དཔའ་བོ་ཀ་རུས་ལ་སོགས་པ།། དུར་ཁྲོད་གནས་སམ་བྲག་གི་སྟེ།། བསམ་གཏན ་སྔགས་ཀྱིས་མཚམས་གཅད་ནས།། དཔལ་ནག་པོ་ཆེན་པོ་ཡི།། སྐུ་འམ་རི་མོ་བྱས་ནས་སུ་ཆོ་ག་རབ་ཏུ་གནས་པར་བྱ། དེ་ལྟར་བྱས་ན་དངོས་གྲུབ་ནི་དེ་དང་དུས་མཚུངས་ལྡན་པར་འགྱུར། ཞེས་བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་གནས་པར་འགྱུར་བ་ནི། ཆོ་གའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་རྣལ་འབྱོར་དབང་ཕྱུག ་གིས།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། རབ་ཏུ་གནས་པར་བྱ་བ་ཡིན།། ཆོ་ག་འདི་དང་ལྡན་གྱུར་ན།། དཔལ་ལྡན་ནག་པོ་ཆེན་པོ་དང་།། གཉིས་མེད་སྟོབས་དང་ལྡན་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་རབ་ཏུ་གནས་པར་འགྱུར་བ་ཡི། རིམ་པ་ཆོ་ག་ཅི་ཞིག་བཤད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆོ་གིའི་རིམ་པ་རྣམ་པ་བཞི།། རྣལ ་འབྱོར་པ་ཡི་ཤེས་པར་བྱ།། དང་པོར་སྐུ་ཡི་རབ་ཏུ་གནས།། གཉིས་པ་གྲི་གུར་རབ་ཏུ་གནས་པ་དང་།། གསུམ་པ་ཐོད་པའི་རབ་ད་། བཞི་པ་ཕུར་བུའི་རབ་ཏུ་གནས།། འདི་ཡི་ཆོ་གའི་རིམ་པ་རྣམས།། བསམ་གཏན་སྔགས་དང ་ལྡན་གྱུར་ནས།། རབ་གནས་ཆོ་ག་ཤེས་པར་གྱིས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རྣལ་འབྱོར་པས་དུར་ཁྲོད་དུ་སོང་ལ་དཔལ་ནག་པོ་ཆེན་པོ་ང་རྒྱལ་དང་ལྡན་པས་ལུས་ལ་བདུད་རྩི་ལྔས ་བྱག་ནས། གྲི་གུག་དང་ཐོད་པ་ལགས་ཏུ་ཐོག་ལ། དཔའོ་ནག་པོ་ཁ་དོག་ནག་པོ་ལུས་ལ་ཐིག་ལེ་ནག་པོ་ཡོད་པའི་རས། བསམ་གཏན་དང་སྔགས་ཀྱིས་བླང་བར་བྱ་སྟེ། ཐོད་པའི་ནང་དུ་གཞག་ལ་ཡི་གེ་མུ་དང་ཧཱུ~ཾ་གིས་བྱིན་གྱིས ་བརླབས་པར་བྱའོ།། དེ་ནས་མཆོད་པ་དང་གཏོར་མ་ལ་སོགས་པ་བྱ་སྟེ། དེ་ལྟར་བསྐྱེད་པའི་རིམ་པ་དང་ལྡན་པས་དཔལ་ནག་པོ་ཆེན་པོ་བྲི་བར་བྱའོ།། དེ་ནས་དཔལ་ནག་པོ་ཆེན་པོའི་རྣལ་འབྱོར་དང་ལྡན་པས་སྔོན་དུ་བསྙེན་པ་བྱ་སྟེ། ་མཚན་མ་ཐོབ་པའི་རྣལ་འབྱོར་པས་དཔལ་ནག་པོ་ཆེན་པོ་རབ་ཏུ་གནས་པར་བྱའོ།། དང་པོར་གནས་དེ་ཉིད་དུ་བདུད་རྩི་རྣམ་ལྔའི་མཎྜལ་བྱས་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་ཏེ། དེ་ནས་བསྐྱེད་པའི་རིམ་པ་དང་ལྡན་པར ་བྱས་ལ། རང་གི་མདུན་གྱི་ཐད་ཀ་ལ་པའི་བོད་དུ་ཞུ་བ་ལས་སྣ་ཚོགས་པདྨ་དེ་སྟེང་དུ་ར་ཁ་ལས་ཉི་མའི་དཀྱིལ་འཁོར་དེ་ལ་ཧཱུཾ་འོད་དུ་ཞུ་གྲི་གུག་གི་ཡུ་བའི་ཉི་མ་ལ་ཧཱུཾ་བསམ་པར་བྱའོ།། དེ་ནས་འོད་ཟེར་སྤྲོ་བ་དང་བསྡུག་རྗེ་བཙུན ་ནག་ཆེན་པོ་བཞེངས་ཏེ། ཞལ་གཅིག་པ་ཕྱག་གཉིས་པ། སྐུ་མདོག་ཆར་སྤྲིན་མདོག་འདྲ་བ་ཡན་ལགས་ཐུང་བ་གཟི་བརྗིད་ཀྱི་གཟུགས་ཤིན་ཏུ་འཐུག་པ། ཡན་ལགས་ཐམས་ཅད་གདུག་པ་སྦྲུལ་གྱི་བརྒྱན་པ། མཆེ་བ་རབ ་ཏུ་བརྩིགས་ཤིང་ཁ་ནས་ཁྲག་འཛག་བརྒྱན་མི་འཆད་པར་གནས་པ། མིག་མེ་བདག་གི་ཕུང་པོ་འདྲ་བ། ཡེ་ཤེས་ཀྱི་མེ་ཆེན་པོ་རབ་ཏུ་འབར་བ། དེ་ལྟར་བྱང་བར་བསྒོམ་པར་བྱའོ།། དེ་ནས་རང་གི་ཐུགས་ཀིའི་ས་བོན་གྱི་འོད་ཟེར ་གྱིས་ས་བོན་དེ་བཞིན་གཤེགས་པ་བཀུག་ནས་དབང་བསྐུར་བར་དམིགས་ལ། ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཡཱ། ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་རང་གི་བ་ཐུགས་ཀའི་ས་བོན་གྱིས་དཔལ་ནག་པོ་ཆེན་སྤྱན་དྲངས་ལ། ཨོཾ་ཤྲི་མ་ཧཱ་ཀཱ་ལ ་ཡ། སརྦ་བུ་དཾ་ཨ་ཏིཥྛཱ་ན་ས་མ་ཡེ་ཤྲི་ཡེ་ཧཱུཾ། དེ་ལ་མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་སྟེ། དེ་ནས་བསྐྱེད་པའི་ནག་པོ་ཆེན་པོ་བསྟིམས་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། ས་རུ་པཾ་པྲ་ཏིཥྛ་ན་ས་མ་ཡ་ཤྲི་ཡེ་ཧཱུཾ། དེ་ནས་མཆོད་པ་དང་། ་གཏོར་མ་ལ་སོགས་པ་བྱས་ཏེ། ཐུགས་ཁའི་བོད་ཟེར་གྱི་བཟླས་པ་ཡང་བྱའོ།། དེ་ནས་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཡང་བསྐོར་བར་བྱ་སྟེ། སྲིད་པ་རང་བཞིན་རྣམ་དག་པས།། སངས་རྒྱས་བསྟན་པ་ལག ་ནས་ཕྱིར།། སྟོབས་ཆེན་པོ་ནག་པོ་ཡིས།། རབ་ཏུ་གནས་པར་མཛད་དུ་གསོལ།། དེ་ནས་ནག་པོ་ཆེན་པོའི་ཐུགས་ཁའི་གྲི་གག་གིས་ཡུ་བ་ལ་སྔགས་འདིས་བསྐོར་བར་བསམ་ལ། རྣལ་འབྱོར་པའི་ཐུགས་ལའི་འོད་ཟེར་གྱིས་ནག་པོ་ཆེན ་པོ་སྤྱན་དབྱེ་བར་བྱ་སྟེ། ཨོཾ་མཧཱ་ཀཱ་ལ་ཡཱ། བཛྲ་ན་ཏྲ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཏྨ་ཀོ&ཧཱུཾ། སྔགས་བདི་ཡོངས་སུ་བཟླས་པ་བྱའོ།། དེ་ནས་དཔལ་ནག་པོ་ཆེན་པོའི་མདུན་དུ་སྤོས་བསྲེགས་པར་བྱ་སྟེ། མཆོད་པ་དང་གཏོར་མ་ཡང ་བྱའོ།། དེ་ནས་ཐུགས་ཁ་ནས་ཐུགས་ཁིའི་ཟླས་པ་སྟོང་ཕྲག་གཅིག་བྱས་ན་ན་མཁབ་ལས་སྒྲ་འབྱུང་བ་དང་། སྐུ་ལས་འོད་འབྱུང་བ་ལ་སོགས་པ་དཔལ་ནག་པོ་ཆེན་སྟོབས་རྙེད་པར་འགྱུར་རོ།། དེ་ནས་སྔགས་འདིས ་བསྟན་པར་འགྱུར་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨུ་ཏི་པྲ་ཐ་མཾ། ཀཱ་ཡཱ་བཱ་ཀ་ཙི་ཏྟ་ཏིཥྛ་བཛྲ་མ་ཧཱ་ཀཱ་ལ་ཡ་ཏིཥྛཱ་ན་ས་མ་ཡ་ཧཱུཾ། བརྒྱ་རྩ་བརྒྱད་ཀྱི་བར་དུ་བསྟན་པར་བྱའོ།། དེ་བཞིན་དུས་གསུམ་བསམ་གཏན་དང་ལྡན་པར་བྱས་ན། ་རབ་ཏུ་གནས་པ་ཐོབ་པར་འགྱུར་རོ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་དཔལ་ནག་པོ་ཆེན་པོས་གསོལ་པ། གྲི་གུག་རབ་ཏུ་གནས་པ་ཡི།། ཆོ་གའི་རིམ་པ་བཤད་དུ་གསོལ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།། འགུགས་དང་གཅོད་པར་བྱེད་པའི་གྲི། དཔལ་ནག་པོ་ཆེན་པོ་ཡི། ཕྱག་བརྒྱའི་རབ་གནས་བཤད་པར་བྱ།། དཔའ་སྟོབས་དང་ལྡན་པའི་ལྕགས་ལ་གྲི་གུག་སོར་བཅུ་གཉིས་པ་འམ་སོར ་བཞི་པའི་ཡུ་བ་ལ་ཧཱུཾ་གིས་མཚན་པའོ།། དེ་ནས་བདུད་རྩི་ལྔ་ཡིས་མཎྜལ་བྱ་ལ་གྲི་གུག་བདུད་རྩི་ལྔས་བྱུག་སྟེ། མཎྜལ་པདྨ་དང་ཉི་མའི་ཐོག་ཏུ་གྲི་གུག་བཞག་ལ། ཐུགས་ཀའི་འོད་ཟེར་གྱིས་དག་པར་བྱས་ཏེ། ནག ་པོ་ཆེན་པོའི་གྲི་གུག་གི་རང་བཞིན་དུ་བྱས་ཏེ། ནག་པོ་ཆེན་པོའི་གྲི་གུག་གི་རང་བཞིན་དུ་བྱས་ལ། ཡུ་བའི་ཧཱུཾ་ལས་སྔགས་འདི་བཟླས་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཀ་ར་ཏ་པྲ་ཏིཥྛ་ན། བཛྲ་སྭ་བྷཱ་བ་ཨཏྨ་ཀོ ་ཧཱུཾ། དེ་ནས་མཆོད་པ་དང་གཏོར་མ་ལ་སྤོས་བསྲེགས་ཅིང་བཟླས་པ་བྱའོ།། དེ་ལྟར་དུས་གསུམ་དུ་རབ་ཏུ་གནས་པར་བྱའོ།། དེ་ནས་གཞན་ཡང་ཨ་ལི་དང་ཀ་ལི་ཉི་མ་དང་ཟླ་བའི་དབུས་སུ་ཨ་ལས་ཐོད་པ་དུམ་བུ ་གཅིག་པ་ཨ་ལི་དང་ཀ་ལིས་བརྒྱན་པ་བསམ་ལ། བདག་ཉིད་ཀྱི་ཐུགས་ཁའི་འོད་ཟེར་གྱིས་ནག་པོ་ཆེན་པོ་སྤྱན་དྲངས་ཏེ་མཆོད་པ་དང་གཏོར་མ་བྱས་ལ་ཐོད་པ་ལ་མ་སྙམས་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། ཀ་པ་ལ་པྲ་ཏིཥྛཱ་ན། བཛྲས ་བྷཱ་བ་ཨང་མ་ཀོ&ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་རུ་ཏ་ཨ་བྷི་ཥཉྩ་ཧཱུཾ། བརྒྱ་རྩ་བརྒྱད་དུ་ཡོངས་སུ་བཟླས་པ་བྱའོ།། དེ་ནས་གཞན་ཡང་ནི་རང་སུ་ཡི་ཕུར་པུ་ལ་སྔགས་བྲིས་ལ་ཐོད་པའི་ནང་དུ་བཞག་སྟེ། བདག་ཉིད་ཀྱི་ཐུགས་ཀའི་འོད་ཟེར་གྱིས ་དཔལ་ནག་པོ་ཆེན་པོས་སྤྱན་དྲངས་ལ། མཆོད་པ་དང་གཏོར་མ་ལ་སོགས་པ་བྱས་སྟེ། ཕུར་བུ་ལ་མ་སྟིམས་པར་བྱའོ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཀཱི་ལ་ཡཱ། པྲ་ཏི་ཥྛ་ན། བཛྲ་སྭ་བྷ་བཱ་ཨཏྨ་ཀོ&ཧཱུཾ། སྔགས་འདིས་ལན་གཅིག ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། དེ་བཞིན་དུ་དཔལ་ནག་པོ་ཆེན་པོ་དང་། གྲི་གུག་དང་ཐོད་པ་དང་ཕུར་བུ་རྣམས་རབ་ཏུ་གནས་པར་བྱ་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོས་གསོལ་པ། བཅོམ་ལྡན ་བདས་རབ་ཏུ་གནས་པར་བྱེད་པ་ཡིས། དུས་ཀྱི་ཁྱད་པར་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དུས་ནི་རྣམ་པ་གཉིས་ཡིན་ཏེ། ཞིང་དང་དུར་ཁྲོད་ཆེན་པོ་ཡི། གནས་ན་པའོ་མལ ་འགྲོ་མས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས།། དེར་ནི་རབ་ཏུ་གནས་བྱ་ན།། དང་པོ་མཁའ་འགྲོ་མ་རྣམས་ཀྱིས།། རབ་ཏུ་བྱིན་གྱིས་བརློབས་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན ་པོས་གསོལ་པ།། བཅོམ་ལྡན་འདས་ཐུན་མོངས་གི་དུས་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྒྱད་དང་བཅུ་བཞི་གནམ་སྟོང་དང་། ཆོས་གཅིག་བཅུ་བདུན་ཉི་ཤུ་གཉིས།། དུས་དེར་རབ་ཏུ་གནས་བྱ ་ན།། ནག་པོའི་སྟོབས་དང་ལྡན་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོའི་གྲུབ་པའི་རྒྱུ་ནི་ཇི་ལྟར་ལགས། བཅོམ་ལྡ། ་འདས་ཀྱིས་བཀའ་སྩལ་པ། བླ་མ་ལ་ནི་གུས་པ་དང་།། དཔལ་ལྡན་ནག་པོའི་རྣལ་འབྱོར་བརྩོན།། ཆོ་གའི་ཡན་ལག་ཐམས་ཅད་ལ་ཐེ་ཚོམས་མེད་པར་བསྒྲུབ་པར་བྱེད། རྟག་ཏུ་དམ་ཚིག་བསྲུང་བྱེད་ན།། དངོས་གྲུབ ་འཐོབ་ཐེ་ཚམ་མེད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་བཅོམ་ལྡན་འདས་ལ་གསོལ་པ། དཔལ་ནག་པོ་ཆེན་པོ་ནི། གྲུབ་པར་འདོད་པའི་རྣལ་འབྱོར་པས།། ཆོ་གི་འ་ཁང་པ ་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ལྡན་ནག་པོ་ཆེན་པོ་ལ།། ཆོ་གར་འདོད་པའི་རྣལ་འབྱོར་པས།། སྔོན་དུ་གཏོར་མའི་ཆོ་ག་ཡིས།། དངོས་གྲུབ་པར་ཐོབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ཏོ།། དེ་ནས་དཔལ་ནག་པོ་ཆེན་པོས་གསོལ་པ། བཅོམ་ལྡན་འདས་དངོས་གྲུབ་ཉེ་བའི་རྒྱུར་གསུང་བ། གཏོར་མའི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འདི་ནི་གཏོར་མའི་ཆོ་ག ་ཡིས། ཁྱད་པར་རྣམ་པ་གསུམ་དུ་བཤད།། རླུང་མེའི་སྟེང་དུ་ཐོད་པ་ལ།། ཉ་ཤ་དུག་གི་ལ་དྷུ་དང་།། ཤ་དང་ཁྲག་དང་ལ་ཕུག་དང་།། ཆང་དང་ཚན་དང་འབྲུ་སྣ་ཚོགས།། ཤ་ལྔ་དང་ནི་བདུད་རྩི་ལྔས་མིང་ཡི་གེ་ལྡན་པར་བསམ། ་དེ་ཡི་སྟེང་དེ་ཉི་མ་ལ། གྲི་གུག་ཡུ་བར་ཧཱུཾ་གནས་པ། འོད་ཟེར་རྣམ་པ་གཉིས་སུ་འཕྲོས།། སྟེང་དང་པོག་གི་ཕྱོགས་དག་ཏུ།། རླུང་གི་མེ་སྦར་ཐོད་པ་དྲོས།། གྲི་གུག་གིས་ནི་དཀྲུག་པར་བསམ།། དྲོས་པས་དམ་ཚིགས་བདུད་རྩིར ་བྱུར།། སྟེང་གི་འོག་ཀྱིས་ཡེ་ཤེས་ཀྱི།། བདུད་རྩི་བཀུགས་ནས་བསྟིམས་པར་བྱ།། འདི་ཡིས་བྱིན་གྱིས་བརླབས་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཛྙཱ་ན་ཨ་མྲི་ཏ་ཨོཾ་ཨ་ཧཱུཾ། མདུན་གྱི་ནག་པོ་ཆེན་པོ་ཡི།། ལྕེ་ལ་ཧཱུཾ་གཏོར་ནས་འབྲས་ཙམ ་རྩ་བའི་སྔགས་ཀྱི་དབུལ་བར་བྱ།། སྟོབས་ཀྱིས་དུས་མཚུངས་བདུད་རྩི་མྱང་།། དེ་ནས་གཞན་ཡ་རབ་བཤད་པ།། ལས་ལ་སྦྱོར་ན་སྒྲུབ་བྱ་ཡི།། སྙིང་སད་ས་བོན་ལྕགས་ཀྱུ་བསམ།། ཧཱུཾ་ལས་གྲི་གུག་ཧཱུཾ་གིས་མཚན།། དེ་ཡི་སྟོབས ་ཀྱི་ཁྲག་འཕེལ་འགྱུར། ཞུ་ནས་ནག་པོས་ཐོད་པར་སོང་།། སྔགས་ཀྱི་འོག་ཀྱི་གྲི་གུག་གིས།། ཏིལ་ཙམ་གཏུབས་ནས་འཐུན་པར་བསམ།། སྔགས་བཟླས་དུས་སུ་མིང་ཡིག་གཞུག། མདུན་གྱི་གཏོར་མ་དབུལ་བར་བྱ།། ཡང་ན་ནག་པོའི ་ཐོད་པར་ནི།། བསྒྲུབས་བྱ་བཀུགས་ནས་ཁྲག་བསྐྱེད་ལ། ཁྲག་བཐུང་ཁ་ནས་ཁྲག་འཛག་པ།། རྒྱུན་མི་འཆད་པར་བསྒོམ་པར་བྱ།། འདི་ཡི་ནག་པོ་ཆེན་པོ་ཡིས།། དངོས་གྲུབ་ཉེ་བར་བདག་གིས་བཤད།། ཅེས་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ལས་དཀྱིལ་འཁོར་གྱི་ལེའུ་སྟེ་བཞི་པའོ།། ། དེ་ནས་དཔལ་ནག་པོ་ཆེན་པོ་དང་། མཁའ་འགྲོ་མའི་ཚོགས་ཀྱིས ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དཔལ་ནག་པོ་ཆེན་པོ་ཡིས། སྟོབས་ཀྱིས་འདུག་པ་འདུལ་བྱེད་ཅིང་།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། བསྟན་པ་བསྲུང་བར་བྱེད་པ་ཡི།། ཆོ་གའི་ཁྱད་པར་ཇི ་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བདུད་རྩི་ཚོགས་རྣམས་སེལ་བྱེད་ཅིང་།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། བསྟན་བསྲུང་བར་བྱེད་པ་ཡི།། ཆོ ་གའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། བདུད་ཀྱི་ཚོགས་རྣམས་སེལ་བྱེད་ཅིང་།། སངས་རྒྱས་བསྟན་བསྲུང་བྱེད་པ།། ཁྱད་པར་མ་འོངས་འཇིགས ་པའི་དུས།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། བསྟན་པ་བསྲུང་བར་ཁས་བླངས་པས།། གསང་བའི་བར་བུ་ཆེན་པོ་ཡིས།། ཆོ་ག་བདག་གིས་བཤད་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་དཔལ་ལྡན་ནག་པོ་ཡིས།། གསང་བའི་བར་བུ་ཞེས་བྱ་བའི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གསང་བའི་བར་བུ་ཆེན་པོ་ཡི།། ཆོ་ག་རྣམ ་པ་བཞི་ཡིན་ཏེ།། གནས་དང་བར་བུ་བཅའ་བ་དང་།། ཁྱད་པར་བསྒྲུབ་པའི་ཆོ་ག་དང་།། དུས་ཀྱི་ཆོ་ག་འགྲུབ་པར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། བཅོམ ་ལྡན་འདས་བསྒྲུབ་པའི་གནས་ནི་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལྷོ་ནུབ་མཚམས་ཀྱི་རྡོ་རྗེ་བྲག། སྲིན་པོའི་གདོང་འདྲ་འཇིག་པ་ཡི།། སྟེང་དུ་བར་བུ་བསྒྲུབ་པའི་གནས་ཀྱིས་ཅི་ཞིག་གནས།། བསམ ་གཏན་སྔགས་ཀྱིས་བརྩམ་པར་བྱ།། ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེ།། རྔམ་པའི་ཞལ་ནི་འཇིག་པའི་སྐུ།། དྲག་པོའི་སྟོབས་ཀྱིས་འདི་སྐད་གསོལ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྤྲུ ་ངའི་གནས་ཀྱིས་ཅི་ཞིག་བཤད།། བསམ་གཏན་སྔགས་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུར་ཁྲོད་ཀྱི་ནི་ཕག་བུ་དང་།། དཔའ་བོ་དྲིར་ཤིའི་རྐང་རུས་ལ།། བསྒྲུབ་པའི་ཁང་ཟུར་གསུམ་བྱས།། ཐོད ་པའི་ནང་དུ་འཁོར་ལོ་བྲི།། ཆོ་གས་ཁང་པའི་ཟུར་དུ་གཞུག། སྟེང་དུ་དུར་ཁྲོད་ཤིང་དང་ནི།། མ་ཚང་བའི་ས་ཡིས་བླ་གབ་བྱ།། སྒོ་ནི་བསྒྲུབ་བྱའི་ཕྱོགས་སུ་བསྟན།། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས།། དུས་གསུམ་མཆོག་དང ་གཏོར་མ་བྱ།། འདི་ཡིས་སྔགས་ཀྱི་སྦྱོར་བ་ཡིས།། བསྒྲུབ་པའི་གནས་ནི་བྱིན་གྱིས་བརླབ།། ཨོཾ་མ་ཧཱ་ཀཱ་ལ་ཡ། བཛྲ་ཥ་ཁ་ར་ཥཱ་ཎ། བི་རི་གཽ་རི། ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། ཆོ་གའི་གནས་དང་ལྡན་གྱུར་ན།། ་འགྲུབ་འབྱུར་འདི་ལ་ཐེ་ཚམ་མེད།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། བསྒྲུབ་པའི་གནས་ནི་དེ་ལྟར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས ་གསང་བའི་བར་བུ་ཆེན་པོ་ཡི།། བཅའ་བའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། པར་བུ་བཅབ་པའི་རིམ་པ་ནི།། རྣམ་པ་གསུམ་དུ་ཤེས་པར་གྱིས།། དཀྱིལ་འཁོར ་དང་ནི་བར་བུའི་རྒྱུ།། དཔལ་ལྡན་ནག་པོ་ཆེན་པོའི་སྐུ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་བཅོམ་ལྡན་ནག་པོ་ཆེན་པོས་གསོལ་པ།། དཀྱིལ་འཁོར་དང་ནི་བར་བུའི་རྒྱུ། ་ནག་པོའི་སྐུ་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆུ་འགྲམ་དང་དུར་ཁྲོད་ས།། རི་ཡི་རྩེ་མོ་གསུམ་གྱིས།། བདུད་རྩི་ལྔ་ཡིས་བསྲེས་ནས་སུ་དཀྱིལ་འཁོར་ཟུར་གསུམ་ཁྲུ་དོའི་ཚད།། དབུས་སུ་ཁྲུ ་གང་བརྐོ་བར་བྱ།། སྐྱེ་ཚེ་ཡུངས་ཀར་བཙན་དུག་དང་།། ཁྱི་ཡི་ཁྲག་དང་དུར་ཁྲོད་ཀྱི་སོལ་བ་ལ་སོགས་སྣག་ཚ་བྱ།། དཀྱིལ་འཁོར་སྣག་ཚས་ནག་པོར་བྱ།། དེ་ཡི་དབུས་སུ་གྲི་གུག་དང་།། ཐོད་པའི་བུར་དུ་གཏོང་བར་བྱ།། སྟེང་དུ་ཞིང ་གི་བླ་རེ་དགོད།། ཁང་པའི་ཕྱི་ནང་བདུད་རྩིས་བྱག། དཀྱིལ་འཁོར་ཟུར་ལ་མཆོག་ཕུར་གསུམ། བཙུགས་ལ་མི་སྐྲའི་སྐུད་པས་བསྐོར།། ལྷོ་ནུབ་འཚམས་ཀྱི་དཀྱིལ་འཁོར་ཟུང་།། དཔལ་ལྡན་ནག་པོ་ཆེན་པོའི་སྐུ།། ཞིང་གི་གདན་ལ ་གཞུགས་པར་བྱ།། ཤར་གྱི་དཀྱིལ་འཁོར་ཟུར་ལ་ནི།། ཐོད་པ་དུམ་བུ་གཅིག་པ་རུ།། ཤ་ཆེན་ཁྲག་དང་ཉ་ཤ་ཆང་།། དུག་གི་ལ་དྷུ་ལ་སོགས་པ།། འཐུན་པའི་དམ་རྫས་བཞག་པར་བྱ།། ནུབ་བྱང་དཀྱིལ་འཁོར་ཟུར་ལ་ནི།། གྲི་དང་ཐོད་པ ་བསྲེག་རྫས་དང་།། ནི་རང་སུ་ཡི་ཕུར་བུ་བཞག། དཀྱིལ་འཁོར་ཟུར་གསུམ་བགྲམ་ལོགས་སུ།། ཐོད་པ་ཁྲག་གིས་བཀང་བ་བཞག། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། པར་བུའི་དཀྱིལ་འཁོར་དེ་ལྟར་བཤད།། ཞེས་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་མ་ཆད་པའི་ས་དང་དུར་ཁྲོད་ས།། རོ་བསྲེགས་ཐལ་བ་བགས་པའི་སྒྲ།། དུག་ཆུས་བསྲེས་ལ་པར་བུར་བྱ།། ཚ་ཤིང་ཁང་པའི་མི་ཡིས་བསྲེག། མི་ཡི་ཁྲག་དང་ད་དུར།། ཚ་བ་གསུམ་ལ་སོགས་པ་ཡིས།། ་ཕྱི་རོལ་བྱུག་ལ་པར་བུའི་ནང་།། འཁོར་ལོ་བྲིས་ལ་ཡི་གེ་དགོད།། ཐོད་པ་དུམ་བུ་བཞི་པ་གཉིས།། བདུད་རྩི་ལྔས་བྱུག་འཁོར་ལོ་བྲི།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། སྟོབས་ཀྱིས་བར་ཕུར་རབ་བཤད།། ལྕགས་ཀྱི་གྲུ་གསུམ་ཁ་སྦྱོར ་བྱ།། དེ་ཡི་ནང་དུ་བསྒྲུབ་བྱ་ཡི།། ལིང་ག་ཆགས་གཞག་པར་བྱ།། ཚ་བ་གསུམ་དང་བསྒྲུབ་བྱ་ཡིས།། རྫས་ཀྱིས་དང་བྱེ་མ་གསུམ།། བག་ཕྱེ་དྲུག་གི་ཕྱེ་མེད་བསྲེ།། ལིང་ཁ་སོར་བཞིའི་ཚད་དུ་བྱ།། བདག་ཉིད་ལྗོན་པ་ལ་ལྟས་ལ།། ལིང ་ཁ་མིང་གི་ཡི་གེ་རྣམས།། དཔལ་ལྡན་ནག་པོའི་བསམ་གཏན་གྱིས།། མི་སྨྲ་བར་ནི་བྲི་བར་བྱ།། ལྷོ་ནུབ་ཚུབ་མའི་ཤིང་ལོ་ལ།། ཉི་ཤུ་རྩ་གཅིག་གྲངས་ཀྱི་ཚད།། འཁོར་ལོ་རྫས་ཀྱི་མིང་ཡིག་གཞུག། ལིང་བ་ཡི་གེ་གཅིག་ཏུ ་བྱ།། དེ་ཉིད་མའི་རྒྱུད་པས་དཀྲིས།། དཔལ་ལྡན་སྟོབས་ཀྱི་བར་བུར་གཞུག། མི་སྒྲའི་སྐུད་པས་བཅིང་བར་བྱ།། དེ་ནས་ཐོད་པའི་བར་བུ་གཞུག། ཐོད་པ་ལ་སྦྱོར་བྱས་ནས་སུ།། དུག་དང་ཏིལ་ཕྱེ་ཚ་བ་གསུམ།། བསྲེས་ལ་འཚམ ་ནི་དགག་པར་བྱ།། ཐོད་པ་པར་བུའི་ནང་དུ་གཞུགས།། པར་བུའི་དཀྱིལ་འཁོར་དབུས་སུ་གཞུག། དཔལ་ལྡན་ནག་པོའི་བསམ་གཏན་གྱིས།། མཆོད་རྟེན་ནག་པོ་ཟུར་གསུམ་བརྩེགས།། འབུམ་པ་འཁོར་ལོ་གཞུག་པར་བྱ།། ་དུར་ཁྲོད་སོལ་པོ་སྐེ་ཚེ་དུག། མཆོད་རྟེན་ཕྱི་རོལ་བྱུག་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བར་བུ་བཅའ་བ་དེ་ལྟར་བཤད།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་བྱ།། ལྷོ་ནུབ ་དུར་ཁྲོད་ནག་པོའི་ཚོགས་སྤྲོ་བ།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཁྲུ་གང་ཚད་དམ་ཁྱད་པར་དུ།། མཐོ་གང་ནག་པོའི་སྐུ་གཟུགས་བྱ།། རྣལ་འབྱོར་སྟོབས་དང་ལྡན་པ་ཡིས ་སྔོན་དུ་བསྙེན་པ་བྱས་ནས་ནི།། དེ་ལ་རབ་ཏུ་གནས་པར་བྱ།། མཆོད་པ་གཏོར་མ་ལ་སོགས་བྱ།། ཁྱད་པར་ཆོ་ག་ཀུན་ཀྱང་བྱ།། དཀྱིལ་འཁོར་ལྷོ་ནུ་ཟུར་ལ་ནི།། ཞིང་གི་སྟེང་དུ་བཞུགས་སུ ་གསོལ།། འཐུན་པའི་དམ་རྫས་ལྡན་པ་ཡི།། སྔན་དུ་བསྙེན་པ་བྱས་ནས་ནི།། དེ་ལ་རབ་ཏུ་གནས་པར་བྱ།། ཁྱད་པར་ཆོ་ག་ཀུན་ཀྱང་བྱ།། དཀྱིལ་འཁོར་ལྷོ་ནུབ་ཟུར་ལ་ནི།། ཞིང་གི་སྟེང་དུ་བཞུགས་སུ་གསོལ།། ་འཐུན་པའི་དམ་རྫས་ལ་སོགས་པ།། མཆོད་པའི་ཁྱད་པར་ཀུན་གྱིས་མཆོད།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། སྐྲ་ཡི་ཆོ་ག་ཤེས་པར་གྱིས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ ་ལྡན་ནག་པོ་གསོལ་པ།། བཅོམ་ལྡན་འདས་དཔལ་ནག་པོ་ཡི་གསང་བའི་བར་བུའི་ཆོ་ག་མཆོག། བསྒྲུབ་པའི་བར་བུའི་མཆོག་མཆོག། བསྒྲུབ་པའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བར་དུ་བསྒྲུབ་པའི་རྣལ་འབྱོར་པས།། ཡན་ལག་བདུད་རྩི་ལྔས་བྱུགས་ལ།། བསྒྲུབ་རྫས་གྲི་གུག་ཐོད་པ་འཛིན།། ཁ་དོག་ནག་པོ་དུད་ཁྲོད་གོས།། རྣལ་འབྱོར་པ་ཡིས་གོན་པར་བྱ།། དེ་ནས་རྣལ་འབྱོར་དབང་ཕྱུག་གིས ་ལྷོ་ནུབ་འཚམས་མ་བསྒྲུབ་བྱིའི་ཕྱོགས།། ཁ་ལྟས་ཞིང་གི་གདན་ལ་འདུག། དེ་ནས་དཔལ་ལྡན་ནག་པོ་ཡིས།། བསམ་གཏན་སྔགས་ཀྱིས་མཚམས་ལ།། མཆོད་པ་གཏོར་མ་ལ་སོགས་པ།། མཆོད་པའི་ཁྱད་པར་ཀུན ་ཀྱང་བཤད།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ཏིང་ངེ་འཛིན་གྱི་རིམ་པ་རྣམས།། ཐོག་མར་བདག་ཉིད་ལྡན་པར་བྱ།། མདུན་གྱི་དཀྱིལ་འཁོར་ལྷོ་ནུབ་ཀྱིས།། ཟུར་ལ་དཔལ་ལྡན་ནག་པའི་སྐུ།། གོང་དུ་གནས་པར་བྱ་བ་ལ།། རྣམ ་འབྱོར་སྟོབས་དང་ལྡན་པ་ཡི།། ནག་པོ་ཆེན་པོ་སྐྱེད་པར་བྱ།། དེ་ནས་ཐུགས་ཁའི་འོད་ཟེར་གྱིས།། བླ་མ་སངས་རྒྱས་ཐམས་ཅད་དང་།། དཔལ་ལྡན་ནག་པོ་ཆེན་པོ་དགག། ཆོ་ག་བཞི་ཡིས་གཉིས་མེད་བྱ།། མཆོད་དང་གཏོར་མ ་ལ་སོགས་པ།། རྣལ་འབྱོར་པ་ཡིས་བརྩོན་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་དང་།། རྣལ་འབྱོར་པའི་ཡིས་ཐུགས་ལ་ནས།། སྔགས་ཀྱི་ཕྲེང་བས་བསྐོར་བར་བསམ།། ཤིན་ཏུ་དྲག་པོའི་སྟོབས་ཀྱིས་ནི།། བསམ་གཏན ་སྔགས་ཀྱིས་བཟླས་པ་བྱ།། དེ་ནས་ཉིན་མཚན་དུས་གསུམ་དུ།། དཔལ་ལྡན་ནག་པོ་ཆེན་པོ་ལ།། འཐུན་པའི་དམ་རྫས་དབུལ་བྱས་ནས།། དེས་ན་ནག་པོ་ཆེན་པོ་ཡི།། མཚན་མ་རྙེད་པ་རབ་ཏུ་བཤད།། རྣལ ་འབྱོར་མཚན་མ་ཐོབ་པ་ཡིས།། བར་བུའི་ཆོ་ག་རྩམ་པ་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོ་གསོལ་པ།། བཅོམ་ལྡན་འདས་པར་བུའི་ཇི་ལྟར་ལགས།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།། པར་བུ་ནག་པོ་ཆེན་པོར་བསྐྱེད།། དེའི་ལྟེ་བར་གནས་པ་ནི།། བར་བུ་ཁ་སྦྱོར་རིམ་པ་གསུམ།། དེ་ཡི་དབུས་སུ་བསམ་པ་ནི།། པདྨའི་སྟེང་དུ་ཉི་མ་ཧཱུཾ།། ཧཱུཾ་ལས་གྲི་གུག ་ཐོད་པར་གྱུར།། ཆོ་ག་གསུམ་གྱིས་ནག་པོར་བསྐྱེད།། དེའི་ཐུག་ཁའི་གྲི་གུག་གི། ཡུ་བའི་ཧཱུཾ་ལས་གྲི་གུག་སྤྲོས།། ཕྱི་རོལ་སྒྲུབ་བྱ་འགུག་པར་བསམ།། དབུས་ཀྱི་ནག་པོ་ཆེན་པོ་ཡིས།། ལྟོ་བར ་བསྒྲུབ་བྱ། དེ་ནས་རྣལ་འབྱོར་དབང་ཕྱུག་གིས།། པར་བུ་ནག་པོ་ཆེན་པོ་ལ།། མཆོད་པ་གཏོར་མ་ལ་སོགས་པ།། འཐུན་པའི་དམ་རྫས་དབུལ་བར་བྱ།། རྣལ་འབྱོར་ནག་པོའི་བསམ་གཏན་ལ།། ཞུགས་ནས་དྲག་པོའི་བས ་@གཏན་གྱིས།། སྔགས་ཀྱི་འོད་ཟེར་སྦྱོར་བར་བྱ།། ཞགས་པ་ལྕགས་ཀྱུའི་གཟུགས་ཀྱིས་ནི།། བཀུགས་པར་བུའི་ནང་དུ་བསྟིམ།། དེས་ན་འདི་དག་བརྗོད་པར་བྱ།། བླ་མ་རྡོ་རྗེ་འཛིན་པ་དང་།། འཁོར་ལོ ་བདག་པོ་ལ་སོགས་པ།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། འཁོར་གྱིས་ཚོགས་དང་བཅས་པ་རྣམས།། དེ་བཞིན་བདག་ལ་དགོངས་སུ་གསོལ།། ཐམས་ཅད་བདག་ལ་དགོངས་སུ་གསོལ།། འདི་ནི་སངས་རྒྱས་ཐམས་ཅད ་ཀྱི་བསྟན་པ་འཇིགས་པར་བྱེད་པ་དང་།། དུས་གསུམ་རྣལ་འབྱོར་པ་རྣམས་ཀྱིས། སྐུ་ལ་སྔོ་བར་བྱེད་པ་ཡིན།། དཀོན་མཆོག་རིན་ཆེན་རྣམ་པ་གསུམ།། དེ་ཡི་དབུ་འཕངས་སྨོད་བྱེད་པ།། བསྒྲུབ་བྱ་འདི་ཞེས་བྱ་བ་ནི།། དཔལ ་ལྡན་ནག་པོ་ཆེན་པོ་དང་།། ཆོས་སྐྱོང་མཁའ་འགྲོ་མའི་ཚོགས།། པར་བུའི་བསྲུངས་མར་བཞུགས་པ་རྣམས།། འདི་བསང་བའི་ལས་མཛོད་ཅིག། ཞེས་བརྗོད་ཉེས་པ་བརྗོད་ཅིང་དབང་གཟུགས།། དེ་ནས་དཔལ་ལྡན་ནག་པོ་ཡི།། ་དྲག་པོའི་བསམ་གཏན་གྱུར་ནས།། གྲི་གུག་ཐོད་པ་ཐོག་ན་ས་ནི།། ཕྱིན་ཕྱོགས་འཁོར་ཞིང་གསང་བ་ཡི།། བསམ་གཏན་སྔགས་ཀྱི་སྦྱོར་བ་དང་།། དུས་གསུམ་འཐུན་པའི་དམ་རྫས་ཀྱིས།། མཆོད་པ་རྒྱུན་མི་འཆང་བར་བྱ།། ་དེ་ལྟར་ཞགས་བདུན་བྱས་གྱུར་ན།། འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས།། གསོལ་པ། བཅོམ་ལྡན་འདས་མཆོད་པའི་ཁྱད་པར་ཇི་ལྟར ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མཆོད་པའི་ཁྱད་པར་རྫས་རྣམས་ནི།། མཐུན་པའི་དམ་རྫས་ཐམས་ཅད་ལ།། བསྒྲུབ་བྱ་ཉིད་དུ་དམིགས་ལ་དབུལ།། དེ་ཡི་སྔགས་ནི་རབ་བཤད་པ།། ཨོཾ་མ་ཧཱ་ཀཱ་ལ ་ཡ་ཀུན་ཏྲི་དྷ་ཡ་ཧཱུཾ། ཡོ་དྷཱུ་བ་བུཥྤེ་པ་གནདྷ། བྷ་ག་དྷ་དྷི། ཨི་དཾ་བཱ་ལིཾ། བྷ་ན་ཧུ་ས་མ་ཡ། ཨ་ཏི་ཀྲ་མ་ཡ། མ་ཧཱ་ཀ་ལ་ཡ། པུ་ཙ་ས་མ། ཡཱ་སཱ་ཧཱུཾ་ཧཱུཾ། མཚན་མོའི་དུས་ས་བརྗོད་པར་ནི། འཐུན་པའི་དམ ་རྫས་གཏོར་མ་བཅག། དེ་ཡི་སྔགས་ནི་རབ་བཤད་པ། ཨོཾ་མཧཱ་ཀཱ་ལ་ཡ། མ་མ་སརྦ་ཤ་ཏུ་མ་ས་རག་ཏ། ཀ་ནི་རུ་མེ་དཱ་མེ་ཛཱ། བཱ་སུ་ཏ། ཨ་མུ་ཀ་ཙེཏྟཾ། ཁ་ཁ་ཁཱ་ཧཱི་ཁཱ་ཧི། མ་ཧཱ་ཀ་ལ་ཡ། ཨ་མུ་ཀ་མཱ་ར་ཡ ་ཕཊ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་གསང་བའི་བར་བུ་ཆེན་པོ་ཡིས།། དེ་ཡི་སྔགས་ནི་ཇི་ལྟར་ལགས།། བཅོམ་ལྡན ་། འདས་ཀྱིས་བཀའ་སྩལ་པ།། ཨོཾ་མ་ཧཱ་ཀཱ་ལ་ཡ། མ་ཧཱ་ཡཀྵ། ཨ་པུ་ན་ཀ་ལོ་ཡཾ། ཨ་མུ་ཀ་བྷ་ཤི་ཏ། མཱ་ར་ཡ་མ་ར་ཡ། ཨ་མཱ་ཀཙྪེ་ཙིཏྟ་ཡ། ཙྪ་ཏ་ཀ་ཙྪ་ཏ་ཀ། མཱ་ར་ལ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ད་འདིས་ནི་བར་བུ་ཆ ་བོ་ལ། འཁོར་ལོ་ཡི་གེ་དགོད་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། གསང་བའི་པར་བུ་ཆེན་པོ་ཡི། ཁྱད་པར་སྔགས་ནི་ཇི་ལྟར་ལགས།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྲོག་གི་སྙིང་པོ་གསང་བ་དང་།། རྩ་བའི་སྔགས་ལ་སོགས་པ་ཡི།། ཤམ་བུ་འདི་ནི་གདགས་པར་བྱ།། ཨོཾ་མཧཱ་ཀཱ་ལ་ཡ། ཨ་བྷ་ཙི་ར་ཡ། ཨ་མུ་ཀ་ཧ་ཏ་ཙ་ར་ཡ། མ་མ་ན ་ཏུ་རཀྟ་ཙ་ར་ཡ་ཙིཏྟ། ཚིན་དྷ་ཚིན་དྷ། བྷིན་དྷ་བྷིན་དྷ། པ་ཙ་པ་ཙ། ཨ་མུ་ཀཱ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་གས ་བའི་བར་བུ་ཆེན་པོ་ཡིས།། བསྒྲུབ་པའི་གནས་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། མར་ངོའི་ཚེས་གཅིག་ནག་པོའི་དུས།། དང་པོ་པར་བུ་བཅའ་བར་བྱ།། གཉིས ་པ་ལྔ་ལ་བསྙེན་པར་འགྱུར།། གསུམ་པ་བསྒྲུབ་བྱ་དགུག་པར་བྱ།། བཞི་པ་བསྒྲུབ་བྱ་མྱོས་པར་བྱེད།། ལྔ་པ་བསྒྲུབ་བྱགས་པར་བྱེད།། དྲུག་པ་ལྡོག་པ་མེད་པར་བྱེད།། བསམ་གཏན་སྔགས་ཀྱི་སྦྱོར་བ་ཡིས།། ཕུང་པོ་རྣམས ་ཤེས་ཕྲལ་བྱས་ཏེ།། བདུན་པས་དགའ་ལྡན་གནས་སུ་བསྐྱལ།། རྡོ་རྗེས་ཚོགས་ཀྱི་འཁོར་ལོ་དང་།། འབྲས་བུ་ཆེན་པོ་ཉིད་ལ་སྦྱར།། དེ་ལྟར་ཞག་བདུན་བྱས་གྱུར་ན།། དབང་ཕྱུག་ཆེན་པོ་ལ་སོགས་པའི།། ལྷ་ཆེན་ཀུན ་ཀྱང་བསད་པར་ནུས།། གཞན་ལྔ་སྨོས་ཀྱང་ཅི་ཞིག་དགོས།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས་གསང་བབ་པར་བུ་ཆེན་པོའི་ལེའུ་ཞེས་བྱ་བ་སྟེ་ལྔ་པ ་། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོ་ཡི།། གསང་བའི་བར་བུ་ཞེས་བྱ་བ།། འཁོར་ལོ་ཉིད་དུ་ཅིས་མི་སྨོས།། དེའི་ཕྱིར་འཁོར་ལོས ་བསད་པ་ཡིས།། ཆོ་ག་བདག་ལ་བཤད་དུ་གསོལ།། དེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སངས་རྒྱས་བསྟན་པ་འཇིག་བྱེད་པ།། གང་ཞིག་འབྱུང་པོ་མཐུ་ཆེན་དང་།། ལོགས་པའི་སྟོབས་དང་ལྡན་པ་རྣམས ་དེ་དག་བསད་པར་བྱ་བ་ཡི།། འཁོར་ལོ་ཆོ་ག་འདི་དག་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་འཁོར་ལོ་བསད་པའི་རིམ་པ ་ཡི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་འཁོར་ལོ་བཅའ་བ་དང་།། གཉིས་པ་ལིང་ག་བཅབ་པ་དང་།། གསུམ་པ་བསད་པར་བྱ་བའོ།། ཞེས་བཅོམ་ལྡན་འདས་བཀའ་སྩལ་ཏོ ་དེ་ནག་དཔལ་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་འཁོར་ལོ་ལིང་བ་བཅབ་པ་དང་།། གསད་པའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་རྣལ་འབྱོར་དབང་ཕྱུག་གིས།། ནག་པོས ་བསམ་གཏན་ལྡན་བྱས་ནས།། དུར་ཁྲོད་གནས་སུ་འཚམས་གཅད་ལ།། དེར་ན་འཁོར་ལོ་བྲི་བར་བྱ།། དུར་ཁྲོད་རས་ལ་བྱ་རོག་གི། ཁྲག་དང་དུ་ཁྲོད་སོལ་བ་དང་།། ཚབ་གསུམ་དང་བསྲེས་པ་ནི།། ཆོ་གས་ནག་པོའི་སྣག་ཚ་བྱ། ་ལྷོ་ནུབ་འཚམས་སུ་ཁ་ལྟས་ལ།། མི་མཐུན་སྒོ་ཡི་སྨྱུག་གུས་ནི།། འཁོར་ལོ་བཞི་རིམ་བསྐོར་བར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། འཁོར་ལོ་སྐུ་དང་བཅས་པ་བྲི།། འཁོར་ལོའི་དབུས་སུ་སྙིང་པོ་ནི།། ཕྱོགས་གཉིས ་སུ་ནི་རྣམ་པར་དགོད།། དབུས་སུ་བསྒྲུབ་བྱའི་མིང་ཡིག་གཞུག། དེ་ཡི་ཕྱི་རོལ་ལ་ཚེ་བརྒྱད།། དཔལ་ལྡན་ནག་པོ་ཆེན་པོ་སྙིང་པོ་དགོད།། དེ་ཡི་ཕྱི་རོལ་ལེ་ཚེ་བརྒྱད།། རྩ་བའི་སྔགས་ནི་དགོད་པར་བྱ།། དེ་ནས་དེ་ཡི ་ཕྱི་རོལ་ཏུ།། ལས་ཀྱི་སྔགས་ནི་དགོད་པར་བྱ།། བར་དུ་བསྒྲུབ་བྱའི་མིང་ཡིག་གཞུག། དབུས་སུ་མཉམ་པའི་སྨྱུག་གུས་གཞུག། འོག་མ་གཡས་སུ་འཁོར་བར་བྱ།། སྟེང་གི་འཁོར་ལོ་གཡོན་དུ་བསྐོར།། བཅབ་སྟེ། ་རིམ་པས་དགོད་པར་བྱ།། འཁོར་ལོ་ནག་པོ་ཆེན་མོ་ནི།། ཞལ་གཅིག་པ་ལ་ཕྱག་གཉིས་པ།། གྲི་གུག་ཐོད་པ་ལ་ན་འཛིན།། ཞལ་གདངས་མཆེ་བ་གཅིག་པར་བྲི།། ཞག་བདུན་བསྒྲུབ་པའི་མང་ཡིག་དགོད།། དེ་ལྟར ་འཁོ་ལོའི་རིམ་པར་བཤད།། དེ་ནས་གཞན་ཡང་རབ་བཤད་པ།། ཚེ་བ་གསུམ་དང་བསྒྲུབ་པ་ཡི།། རྐང་གཡོན་ས་དང་བག་ཟན་ལ།། སྒྲུང་བྱའི་གཟུགས་ནི་སོར་གསུམ་པ།། བྱས་ལ ་སྙིང་ཁར་སྔགས་འདི་གཞུག། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་པ་ར་བྷི་ཤ་ཨ་མུ་ཀ་མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ། གྲོ་བ་ལ་ནི་བྲིས་ལ་གཞུག། ལིང་ཁ་འཁོར་ལོའི་བར་དུ་གཞུག། དེ་ནས་མཉམ་པར་དྲིལ་བ་བྱ།། མི་སྒྲའི་སྐུད་པས་འཇ ་ལོ་བཅིང་།། དོམ་འམ་ཁྱིན་ནག་པོ་ཡི།། ཐོད་པར་འཁོར་ལོ་གཞུག་པར་བྱ།། དམར་ནག་སྐུད་པས་ཕྱི་རོལ་བཅིང་།། ཁ་དོག་ནག་གམ་སྨེ་བ་ཡོད།། དེ་ལྟའི་ཐོད་པ་གཉིས་ལ་ནི།། དུར་ཁྲོད་སོལ་པ་ཁྱི་ནག་པོའི།། སྙིང ་ཁྲག་དུར་ཁྲོད་སེལ་བ་གསུམ།། བསྲེས་ལ་ཐོད་པའི་འཁོར་ལོ་ཡཾ།། ཕྱི་རོལ་ཚ་བ་གསུམ་གྱིས་བྱུག། ཐོད་པའི་འཁོར་ལོའི་ནང་དུ་ནི།། ཁྱི་བམ་དོམ་གྱི་ཐོད་པར་གཞག་ནི་རང་སུ་ཡི་ཕུར་བུ་བརྒྱད།། སོར་ནི་བཞི་ཚད་རབ ་ནས་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་ར་བི་ཤ་བཛྲ་ཀའི་ལ་ཡ། ཨ་མུ་ཀ། ཧ་ན་ཧ་ན། ཧཱུཾ་ཧཱུཾ་ཕཊ། ཕུར་བུ་བརྒྱད་ལ་བར་བྱ།། འཁོར་ལོ་མཎྜལ་སྟེང་བཞག་ནས།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྐྱེད་པའི་རིམ་པ་ཚུལ་བཞིན ་བསྒོམ།། མཆོད་དང་གཏོར་མ་ལ་སོགས་པ།། བསམ་གཏན་སྔགས་ཀྱིས་བརྩོན་པར་བྱ།། དེ་ནས་ཐུགས་ཀའི་འོད་ཟེར་ནི།། ལྕགས་ཀྱུའི་ཚུལ་དུ་རབ་སྤྲོས་པའི།། བསྒྲུབ་བྱ་གསལ་བར་འདུག་ནས་ནི།། འོད་ཀྱི་ཞགས ་པ་བཅིང་བར་བྱ།། དེ་ནས་རྣལ་འབྱོར་པའི་མདུན་དུ་ནི།། བསྒྲུབ་བྱ་གཅེར་བུ་མགོ་འཇུག་མ་དག། དཔལ་ལྡན་ནག་པོའི་ཁ་སྦྱོར་གྱི།། བར་དུ་བསྒྲུབ་བྱ་བཞུག་པར་བྱ།། བསྒྲུབ་བྱ་གསལ་བའི་སྙིང་གི་དཀྱིལ།། གྲི་གུབ་འོད་དང ་བཅས་པར་བསྒོམ།། སྲོག་གཅད་ནང་གྲོལ་གཏོག་ནས་ནི།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ར་ཤ་ཡ་ཛྙཱ་ཧཱུཾ་ཧཱུཾ་ཕཊ། བསམ་གཏན་སྔགས་དང་ལྡན་གྱུར་ནས།། བསྒྲུབ་བྱ་རྟག་ཏུ་གདུགས་བྱ་སྟེ།། སྔོན་དུ་རབས་གནས་བྱས ་པ་ཡི།། ཕུར་བུ་དང་ནི་ཡུངས་ཀར་གྱིས།། བསང་བའི་སྔགས་ཀྱིས་བརྡག་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཛ་ཡི་ཛ་ལན་ཏ་ཧ། ཨཥྚ་ག་ཏྲ། དྷུ་ཧ་ན་དྷ་ཧ་ན། ཕོ་རན་མ་ཧཱ་ཀཱ་ལ་ལ། ག་ར་བྷི་ག་ར། པུ་ཏ་ན་ས། ཨ་མུ་ཀ་བ་ཧ་ར་ན། ་པ་ཧ་རི་བ་ག་ར་བ་ཕཊ། ཧཱུཾ་བུ་དྷ། ཨ་ན་ལ་ཨ་ན་ལ། བཱ་རི་ཡཱ་བཱ་རི་ཡཱ། འབྲ་སཽ་སྨ་མ་རི། བྷི་སྟྲཻ་ནི་ཝ་རམ། ཨ་མུ་ཀ་ནི་ཡཾ། བཛྲ་མུ་ཧ་བི་ར། དྷ་ལ་བུ། ཨ་མུ་ཀཙྪ་ཏ་ཀ་ནི། མཱ་ར་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། དེ་ནས་ལུས་ཀྱི ་ཐིག་ལེའི་གནས།། སུམ་ཅུ་རྩ་གཉིས་དམིག་གནས་སུ།། ཕུར་བུ་ཡུངས་ཀར་གདབ་པར་བྱ།། ཐོད་པའི་འཁོར་ལོ་ཁ་སྦྱར་ལ།། དཔའ་བོ་སྐྲ་ཡི་སྐུད་པ་ཡིས།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཐོད་པ་རྒྱ ་གྲམ་བཅིང་བར་བྱ།། ཨོཾ་མཧཱ་ཀཱ་ལ་ཡ། ཨ་མུ་ཀ་བྷཱན་དྷ་བྷནཿ། ཧཱུ~ཾ་ཧཱུཾ་ཕཊ། དེ་དག་རྫས་ལ་འཁོར་ལོ་བཅིང་།། འཁོར་ལོ་མཆོད་རྟེན་ནག་པོ་ཡི།། ནང་དུ་བཅུག་ནས་དུར་ཁྲོད་ཀྱི།། མེ་ཐབ་ཏུ་ནི་གངན་བྱས་ན།། ཆ་བའི་ནང ་འཆི་བར་འགྱུར།། ཡང་ན་ཆུ་དོང་སྙིང་པོ་ཡི།། ནང་དུ་གནན་པར་བྱས་གྱུར་ན།། སྒྲུབ་བྱ་རྒྱུ་ནི་འགགས་ནས་འཆི།། ཡང་ན་དུར་ཁྲོད་ཁང་སྟོང་དུ།། སྦས་ན་མཁའ་འགྲོ་མ་རྣམས་ཀྱི།། ཚགས་ཀྱི་འཁོར་ལོ་བསྐོར་བྱས་ཏེ།། སྒྲུབ་བྱ ་ཁྲག་ནི་སྐྱུག་པར་འགྱུར།། ཡང་ན་མཆོད་རྟེན་ལྷ་གར་གྱི།། ཐེམ་པའི་འོག་ཏུ་གནན་བྱས་ན།། ཁ་ལྐུགས་མིག་ནི་ལོངས་པ་དང་།། གཞོག་ཕྱེད་སྐམས་ནས་འཆི་བར་འགྱུར།། ཡང་ན་འཁོར་ལོ་བསྒྲུབ་པར་བྱ།། རང་གི ་ལུས་ལ་བརྟེན་བྱས་ལ།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། གང་ཞིག་བསྒྲུབ་བྱ་དམིགས་མ་དེ།། ཞག་བདུན་གྱིས་ནི་གསད་པར་བྱེད།། འདིས་ནི་ལས་རྣམས་ཐམས་ཅད་ཀྱི།། གས ་པའི་སྦྱོར་བ་ཤེས་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། རབ་ཏུ་མྱུ་ག་ཤམ་རབ་ཏུ་མ་ཧཱ་ཀཱ་ལ་ཡ་མུ་མཱ་ར་ཡ་ཨ་པ་རི་བྷི་ཤ་ཧཱུཾ། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན ་འདས་གཞན་ཡང་འཁོར་ལོས་ཅི་ཞིག་བཤད།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུར་ཁྲོད་ཀྱི་ནི་གཡམ་པ་ལ།། གུར་ཀུམ་གོ་རོ་ཙ་ན་དང་།། སན་དུའི་མེ་ཏོག་ལ་སོགས་པས།། པདྨ་འདབ་བརྐྱང་བྲི་བར་བྱ།། དེ་ལ ་སྦྲུལ་བརྒྱད་དགོད་པར་བྱ།། མེ་ཏོག་ལུ་འདིའི་ཁུ་བ་དང་།། དུར་ཁྲོད་སྣག་ཚས་སྦྱར་ནས་སུ།། དབུས་སུ་གྲི་གུག་ཐོད་པ་བྲི།། རྣལ་འབྱོར་ནུབ་ཏུ་ཁ་ལྟས་ལ།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ནག་པོ་སྦྲུལ་དང་བཅས་པར ་བསྐྱེད།། དེ་ལ་མཚན་པར་བྱས་ནས་ནི།། བསམ་གཏན་སྔགས་ཀྱིས་བཟླས་པ་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡ། ཨ་ཏ་ནཱ་ག་གུ་རུ་ནི་ཤི་ག་ནི་རྀ་ནི་རི། མ་ཐ་ནི་ཤིག་མཥྚི་དྷ་རི། ནཱ་ག་རཱ་ཛ། དེ་ཝ་བྷ་རི་ཤ་ཡ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། དུས་གསུམ ་དུ་ནི་བསྙེན་པ་བྱ།། འཁོར་ལོ་འདི་ཡི་ཆོ་ག་ནི།། ཆུ་དམིགས་ཤིང་ངམ་རི་ཡི་རྩེ།། གང་ཞིག་ཀླུ་ནི་གནས་པའི་ས།། དེར་ནི་ཆོ་ག་འདི་བརྩམས་ནས།། ཀླུ་ཡི་རྒྱལ་པོ་ནོར་བུ་ཅན།། ཆོ་ག་འདི་དང་དུས་མ་ཚངས་སུ།། ཆར་གྱི་རྒྱུན ་ནི་འབེབས་པར་བྱེད།། གལ་ཏེ་དེས་ཀྱང་མ་ཕེབས་ན།། ནག་པོའི་སྤོས་དང་གུ་གུལ་གྱི།། འཁོར་ལོ་བདུན་པར་བྱས་གྱུར་ན།། ཆར་ནི་ཤིན་ཏུ་འབབ་པར་འགྱུར།། འཁོར་ལོ་བཟློག་པར་བྲི་ནས་ནི།། དེ་ཡི་སྟེང་དུ་སྦྱིན་བསྲེག་བྱ།། སྔག ་ནི་བཟློག་ནས་རབ་བཟླས་ན།། བསྒྲུབ་བྱ་ཤིན་ཏུ་མི་བསྲུན་པས།། རྡོ་ཡི་སེར་བ་འབབ་པར་འགྱུར།། ཡང་ན་ཀླུ་རྣམས་ཐམས་ཅད་ནི།། ཨ་རྫ་ཀ་ཡི་འབྲས་བུ་ལྟར།། མགོ་བོ་ལུས་པོ་འགས་པར་འགྱུར།། ཞེས་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།། ཐོད་པ་དུམ་བུ་གཅིག་པ་ལ།། ཁ་ཏི་ཁ་ཡིས་འཁོར་ལོ་བྲི།། དེ་ཡི་ཕྱི་ནི་བདུད་རྩིས་བྱུག། ཐོད་པའི་ནང་དུ་ཡུངས་ཀར་དང་།། སྦྱིན་བསྲེགས་ཐལ་བ་སྔགས་ནས་ནི།། ་ཐོད་པ་རབ་ཏུ་གནས་པར་བྱ།། རྩ་བའི་སྔགས་ནི་བཟླས་པ་ཡིས།། འདི་ནི་ཤམ་བུར་བདག་པར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། ཤ་ཏ་ཛ་ཏ་མ་པད་ཐར། བྷི་དྷ་ར། ཚིན་དྷ་ཚིན་དྷ་ཚིན་དྷ་ཧཱུཾ་ཧཱུཾ་ཕཊ། བདི་ཡས་བསྙེན་པ་བྱས་ནས་ནི།། ང ་ཞིག་ཡུལ་སྲུང་བྱེད་པ་ཡི།། དེའི་ཕྱོགས་བཞིར་གཞག་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། མཆོད་དང་གཏོར་མ་ལ་སོགས་བྱ།། ཀླུ་དང་གནོད་སྦྱིན་ལ་སོགས་པ།། གདུག་པའི ་སེར་བ་བསྲང་བར་འགྱུར།། དེ་ནས་གཞན་ཡང་རབ་བ་ཤད་པ།། བདུད་རྩི་བ་ཡི་རྣམ་ལྔ་ལ།། ཆོ་གས་མཎྜལ་བྱས་ནས་ནི།། པདྨ་འདབ་མ་བརྒྱད་པ་བྲི།། དེར་ནི་དཔལ་ལྡན་ནག་པོ་དང་།། ཛཾ་བྷ་ལ་ནི་གསལ་བསྐྱེད་དེ།། རྒྱུ་སྐར་རྒྱལ་ནས ་དབུ་གཅུགས་ལ།། ཞག་གྲངས་ཉི་ཤུ་རྩ་གཅིག་ཏུ།། མེ་ཏོག་ཆུ་དང་དྲི་ཞིམ་སྤོས།། གཡོན་པའི་ཁྱེར་བས་དབུལ་བར་བྱ།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཉིན་རེ་ཞིང་ནི་དུས་གསུམ་དུ།། གཙང་མའི་ཆུ་ཡིས་མཆོད་པར ་བྱ།། ཨོཾ་མཧཱ་ཀཱ་ཡ། སིདྷི་དྷ་ན་མེ་དྷེ། ཧཱུཾ་ཛ་བྷ་ལ་ཛ་ལེན་ཏྲ་ཡེ་སྭཱ་ཧཱ། ཆོ་ག་འདི་ཡི་སྤོབས་ཀྱིས་ནི།། འཇིག་རྟེན་གནོད་སྦྱིན་ཐམས་ཅན་གྱི།། ནོར་དང་རིན་པོ་ཆེ་ཡི་གཏེར།། རྟག་ཏུ་དེ་ལས་སྦྱིན་པར་བྱེད།། ཅེས་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པའི་ཆུང་དུ་ཐོང་ཆེན་པོ་ཞེས་བྱ་བ་ལས་འཁོར་ལོའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་དཔལ་ལྡན་ནས་པ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས ་དཔལ་ནག་པོ་ཆེན་པོ་ཡི།། འཁོར་ལོའི་ཆོ་ག་རབ་བཤད་པ།། གནན་པས་གསང་པར་གསུང་བ་ཡི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གནོད་སྟོབས་དང་ལྡན་པ་དང་།། གང་ཞིག་འབྱུང་པོ་མཐུ་ཆེ ་དང་།། འཇིག་རྟེན་ལྷ་ཆེན་ལ་སོགས་པའི།། ལོགས་པའི་མཐུ་དང་ལྡན་པ་རྣམས།། མནན་པར་བྱ་བའི་ཆོ་ག་འདིས།། ཁྱད་པར་དུ་ཡང་གསང་བ་ནི།། ཆོ་གའི་རིམ་པ་འདི་དག་བཤད།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་བ།། བཅོམ་ལྡན་འདས་སངས་རྒྱས་བསྟན་པ་འཇིག་པ་དང་།། ནག་པོའི་ཕྱོགས་ནི་འཛིན་པ་རྣམས།། མནན་གསད་པའི་སྦྱོར་བ་ཡི།། དེ་ཡི་ཆོ་ག་ཇི་ལྟར་ལགས།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།། དུར་ཁྲོད་དབེན་པའི་ས་ཕྱོགས་སུ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། ཏིང་ངེ་འཛིན་དང་ལྡན་གྱུར་ནས།། བསམ་གཏན་སྔགས་ཀྱིས་འཚམས་སྤྱད་ལ།། ཐོད་པ་དུམ་བུ་དུག་པ་གཉིས།། བདུད ་རྩིས་ཕྱི་ནང་བཀྲུ་བར་བྱ།། སྐེ་ཚེ་ཡུང་ཀར་བཅད་དུག་དང་།། ནིམ་པའི་ཁུ་བ་ཁ་ཡི་ཁྲག། དུར་ཁྲོད་སྣག་ཚས་སྦྱར་ནས་སུ།། ཐོད་པའི་ནང་དུ་འཁོར་ལོ་བྲི།། དཔའོ་གླིར་ཤའི་རོ་རས་ལ།། དུར་ཁྲོད་སྣག་ཆས་སྒྲུབ་བྱ་ཡི།། མིང་ད ་ཡི་གེར་ལྡན་པར་བྲི།། བྲི་དུས་གནམ་སྟོང་ཉིད་ནམ་ཕྱེད།། འཁོར་ལོའི་ནང་དུ་གཞུག་པར་བྱ།། ཕྱི་རོལ་དུར་ཁྲོད་རས་ཀྱིས་བཏུམ།། མཆད་པའི་ས་དང་མཚོ་འགྲམས།། རི་ཡི་རྩེ་མོ་གསུམ་གྱིས།། བསྲས་ལ་ནག་པོའི་སྐུ་གཟུགས ་བྱ།། མི་ཡི་རུས་པ་སྐྲ་ཤད་ཀྱིས།། ནག་པོའི་གཟུགས་སྐུའི་རུས་ཤིང་བྱ།། ཞལ་གཅིག་ཕྱག་གཉིས་ཁྲུ་གང་ཆད།། ལྟོ་བར་འཁོར་ལོ་གཞུག་པར་བྱ།། ལུས་ན་དུར་ཁྲོད་སྣག་ཚ་ཡིས།། ཁ་དོག་ཤིན་ཏུ་གནས་པར་བྱ།། མདུན་གྱི་ནག ་པོའི་གཟུགས་སྐུ་ལ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསྐྱེད་པའི་རིམ་པ་ཚུལ་བཞིན་བསྒོམ།། བདག་ཉིད་ཐུག་ཁའི་འོད་ཟེར་གྱིས།། བླ་མ་སངས་རྒྱས་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་ལ་སོགས་པ།། ནག་པོ་ཆེན ་པོའི་རང་བཞིན་དུ།། བཀུར་ལ་ནག་པོ་གཟུགས་ལ་བསྟིམ།། ནག་པོ་ཉིད་ཀྱང་བཀུག་ལ་བསྟིམ།། དེ་ནས་བདག་ཉིད་རྣལ་འབྱོར་པ།། ནག་པོའི་བསམ་གཏན་ལྡན་གྱུར་ནས།། ཐུན་པའི་དམ་རྫས་ལ་སོགས་པའི།། མཆོད་པའི ་མ་དབུལ་བར་བྱ།། དེ་ནས་ཐུགས་ཀའི་འོད་ཟེར་གྱིས།། བསམ་གཏན་སྔགས་ཀྱིས་བཟླས་པ་བྱ།། བཟླས་པ་རྫོགས་དང་ཐུགས་ཁ་ཡི།། འོད་ཟེར་ལྕགས་ཀྱུའི་ཚུལ་དུ་སྤྲོ།། བསྒྲུབ་བྱ་གསལ་བར་བཀུག་ནས་ནི།། ནག་པོའི་ལྟོ་བར ་གཞུག་པར་བྱ།། ལྕགས་ཀྱུའི་ཕྱག་བརྒྱ་སྔགས་དང་བཅས།། ཐུན་རེར་བརྒྱ་ནི་བརྩ་བརྒྱད་དུ།། བཀུག་ལ་ནག་པོའི་ལྟེ་བར་གཞུག། གྲི་གུག་ཐོད་པ་ཐོག་ནས་ནི།། ཐུན་མཚམས་ཕྱིན་ཕྱོགས་བསྐོར་བར་བྱ།། ཉིན་མོ་མཚན་མོ་དུས་དྲུག ་ཏུ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། རྣལ་འབྱོར་ཉིད་ལ་བརྩོན་པར་བྱ།། དེ་ནས་དུར་ཁྲོད་དབུས་སུ་ནི།། ཁྲུ་དོ་ཚང་དུ་རྐོ་བར་བྱ།། ནང་དུ་ནག་པོའི་གཟུགས་སྐུ་གཞག། དེ་ཡི་སྟེང་དུ་འཁོར་ལོ་ནི།། དུར་ཁྲོད་ཀྱི་ནི་ཕབ་བུ་ལ། ་ཨུ་རྩིན་ཏ་ཡི་ཁུ་བས་བྲི།། སྔགས་ནི་དུར་ཁྲོད་སྣག་ཚས་དགད།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། བཛྲ་ཙ་ཏྲ་བར་ཏི་ཏ། ཡ་མ་ཀ་སྟི་བྷ་ནི་སྟཾ་བྷ་ནི་མོ་ཧ་ནི་མོ་ཧ་ནི། ཁེ་ཙེ་རི་བྷན་དྷཾ། བྷུ་ཙི་ར་བྷན་དྷི། པ་ཏ་ལ་བྷ་ས་ནི་བྷན་དྷི། ཧཱུཾ་ཧཱུཾ་ཕཊ ་ཕཊ་སྭཱ་ཧཱ། འདི་ནི་འཁོར་ལོར་འགོད་པར་བྱ།། དེ་སྟེང་སྦྱིན་བསྲེག་ཐལ་བས་དགའ།། དེ་ལྟར་ཞག་བདུན་བྱས་གྱུར་ན།། གནན་པས་བསང་བའི་སྦྱོར་བ་རྫོགས།། ཁྱབ་འཇུག་མ་ཧཱ་དེ་བ་དང་། ་ཚོགས་ཀྱི་བདག་པོ་ལ་སོགས་པའི།། འདོད་པའི་ལྷ་རྣམས་གནན་ནུས་ན།། གཞན་དག་སྤོས་ཀྱང་ཅི་ཞིག་དགོས།། དེ་སྐད་ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུང་དུར་ཁྲོད་ཆེན་པོ ་ཞེས་བྱ་བ་ལས་གནན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་མཚམ་མེད་ལ་སོགས་བྱེད་པ་དང་།། གདུག་པ་ཐམས་ཅད་བསྒྲལ་བ་ཡི།། ་ཆོ་གའི་ཁྱད་པར་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྦྱིན་བསྲེག་ལས་རྣམས་ཀུན་གྱི་མཆོག། ཁྱད་པར་དུ་ནི་གསང་བ་ཡི།། སྦྱིན་སྲོག་འདི་ནི་ཤེས་པར་གྱིས།། ཞེས་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་གསད་པར་བྱ་བའི་སྦྱོར་བ་ཡི།། སྦྱིན་སྲེག་ཆོ་ག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྦྱིན་བསྲེག་ཆ་གའི་རིམ་པ་འདི་།། ཁྱད་པར་མདུན་དུ་ཤེས་པར་གྱིས།། བདག་དང་གནས་དང་མཆད་གཏར་དང་།། ཐབས་དང་ལྷ་དང་རྫས་དང་དུས།། རྣམ་པ་བདུན་དུ་རབ་ཏུ་བཤད།། ཅེས་བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་ཆོ་ག་འདི་ཡི་རིམ་པ་ཡིས།། སྒྲུབ་པར་བྱ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ ་བདག་ཉིད་རྣལ་འབྱོར་ནི།། བསྲུང་བའི་འཁོར་ལོ་བསྒོམ་པར་བྱ།། ཆོས་འབྱུང་ནང་དུ་རྡོ་རྗེ་བྲག། པད་ཉིའི་སྟེང་ན་རོ་ཡི་གདན།། དེ་ལྟར་ཧཱུཾ་ལས་གྲི་གུག་འགྱུར།། དེ་ལས་ནག་པོ་ཆེན་པོ་སྐྱེད།། མཐིང་ནག ་ཞལ་གཅིག་ཕྱགཉིས་པ།། དབུ་སྐྲ་ཁམས་སེར་གྱེན་དུ་བརྫེས།། སྤྱན་གསུམ་ག་དང་མིག་མེ་ཡི་འོད།། ག་ཡས་ན་གྲི་གུག་གཡོན་ཐོད་པ།། དོ་ཤལ་ཐོད་པའི་འཕྲེང་བས་བརྒྱན།། བརྐྱང་བསྐུས ་རོ་ཡི་གདན་ལ་འགྱིང་།། མེ་དཔུང་དབུས་ན་དམ་ཚིག་བསྐྱེད།། ཡེ་ཤེས་སྤྱན་དྲང་གཉིས་མེད་བྱ།། དབང་བསྐུར་མི་སྐྱོད་དབུ་ལ་བརྒྱན།། མདུན་གྱི་ནག་པོ་ཆེན་པོ་ཡང་།། དེ་ལྟར་དུས་མཚངས་རྫོགས་པར་བསྐྱེད།། ་མཆོད་དང་གཏོར་མ་བྱས་ནས་སུ།། གཉིས་མེ་ཐུག་ཁའི་འདས་པ་བྱ།། དེ་ནི་ནག་པོའི་མཚན་མ་རྙེད།། དེ་ན་སྦྱིན་སྲེག་རྩམ་བྱ་ཞེས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་གཞན་ཡང་རབ་བཤད་པ།། གནས་ནི་དུར ་ཁྲོད་ཆེན་པོ་ཡི།། རོ་བསྲེག་མེ་ཐབས་ཁང་སྟོང་ངམ།། རྡོ་རྗེ་བྲག་ལ་སོགས་པ་ཡི་འཇིག་པའི་གནས་སུ་སྦྱིན་སྲེག་བྱ།། མཆོད་པ་གཏོར་མ་སྲེག་པའི་རྫས་དེ་དག་ཚོར་བར་བྱས་ནས་ནི།། མེ་ཏོག་སྤོས་དང་མར་མེ་དྲི།། ཤ་ཆེན་ལྷ ་བཤེས་སྲེག་པའི་རྫས།། ཁྱད་པར་གྱི་ནི་མཆོད་པར་བྱ།། ཆན་དང་དུག་གི་ལ་དྷཱ་དང་།། སྦྲང་རྩི་རྒུན་འབྲུམ་སེ་འབྲུའི་ཆང་།། ཤ་ཆེན་ཉ་ཤ་བདུད་རྩི་ཁྲག། འདི་ནི་དཔལ་ལྡན་ནག་པོ་ཡི།། ཁྱེད་པར་གཏོར་མ་ཡིན་པར་བཤད།། ་དེ་ནས་གཞན་ཡང་རབ་བཤད་པ།། དུར་ཁྲོད་ས་དང་ཆུ་འགྲམས།། མེ་ཐབས་ལ་ཐབ་ཁུང་བྱ།། ཐབ་ནི་ཐིང་ནག་ཨ་ཡི་དབྱིབས།། རྒྱལ་ཁྲུ་གང་ཟབས་སུ་ཕྱེད།། སུམ་རིམ་སྤངས་ལ་སོར་གསུམ་ཏེ།། མེ་འོད་གྲི་གུག་ཐོད་པས ་བརྒྱན་དབུས་སུ་གྲི་གུག་ནག་བཟེ།། ཐབ་ཀྱི་རིམ་པར་ལྟར་བ་ཤད།། དེ་ནས་གཞན་ཡང་རབ་བཤད་པ།། དཔལ་ལྡན་ནག་པ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། ཐབས་ཀྱི་ནང་དུ་བདཅི ་། ར་ལས་མེ་ལྷ་བསྐྱེད་པར་བྱ།། ཞལ་གཅིག་པ་ལ་ཕྱག་གཉིས་པ། ཁྱས་གཉིས་མ་རྟག་བགྲང་འཕྲེང་བཛིས།། མདག་ནས་སྤྱན་དགྲང་ཞལ་གདངས་པ།། ཁྲ་ག་ཏར་མན་པ་གཟིགས་པའོ།། རང་བཞིན་མ་དང་ཡེ་ཤེས་པ་ཁྱམ ་བརྒྱ་བཞི་ཡིས་སྦྱོར་བས་བསྟིམ།། གཉིས་མེད་གྱུར་པའི་ལྕེ་ལ་ཧཱུཾ།། བསམ་ནས་ལིང་ག་སྲེག་རྫས་རྣམས།། ལན་བདུན་རབ་ཏུ་ཁྲོས་པས་དབུལ།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། བཛྲ་ཀྲོ་དྷ་ཡ་ག་ནེ་ཡེ། ཧཱུཾ་མ་མ་སརྦ་ཤ་ཏྲཱུཾ་ཨ་མུ་ཀཾ། ད་ཧད ་། བ་ཙ་པ་ཙ། ཨ་མུ་ཀ་མ་ར་ཡ་ཕཊ། དེ་ནས་འབར་བའི་ངོ་བོར་བརྟག། མེ་ཡིས་གཞལ་ཡས་ཁང་དུ་བསམ།། དེ་ནས་དཔལ་ལྡན་ནག་པོ་ན།། ཆོ་ག་ལྔ་བམ་གསུམ་གྱིས་བསྐྱེད།། བདག་དང་དམ་ཚིགས་ཐུག་ཀ་ཡི།། འོད་ཟེར ་ཕྱག་བརྒྱ་བའི་དང་ལྡན།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། དེ་ཡི་ཚོགས་བཀུག་ལ་བསྟིམ།། ཛ་ཛྙཱ་བ~ཾ་ཧོ།། ཧཱུཾ་སྲིད་གསུམ་འཇིག་པར་བྱེད་པ་ཡི།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི།། བསྟན ་བསྲུང་བར་ལས་བླངས་པའི་དམ་ཚིག་ཆེན་པོ་སྟོབས་ཉིད་ཀྱིས་ནི།། འབར་བ་ཆེན་པོའི་དཀྱིལ་འཁོར་དུ།། དྲག་པོའི་སྟོབས་ཀྱིས་གཤེགས་སུ་གསོལ།། མེ་ཡི་དཀྱིལ་འཁོར་འདིར་བཞུགས་ལ།། གཞུག་པའི་དགྲ་བགེགས ་བསྒྲལ་དུ་གསོལ།། དེ་ནས་བདུད་རྩི་གྷ་ཡིས།། དཔལ་ལྡན་ནག་པོའི་ཞལ་དུ་དབུལ།། མཆོད་དང་གཏོར་མའི་རིམ་པ་རྣམས་དབུལ་བའི་རམ་རྫས་ལ་སོགས་པའི་ཁྱད་པར་ཀུན་ཀྱང་དབུལ།། དེ་ནས་ལིང་ག་སྲེག་རྫས་རྣམས། ་རྩབ་གྲང་བསྔགས་ལནི།། གསང་བབ་ལག་གཞུག་པར་བྱ། ཁམམ་གཏ་སགས་དང་ལྡར་གྱུར་ནས། ཚུན་སྲེ་ག་ནག་པའི་ཞལ་དུང་བུག། རྩཝ་མི་ཆག་ཇི་ལྟུང་བ་ཤང་།། མ་བཅོམ་ལྡན་འདས་ཀྱིས་བཀའ་སྒྲུབ་ཏ། ་དེ་ནས་གཞན་ཡང་རབ་བཤད་པ།། ལིང་ག་རྫས་ཀྱི་རིམ་པ་ནི།། རྐང་རྗེས་ས་དང་སྦྲང་ཤང་དང་།། རོ་བསྲེག་ཐལ་བ་དྲི་ཆེན་ཁྲག་བདུད་རྩི་ལྔ་དང་ཆུས་སྤྲས་ལ།། སྒྲུབ་བྱ་གཟུགས་ནི་སོར་བརྒྱད་པ།། སྙིང་ཁར་མིང་ཡིག་གཞུག ་པར་བྱ།། མགོ་ལུས་ཚ་བའི་རྫས་ཀྱིས་བྱུག། བསམ་གཏན་སྔགས་དང་ལྡན་གྱུར་ནས།། སྒྲུབ་བྱ་བཀུག་ནས་དེ་ལ་བསྟིམ།། སྔགས་ཀྱི་དབྱེ་བའི་ཆོ་ག་བྱ།། མགོ་ནས་རྐང་པའི་མཐིལ་གྱི་བར།། གསང་སྔགས་ཚེ་རམས་འབུམ ་ཕྲག་བརྡེག། དེ་ནས་ནག་པོ་ཆེན་པོ་ཡི།། གྲི་གུག་རབ་གནས་བྱས་པ་ཡི།། མགོ་ནས་ཞབས་སུ་ཏིལ་གྱི་ཚད།། གཏུབ་ནས་ནག་པོའི་སྦྱིན་སྲེགས་བྱ།། རྫས་ནི་མི་རྐང་ལས་བྱུང་བའི།། ཆོ་གས་དགང་གཟར་བླུགས་གཟར་བྱ།། ་དུར་ཁྲོད་ལས་བྱུང་ཚ་ཤིང་ཁ།། ཚེར་མ་སྣ་ཚོགས་དྲི་ང་བའི།། ཡམ་ཤིང་སོར་ནི་བཅུ་གཉིས་ཚེད།། ཡང་ན་སོར་དྲག་ཤེས་པར་བྱ།། ཡུངས་ཀར་ལ་དུ་ནག་པོ་དང་།། ཤ་ལྔ་ཉ་ཤ་ཆད་དང་ནི།། ཡུངས་ནག་ལ་ཕུག་ལྕགས་ཕྱེ ་དང་།། ཁྲག་དང་བདུད་རྩི་དབུལ་བར་བྱ།། རིགས་ངན་ཤན་པ་ལས་བྱུང་བ།། སྦྱིན་སྲེག་མེ་ནི་ཡིན་པར་བཤད།། རྫས་ནི་བོ་དག་ལྡན་གྱུར་ན།། སྦྱིན་སྲེག་ཆོ་ག་ཉེས་པ་མེད།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས ་གཞན་ཡང་རབ་བཤད་པ།། དུས་ཀྱི་ཆོ་གས་འགྲུབ་པར་འགྱུར།། མར་ངོའི་ཚེས་གཅིག་ལ་སོགས་པ།། ནག་པོའི་ཕྱོགས་ནི་ཐམས་ཅད་ལ།། སྦྱིན་བ་སྲོག་ཆོ་ག་བརྩམ་པར་བྱ།། ཉི་མ་ཕྱེད་དང་ནམ་གྱི་གུང་།། གསང་བའི་དུས་ནི ་ཡིན་པར་བཤད།། ཅེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། མྱུར་བར་བསད་པའི་རིམ་པ་ཡིས།། ཆོ་གའི་ཁྱད་པར་ཇི་ལྟར་ལགས།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ།། མྱུར་བར་གསང་བའི་རིམ་པ་ནི།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། གསང་བའི་སྦྱིན་སྲེག་ཡིན་པར་བཤད།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས ་གསོལ་པ།། བཅོམ་ལྡན་འདས་གསང་བའི་སྦྱིན་སྲེག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་མེ་ཐབས་ས་བླངས་ལ།། ཐབས་ན་ཐོ་གང་ཚད་དུ་བྱ།། ཏིལ་མར་གྱི་ནི་མེ་ཡིས་བསྲེག། ཟུར་གསུམ ་སེང་ལྡེང་གསལ་ཤིང་ལ།། སོར་ནི་བཅུ་གཉིས་བརྒྱ་རྩ་བརྒྱད།། དཔལ་ལྡན་ནག་པོའི་ཡམ་ཤིང་བཤད།། དེ་ནས་ཐོད་པ་དུམ་བུ་དྲུག། ནང་དུ་དྲུག་གི་དྷ་བྱ།། ལིང་ག་ཚེར་མའི་མེ་ཡིས་བསྲོས།། རྣལ་འབྱོར་ཐུག་གའི་འོད་ཟེར་གྱིས།། བསྒྲུབ ་བྱ་བཀུ་བ་ལ་ལིང་གར་སྟིམ།། ཨོཾ་མ་ཧཱ་ཀཱ་ལ་ཡཱ། ཨོཾ་མུ་ཧཱ་ཀཱ་ལ་ཡ། ཨ་མུ་ཀ་ཏ་བ་ཏ་བ་ཧཱུཾ། དཔལ་ལྡན་ནག་པོ་ཆེན་པོ་ཡི།། གྲི་གུག་རབ་གནས་ལྡན་པ་ཡི།། བསྒྲུབ་བྱའི་མགོ་ནས་རྐང་མཐིལ་བར།། ཏིལ་གྱི་ཚད་དུ་གདུབ་པར་བྱ།། ་དར་ནི་རཾ་ལས་མེ་ཐབ་བསམ།། དཔལ་ལྡན་ནག་པ་ཆེན་པོ་ནི།། མེ་ཐབས་ནང་དུ་བསྐྱེད་པར་བྱ།། སྣ་ཚོགས་པདྨ་ཉི་མར་བཅས།། རོ་ཡི་གདན་ལ་གནས་པ་ནི།། དཔལ་ལྡན་ནག་པོ་ཆེན་པོར་བསམ།། ཞལ་ནས་སྣ་ཚོགས་མེ་ཡི་འོད ་དྲག་པོའི་དབྱིབས་ས་འབར་བར་བསམ།། བདག་གིས་ཐུགས་ཁའི་ས་བོན་ལས།། འོད་ཟེར་ནག་པོའི་གཟུགས་སུ་སྤྲོ།། དེ་ཡི་བསྒྲུབ་བྱ་དགུག་བྱ་ནས།། རྐང་པ་གཉིས་ནས་གཟུང་ནས་ནི།། དུག་གཏོར་དུ་ནི་སྤུག་བྱས་ཏེ།། གཞན ་ཡང་ནག་པོའི་ཞལ་དུ་སྡུག། དེ་ལ་བདག་ཉིད་རྣལ་འབྱོར་པས།། རོ་ཡི་གདན་ལ་འདུག་ནས་ནི།། མིག་མི་ཟུར་གསུམ་མི་ཟད་པར།། བྱས་ནས་སོས་ནི་ས་བཅའ་ཞིང་།། བདག་ཉིད་ཐུག་ཁའི་བོད་ཟེར་གྱིས།། རྣ་བའི་གཟུགས་ཀྱིས ་བསྒྲུབ་བྱ་བཀུག། མེ་ཐབ་ནང་དུ་གནས་པ་ཡི།། དཔལ་ལྡན་ནག་པོ་ཆེན་པོ་ལ།། སྙིང་པོའི་སྔགས་ཀྱིས་དབུལ་བར་བྱ།། དེ་ལྟར་བརྒྱ་ནི་རྩ་བརྒྱད་པར་བདུན་དུ་བྱས་ནས་བསྒྲུབ་བྱ་ནི།། དེ་མ་ཐག་ཏུ་གསོད་པར་ནས།། འགྲུབ་འགྱུར་འདི་ལ ་ཐེ་ཚོམ་མེད།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ལྡན་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་ཞེས་བྱ་བ་ལས་སྦྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ། ་བཅོམ་ལྡན་འདས་བརྒྱུད་བདི་ངེས་པར་གསལ་བའི་ཕྱིར།། སྔགས་ཀྱི་དོན་དང་ལྡན་པ་ཡི།། ཡི་གེའི་དབྱེ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ནི།། ཡི་གེ་རྣམས་ཀྱི་མཆོག་ཏུ་འགྱུར།། རྩ་བ་སྙིང ་པོ་ངེས་བཤད་པ།། སྔགས་དང་རྒྱུད་ཀྱི་དོན་གྱི་ཕྱིར།། ཡི་གེ་བཏུབ་བཤད་པར་བྱ།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་ཡི་གེ་བཏུབ་ཇི་ལྟར ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་རིག་བྱེད་རྒྱལ་པོ་ལ།། དང་པོ་ལྔ་པ་ཡན་ལགས་རིང་།། གཉིས་པའི་ལྔ་པས་སྣ་ལྡན་མཆོད།། དང་པོ་ཐིག་ལེ་བཅས་པ་བཞག། གཉིས་པའི་ལྔ་པ་ལྔ་པ་ནི།། སྣ་ལྡན ་རིང་དང་བཅས་པར་གནས།། དེར་ནི་བརྒྱད་མཐར་བཞག་པར་བྱ།། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པ་གསུམ་པ་ལ།། གཉིས་པའི་དྲུག་པའི་དང་པོ་བཞག། བརྒྱད་མཐའ་གཉིས་ནི་སྒྲ་ལྡན་མཆོག། དང་པོའི་གསུམ ་པ་བདག་པར་བྱ།། གཉིས་པའི་དང་པོའི་མཐའ་ཅད་ནི།། དང་པོ་གཉིས་དང་བཅས་པར་བཞག། གཉིས་ནི་རིང་ཐུང་སྒྲ་ཡིས་བརྗོད།། བསོད་ན་ཚོགས་དྲག་ལྡན་པར་བྱ།། གཉིས་པའི་ལྔ་པའི་གཉིས་པ་ལ། ་གཉིས་པའི་གསུམ་པའི་དང་པོར་བཅས།། དྲག་པོའི་སྒྲ་དང་བཅས་པར་བཤད།། བརྒྱད་པ་ཡི་ནི་གསུམ་པ་ལ།། གཉིས་པའི་ལྔ་པའི་གསུམ་པར་གདགས།། དེར་ནི་བརྒྱད་པའི་མཐའ་ཅན་ནི།། རིང་བའི་སྒྲ་དང་ལྡན་པར་བཞག། ཞེས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ།། བཅོམ་ལྡན་འདས་དཔལ་ནག་པོ་ཆེན་པོས་གསོལ་པ།། མཁའ་འགྲོ་མ་དང་བཅས་པ་ཡི།། རང་གི་དོན་དང་ལྡན་པའི་སྔགས།། དེ་ཡི་གེ ་རྣམས་ཀྱི་མཆོག། བཏུ་བའི་རིམ་པ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དང་པོ་ལྔ་པས་ཡན་ལགས་བརྒྱན།། གཉིས་པའི་ལྔ་པའི་ཐིག་ལེ་དང་།། དང་པོ་ཐུང་ངུ་བཞག་པར་བྱ།། གཉིས་པའི་ལྔ་པ་མཐར་ལྡན ་པ།། རིང་བའི་སྒྲ་དང་བཅས་པར་གནས།། བརྒྱད་པའི་མཐའ་ཅན་ཡི་གེ་ནི།། ཅུང་ཟར་རིང་དང་བཅས་པར་བརྗོད།། གཉིས་པའི་དང་པོ་མིང་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་ལ།། གཉིས་པའི་དྲུག་པའི་རང་པ་བདགས།། རིག ་བྱེད་དགྲ་དང་ལྡན་པ་ནི།། ཅུང་ཟད་མཐུག་དང་བཅས་པར་བརྗོད།། ལྔ་པའི་ལྔ་པ་སྣ་ལྡན་མཆོག། བརྒྱད་པའི་མཐའ་ཅན་གདགས་པར་བྱ།། དང་པོའི་གསུམ་པས་རབ་ཏུ་བརྒྱན།། ཚེ་ག་དྲག་མཐུག་དང་བཅས་པར་གནས།། གཉིས་པའི་བདུན་པའི ་གཉིས་པ་ནི།། རིག་བྱེད་མདའ་དང་ལྡན་པར་བརྗོད།། གཉིས་པའི་ལྔ་པའི་མཐར་ལྡན་པ།། ཟླ་བ་མིག་དང་བཅས་པ་བཞག། གཉིས་གའི་འབྲེལ་པ་གནས་པ་ཡི།། ཆགས་པའི་ཡི་གེ་བདག་ཉིད་ཅན།། གཉིས་པའི་གསུམ་པ་བཞག་པར་བྱ།། ་གཉིས་པའི་བཞི་པ་དང་པོ་ལ།། དང་པོ་གསུམ་པ་བསད་པར་བྱ།། གཉིས་པའི་ལྔ་པའི་མཐར་ལྡན་པ།། རང་བའི་སྒྲ་དང་བཅས་པར་གནས།། སྡེ་ཚན་བརྒྱད་པའི་མཐར་ནས་པ།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། གཉིས་པའི་དང་པོ་མིང ་དང་ལྡན།། གཉིས་པའི་གསུམ་པ་དྲུག་པ་ལ་མཐུག་པའི་སྒྲ་དང་ལྡན་པར་བྱ།། གཉིས་པའི་དྲུག་པའི་དང་པོ་ནི།། ཡོ་བྱད་སྒྲ་དང་བཅས་པར་གནས།། སྡེ་ཚན་གཉིས་པའི་དབུ་མ་ནི།། ཆགས་པའི་ཡི་གེ་རབ་ལྡན་པ།། གཉིས་པའི་གསུམ ་པ་ཐུག་པོར་ལྡན།། གཉིས་པའི་བཞི་པའི་དང་པོ་ནི།། དང་པོའི་གསུམ་པས་ཡན་ལགས་བརྒྱན།། དང་པོའི་དང་པོ་ཡན་ལགས་རིང་།། གཉིས་པའི་ལྔ་ཡི་རང་པོ་ནི།། ཅུང་ཟད་ཐུག་པ་དག་དང་ལྡན།། གཉིས་ཀའི་འབྲེལ་པ་ཆགས ་པར་གནས།། གཉིས་པའི་ལྔ་པའི་གསུམ་པ་ལྔ།། དང་པོ་གཉིས་པས་མནན་པར་བྱ།། ཅུང་ཟད་རིང་དང་བཅས་པར་གནས།། མཐའ་ཡི་བརྒྱད་པའི་གཉིས་པ་ནི།། ཅུང་ཟད་ལོག་པའི་ཤུགས་དང་ལྡན།། སྡེ་མཚན་བརྒྱད་པའི་མཐར ་ལྡན་པ།། ཐིག་ལ་ཟླ་བ་མིག་དང་བཅས།། དང་པོ་ཡི་ནི་གསུམ་པ་ནི།། རིང་བའི་སྒྲ་ཡིས་སྟོབས་དང་ལྡན།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་རྒྱུད་ཀྱི་རྩ ་བར་བཀོད་པ་ཡིས།། དེ་ཡི་སྔགས་ཀྱི་ཁྱད་པར་ནི།། ཡི་གེ་བཏུ་བ་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྔགས་ཀྱི་དོན་རྣམས་གསལ་བྱེད་པ།། དེ་ཡི་མཚན་ཉིད་དང་པོར་བཤད།། གཉིས་པའི་བཞི་པ་དང་པོ་ལ།། ་གཉིས་པའི་བཞི་པའི་གསུམ་པ་གཞག། གཉིས་པའི་དྲུག་པའི་དང་སོར་གནས།། གཉིས་པའི་བཞི་པའི་གཉིས་པ་ནི།། དེ་ཉིད་དྲག་པོའི་ཚོགས་དང་ལྡན།། དང་པོ་ཡིག་འབྲུ་རྣམས་ཀྱིས་མཆོག། དང་པོ་ལྔ་པས་ཡན་ལག་དགོད། ་གཉིས་པའི་ལྔ་པས་སྣ་ལྡན་མཆོག། རིག་བྱེད་ཐུག་དུ་ཐིག་ལེར་བཅས།། གཉིས་པའི་ལྔ་པ་ལྔ་ནི།། སྣ་དང་རིངས་དང་བཅས་པར་གནས།། དེར་ནི་བརྒྱད་མཐའ་བཞག་པར་བྱ།། གཉིས་པའི་དང་པོ་མིང ་དང་ལྡན།། གཉིས་པའི་དྲུག་པའི་གསུམ་པ་བརྗོད།། གཉིས་པའི་དྲུག་པའི་དང་པོ་ནི།། ཤིན་ཏུ་རིངས་པའི་སྒྲ་དང་ལྡན།། བརྒྱད་མཐའི་གཉིས་ཀྱི་སྒྲ།། ཅུང་ཟད་ཐུག་དང་རིང་པོར་བརྗོད།། གཉིས་པའི་བཞི་པའི་མཐར་གནས་དང་།། གཉིས་པའི ་དྲུག་པའི་དང་པོའི་ཐུང་ངུའི་སྒྲ།། གཉིས་པའི་ལྔ་པའི་དང་པོར་གནས།། གཉིས་པའི་དང་པོ་བཞག་པར་བྱ།། གཉིས་ཀར་འབྲེལ་པ་མ་ནི་ཞེས།། ཆགས་པའི་སྒྲ་ཡི་ཡི་གེར་བརྗོད།། དང་པོ་གཉིས་པས་མནན་པར་བྱ།། གཉིས་པའི་གསུམ ་པའི་ལྔ་པ་ཐིག་ལེར་བཅས།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། དང་པོ་བཞི་པ་རིང་པོར་གནས།། བརྒྱད་པའི་མཐའ་ཅན་དང་པོ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག། ཚེག་དྲག་དྲག་པོའི་སྒྲ་དང་ལྡན།། དང་པོའི་དང་པོ་བཞག ་པར་བྱ།། གཉིས་པའི་ལྔ་པའི་དང་པོ་ནི།། བརྒྱད་པའི་གསུམ་པའི་འབྲེལ་པར་བཞག། ཅུ་ཟད་ཐུབ་པའི་སྒྲ་དང་ལྡན།། གཉིས་པའི་གཉིས་པ་དང་པོ་ལ།། དང་པོར་རིག་བྱེད་གཉིས་པར་གནན།། གཉིས་པའི་ལྔ་པའི་ལྔ་པ ་ལ། རྟདང་པོ་ལྔ་པས་ཡན་ལག་བརྒྱན།། གཉིས་པའི་དང་པོ་རབ་ཏུ་བཞག། གཉིས་པའི་དྲག་པའི་གསུམ་པ་ནི།། དང་པོའི་ལྔ་པས་ཡན་ལག་བཀོད།། གཉིས་པའི་དྲུག་པའི་དང་པོ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག ་གཉིས་པའི་གསུམ་པའི་དང་པོ་ལ།། ཆགས་པའི་ཡི་གེ་ཡན་ལག་ལྡན།། དང་པོའི་གཉིས་པས་གནས་པར་བྱ།། མ་ནིང་ཆགས་པའི་སྒྲ་ལ་ནི།། གཉིས་པའི་བཞི་པའི་གསུམ་པ་བཞག། གཉིས་པའི་བཞི་པའི་མཐར་ལྡན ་@##། དགོད།། གཉིས་པའི་བཞི་པའི་དང་པོ་ལ།། ཡན་ལག་ཆགས་པའི་སྒྲ་དང་ལྡན།། ཅུང་ཟད་རིང་པོའི་ཡི་གེར་བརྗོད།། གཉིས་པའི་དྲུག་པའི་དང་པོར་ནི།། བྱེ་བྲག་གཉིས་ཀྱི་སྒྲ་དང་ལྡན།། ཐུང་དང་རིང་དུ་རྣམ་པར་བཤད།། གཉིས ་པའི་དྲུག་པའི་དང་པོ་ལ།། ཆོ་ག་དྲག་གིས་ནི་བཀོད་པར་བྱ།། གཉིས་པའི་བཞི་པའི་དང་པོ་ལ།། དང་པོ་གཉིས་པས་གནན་པར་བྱ།། གཉིས་པའི་ལྔ་པའི་དང་པོ་ལ།། ཆགས་པའི་ཡི་གེ་གདགས་པར་བྱ།། གཉིས་པའི་བཞི ་པའི་དང་པོ་ལ།། དང་པོའི་གཉིས་པས་གནན་པར་བྱ།། གཉིས་པའི་གཉིས་པའི་བཞི་པ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བ་ཞག། ཤུགས་ཀྱི་རང་བའི་སྒྲ་དང་ལྡན།། བརྒྱད་པའི་མཐར་ལྡན་གསུམ་པ་བཞག། གཉིས ་པ་ཡིན་ནི་ལྔ་པ་ནི།། ཅུང་ཟད་རིང་བ་ཤེས་པར་བྱ།། དེར་ནི་ཆགས་ཡི་གེ་དགོད།། བརྒྱད་པའི་མཐའ་ཅན་གསུམ་པ་ལ།། དང་པོ་གཉིས་པས་གནན་པར་བྱ།། གཉིས་པའི་བཞི་པའི་གསུམ་པའ་གཉིས།། མཐུ ་དང་ཤིན་ཏུ་མཐུག་པར་བརྗོད།། འདིར་ནི་དང་པོའི་བཞི་པ་བཞག། གཉིས་པའི་བཞི་པའི་གསུམ་པ་ལ།། གཉིས་པའི་ལྔ་པ་ཐིག་ལེར་བཞག། གཉིས་པའི་བཞི་པའི་གསུམ་པ་ལ།། དང་པོ་གསུམ་པའི་ཡན་ལག ་གདགས།། བརྒྱད་པའི་མཐའ་སྤྱན་གཉིས་པ་ལ།། གཉིས་པའི་གསུམ་པའི་དང་པོ་གདགས།། གཉིས་པའི་གཉིས་པ་དྲག་པོའི་སྒྲ།། ཚེ་ག་དྲག་གིས་ནི་ཤེས་པར་བྱ།། སྡེ་ཚན་བརྒྱད་པོ་མཐའ་ལྡན་པ།། དང་པོའི་གཉིས་པ ་གནན་པར་བྱ།། སྟོབས་པར་བྱེད་པའི་སྒྲ་གཉིས་ལྡན།། རིང་དང་ཤིན་ཏུ་རིང་བར་བརྗོད།། གཉིས་པའི་ལྔ་པའི་ལྔ་པ་གཉིས།། བར་དུ་ཆགས་པའི་ཡི་གེ་ནི།། ཤིན་ཏུ་དྲག་པ་གཉིས་སུ་བཤད།། གཉིས་པ་ཡིན་ནི་བཞི་པ་ལ། ་ཆགས་པའི་ཡི་གེས་ཡན་ལག་དགོད།། དང་པོ་གཉིས་པས་གནན་པར་བྱ།། ཤིན་ཏུ་དྲག་པོ་སྒྲ་གཉིས་ལྡན།། བརྒྱང་མཐའ་ཡི་ནི་གཉིས་པ་ལ།། གཉིས་པའི་གསུམ་པའི་ལྔ་པ་གདགས། ་ཚོགས་དྲག་བཀོད་པའི་སྒྲ་གཉིས་ནི།། ཤིན་ཏུ་དྲག་པོ་གཉིས་སུ་བཤད།། གཉིས་པའི་ལྔ་པའི་བཞི་པ་ལ།། གཉིས་པིའི་བཞི་པའི་ལྟ་པ་བཞག། གཉིས་པའི་སྒྲ་དང་ལྡན་པ་བརྗོད།། གཉིས་པའི་བཞི་པའི་བཞི་པ་ནི།། ཤིན ་ཏུ་རིང་བ་གཉིས་སུ་བཤད།། བརྒྱད་པའི་མཐའ་ཅན་གཉིས་པ་ནི།། ཚེག་དྲག་ལྡན་པ་གཉིས་སུ་བཤད།། གཉིས་པའི་གསུམ་པའི་ལྔ་པ་ན།། མཐུག་པའི་སྒྲ་ལྡན་གཉིསུ་བཤད།། གཉིས་པའི་བཞི་པའི་གསུམ་པ་གཉིས ་ཤིན་ཏུ་རིང་བའི་སྒྲ་ལྡན་གཉིས།། བརྒྱད་པའི་མཐའ་ལྡན་སྒྲ་གཉིས་ནི།། ཤིན་ཏུ་དྲག་པོའི་སྒྲ་དང་ལྡན།། གཉིས་པའི་ལྔ་པའི་དང་པོ་གཉིས།། ཐུང་བའི་སྒྲ་དང་ལྡན་པར་བཤད།། གཉིས་པའི་དང་པོ་དང་པོ་གཉིས།། ཅུང་ཟད ་དྲག་པོའི་སྒྲ་དང་ལྡན།། འདི་ནི་འཁོར་ལོར་རབ་བཤད་པ།། ད་ཡི་ཡི་གེ་བཏུ་བར་བྱ།། གཉིས་པ་བན་པའི་གསུམ་པ་ལ།། དང་པོ་གཉིས་པ་མནན་པར་བྱ།། གཉིས་པའི་བཞི་པའི་ལྔ་པ་བཞག། གཉིས་པའི་ལྔ་པའི་ལྔ་པལ ་དང་པོའི་བཞི་པས་ཡན་ལག་བཀོད།། གཉིས་པ་ཡིན་ནི་གསུམ་པ་ལ།། དང་པོའི་བཞི་པ་དགོད་པར་བྱ།། གཉིས་པའི་བཞི་པའི་ལྔ་པ་བཞག། བརྒྱད་པ་ཡི་ནི་མཐར་ལྡན་པ།། དང་པོའི་གསུམ་པས་ཡན་ལག ་དང་པོ་མཐུང་དུ་ཟླ་བའི་མིག། གཉིས་པའི་ལྔ་པས་ཐིག་ལེར་བཞག། ཅུང་ཟད་རིང་པོའི་སྒྲ་དང་ལྡན།། གཉིས་པའི་ལྔ་པའི་གཉིས་པ་ལ།། གཉིས་པའི་གསུམ་པའི་དང་པོ་བཞག། ཤིན་ཏུ་དྲག་པའི་སྒྲ་དང་ལྡན།། བརྒྱད ་པའི་མཐའ་ཅན་གསུམ་པ་ལ།། གཉིས་པའི་ལྔ་པའི་གསུམ་པ་གདགས།། སྡེ་ཚན་བརྒྱད་པའི་མཐར་ལྡན་པ།། ཅུང་ཟད་རིང་བའི་སྒྲ་དང་ལྡན།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ལྡན་ནག་པོ་ཆེན ་པོའི་རྒྱུད་དུར་ཁྲོད་ཆེན་པོའི་ཞེས་བྱ་བ་ལས། ཡི་གེ་བཏུ་བའི་ལེའུ་སྟེ་དགུ་པའོ།། ། དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱིས། ་དཔལ་ལྡན་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ངེས་པར་འགྲུབ་པ་དང་།། ཆོ་ག་བི་ལས་རྣམས་རྫོགས་པ་ཡི།། འགྲུབ་པའི་རྒྱུ་ནི་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དང་། ་དཔལ་ལྡན་ནག་པོ་ཆེན་པོ་ཡི།། དངོས་གྲུབ་ཉེ་བར་འགྲུབ་པའི་རྒྱུ།། དམ་ཚིག་ཆོ་ག་འདི་དག་ལ།། གནས་པར་བྱེད་པའི་རྣལ་འབྱོར་པས།། དང་པོ་བསམ་གཏན་ཐོབ་པར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། ་དེ་ནས་དཔལ་ལྡན་ནག་པོ་ཆེན་པོས་གསོལ་པ།། བཅོམ་ལྡན་འདས་དམ་ཚིག་ཇི་ལྟར་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བླ་མ་སངས་རྒྱས་ཐམས་ཅད་དང་།། དཔལ་ལྡན་ནག་པོ་ཆེན་པོ་ནི།། རྟག་ཏུ་ཡིད་ལ ་གནས་པར་བྱ།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། སྔགས་དང་ཕྱག་བརྒྱ་བསམ་གཏན་ལ།། ཡིད་ཀྱིས་སོམ་ཉི་མེད་པར་བྱ།། ཡོངས་སུ་མ་སྨིན་སེམས་ཅན་དང་།། བླ་མ་རྡོ་རྗེ་འཛིན་སྤོང་བ།། དམ་ཚིག་འདྲལ་བར་བྱེད་པ་དང་།། རྒྱལ ་བའི་བསྟན་པ་འཇིག་བྱེད་པ།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། བསམ་གཏན་སྔགས་དང་ལྡན་གྱུར་ནས།། སྙིང་རྗེས་བསྒྲལ་པར་མ་བྱས་ན།། རྣལ་འབྱོར་ངེས་པར་ལྟ་པར་བཤད།། དཔལ་ལྡན་ནག་པོས་སྒྲུབས་པ་དེས།། སྐུ་དང་བྲི་གུག ་ཐོད་པ་དང་།། འཐུན་པའི་དམ་རྫས་ལ་སོགས་པ།། དེ་དག་རྟག་ཏུ་སྦས་པར་བྱ།། སྔགས་དང་རྒྱུད་ཀྱི་དོན་རྣམས་དང་།། ནག་པོའི་བསམ་གཏན་ཆོ་གར་བཅས།། ཀུན་ལ་བསྟན་པར་མི་བྱ་སྟེ། ་བད་རྩི་ལྔ་དང་བསྲེག་རྫས་དང་། ཤ་ཆེན་ཉ་ཤ་ཆང་དང་ནི།། དུག་གི་ལ་དྷཱ་ལ་སོགས་པ།། བཐུན་པའི་དམ་རྫས་ཐམས་ཅད་ནི།། རྟག་ཏུ་རྣལ་འབྱོར་པ་ཡིས་བསྟན།། དཔལ་ལྡན་ནག་པོ་ཆེན་པོ་ཡི།། སྐུ་དང་གྲི་གུག་ཐོད་པ་དང་། ་ནི་རིངས་སུ་ལ་སོགས་པ་ནི།། བླ་མས་རབ་ཏུ་གནས་བྱས་ཏེ།། དུས་གསུམ་འཐུན་པའི་རྫས་ཀྱི་མཆོད།། རྟག་ཏུ་ཚོགས་ཀྱིས་འཁོར་ལོས་མཆོད།། དཔལ་ལྡན་ནག་པོ་སྒྲུབ་འདོད་པས།། བླ་མས་རྗེས་སུ་གནང་བར་བྱ།། ་དེས་ནི་དཔལ་ལྡན་ནག་པོ་སྒྲུབ།། འདིས་ན་སངས་རྒྱས་ཐམས་ཅད་ཀྱི།། བསྟན་པ་གནས་པར་བྱེད་པ་ནི།། དམ་ཚིག་ཆེན་པོར་རབ་ཏུ་བཤད།། ཀུན་ལ་སྙན་པར་མི་བྱ་སྟེ།། གལ་ཏེ་རྨོངས་པར་བསྟན་གྱུར་ན།། ཨརྫ་ཀའི ་འབྲས་བུ་ལྟར།། མགོ་དང་ལུས་པོ་འགས་འགྱུར་ཏེ།། དམྱལ་བ་ངེས་པར་ལྟུང་བར་འགྱུར།། ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ།། དཔལ་ནག་པོ་ཆེན་པོའི་རྒྱུད་དུར་ཁྲོད་ཆེན་པོ་ཞེས་བྱ་བ་ལས་དམ་ཚིག་གི་ལེའུ་སྟེ་བཅུ ་བའོ།། དཔལ་ལྡན་ནག་པོ་ཆེན་པོའི་རྒྱུད་།། དྲག་པོ་བཇིག་པ་དུང་ཁྲོད་ཆེན་པོ་ཞེས་བྱ་བ་རྫོགས་སྷོ།། ། སྣ་ནས་རྡོ་རྗེ་བླམས་བསྒྱུར་ཅིང་ཞུས་ཏེ་བཏན་ལ་ཕབ་པ། ་