| Wylie | e-texts produced with BDRC’s OCR application |
ཁྲོས་པའི་རླུང་བཞུགས། རྒྱ་གར་སྐད་དུ། ཤྲཱི་ཀ་ལ་མཧཱ་ཀཱ་ལ་ཝཱག་སིཿ་ཀྲོ་ཏ་ཙྪིན་མ། བ་སད་དུ། དཔལ་ནག་པ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ཞེས་བྱབ ་ཁྲག་འཐུང་འདུས་པའི་གཙོ་བོ་བུདྡྷ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་བསྟན་པའི་དུས་ཅིག་ན། ཆོས་ཉིད་རྣམ་པར་མ་ཕྱེ་བའི་ཞིང་ཁམས་རྒྱན་ཡོངས་སུ་བཀོད་པ། དཀར་སར་དམར་ལྗང་མཐོང་གའི་ཨེ་གྲུ ་@གསུམ་འབར་བ་དྲག་པོའི་གཞལ་ཡས་ཁང་ན། གསལ་བཆར་ལྷུན་སྡུག་གཟི་བྱིན་འཕྲོ་བ། ཁྲག་འཐུང་རིག་པའི་ཧེ་རུ་ཀ་ལྔ་ཀྲོ་དྷི་ཤ་རི་རིག་པའི་ཡུམ་ལྔ་དང་འཁྲིལ་ཅིང་། མཁའ་འགྲོ་རྒྱ ་མཚོའི་ཚོགས་དང་བཅས་ཏེ། ཡེ་ནས་ལྷུན་གྲུབ་ཏུ་བཞུགས་སྐད་དོ།། བཞུགས་སོ་བཞུགས་པར་འགྱུར་རོ།། འདི་སྐད་བདག་གིས་པའི་དུས་གཅིག་ན། ཁྲག་འཐུང་རིག་པའི་རྩལ་ཕྱིར་ཁམས་པས་མ་རིག་བདག ་འཛིན་གྱི་རུ་ཏྲ་ལྔར་ཏེ། གཤིན་ས་དང་། གཤིན་ཆུ་དང་། གཤིན་མེ་དང་། གཤིན་རླུང་དང་། གཤིན་ཨེ་ནག་པོ་ལྔ་དང་དེ་རྣམས་ཀྱི་ཆུང་མ་སྲིད་པ་ཤ་ཟ། སྲིད་པ་དྲོད་འཕྲོག་དང་། སྲིད་པ་དབུགས་ལེན། སྲིད་པའི ་རྒྱལ་མོ་མུ་ཁ་ལ་དང་ལྔས་ཁམས་གསུམ་ཀུན་གྱི་སྲོག་གཅོད་ཅིང་། སྤྲུལ་པ་དང་ཡང་སྦྲུལ་ཚོགས་པར་སྐྱེ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་དང་། ང་རྒྱལ་ཕྲག་དོག་སྤང་བསྐྱེད་ནས། ས་ཆུ་མེ་རླུང་ན་མཁའ་ལ་གནས་@# ་ཏེ་སེམས་ཅན་ཀུན་གྱི་སྙིང་ལ་བཞུགས་ནས། འགྲོ་བ་སྡུག་བསྔལ་གྱི་ཉམ་ཐགས་པ་དེའི་ཚེ་དེའི་དུས་ན་ཁྲག་འཐུང་རིག་པའི་ཧེ་རུ་ཀ་ལྔས། ཐུགས་རྗེ་རང་བྱུང་གི་འོད་ཟེར་སྟེང་འོག་ཕྱོགས་མཚམས་མེད་པར་འཕྲོས་སོ།། ་མ་རིགས་བདག་འཛིན་འཇོམ་པའི་མཚན་ཆས་ཁེངས། དྲག་པོ་སྔགས་ཀྱི་རང་སྒྲ་ནི་དྲག་ལ་ཆེ། འཇིག་བྱེད་ཁྲོ་གཏུམ་གྱི་སྐུ་ནི་ཆེ་ལ་མང་བས་མ་རིག་བདག་འཛིན་གྱི་རུ་ཏྲ་ལྔ། སྲིད་པ་སྲོག་འཕྲོག་ཀྱི་ཆུང་མ་ལྔ་དང་། ་སྤྲུལ་པ་དང་ཡང་སྦྲུལ་སྣ་ཚོགས་པ་རྣམས་སྡོང་གསལ་འཛིན་མེད་དུ་བརྒྱལ་ཏེ་ཡེ་ཇི་བཞིན་རང་བརྒྱལ་བ་སངས་ནས་ཁྲག་འཐུང་ཡབ་ཡུམ་ལྔ་རང་དུ་ཤེས་སོ།། ཨོཾ་སྐུའི་དབང་བསྐུར་བས་གཤིན་རྗེ་ཆུང་མ་དང་བཅས་པ། ་ཟླག་འཐུང་ལྔ་ཡང་སུམ་དུ་བསྒྱུར་བ། འདིས་ཀྱང་ཕྱག་བཞི་པ་ཡབ་ལུས་གྱི་སངས་རྒྱས་བསམ་པའམས་བྱུང་བར་ལས་བླངས་མ། ཨ་གསུང་ག་དབང་སྤར་བས་བརྒྱ་བ་དང་དྲམ་པར་གྱུར་སབྱ ་པའི་འཕྲིན་ལས་ཀྱི་བསྒྲུབ་པ་པོ་མགོན་བྱེད་པར་ཁས་བླངས་སོ།། ཧཱུཾ་ཐུགས་ཀྱི་དབང་བསྐུར་བས། སྐྱེ་མེད་འོད་གསལ་མེད་དུ་སངས་རྒྱས་ཏེ། སེམས་ཅན་གྱི་སྙིང་ལ་གནས་བཅས་པས། སེམས་ཅན་ཀུན་གྱི་བྱེད་པར་བླས ་སོ།། སྐུ་བརྗོད་ལས་འདས་པས་ན་མཁའི་མཐའ་དང་མཉམ་པའོ།། གསུང་བརྗོད་ལས་འདས་པས་འཕྲིན་ལས་བཞི་ལས་འདས་པའོ།། ཐུགས་བརྗོད་ལས་འདས་པས་བསྒྲལ་ཚད་བྱང་ཆུབ་ལས་སོ།། མཚན་ཡང ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་ཞེས་གྲགས་སྐད་དོ།། བྲག་པོ་གྲགས་པར་གྱུར་པས་ནག་པོའི་ཕྱོགས་ཀྱི་མ་མོ་དང་། ལྷ་དང་ཀླུ་དང་། བདུད་དང་། གཟའ་དང་། ཚངས་པ་དང་། བཙན་དང་། གནོད་སྦྱིན་དང་། མ་སྲིན་པ་དུ་མ་ལྡག ་ཏ། ང་ནི་སངས་རྒྱས་འབྱུང་ངོ་།། འདིས་བསྟན་པ་བསྲུང་བར་འགྱུར་རོ།། དེ་ནི་ཆེས་དང་རོ།། ཧ་ལ་ཧ་ལ་ཅེས་མི་དགའ་བོའི་ཚིག་ཏུ་མ་སྨྲ་ཞིང་། ནང་རིགས་དུ་མའི་རླུང་ཡང་འཆུབས་སོ།། ངར་ཁས་བླངས་རྗེས་སུ་དྲན་ནས ་དྲེགས་པ་ཟིལ་གཚན་གྱི་ཏིང་ངེ་འཛིན་ལས་བཞེངས་ཏེ། ཨོཾ་ཨཱཿཧཱུཾ་ཀྲོ་དྷ་མ་རམ་ནས་པའི་སྒྲ་བསྒྲགས་པས། ཤར་དུས་གཡོས། ལྕེ་རུ་གྲོས་ཁྲུག། ནུབ་ཏུ་འབྲུག་ལྡིར། བྱང་དུ་རྫོགས་པབས། སྐུ་ཁྲོས་པས་ཞལ་གྱི་དཀྱི ་ཁོར་གཟུགས་མེད་ཀྱི་ཁམས་ནས་ཁྲོ་ཞིང་གཙིགས། སྐུ་ལུས་གཟུགས་ཁམས་ན་འཁྱིལ་བ་ཕྱག་བཞིན་ཙིཏྟ་དང་རལ་གྲི་དང་། ཐོང་ཁྲག་དང་རྩེ་གསུམ་བསྡམས་པ། ཞབས་གཉིས་བྱེག་དུ་བཞུགས་ཏེ། པདྨ་ཉེ་ཟླའི ་གདན་ལ་འདོད་ཁམས་རིགས་དྲུག་མནན་ནས། ཁྲོ་བོ་དང་ཁྲུང་གིས་འཇིག་རྟེན་གྱི་ཁམས་བསྐང་ངོ་།། གསུང་ཁྲོས་པས། ཨོཾ་ཨཱཿཧཱུཾ་མཧཱ་ཀཱ་ལ་ཨེ་ཀ་ཛ་ཏི་མ་ཛྙཱ་ཧཱུཾ། དགྲ་བགེགས་མཱར ་ཡ་ཧཱུཾ་ཧཱུཾ་ཕཊ་ཕཊ། ཞེས་སྟོང་གསུམ་དུ་བསྒྲགས་སོ།། ཐུགས་ཁྲོས་པས་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་ཏེ། ལོགས་པའི་དགྲ་བགེགས་ཞེལ་བཅས་ནས་སྐྱེ་མེད་ཆོས་སྐུའི་ཞིང་དུ་སྒྲོལ་བར་དམ་བཅས་པས། མི་བསྲུན ་པ་ཐམས་ཅད་བརྒྱ་ལ་རེངས་ཁྲག་ཏུ་སྐྱུག་སོ། དཀར་པོའི་ཕྱོགས་ཀྱི་ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ་མཆོད་པའི་སྤྲིན་གཏིབས་ཤིང་བསྟོད་པས་ཧཱུཾ་རཾ། རཾ་དམར་ནག་མེའི་དཀྱིལ་འཁོར ་ནས། པདྨ་ཉི་ཟླ་རོ་སྟེངས་སུ། དཔལ་ཡེ་ཤེས་མགོན་པོ་ནི། སྐུ་མདོག་མཐིང་ནག་གསུས་པོ་ཆེ།། ཞལ་གཅིག་ཕྱག་བཞི་ཕྱེད་ལ་བཞུགས།། གཡས་གཉིས་ཙིཏྟ་རལ་གྲི་བསྣམས།། གཡོན་གཉིས་ཐོད་ཁྲག་ཁ་ཊ་བསྣམས།། ་ཞལ་ག་དང་ལྗགས་འདྲི་ལ་མཆེ་བ་གཙིགས།། ཁྲོ་གཉེར་སྤྱན་གསུམ་དམར་ལ་ཁྱག། ཨ་ག་ཙོམ་སྨིན་མ་དབུ་སྐྲ་གསེར།། ཐོད་སྐམ་རིན་ཆེན་སྦྲུལ་གྱི་ས་བརྒྱན།། མི་མགོའི་དོ་ཤ་ལ་སྟགས་ལྤག་དཀྲིས།། འཇིག་བྱེད་ཆེན ་པོའི་ཕྱག་འཚལ་བསྟོད།། ཅེས་དཔལ་ནག་པོ་ཆེན་པོའི་སྐུ་གསུང་ཐུགས་ཁྲོས་པའི་རྒྱུང།། འབྱུང་འཁྲུལ་རང་ཤེས་གླིང་བཞིའི་ལེའུ་སྟེ་དང་བའོ།། ། དེ་ནས་འོག་མིན་བནྡྷ་འབར་བའི་གཞལ་ཡས ་སྐམ་རློན་གཉིད་པ་བརྩིགས་པ། དྲག་དང་ཞག་ཏུ་འཁྱིལ་པ་ཞིང་ལྤགས་ཀྱི་བྲེ་རེ་ལ་ཞིང་ཆུང་བ། རཀུ་མཚོ་ལ་ཙིཏྟའི་མེ་ཏོག་བཀྲབ་པ། ཨ་ཀ་ཛ་ཏི་དཀར་མོ་དམར་མོ་དང་། ལྗང་ཁུ་ནག་མོ་འབུམ་གྱི་གཙོའི་མགོ། ཐོད་མཁར་རྒྱ ་བདག་མོ།། སྲིད་པ་ལས་ཀྱི་རྒྱལ་མོ་དང་། སྲིད་པ་ལས་ཀྱི་དབྱིང་ཁུངས་མ་ཞེས་བྱ་བའི་བུ་མོ་ཛ་ཏི་དབང་ཕྱུག་མ་ཞེས་བྱ་བས་རུས་པའི་བརྒྱན་གསོལ་ལོ།། རཀྟ་དམར་གྱི་སྐྱེམས་དྲང་ནས། ཕྱག་དང་བསྐོར་བ་བྱས་ཤིང་ཡེ་ཤེས་མགོན ་པོ་ཉིད་ལ་འཁྲིལ་ཏེ། དགྱེས་ཆེན་སུ་ཀ་མ་ཧཱ་ཡ་མྲི་ཧ། ཨེ་མངོ་ཚར་རབ་འཇིགས་སོ།། མ་རུངས་དྲེགས་པའི་ཚོགས་རྣམས་ལ།། ཞིང་བཅུ་སྒྲོལ་བའི་ལས་བཅོལ་གྱིས།། ཐུགས་རྫས་དགོངས་ནས་རྒྱལ་རངས་སློང་། ཁྲག་ཀྲུག ་འཕྲིན་ལས་དག་ལ་དགོད།། ཅེས་ནི་ཞུ་བ་རབ་ཞུས་པས།། འཇིག་བྱེད་ཡེ་ཤེས་མགོན་པོ་ཡིས།། རུམ་ཁྲོ་དགྱེས་པའི་འཛུམ་བསྟན་ནས།། དྷརྨཱ་ཀཱ་ལ་ཤིནྟིཾ་ཀུན།། ཞེས་པའི་སྒྲ་ཡིས་བརྒྱལ་བསླངས་ནས།། རང་རང་ཕྱོགས་ཀྱི ་ས་ལ་འཁོད།། དེ་ནས་སེང་གདོང་གིས་གུས་པའི་ཚུལ་གྱིས་འདི་སྐད་གསོལ།། ཧཱུཾ་གཙོ་མཆོག་འབར་བའི་ཕྱག་བཞི་པ།། མཐིང་ནག་རབ་འཇིག་ཡེ་ཤེས་མགོན།། དྲེགས་པའི་ཚོགས་བདག་སྐྱབས་སུ་མཆི།། བརྒྱ་ལ་རེང ་ཀྲུག་གྲོལ་མཛད་ཅིང་། ཀུན་ལ་དྲིལ་ཆན་ལྷ་མོའི་སྐུ།། ཡུམ་མཆོག་བཙོ་དབང་ཕྱུག་བཙོ།། སུ་མདོག་ནས་མ་ཁྲོ་ཚུལ་ཅན།། ཞལ་གཅིག་ཕྱག་གཉིས་ཐོད་སྐམ་བརྒྱན།། ཕྱག་གཡས་གྲི་གུག་དགྲ་སྙིང་འབྱིན།། ཕྱག་གཡོན ་ཐོང་ཁྲག་བཙལ་སྟོབ།། མཆ་གཅིག་ཁྲོ་གཉེར་སྤྱན་གསུམ་དམར།། གཅེར་བྲི་སྤ་གྲོལ་རུས་པས་བརྒྱན།། ཞབས་གཉིས་ཡབ་ལ་འཁྲིལ་ཅིང་སྦྱོར།། གཉིས་མེ་བང་ཆེན་ཧེ་རུཀ། ཁྲག་འཐུང་ཡབ་ཡུམ་ཕྱག་འཚལ་སྤོང་། ་མཆེ་མཆོག་ཉིད་ཀྱི་སྤྱན་སྔ་རུ།། ཁས་བླངས་ཁྲག་འཐུང་ཡབ་ཡུམ་གྱིས།། བཀའ་ཉན་ལས་བྱེད་སྲོག་འབུལ་ལོ།། སི་ན་རུ་ཧཱུཾ་ཕཊ་ཏྲི་ཧྲི་ད་ཛ། བསད་པའི་གཏོར་མ་དག་ལ་ཞུ།། གར་ཟད་རླག་བྱེད་བསྒྲུབ་པའི་མཆོག་སྐྱོང་།། ་ས་མ་ཡཱ། སྲིང་པོ་ཧ་ལ་ཕ་རི་དང་།། ད་ཀི་ཤ་ཟ་ནག་མོའི་བུ།། ཤ་ས་ཁྲག་འཐུང་བྱ་རོག་གདོང་།། གུས་པའི་ཚུལ་གྱིས་འདི་སྐད་གསོལ།། ཆེ་མཆོག་སྤྲུལ་པ་ཁྲག་འཐུང་རྒྱལ།། དྲེག་གི ་ཚོགས་བདག་སྐྱབས་སུ་མཆི།། ཞི་རྒྱས་དབང་དྲག་འཕྲིན་ལས་སྐུ།། དཀར་སེར་དམར་ལྡང་མཐིང་ཁ་ཡིས།། ལས་གྲུབ་པ་ཡ་བ་ཡུམ་ཕྱག་འཚལ་སྟོད།། བསྟན་བསྲུང་གཙོ་བོ་ཡབ་ཡུམ་གྱིས།། བཀབ་ཉན་ལས་བྱེད་སྲོག ་འབུལ་ལོ།། ཀ་ཁ་མུ་ཧཱུཾ་ས་མ་ཡ་སྲོག་དྲུག་ཛ་ཛ། ཤ་ཆང་དམར་གྱི་གཏོར་མ་ཞུ། བསྟན་པ་བསྲུང་ཞིང་། བསྒྲུབ་མཆོག་སྐྱོང་། སྲིན་མོ་སྐྲག་འབར་མི་ཅན། བདུད་པོ་ཀོས་རྗེའི་བུ་མོ་ནི།། འབར་མ་ནག་མོས་འདི་སྐད་གསོལ།། ཆེ་མཆོག ་སྤྲུལ་པ་ཕྱག་བཞི་པ།། བཀའ་ཉན་ལས་བྱེད་སྲོག་འབུལ་ལོ།། མ་མ་ནག་མོ་ཛ་ལི་རུ་ཧྲི་ཛ་ཛ། རག་ཏ་ཤ་ཁྲག་གཏོར་མ་ཞུ།། བླ་ཚེ་ཕྱོགས་ནས་བསྒྲུབ་མཆོག་སྐྱོང་།། ཀླུ་མོ་གློག་ལྡུམ་འབར་དང་།། སྲིན་པོ་རག་ཤ་ཧ་ལེའུ་བྱ། ་ར་ཧུ་ལ་ཡི་འདི་སྐད་གསོལ།། ཆོས་སྐུ་འགྱུར་མེད་ནག་པོ་ཆེ།། འཕྲིན་ལས་ལྡན་གྲུབ་ཕྱག་བཞི་པོ།། གཉིས་མེད་བདེ་ཆེན་ཡབ་ཡུམ་གྱིས།། བཀའ་ཉན་ལས་ཀྱིས་སྲོག་འབུལ་ལོ།། རག་ཤ་ར་ཧཱུཾ་ལ་པ་ཧྲིང་ཛ། ཤ་ཁྲག་བདི་ལ ་གཏོར་མ་ཞུ།། བླ་སྲོག་པ་བྱེད་ཅིང་བསྒྲུབ་མཆོག་སྐྱོང་།། ཀླུ་ཆན་བརྒྱད་ཀྱིས་བདི་སྐད་གསོལ།། ཁྲག་འཐུང་ཁྲུང་གི་ཚོགས་རྣམས་ལ།། གུས་འདུད་བཀའ་ཉན་རང་སྲོག་འབུལ།། ན་ག་ནཱ་ག་ར་ཛ་བུང་ཏྲི་ང། དུག་རླངས་གཏོར་ཞིང ་བསྒྲུབ་མཆོག་སྐྱོང་།། ཤར་ཕྱོགས་རྒྱལ་པོའི་འདི་སྐད་གསལ།། བདག་ནི་ཁྲག་འཐུང་བཀའ་ལ་ཉན།། རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ།། གིང་ཀར་རང་ཧྲིང་ཛ། བཤོས་བུ་གསེར་སྐྱམས་གཏོར་མ་ཞུ།། སྨྱོ་འབོག ་གཏོར་ཞིང་བསྒྲུབ་མཆག་སྐྱོང་།། ས་མ་ཡ་ན་ར་ཀན། ལྷོ་ཕྱོགས་གཤིན་རྗེས་འདི་སྐད་གསོལ།། བདག་ནི་ཁྲག་བཟུང་བཀའ་ལ་ཉན།། རང་སྲོག་འབུལ་ཞིང་དམ་ཉམ་སྒྲོལ།། མ་ཡ་ར་ཛ་ཧྲིང་ཛ། སྙིང་སྣ་དག་གིས་གཏོར་མ་ཅུ ་སྲོག་རྩ་གཅོད་ཅིང་བསྒྲུབས་མཆོག་སྐྱོང་།། ནུབ་ཕྱོགས་བཙན་གྱིས་འདི་སྐད་གསོལ།། བདག་ནི་ཁྲག་འཐུང་བཀའ་ལ་ཉན།། རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ།། བཛྲ་ས་དུ་ཙ་ཧྲིང་ཛ། བ་ཤོས་བུ་ཤ་ཁྲག་གཏོར་མ་ཞུ། ་གཟེར་ཐབས་གཏོར་ཞིང་སྒྲུབ་མཆོག་སྐྱོང་།། བྱང་ཕྱོགས་གནོད་སྦྱིན་འདི་སྐད་གསོལ།། བདག་ནི་ཁྲག་བཟུང་བཀའ་ལ་ཉན།། རང་སྲོག་འབུལ་ཞིང་དམ་ཉམས་སྒྲོལ།། ཡཀྵ་ནག་པོ་དུན་ཧྲིང་ཛ། བྱ་དམར་ཤ་ཁྲག་གཏོ་མ ་ཚེ་སྲོག་སྡུད་ཅིང་བསྒྲུབ་མཆོག་སྐྱོང་།། ས་མ་ཡ་ན་ར་ཀན། དཔལ་ནག་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས་སྲོག་འབུལ་མཁས་བླངས་ཀྱི་ལེའུ་སྟེ་གཉིས་པའོ།། ། ཛ་ཏི་ཉིད་ཀྱིས་ཡང་གསོལ ་པ།། ཆ་སྲོག་སྤྲུལ་པ་དྲེགས་པའི་གཙོ།། མ་སྲིན་སྨིན་བྱེད་དབང་ནི་གང་།། དམ་ཚིགས་བསྲུང་ཚུལ་ཇི་ལྟར་གྱིས།། ཁྱེད་ནི་འདུལ་བྱེད་ལྷ་ནི་ཅི།། སྤྱི་བསྒྲུབ་གཉེན་པ་ཇི་ལྟར་བགྱི།། སྐུ་གསུང་ཐུགས་ཀྱི་ལས་མཁན་དབུང། ་གཉིས་ཤིང་འདུ་བའི་བསྒྲུབ་རྫས་རྣམས།། འདུས་པའི་འཁོར་ལ་གསུངས་དུ་གསོལ།། ནག་པོ་ཆེན་པོས་བཀའ་སྩལ་པ།། ཀྱེ་ཀྱེ་འདུས་པའི་འཁོར་ཆགས་ཉན།། རིན་ཆེན་བདུད་རྩིས་དག་ལ།། དཀྱིལ་འཁོར་མདའ་གང་གྲུ་བའི ་བྱ།། ཆོས་འབྱུང་གཉིས་བརྩེགས་པར་འདབ་བཞི།། དེའི་ཕྱིར་རིམ་འཁོར་ལོ་བཞི།། ཡང་ན་པདྨ་འདབ་རྒྱས་བྱ།། ཐོད་འཕྲེང་རྡོ་རྗེ་རབས་བཅས།། མེ་རི་དམར་ནག་བསྐོར་བ་ལ།། པདྨ་འཁོར་ལོ་ཕྱོགས་ཀྱིས་མཚན།། གཏོར་ཆགས ་སུམ་ཐོང་སིན་དྷུར།། མཆོག་ལྔ་བསུར་ཆེན་རྟག་སྤྱོད་གླིང་།། ལེགས་པར་རྟ་གོན་ཆོ་གས་བཅས་ཏེ།། སྤྱན་དྲངས་བཞུགས་གསོལ་མཆོད་གཏོར་དབུལ།། ཞི་ཁྲོ་གཞུང་བསྲང་དབང་བསྐུར་རོ།། ་ཅེས་སྣང་སྲིད་དྲག་པོ་དུར་ཁྲོད་བརྒྱད་དང་བཅས་པའི་དཀྱིལ་འཁོར་བརྒྱད་དང་བཅས་པའི་འཁོར་དུ་གྱུར་ཏེ། ཙ་རི་དབང་ཕྱུག་གིས་ཡང་གསོལ་པ། དཔལ་ལྡན་འཇིགས་བྱེད་ཆེན་པོ་ཀྱེ།། འཇིགས་པའི་དཀྱིལ་འཁོར་འད་རུ། ་དྲེགས་པ་ཕོ་མོ་སླར་ཞུགས་པས།། དཔབ་བོ་བླ་མས་གསུངས་དུ་གསོལ།། དཔའ་བོ་ཆེན་པོས་བཀའ་སྩལ་པ། ཧོ་དཔལ་ལྡན་ཁྲག་འཐུང་ཡབ་ཡུམ་གྱིས།། འཇིགས་པའི་དཀྱིལ་འཁོར་འདིར་བཞགས་ལེགས།། སངས ་རྒྱས་བསྟན་བསྲུང་བའི་ཕྱིར།། དྲག་པོ་འཕྲིན་ལས་གྲུབ་པར་མཛོད།། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི། ཨ་བེ་ཤ་ཡ་མ་མ་ཧཱུཾ་ཧཱུཾ། ཡེ་ཤེས་པགས་ནས་ལྡེག་པ་དང་།། རི་རབ་འགུལ་ཞིང་བརྒྱ་མཚོའི་ཁྱོམས།། ས་རྣམས ་གཡོ་ཞིང་བྱིན་ཕེབ་པས།། སངས་རྒྱས་ཞིང་ཁམས་མཐའ་ཡས་ན།། སྒྲུབ་བྱེད་ཀུན་གྱི་རྟག་ཐོན་ན།། དེ་ནས་བུམ་པ་རབ་ཐོགས་ཏེ།། ངའི་བཀའ་ཉན་དྲེགས་པའི་ཚོགས།། འཇིགས་བྱེད་དཀྱིལ་འཁོར་འདི་ལ་ལྟོས།། བདག་ནི་ཡབ ་ཡུ་མ་ཧེ་རུ་ཀ། འཇིགས་པའི་ང་རོ་མ་འདོད་འབར།། དཔལ་དང་ལྡན་པའི་དབང་བསྐུར་རོ།། ཨོཾ་བཛྲ་རཏྣ་པདྨ་ཀརྨ་བུདྷེ། མ་ཧཱ་ཀཱ་ལ་ཨེ་ཀ་ཙ་ཏི་ཨ་བྷི་ཥིཉྩ་ཡ། དབང་ཐོབ་སངས་རྒྱས་ཀུན་ཞལ་མཐོང་། བཀའ་ཉན་བསྟན་བསྲུང་ཁས ་བླངས་སོ།། ཕྱག་གཡོན་ཐོང་པ་རབ་གཏང་ངོ་།། བྱང་སེམས་དཀར་དམར་ཧེ་ར་ལྔའི་བཅུད་།། བདུད་རྩི་ལྔ་ནི་ཁྲག་མཐུང་རྫས།། དངོས་གྲུབ་མྱུར་ཐོབ་དབང་བསྐུར་རོ།། མཧཱ་ཀཱ་ལ་ཨ་ཀ་ཙ་ཏི། མཧཱ་སུ་ཀ་ཨ་མྲི་ཏ་ཨ་བྷི་ཥ་ནྱ་ཨ། ་དབང་ཐོབ་སྔགས་དང་དམ་ཚིག་སྤྱོད།། སྔགས་ཀྱི་སྒོར་ཞུགས་བུ་ལྟར་དགོངས།། མེ་ལོངས་སིན་དྷུ་ར་བསྟན་ཏེ།། དྲི་མེད་གལ་གོང་རང་རིགས་སེམས།། སྣང་གྲགས་མེ་ལོང་གཟུགས་བརྙན་ལ།། ཡབ་ཡུམ་གཉིས་མེད་སྦྱོར་ཅིང ་རོ།། གསལ་ལང་སྟོང་དབང་བསྐུརར།། ཨོཾ་ཨཱཿཧཱུཾ་མ་ཧཱ་ཀ་ལ་ཨེ་ཛ་ཏི། པྲཛྙཱ་ཛྙཱ་ན་ཨ་བྷི་ཥི་ནྱ་ཧཱུཾ། དབང་ཐོབ་མཆོག་གིས་ལ་གནས།། ཆོས་བྱེད་ཐུགས་མཐོང་ཙམ་གྱིས་གྲོལ།། ཨེ་མ་ལྟོས་ཅིག་སེམས་ལ་ལྟོས།། ལུས་ནི ་གསལ་སྟོང་ངའི་སྐུ།། ངག་ནི་གྲགས་སྟོང་ངའི་གསུང་།། སེམས་ནི་རིགས་སྟོང་ངའི་ཐུགས།། ངོ་བོ་མཐོང་ན་ངོ་བོ་མེད།། རང་བཞིན་མཐོང་སངས་རྒྱས་ཡིན།། ཐུགས་རྗེ་དྲག་པོའི་ལས་བྱས་ན།། ཞིང་བཅུ་ཐར་པའི་ས་ལ ་བཀོད།། ཁྲག་འཐུང་བའི་ཧེ་རུ་ཀས།། ང་ཡང་དེ་ལྟར་སྨིན་པར་བྱས།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས་དབང་གི་ལེའུ་སྟེ་གསུམ་པའོ།། ། ཛ་ཏི་དབང་ཕྱུག་ཡང་གསོལ་པ།། དབང་གི་རིམ་པ ་དེ་ལྟར་ན།། དམ་ཚིགས་བསྲུང་ཚུལ་བླང་དུ་གསོལ།། ཁྲག་འཐུང་ཆེན་པོས་བཀབ་སྩལ་པ།། སྤྱི་རུ་དམ་ཚིག་འབུར་སྟེར་ཏེ།། ཡན་ལག་གྲངས་ནི་དམ་ཚིགས་དང་།། བསྒྲུབས་པའི་དམ་ཚིག་ཉི་ཤུ་བསྲུངས།། རྩ་བ ་སྐུ་གསུང་ཐུགས་ཡིན་ནོ།། བླ་མ་ཡི་དམ་རང་རེ་དང་།། མཆེད་ལྷུམས་སེམས་ཅན་མ་ཁྲེལ་བསྲུངས།། ཟླ་དང་ཞོར་དང་སྐུ་གསུང་ཐུགས།། ཡན་ལགས་གྲངས་ཀྱིས་མ་ཉམས་ན།། དམ་ཅན་མགོ་བས་མཐུ་རྡུལ་འབྱུབ། ་མང་པོས་བསྐུར་བས་གྲགས་པ་སྟེ།། ཡིད་དུ་འོང་ཞིང་སངས་རྒྱའོ།། དམ་ཚིགས་ཉམས་པར་གྱུར་པ་ན།། རྡོ་རྗེ་དམྱལ་བ་ཆེན་པོར་སྐྱེ།། མི་བཟད་པ་སྡུག་བསྔལ་མྱོང་བར་འགྱུར།། དམ་ཚིགས་ཉམས་པའི་ལྔ་ལྟས་སུ།། རིམས ་དང་ནད་ཡམ་འཚེ་བ་འབྱུང་།། དབང་པོ་འགག་ཅིང་མཛེ་ཤུ་དང་།། ཡིད་དུ་མི་འོང་སྣ་ཚོགས་པས།། དམ་ཚིགས་ཉམས་པ་གྲགས་པར་བྱེད།། དེས་ན་ཕྱག་དང་བསྐོར་བ་དང་།། སྔགས ་བཤགས་ཏིང་འཛིན་དག་ལ་འབད།། དམ་ལྡན་བསྙེན་བསྒྲུབ་རིམ་པ་ནི།། སྤྲིན་ལྟར་འདུ་ཞིང་བུ་ལྟར་བརྩེ།། ཅི་བཅོལ་འཕྲིན་ལས་ཀུན་འགྲུབ་པོ།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས།། དམ་ཚིག་གི་ལེའུ་སྟེ་བཞི་པའོ།། ་ཛ་ཏི་དབང་ཕྱུག་ཡང་གསོལ་པ།། དམ་ཚིག་རིམ་པ་དེ་ལྟར་ན།། འདུལ་བྱེད་ལྷ་ནི་གསུང་དུ་གསོལ།། ཁྲག་འཐུང་ཆེན་པོས་བཀའ་སྩལ་པ།། ངའི་འདུལ་བྱེད་ལྷ་ཉིད་ནི།། ཁྲག་འཐུང་རིག་པའི་ཧེ་རུ་ཀ། མ་བསྐྱེད ་དབྱིངས་ནས་གསལ་བར་བཞུགས།། འ་བྲལ་བ་མེད་ཅིང་གནས་པ་མེད།། རང་གི་སེམས་ཉིད་རྟོགས་པར་གྱིས།། ང་ལ་སྐྱེ་བའི་ཡུལ་མེད་པས།། འཆི་བ་ཞེས་བྱ་མི་འོང་ངོ་།། ང་ལ་འགྲོ་དང་འོད་མེད་ལ།། འདུ་དང་འབྲལ ་ཞེས་མིང་ནས་མེད།། ང་ལ་གསལ་དང་འགྲིབ་པ་མེད།། ང་ལ་དགྱེས་དང་མི་དགྱེས་མེད།། ང་ལ་སྒྲུབ་པའི་རྫས་ཀྱང་མེད།། ཟླས་པ་བྱ་བའི་སྔགས་ཀྱང་མེད།། ཐམས་ཅད་རང་གིས་བྱེད་པ་ཡིན།། མེ་ལོང་གཟུགས་བརྙན་ལྟར་ཤེས་མ།། ་སྣང་གྲགས་འདུལ་བྱེད་ལྷ་ཡིན་ནོ།། བྲག་ཆ་ལྟ་བུ་ཤེས་པ་ཡིན།། ཚིགས་རྣམས་འདུལ་བྱེད་ལྷ་ཡིན་ནོ།། རིགས་པའི་དོན་ཉིད་རྟོགས་པ་དང་།། ཐམས་ཅད་འདུལ་བྱེད་ལྷ་ཡིན་ནོ།། ཞི་ཁྲོ་བསྐྱེད་རིམས་གསལ་བ་ན།། ང་ནི་འདུལ ་བྱེད་ལྷ་ཡིན་ནོ།། ང་ཉིད་ཡབ་ཡུམ་གསལ་བ་ན།། དྲེགས་འདུལ་བྱེད་ལྷ་ཡིན་ནོ།། ཁྲག་འཐུང་རིགས་ལྔའི་སྙིང་པོས་ནི།། ང་ཉིད་འདུལ་ཞིང་ཐམས་ཅད་བསྒྲག། མཆོག་དང་ཐུན་མོང་དངོས་གྲུབ་འབྱུང་།། སྐུ་གསུང་ཐུགས་ཁྲོས་པའི ་རྒྱུད་ལས་འདུལ་བྱེད་ལྷའི་ལེའུ་སྟེ་ལྔ་པའོ།། ། ཛ་ཏི་ཉིད་ཀྱིས་ཡང་གསོལ་པ། འདུལ་བྱེད་ལྷ་ནི་དེ་ལྟར་ན།། སྤྱི་བསྒྲུབ་རིམ་པ་བསྲུངས་དུ་གསོལ།། ཕྱག་བཞི་པ་ཡིས་བཀའ་སྩལ་པ།། དཀྱིལ་འཁོར་དབང་དང་མཐུར ་པ་ལ།། ཕྱོགས་ཚོན་སྐྲ་དང་བཅས་པ་བྲི།། དབུས་སུ་ཐོད་པ་ཁ་སྦྱར་ནང་།། གྲི་སྙིང་བྱ་རོག་ནས་སྙིང་དང་།། འཁོར་ལོ་བཅས་པ་དར་ནག་དྲིལ།། ནས་ཀྱི་ཚིམས་བུ་གཏོར་མར་བཅས།། ཡབ་ཡུམ་གཙོ་འཁོར་ཉིད་ཡིན་ནོ།། ཧེ་རུ་ཀིའི་ང་རྒྱལ ་གྱིས།། སྙིང་ཁར་སྲོག་ཕུལ་སྔགས་བསམ་ཏེ།། བོད་ཟེར་དམར་པོས་དབང་སྡུས་ལ།། གསལ་བའི་སེམས་ཀྱིས་འབུམ་དུ་བསྐུལ།། ཨོཾ་མ་ཧཱ་ཀཱ་ལ་ཙི་ཏ་གུ་ན་ཏྲི་ཏ་ཧཱུཾ་ཕཊ། མ་ཧཱ་ཀཱ་ལ་མུ་ཁ་ཧཱུཾ། ས་མ་ཡ་སྲོག་དུང་དུང་ཛ་ཛ། མ་མ་རག་མོ་ཛ་ལི ་རུ་ཏྲི་ངང་། ས་ན་ར་ཧུ་ཧྲྀང་ཧྲྀ་ཛ། རག་ཤ་ར་ཧུ་ལ་ཧྲིང་ང། གིང་ཀ་ར་ཧིང་ཛ། ཡ་མ་ར་ཛ་ཧྲིང་ཛ། བཛྲ་ས་དུ་ཧྲིང་ཛ། ཡགྣ་ནག་པོ་ཧྲྀང་ཛ། མི་ཚོར་བཟླས་ན་སྣང་སྲིད་གཡོ།། འགྲོ་བ་ཀུན་གྱི་སྲོག་འབུལ་ལོ།། ཅི་བསམ་འགྲུབ་ཅིང་བསྟན་པ ་བསྲུང་།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྤྱི་བསྒྲུབ་ཀྱི་ལེའུ་སྟེ་དྲུག་པའོ།། ། ཛ་ཏི་ཉིད་ཀྱི་ཡང་གསོལ་བ།། སྐྱེ་བསྒྲུབ་རིམ་པ་དེ་ལྟར་ན།། སྐུ་གསུང་ཐུགས་ཀྱི་ལས་མཁན་གསུང་།། ནག་པོ་ཆེན་པོས་བཀ ་སྩལ་བ།། ཚེ་མཆོག་ཁྲོས་པའི་ནུས་མཐུ་ཡིས།། རུཏྲ་ལྔ་གཏུམ་ལྔ་རུ་འགྱུར།། ཆུང་མ་ལྔ་ནི་བཏུལ་བ་ཡིས།། གཏུམ་པའི་དབང་ཕྱུག་ཅན་ཏི་ཀ། རློན་པར་རལ་ཅན་ཤ་བ་མ།། ཡེ་ནས་ལྷུན་གྲུབ་དགོངས་པ་ཤེས།། བན ་བསྒྲུབ་སེམས་ཅན་མགོན་དུ་འགྱུར།། དྲེགས་པ་འདུལ་ཕྱིར་སྐུ་ཆེའོ།། འཕྲིན་ལས་བསྒྲུབ་ཕྱིར་གསུང་ཆེན་པོ།། སངས་རྒྱས་ཞིང་སྦྱོར་ཐུགས་ཆེའོ།། ཡེ་ཤེས་མགོན་པོ་ཡབ་ཡུམ་གྲགས།། ང་ཉིད་སྟོང་པ་ཉིད་ཡང ་ང་ཉིད་གསལ་ཚེ་ལྡན་ཉིད་སྔང།། ང་ཉིད་ཀུན་ཁྱབ་པང་ཆེན་འཁྲིལ།། སྐུའི་ལས་མཁན་བྱ་རོག་གདོང་།། བཀའ་དང་བསྟན་ཁྱོད་ཀྱིས་བསྲུངས་བསུངས་གི་ལས་མཁན་འབར་མ་ནག། བཀའ ་དང་བསྟན་པ་ཁྱད་ཀྱིས་བསྲངས།། ཐུགས་ཀྱིས་ལས་མཁན་ར་ཧུ་ལ།། བཀའ་དང་བསྟན་པ་ཁྱོད་ཀྱིས་བསྲུངས།། ཆོས་བྱེད་པསྒྲུབ་མཆོག་དམ་པ་ཡིས་པ།། བོས་པའི་དུས་ན་སྙན་མ་སྲ།། གཡབས་པའི་ཚེ་ན་སྤྱན་མ ་བརྟུལ།། ལུས་དང་གྲིབ་མ་བཞིན་དུ་གྲོགས།། རྟེན་པའི་པའི་ཚེ་ན་ཕྲག་མདོག། རྦང་པའི་ཚེ་ན་མཐུ་མ་ཆུང་།། གསོད་པོའི་ཚེ་ན་དང་མ་རིང་།། ཙིཏྟ་གཏོར་མ་ལྟག་སྤྲོད་རྔ།། དར་ནག་གླིང་བུ་གསུར་ཆེན་དུང་། ་ཤ་ལྔ་བདུད་རྩི་ལྔ་ཚོགས་ན།། ཤ་ལ་སྦྲང་བཞིན་ཁྱེད་རྣམས།། ཆོས་བྱེད་དམ་ཚིག་ཅན་ལ་ནི།། ཅི་ཡང་མེད་ལས་དམ་ལ་འདུ།། སྔགས་པ་དམ་ཚིགས་མི་སྲུང་ན།། བསྒྲུབ་ཀྱང་བསྐལ་ཉམས་ལས ་མ་བྱེད།། བྱ་རོག་འབར་མ་སེང་གེ་གདོང་།། གཟའ་བདུད་རྒྱལ་པོ་གཤིན་རྗེ་ཅན།། གནོད་སྦྱིན་ཀླུ་དང་མི་སྲིན་ཚོགས།། སངས་རྒྱས་བསྟན་པའི་བཀའ་འདི་བསྲུངས།། རྣལ་འབྱོར་ཡོངས་དགྲ་ལྷ་མཛོད།། རིགས ་འཛིན་ཡོངས་ཀྱི་སྲོག་ཤིང་གྱིས།། དམས་ཉམས་ཀུན་གྱི་སྲོག་རྩ་ཆོད།། བདུད་འདུལ་རྣམས་ཀྱི་དབང་ཕྱུག་ཆེ།། གཙུག་ལག་ཁང་གི་བསྲུང་མ་རྣམས།། ལེགས་ཉེས་ཀུན་གྱི་སྟང་འཛིན་ཆེ།། ནག་པོ་སྡོང་གི་ཆོག ་ཀྱིས་བསྐོར།། མ་མོ་བྱེ་བའི་ཚོགས་ཀྱི་བསྐོར།། ཤ་ཟ་འབུམ་གྱི་ཚོགས་ཀྱིས་བསྐོར།། གནོད་སྦྱིན་དུ་མིའི་ཚོགས་ཀྱིས་བསྐོར།། བདུད་པོ་ཉེ་ཁྲའི་ཚོགས་ཀྱིས་བསྐོར།། མི་བསྲུན་དྲུག་པོ་མཐུ་ཆེན་རྣམས།། བསྟན་འཛི། ་དགྲ་བ་ཟས་སུ་གཏད།། དམ་ཉམས་ཤ་ཟ་ཁྲག་ནི་འཐུངས།། སྙིང་ཕྱུང་སྲོག་ཚོང་དུས་མཐའ་བསྡུས།། ནོར་འཕྲོགས་གྲོང་བགྱེ་ལ་ཉེ་དང་ཕྱེ།། ལོ་ཟླར་མ་བཞག་ཟ་མར་སྒྲོལ།། ཅེས་ཡབ་ཡུམ་ཆོས་ཉིད་མཉམ་པའི་ཏིང་ངེ་འཛིན ་ལ་བཞུགས་ཏེ།། ཁྲག་འཐུང་རིགས་པའི་ཧེ་རུ་ཀ་ལ་ཐིམ།། དཔལ་པོ་ཆེན་པོ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། ལས་མཁན་གཉེར་གཏད་པའི་ལེའུ་སྟེ་བདུན་པའོ།། དེ་ནས་ལྷ་དང་མི་དང་ལྷ་མ་ལ ་དང་།། སྣང་སྲིད་ཀྱི་ལྷ་སྲིན་སྡེ་རྒྱད་རྣམས་ཀྱིས།། གསང་བའི་ཤ་དང་བཅོས་པའི་ཚང་།། གཙང་སྒོག་ལ་ཕུག་སྤོས་རིགས་དང་།། ཁམ་བུ་ཀུ་ཤུ་བཅོ་ལ་དང་།། རྒུན་འབྲུཾ་ཀར་བུ་རམ་དང་། རག་ཏ་ལ་སོགས་ཁྲག་སྣ་སྟོང་། ་མ་ས་ལ་སོགས་ཤ་སྣ་སྟོང་།། སུ་ར་ལ་སོགས་ཁྲག་སྣ་སྟོང་། བན་དྷ་ནང་ཁྲོ་ལ་རུས་པའི་ཚོགས།། དར་ནག་རྒྱལ་མཚན་གསུར་ཆེན་སྤོས།། རོལ་མོའི་ཚོགས་ཀྱིས་རབ་མཆོག་ནས།། འཇིག་བྱེད་ཆེན་པ་ཁྲག་འཐུང་གིས ་གཉེར་གཏད་བཀའ་སྒོ་སྤྱན་གསུམ་ལ།། འགྲིན་ཅིག་སྔགས་ནས་འདི་སྐད་གསོལ།། ཆོས་དབྱིངས་སྐྱེ་མེད་དང་ཤེད་ནས།། ཐབས་དང་ཤེས་རབ་གདུག་པ་འདུལ།། དྲག་པོ་འཇིག་བྱེད་བསྐུར་བསྟན་པའི།། མགོན་པོ་ཡུབ ་ཡུམ་ཕྱག་འཚལ་བསྟོད།། སྔན་ཚེ་ཁྲག་འཐུང་སྤྱན་སྔ་རུ།། བསྟན་པ་བསྲུང་བར་ཁས་བླངས་པའི་སྲིན་པོའི་གཟུགས་འཆང་གདུག་པ་འདུལ།། བྱ་རིག་གདོང་ལ་ཕྱག་འཚལ་བསྟོང་།། ནག་པོ་གཙིགས་མཛད་ས ་འགྲོ་གཙོ།། སྲིན་པོའི་གཟུགས་ཀྱི་དུག་ཆར་འབབས།། ཤ་ཟ་ཁྲག་འཐུང་རབ་འབྱམ་མ།། ནག་མོ་བྱ་ཞོན་མ་ལ་ཕྱག་འཚལ་བསྟོད་།། འཇིག་རྟེན་ལས་གྲུབ་དྲེག་པ་ཅན།། གཙུག་ལགས་ཆོས་འཁོར་གཉེན་པོ་བརླགས ་པར་བྱེད།། ཕྱི་རབས་སྔགས་པ་ནང་དམ་བྱས་པ་ཡིས།། ཞིང་བཅུགས་གདུགས་པ་རུ་ཏྲ་དུ་མར་འགྱུར།། དེའི་ཚེ་བསྒྲོལ་ལས་བསྒོས་ཇི་ལྟར་འཚལ།། བསྒྲུབ་གནས་ཟླ་བ་གང ་ལ་བྱ།། དཀྱིལ་འཁོར་བསྒྲུབ་རྫས་ཅི་དང་ཅི་བོད་རྦད་གསད་པའི་ལས་མཐའ་གང་།། རྟགས་དང་མཚན་མ་ཇི་ལྟར་འོང་།། མ་གྲུབ་སྔོགས་མཆོག་ཇི་ལྟར་བགྱི།། འཕྲིན་ལས་ཞིང་དང་ལས་ཚིགས་དང་། ་དངས་མ་སྲོགས་གི་ཡི་གེ་རྣམས།། འདུས་པའི་འཁོར་ལ་གསུང་དུ་གསོལ།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྒྲོལ་བ་ལས་ཞུས་ཀྱི་ལེའུ་སྟེ་བརྒྱད་པའོ།། ་དེ་ནས་ལས་ཀྱི་མགོན་པོ་ཡིས།། བྱ་རོག་དག་ལ་རང་བཞིན་ནས།། ཕྱག་གཉིས་བྲི་གུག་ཐོད་ཁྲག་བསྡམས།། སྟག་ལྤགས་མི་མགོ་ག་ཡང་བཞི་གསལ།། ཀ་ཁ་མུ་ཁ་ཀྲོ་དྷ་མ་ར་ཡ།། བྱ་རོལ་བསྒོས་པའི ་གསུང་སྒྲོལ་ཅིང་།། འདུས་པའི་འཁོར་ལ་བཀའ་སྩལ་པ།། ཞིང་བཅུ་རུ་ཏྱ་དང་དུས་སུ།། སྙིང་སྟོབས་བརྫུན་འགྲུས་དར་ལྡན་གྱིས།། སེམས་བསྐྱེད་བསྟན་བསྲུང་ངམ་བཅས་ལ།། དུར་ཁྲོད་ལྷ་ཁང་བྲག་གམ་ཕུག། ་ཟླ་བ་ཐ་ཆུངས་བཞི་པོ་ལ།། དུར་ཁྲོང་ས་ལ་དཀྱིལ་འཁོར་བྱ།། ཕྱི་བསྒྲུབ་དྲུག་དང་མཐུན་པ་ཡིས།། ཕུངས་གསུམ་ལ་འབྲུག་ཁུང་སྟེ།། ཁྲུ་གང་རྒྱལ་དུག་ཁྲག་རྩད་།། རབས་ཚད་ཕོ་མོས་ཐོད་པ་ལ།། སྤུ་གྲི་སྔགས ་ཀྱི་འཁོར་ལོ་བྲི།། བོ་ཐོ་སྟེང་ལ་མོ་ཐོད་འོག། རྐང་རྗེ་ས་དང་དྲི་མ་དང་།། དུག་ནག་ཁྲག་ནག་ཐང་ཕྲོམ་པ།། གྲོག་ཁར་ཕུང་ས་ཕྱེད་དང་བས།། དགྲ་བོའི་འདྲ་འབག་ལིང་ག་བྱ།། རས་སམ་གྲོག་དག་ལ་ནི།། ལིང་ག་བྲིས ་ལ་སྙིང་ཁར་གཞུག། ཐོད་ནང་བསྐྱལ་ལ་འབྲུབ་ཁུང་དང་།། གཟུང་ཐག་བཏགས་ལ་ལྷ་དང་དབྱེ།། ཨོཾ་མཧཱ་ཀ་ལ་ཨ་མྲི་ཤག་འཕྱེ།། མ་མ་ཏྲག་རུ་ཏྲ་མ་ར་ཡ་ཕཊ། དམ་རྗེས་དུག་གིས་གདུགས་བྱས་ནས།། སྐམ་རློན་ཐུན་རྫས ་ཐོད་པར་བཅ་།། ལུག་ནག་གཡག་ནག་བྱ་རོག་གསོབ།། རྒོད་དང་བྱ་རོག་རྒོད་དང་མངའ།། འཁོར་ལོ་བརྟག་གཟུགས་དགྲ་སྙིང་བཅས།། རྣལ་གསོབ་སྙིང་དང་སྦལ་མིན་པ།། གཏོར་མ་ཤ་ཁྲག་ཆང་གིས་བྲན།། སྐྲག ་ཐུགས་ཁྲོས་པའི་རྒྱུད་ལས། དཀྱིལ་འཁོར་བསྒྲུབ་རྫས་བཅའ་བཞི་འི་ལེའུ་སྟེ་དགུ་པའོ།། ། ཡང་ནི་བཤད་ཀྱི་ལེགས་ཉོན་དང་།། པད་མ་ཉི་ཟླའི་གདན་སྟེངས་ན།། རྗེས་དཔོན་གསལ་བར་སྔགས ་འདི་བོད།། ཨོཾ་མ་ཧཱ་ཀ་ལ་ཁ་མུ་ཁ་ཧཱུཾ་ས་མ་ཡ་སྲོག་དུང་དུང་ཛ་ཛ། མ་མ་རག་མོ་ཛྭ་ལྀ་རུ་ཧྲིང་རག་ཤར་ཧཱུཾ་ལ་ས་ཧིང་ཛ། གདན་དྲངས་བཞུགས་བསྟོད་མཆོད་གཏོར་དབུལ།། སངས་རྒྱས་བསྟན་བསྲུང་མཐུ་བོ་ཆེ།། ཡབ་ཡུམ ་ཁོར་བཅས་དགོངས་ཤིང་གཤེགས།། བདུད་ཀྱི་བར་ཆད་གསལ་བ་དང་།། གདུགས་དགྲ་བགེགས་བསྒྲལ་བའི་ཕྱིར།། དྲག་པོའི་གཞལ་ཡས་དཀྱིལ་འཁོར་འདིར།། གཉིས་མེད་གདན་བཞུགས་འཕྲིན་ལས་མཛོད།། ་ས་མ་ཡ་ཨ་ར་རཱ་ཡ་ཧྲི་ཛ། ཨ་བེ་ཤ་ཡ་ཏིཥྛ་ལཱན། ཁམས་གསུམ་དྲེགས་པའི་མཐུ་བོ་ཆེ།། འཇིགས་བྱེད་མེ་འབར་ཡབ་ཡུམ་སྐུ།། ལས་མགོན་གིང་གི་ཚོགས་ལ་ཕྱག་འཚལ་ལོ།། བཟའ་དང་བཅ་བ་དང་བཏུང་བ་དག། ་བཤོས་དང་ཞལ་ཟས་སྣ་ཚོགས་དང་།། སྒྲ་དང་དྲི་དང་རོ་དང་རེག། བདུད་རྩི་ཤ་ཁྲག་གཏོར་མ་བབུལ།། དགྱེས་པར་དགོངས་ལ་བཞེས་སུ་གསོལ།། མ་ཧཱ་ཀ་ལ་ཌ་ཀི་ནི་ས་མ་ཡ་དྷུ་བེ་པུཥྤ། གན་དྷེ་ཧཱུཾ། ནཻ་བེ་ཨ་ལོ་ཤཔྟ་ཧཱུཾ། མཧཱ ་ཀཱ་ལས་མ་ཡ། སརྦ་པུརྠ་ཏོ།། བྷ་ལིང་ཏ་ཁཱ་ཧཾ། པྲ་བེ་ཀར་མ་སརྦ་སན་དྷ་སིདྷ་ཡེ་སྭཱཧཱ། དེ་ལྟར་དུས་བཞི་མཆག་བོད། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། བོང་པའི་ལེའུ་སྟེ་བཅུ ་པའོ།། ། ཡང་ནི་བཤད་ཀྱི་ལེགས་པར་ཉོན།། ཨོཾ་མཧཱ་ཀ་ལ། ཨ་ཀ་ཅན་གུ་ན་ཧྲི་ཏ་དགྲ་བོ་ཡོ་བྷཱ་ཤ་ཡ་ཛ་ཛ། བཛྲ་མ་ཧཱ་ཀཱ་ལ་ཨ་མུ་ཁ་དགྲ་བོའི་སྲོག་བྷྱོ་རྦང་། ཁ་ལ་རག་ཤ་རྦད་། སྙིང་ཁ་རག་ཤ་ཟང་། སྙིང་ཁྲག་བྲལ་མ ་ཁ་ལ་རག་ཤརྦང་། ཛ་ཡཱ་ཛ་ཡ། ཡཾ་ཡཾ། ལྡེང་ལྡེང་། ལྷང་ལྷང་། དགྲ་བོའི་སྲོག་ལ་ཐུམ་རི་ལི་རྦད། རུ་རུ་ཤི་ཏི་ཀྲི་མ་རུ་སོད། ཐུ་མ་རག་དུ་ཡ་སོད། ཁ་དུག་ཤ་ཥ་མ་སོད། དགྲ་བོའི་སྲོག་ལ་ཐུམ་རྦད་སོང་།། ནཱི་ཡ་ནཱི་ཡ་ཙ་དུ་ན་སོང། ་ཨ་མོ་ཀ་ས་རྦུད་མཱ་ར་ཡ་སྲོག་ལ་ཐུན་བྷྱོ།། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་རྦང་སོད་སོད། ར་མ་ཧ་དེབི་དེ་བ་བྱི་ནུ་ཙ་ན་ཏྲ་རུ་པ་ནི་ར་ཧུ་ལ་དགྲ་བོའི་སྙིང་ལ་ཁྲག་རྦད། ཏེ་ཀ་ལི་མ་ཧཱ་ཙན་དྷ་མ་ཧཱ་ར་ཡ་རྦད་རྦད། འབར་མ་སེང་གདོང་གཟའ ་བདུད་ཀྱིས། དགྲ་བོ་གནས་པའི་ས་ཕྱོགས་སུ།། ཁ་ལྟས་ང་རོ་དྲག་པོས་རྦད།། བསྐལ་འདི་བཏང་ཞིང་མི་ལྤགས་བརྡུ་ལ།། ཧཱུཾ་མི་མངོན་དབྱིངས་ན་བཞུགས་པ་ཡིས།། བསྟན་བསྲུང་དཔལ་ལྡན་ནག་པོ་ཆེ།། རིགས་ལྔ་ཁྲག ་འཐུང་སྤྲུལ་པ་སྟེ།། ཆོས་སྐྱོང་མགོན་པོ་མཐུ་བོ་ཆེ།། བཀའ་བསྲུང་ཆེན་པོ་དམ་ཚིག་ཅན།། སྐུ་མདོག་མཐིང་ནག་འབར་བ་ལ།། ཞལ་གཅིག་ཕྱག་བཞི་འཇིགས་པའི་གཟུགས།། དབུ་སྐྲ་ཁམས་ནག་གྱེན་ལ་རྗེས།། སྦྲུལ ་དང་ཐོང་པོའི་ཕྲེང་བ་བཅིངས།། ཞལ་ནས་འཇིགས་པའི་ཁྲོ་གཉེར་གྱིས།། བདུད་དཔུང་མ་ལུས་སྐྲག་པར་མཛད།། སྤྱན་གསུམ་དམར་ལ་ཁྱུག་པ་ཡིས།། སྡང་མིག་ཕྱོགས་བཅུ་ཀུན་ཏུ་ལྟ།། ཤངས་དྲག་པོའི་འཐེཐར་རླུང་འབུད།། སྨ་ར་ཨག ་ཚམས་སྨན་མ་སེར།། ཞལ་གདང་ས་ཧ་ཧ་ཧཱུཾ་ཕཊ་སྒྲོགས།། མཆེ་གཅིག་ལྗགས་འདྲིལ་རྒན་སྒྲ་སྡེབས།། ཕྱག་གཡས་དང་པོ་དགྲ་སྙིང་འཛིན།། འོག་མ་རལ་གྲི་དགྲ་སྲོག་གཅོད།། ཕྱག་གཡོན་ཐོད་པར་སྙིང་ཁྲག་འཐུང་།། འོག་མ ་ཁ་ཊ་དུག་གསུམ་འཇོམས།། ཐུང་ལ་སྦོམ་ཞིང་གེལ་བའི་གཟུགས།། སྐུ་ལ་མི་མགོའི་ཕྲེང་བས་བརྒྱན།། ཡན་ལག་སྦྲུལ་གྱི་ཆུན་པོས་བཅིངས།། སྐུ་སྨད་སྟག་གིས་ལྤགས་པས་དཀྲིས།། ཞབས་གཉིས་གདབས་པས་དགྲ་བགེགས ་འདུལ།། པདྨ་ཉི་ཟླ་རོ་གདན་ལ།། དཔའ་བོའི་སྟང་སྟབས་ཚུལ་གྱིས་བཞགས།། མེ་དཔུང་འབར་བའི་ཀློང་དཀྱིལ་ནས།། ཁམས་གསུམ་མ་ལུས་དབང་དུ་བསྡང་།། ཞལ་ནས་མེ་འབར་བུ་རུ་རུ།། དབུ་སྐྲ་རལ་པ་མུན་ལྟར་གཏིབས། ་སྤྱ་ནས་གློག་དམར་ཁྲུགས་སེ་ཁྲུགས།། སྙན་ནས་འབྲུ་སྒྲ་དི་རི་རི།། དྲག་སྔགས་ཐོག་སེར་ཆེམས་སེ་ཚེམས།། དཔལ་ལྡན་མགོན་པོ་དྲག་ཤུལ་ཅན།། མཐུན་རྫས་མཆོད་པ་འདི་བཞེས་ལ།། བདུད་དཔུང་ཐལ་བར་བརླག་པར་མཛད།། ་བགེགས་དཔུང་མ་ལུས་བསྒྲལ་བ་དང་།། དགྲ་བོའི་སྲོག་རྩ་ཆོས་ལ་ཤོག། ཧཱུཾ་ཡུམ་མཆོག་ཛ་ཏི་དབང་ཕྱུག་མ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག། གཅེར་བུ་སྐྲ་གྲོལ་རུས་པས་བརྒྱན།། ཕྱག་གཡས་གྲི་གུག་དགྲ་སྙིང་འབྱིན།། ་ཕྱག་གཡོན་ཐོད་ཁྲག་གཙོ་ལ་སྟོབས།། ཞལ་གདངས་སྤྱན་གསུམ་མཆེ་གཙིགས་ཁྲོ།། ཞབས་གཉིས་ཡབ་ལ་འཁྲིལ་ཅིང་སྦྱོར།། བདེ་ཆེན་སྟོང་གསུམ་གར་སྦྱར་ནས།། གདུག་པའི་བུ་མོ་དྲག་རྩལ་ཅན།། འཐུན་པའི་དམ་རྫས ་བདི་བ་ཞེས་ལ།། དམ་ཉམས་དགྲ་བོ་སྙིང་ཁྲིག་འཇིབས།། དུས་ལ་བ་བ་པོ་ཛ་ཏི་མ།། ཧེ་རུ་ཀའི་སྤྱན་སྔ་རུ།། ཁས་བླངས་ཡབ་ཡུམ་དག་སྔག་ཅིག། ཨོཾ་མ་ཧཱ་ཀ་ལི་ཛ་ཏེ་མ་ཧཱུཾ་ཧཱུཾ། དགྲ་བོའི་བཱ་ཙ་ལ་ཐཾ་རིམ་བྷྱོ། ཧཱུཾ་ཡེ་ཤེས་མགོན་པོ ་ཡབ་ཡུམ་གྱིས།། སྐུའི་ལས་མཁན་དྲག་རྩལ་ཅན།། མེ་དཔུང་འབར་བའི་སློང་དཀྱིལ་ནས།། ལས་ཀྱི་མགོན་པོ་མཐུབ་ཆེ།། མཐིང་ནག་རབ་འཇིགས་བྱ་རོག་གདོང་།། ཞལ་གཅིག་ཕྱག་གཉིས་བྱ་རོག་ཞོན། ་སྤྱན་གསུམ་དམར་པོ་སྡང་མིག་ལོག། དབུ་སྐྲ་དམར་ནག་གྱེན་དུ་བརྫེས།། ཞལ་གདངས་མཆུ་ནི་ཁྲག་གིས་བྱུག། དགྲ་བོའི་སྙིང་ཁྲག་དྲོན་མོ་འཐུན།། རྣོ་གདུགས་མཆེ་བ་ཟླ་ཚེ་བཙིགས།། དགྲ་བོའི་སྲོག་རྩ་དམར་པོ་ཟ།། མི་མགོའི་འཕྲེང་བ ་སྐུ་ལ་གསོལ།། ཞིང་ཆེན་ལྤགས་པ་སྟོད་དུ་གོན།། སྟག་གི་ཤམ་ཐབས་སྨད་དུ་དཀྲིས།། གདུག་པ་སྦྲུལ་གྱི་སྐེ་རིགས་ཅན།། སྐ་ལུས་སྦོམ་ཐུང་གསུས་པོ་ཆེ།། མ་རུང་ཀུན་འདུལ་མཐུ་རྩལ་ཅན།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། སྔོན་གྱི་ལས ་བླངས་དམ་བཅས་ལྟར།། སངས་རྒྱས་བསྟན་པ་བསྲུངས་འཚལ་གྱིས།། ཤ་ཁྲག་དམར་གྱིས་བརྒྱན་པ་ཡིས།། དམ་རྫས་བདུད་རྩི་འདི་གསོལ་ལ།། མགྱོགས་བྱེད་བྱ་རོག་ཆིབས་བསྐྱོད་ཅིག། དགྲ་ལ་རྦད་ཀྱིས་གསོད་ལ་ཤོག། ཕྱག ་བ་ཡས་གྲི་གུག་དམར་པོ་ཡིས།། དགྲ་སྲོག་དམར་པོ་ཆོད་ལ་ཤོག། ཕྱག་གཡོན་ཐོད་པར་ཁྲག་ཐོགས་ལ།། དགྲ་བོའི་སྙིང་ཁྲག་དྲོན་མོ་གསོལ།། སྡེར་མོ་ལྕགས་ཀྱུ་འབར་བ་ཡིས།། གློ་གང་ནང་ཁྲོལ་ཕྱུང་ལ་ཤོག། སྤྲུལ་པའི་བྱའོ།། ་མང་པོ་ཚགས།། ད་རུང་དགྲ་བོའི་ཤ་ལ་ཆུམས།། ཕོ་ཉ་དགྲ་བོའི་བླ་ལ་ཕྱོས།། ཤ་ཟ་སྲིན་པོ་མཐུ་སྟོབས་ཅན།། དགྲ་བོའི་རྩ་ཁྲག་ཁོང་ནས་མཐུང་།། ནག་པོ་འཁོར་བཅས་དགྲ་ལ་ཡ།། བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད།། མ་ཧཱ་ཀ ་ལ་ཀ་ལ་དགྲ་བོའི་བླ་སྲོག་སྙིང་ལ་ཧེ་ཧེད་བྷྱོ་ཕཊ། ཅེས་འབར་མ་དང་སེང་གེ་གདོངས་དང་བཟའ་བདུད་ལ་བསྟོད་ཅིང་འཁྲོལ་ལོ།། དེ་ནས་བྱ་རོག་ཁྲོས་པ་ཡིས།། བྱ་རོག་འགྱིངས་པའི་འཚམས་འགྲོས་ཀྱིས།། མི་སྲུན་ཚོགས་རྣམས་འདི་སྐད ་བསྐུལ།། ཧཱུཾ་ལྔ་བརྒྱ་དུས་ཀྱིས་ཐ་མ་ལ།། ཞིང་བཅུ་རུ་ཏྲངར་དུས་སུ།། ཁས་བླངས་བཞིན་དུ་ངམ་ལས་འདུས།། རྗེ་ཉིད་གསུངས་པའི་བཀའ་བཞིན་བསྒྲུབ།། མཚན་སྐྱེད་ལས་མྱུར་བསྒྲལ་བར་བྱས།། བྷྱོ་དཔལ་ལྡན་མགོན་པོ་ནག་པོ་ཡིས།། ་གསུང་གི་ལས་མཁན་མཐུ་རྩལ་ཅན།། ཁས་བླངས་བཞིན་དུ་དམ་ལས་འདུས།། རག་ཏ་ཁྲག་གི་རྦ་ཀློང་ནས།། འབར་མ་ནག་མོ་སྐུ་སྐྱོད་ཅིག། ཞལ་གཙོག་ཕྱག་གཉིས་སྐུ་མདོག་ནག། རལ་པ་ཁམས་ནག་མུན་ལྟར་གཏིབས།། སྤྱན་གཙུ ་དམར་ལ་ཁྲག་ཏུ་འཁྱིལ།། ཕྱག་གཡས་རྩེ་གསུམ་དགྲ་ལ་བརྡེག། ཕྱག་གཡོན་ཐུན་ཁྲག་དགྲ་ལ་འཕེན།། ཆིབསུ་བྱ་རོག་མགྱོགས་བྱེད་ཆིབས།། འཁོར་དུ་ཤ་ཟ་མཁའ་འགྲོས་བསྐོར།། བདུད་དང་སྲིན་པོ་ལས་ལ་འགྱེད།། རྟག་ཏུ་གསོད ་རང་གཅོད་ལ་བརྩོན།། ཁྱེད་ཀྱིས་ཐུག་དམ་ཆུང་བསྐུལ་གྱི།། དམར་གྱི་གཏོར་མ་འདི་གསོལ་ལ།། དགྲ་བོའི་བླ་ཚེ་ལོངས་ལ་ཤོག། ཐུན་ཁྲག་ཕོབ་ལ་ནང་ཡམ་མཐོང་།། བཅོལ་བའི་ལས་རྣམས་གྲུབ་པར་མཛོད།། མ་མ་རབ་མོ་ཛྭ་ལ་དགྲ་བོའི་དྷཱིམ ་རཐུ་ར་ལི་རྦད་བྷྱོ།། ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་ཡིས།། ལས་བྱེད་མིང་སྲིད་སེང་གེའི་གདོང་།། ཁས་བླང་བཞིན་དུ་དམ་ལས་འདུས།། བསང་ཁྲག་འཁྱིལ་བའི་རྔ་ཀློང་ནས།། ནག་པོ་ཁྲག་རལ་སྐུ་བསྐྱོད་ཅིག། རླུང་ལྔ་ནག་པོ་ཆེས ་སུ་ཆིབས།། སྐུ་མདོག་ནག་པོ་འཇིགས་སུ་རུང་།། དར་ནག་བེར་ཆེན་སྐུ་ལ་གསོལ།། ཕྱག་གཡས་དར་ནག་པ་ངན་འཕྱར།། ནག་པོའི་རུ་དར་ལྟབས་སེ་ལྷབས།། ཕྱག་གཡོན་ཐོད་པར་དམར་གདོར་ཁྱེར།། དམ་ཅན་པོ་མོ་སྤྲིནི་ལྟར་སྡུད། ་གཡུར་ལ་གས་བ་ནས་སེང་ཆུང་འཕྱོ།། འཇིགས་བྱང་སྤྲུལ་པ་སྣ་ཚོགས་འགྱེད།། གུང་གཉིས་རྒྱུ་ཞིང་མེ་རླུང་འཚུབ།། བོར་ཕོ་མོ་ཕྱི་གཙུག་འགྲོ།། རྐང་པ་གཏོར་ཁྱེད་དགྲ་ལ་འཕེན།། ལས་སུ་མགོན་པོ་བཀའ་འཁོར་ན།། མི་སྲུན་དྲག་པོ ་དགྲ་བགགས་འདུལ།། སེང་གེའི་གསད་ཅན་དགྲལ་ཡ།། དགྲ་པའི་ཤ་ཁྲག་གཏོར་མ་ལོང་།། ནམ་བྱེད་སྲོག་གི་དང་ས་མཆོད།། ཉིན་བྱེད་ཤུགས་ཀྱི་ཏ་བོ་གཙང་།། རླུང་དམར་ནད་ཀྱིས་ངམ་རྒྱ་ཆད། ་ཁྲག་དྲོན་མོ་ཞལ་དུ་གསོལ།། བཅོལ་པའི་ལས་འདི་གྲུབ་པར་མཛོད།། ཨོཾ་མཧཱ་ཀཱ་ལ་སི་ནར་ཛྙཱ་ཕཊ། ཡ་མ་རཱ་དུན་ཏྲ་དགྲ་བགེགས་མར་ཡ་སོང་སྭཱ་ཧཱ། ལམ་སྦུབས། ཡ་མཆོད། ཁམ་འཐུང་། རཾ་གཏོར། མ་རཱ་ཡ་རྦད་སོང་། དཔལ་ལྡན་མགོན་པོ ་ནག་པོ་ཡིས།། ཐུག་ཀྱི་ལས་མཁན་མཐུ་བོ་ཆེ།། དབུ་དགུ་བྱ་རོག་གདོང་པ་ཅན།། འཇིགས་བྱེད་ཆེན་པོ་མ་རུངས་པ།། སྐུ་མདོག་དུད་ལ་འབར་བ་ལ།། རོ་སྟོད་སྲིན་པོ་རོ་སྨད་སྦྲུལ།། མགོ་ལུས་མེད་པར་མིག་གིས་གང་།། སྡེ་བརྒྱད་ཀུན་གྱིས ་དམག་དཔོན་མཛོད།། ཕྱག་གཡས་ཆུ་སྲིན་ཞགས་པ་ཐོགས།། ཕྱག་གཡོན་རིབ་མདབ་གཞུ་འཛིན།། ལས་སུ་འདུག་པའི་དགྲ་བགེགས་འཇོམས།། ས་བཅུ་མེ་རླུང་དཀྲུགས་པ་ཡིས།། དམ་ཉམས་དགྲ་བོ་ཉལ་ཐག་མཆོད།། ཤ་ཁྲག་ཏིལ་དང ་འོ་མ་དང་།། ཀླུ་སྨན་མཆོད་པ་འདི་གཞེས་ལ།། བསྟན་པ་འཇིགས་པའི་དགྲ་བོ་འདི།། ལུས་སྲོགས་དུམ་པུར་གཏུབས་ལ་ཤོག། དུས་ལ་བབ་པོ་ར་ཧུ་ལ།། རག་ཤ་ར་ཧུ་ལ། དགྲ་བོའི་སོགས་དབུགས་མཆོད།། ཐུམ་རིལ་རྦད་སོང་། བྷོ ་དཔལ་ལྡན་མགོན་པོ་ནག་པོ་ཡིས།། ཤར་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ།། ཚངས་པ་དུང་གི་ཐུར་ཚུགས་ཅན།། ཤར་ཕྱོགས་གནམ་ས་ཕྱེད་ཀྱི་གདབས།། དཀར་པོ་ཞལ་གཅིག་ཕྱག་གཉིས་པ།། གཡས་པ་དར་མདུང་དགྲ་ལ་འདེས། ་གཡོན་པ་མཚན་ཚིབ་འཁོར་ལོ་བསར།། འཆིབས་སུ་དཀར་ཟེ་དམར་ཆེ་བས།། སྐུ་ལ་ངར་དཀར་འཇོལ་བར་གསོལ།། སྟག་རལ་གཡས་ལ་གཟིབས་ཤུག་གཡོན།། ཁྱོད་ཀྱི་ཐུགས་ངམ་དུས་ལ་བབ།། བཤོས་བུ་གསེར་སྐྱེམས་འདི ་གསོལ་ལ།། བསྟན་པ་འཇིགས་པའི་དགྲ་བོ་འདི།། སྨྱོ་འབོག་ནད་ཀྱི་བསོད་ལ་ཤོག། གིང་ཀ་ར་དགྲ་བོའི་སྲོག་ལ་བྲེང་ཤ་ག་ཟད།། བྷྱོད་དཔལ་ལྡན་མགོན་པོ་ནག་པོ་ཡིས།། ལྷོ་ཕྱོགས་སྒྲོལ་གིང་མཐུ་བོ་ཆེ།། གཤིན་རྗེ་དམར་པོ་མགོན ་པོའི་རྗེ།། ལྷོ་ཕྱོགས་གནམས་ས་ཕྱེད་ཀྱི་བདག། དམར་པོ་ཞལ་གཅིག་ཕྱག་གཉིས་པ།། གཡས་པ་སྤུ་གྲི་སྲོག་གཅོད།། གཡོན་པ་ཙན་ཞགས་དགྲ་ལ་འདེབས།། ཆིབས་སུ་བཙན་ར་དམར་པོ་ཆིབས།། རྒྱབ་ན་གསེའི་ཕུབ་དམར་ཁུར།། སྟེང ་ན་བསེའི་བྱ་ཁྲག་ལྡིང་།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། སྙིང་སྣའི་གཏོར་མ་འདི་བཞེས་ལ།། བསྟན་པ་འཇིགས་པའི་དགྲ་བོ་འདི།། ཤན་པའི་སྤུ་གྲིས་གཏུབས་ལ་ཤོག། ཡ་མ་ཏྲི་ལིང་རྦད། དགྲ་བོའི་སྙིང་ལ་དག་རྨུགས ་རྦད།། བྷྱོ་དཔལ་ལྡན་མགོན་པོ་ནག་པོ་ཡིས།། ནུབ་ཕྱོགས་སྒྲོལ་ཞིང་མཐུ་བོ་ཆེ།། བཙན་གྱི་རྒྱལ་པོ་རྫུ་འཕྲུལ་ཅན།། ནུབ་ཕྱོགས་གནམས་ཕྱེད་ཀྱི་བདག། སྔོ་ནག་ཞག་གཅིག་ཕྱག་གཉིས་པ།། གཡས་པ་རྡོ་རྗེ་དགྲ་ལ ་སོར།། གཡོན་པ་དགྲ་སྙིང་དམར་པོ་འཛིན།། སྐུ་ལ་ཟ་འོག་བེར་ཆེན་གསོལ།། ཆིབས་སུ་སེང་གེ་སྔོན་ནག་ཕྱི་བས།། སྤྲུལ་པ་ལྕེ་སྦྱང་སྔོན་པོ་འགྱེད།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། བཤོས་བུ་ཤ་ཁྲག་འདི ་གསོལ་ལ།། བསྟན་པ་འཇིགས་པའི་དགྲ་བོ་འདི།། གཟེར་ཐབས་ནད་ཀྱིས་སོང་ལ་ཤོག། དྲི་བཛས་དུ། དགྲ་བོའི་བླ་ལ་རྒྱུག་རྒྱུག་ཆང་རྦང་། བྷྱོ་དཔལ་ལྡན་མགོན་པོ་ནག་པོ་ཡིས།། བྱང་ཕྱོགས་སྒྲོལ་གིང་མཐུ་བོ ་ཆེ།། གནོད་སྦྱིན་ལྕགས་ཀྱི་དེར་ཀ་ཅན།། བྱང་ཕྱོགས་གནམ་ས་ཕྱེད་ཀྱི་བདག། ནག་པོ་ཞལ་གཅིག་ཕྱག་གཉིས་པ།། གཡས་པ་ལྕགས་ཀྱི་བེ་ར་ཀ་བདེབ།། གཡོན་པ་དགྲ་སྙིང་དྲོན་མོ་རྔ།། སྐུ་ལ་རེ་ནག ་ཀློག་པ་གོན།། ཆིབས་སུ་བདུད་རྟ་ནག་པོ་ཆིབས།། བདུད་ཀྱི་ཁྲམ་ཐོགས་དགྲ་ལ་འགྱེད། ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། བྱ་མར་ཤ་ཁྲག་འདི་གསོལ་ལ།། བསྟན་པ་འཇིག ་པའི་དགྲ་བོ་འདི།། ཚེ་སྲོག་དུས་མཐའ་སྡུས་ལ་ཤོག། ཡ་ཤ་ནག་པོ་རྒྱུག་བྲེང་།། དགྲ་བོ་ཐུམ་རིམ་ཆད་སོད།། བྷྱོ་གཞན་ཡང་མགོན་པོའི་བཀའ་འཁོར་ན།། ནག་མོའི་ཟོར་འཕྲིན་ཤ་ར་ར།། ཤ་ཟ་ཁྲག ་འཐུང་ཕུངས་སེ་ཕུངས།། གནོད་སྦྱིན་སྲོག་གཅོད་ར་ལ་ལ།། བདུད་པོ་ཁྲམ་ཐོགས་ཡེ་རེ་རེ།། དྲག་མོ་མོན་མོ་སྡེམས་སེ་ལྡེམས།། བྱ་རོག་མང་པོ་ཐིབས་ས་ཐིབས།། ལྕེ་སྤྱང་ངུ་འབོད་དི་རི་རེ།། མཐུན་པའི་དམ་རྫས ་ཀུན་བཞེས་ལ།། བསྟན་དགྲ་ཕུང་གསམ་གཡབས་ཀྱི་ཐོབ།། བདུན་རྒྱུད་རྩད་ནས་མཆོད་ལ་ཤོག། མ་ཧཱ་ཀཱ་ལ་ཡ་ཤ་ཙ་ཡ་ཀཱ། མ་ར་ཡ་སརྦ་དུཥྚཱན་སརྦ་ཤ་ཏྲུཾ། ཨོཾ་གུ་ཤ་ཡ་ཛ། མཱ་ར་ཛི་ཡཱ། ན་ཤ་ཡ། ཐུ་མ་རིལ་རྦད། སྐུ་གསུང་ཐུག ་ཁྲོས་པའི་རྒྱུད་ལས། རྦད་སྐུལ་གྱི་ལེའུ་སྟེ་བཅུ་གཅིག་པའོ།། ། ཡང་ནི་བཤད་ཀྱིས་ལེགས་པར་ཉོན། མ་ཧཱ་ཀཱ་ལ། ཀ་ཥ་མུ་ལ། དགྲ་བོ་སྲོག་ཐུམ་རིལ་རྦད། རྩལ་བྲེང་ཤག། ཙིདྷ་རྨུགས། ཁྲག་ཐིབས་རྦད། ལིང ་ཤག་རྔང་། ནརྀ་འུར་ཐུམ་ཛ་ཁྲི་ཅང་། རི་ཏྲི་ཁི་ཙིཏྟ་ཤག། དགྲ་ཟ་ཙིཏྟ་གཅེར་རྫུ་ཟང་། བཛྲ་ཡག་ཤ་བེ་ཏ་ན། བྷ་ར་རུས་གྲིན་རུ་པ་ཧཱུ~ཾ་ཕཊ། ཐིབས་ཁམ་ཤ་ག་དུན། དགྲ་བོའི་རྩ་སྲོག་སྙིང་ལ་གཟིར་ཐུམ་མཱ་ར་ཡ་རྦང་སོང། ་རག་མོ་ནི་ཤང་རུ་རུ་ལ་ཐུམ་ཟད། རག་མོ་ཁ་ལ་དུན་བྷྱོ།། རག་ཏ་ཐུན་རྦད། རྩ་ལ་རྩ་དུན་བྷྱོ།། ཙ་ཙཏྟ་རྦད། སྙིང་ལ་དུན། རག་མོ་ཁ་ལ་དུན་བྷྱོ།། ཏི་ཤྩ་བི་རི་ལ། ས་མ་ཡ་དུན་བྷྱོ།། དགྲ་བོའི་སྲོག་ལ་མ་ར་ཡ་དུན་བྷྱོ།། སོང ་སོད། རྐང་ཐུན་མཚོན་ལ་རློན་ཐུན་ནང་།། བསམ་ལ་ཨཱ་མུ་ཀ་ལ་བརྡེག། མེ་རླུང་མཚོན་གྱིས་བསྐུམ་པར་བསྒོམ།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། གསད་པའི་ལེའུ་སྟེ་བཅུ་གཉིས་པའོ།། ་ཡང་ནི་བཤད་ཀྱིས་ལགས་པར་ཉན།། ཨོཾ་མཧཱ་ཀ་ལ་ཀ་ཁ་མུ་ཁ་ཀྲོ་དྷ་ཨ་མུ་ཀ་ནཱི་ཤང་ཀུ་རུ་རྦང། སྙིང་ལ་ཐིམ་རིལ་ཙིཏྟ་རྦད། སྲོག་ལ་མྱག་ཆོད་ཆད་། སོད་སོང་སྙིང་ཕྱུང་སྲོག་ཆང་། ཐུམ་ནིར་དགྲ་བོ་སོད་ཆད། མཧཱ་ཀཱ་ལ ་དགྲ་བོའི་སྲོག་ལ་མཱ་ར་ཡ་རྦང་། ཧ་བ་ཧང་ཧུབ་ཧུ་བ། རག་ཤར་ཧུ་ལ་ཧ་བ་ཧབ་ཏུ་བ་ཧུབ། གིང་ཀ་ར་ཧ་བ་ཧ་བ་ཏུབ་ཧུ་བ། ཡ་མ་རཱ་ཛཱ་ཧ་བ་ཧབ་ཧུ~ཾ་བཧུ་བ། བཛྲ་ས་དུ་ཧ་བ་ཧ་བ་ཧུ~ཾ་བ་ཏུ་བ། ལག་ཤ་ནག་པོ་ཧ་བ་ཧབ་ཧུབ་ཧུ་བ། པུར་འཝ ་ཅིང་གྲི་གུག་གཏུ་བས། ཨ་མ་ཧཱ་ཀ་ལ་ཀ་ཁ་མུ་ཁ། དགྲ་བོའི་སྙིང་ལ་རཾ། སྲོག་ལ་རཾ། རྩ་ལ་རཾ། མ་ཧཱ་ཀ་ལ་ས་མ་ཡ་རྦད། རུས་པ་ད་ཧ་ད་ཧ་ཛྭ་ལཱ་རམ། པ་ཙ་པ་ཙ་ཛ་ལ་རཾ། བན་དྷ་བན་དྷ་མ་ར་ཡ་ཛཱ་ལ་རཾ། མ་ཧཱ་ཀ་ལ་ནི། སྲོག་པ ་ནི། སྲག་པ་ན། དགྲ་བོའི་སྙིང་ལ་ཡ་ཡ། དགྲ་བོ་མཱ་ར་ཡ་ཧཱུཾ་ཕཊ། ལས་ཀྱི་དཀྱིལ་འཁོར་འབྲུབ་ཁུང་ཅན། དྲག་པོའི་མེ་སྦར་ལིང་རོ་དབུལ། ཨོཾ་མ་ཧཱ་ཀ་ལ་གུ་ན་ཧྲ་དེ། དགྲ་བོ་ད་ཧ་ད་ཧ་སྟི་པ་ཡན་ན། པ་ཙ་པ་ཙ་ཏི་པ་ཡན་ན། ་མ་ཧཱ་ཀ་ལ་ཀ་ཁ་མུ་ཁ་མི་དུས་མ། ཡ་ན་ཡ། བྷ་ཏི་ར། ཛ་ཧ་ཏ། ས་གུ་མཱ་ར་ཡ། སྟཾ་པ་ཡ་ཧཱུཾ་ཕཊ། ལིང་རོ་བསྲེགས་པའི་ཐལ་བ་ལ། དགྲ་བོའི་གཟུགས་ནི་བྱས་ནས་ཀྱང་།། མཆོད་བརྟེན་བཞི་མདོ་ཐེམ་འོག་མནན།། དགྲ་བོའི ་གནས་པའི་ཕྱོགས་ངག་ཏུ། ཁྲག་ཟེར་གཏོར་ཟོར་ཐུན་ཟེར་འཕེན།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། གཏུམ་བསྲེག་གནན་པོར་ལས་མཐིའི་ལེའུ་སྟེ་བཅུ་གསུམ་པའོ།། ། ཡང་ནི་བཤད་ཀྱིས་ལེགས ་བར་ཉོན།། བག་དྲོ་བྱིན་ཆེ་ཆོས་ཉིད་གནས།། ལུས་བདེ་ཉམས་པར་རིགས་པ་དངས།། གཙོ་བོ་ཡེ་ཤེས་ཡབ་ཡུམ་རྟགས།། དངོས་སམ་རྨི་ལམ་ཉམས་སྣང་ལ།། ཞལ་སྟོན་བྱིན་བརླབས་མིང ་ཡང་བསྟོན།། ཕྱི་མ་ཁྲག་འཐུང་རིག་པ་ཡིས་ལྷ་ལ་བསྟིམ་ནས་མངོན་སངས་རྒྱས།། ཕྱི་བསྲབ་རྟག་ནི་འདི་ལྟར་འབྱུང་།། མི་ནག་པད་མེད་བྱ་རོག་ཞོན།། ང་དང་འབར་མ་ཡིན་པའོ།། རྟ་ནགཞོན་ནས་སེང་གེ་གདོང་།། མི། ་སྒྱུ་ནས་ལ་འ་ས་ག། མདུ་ན་རྒྱལ་བས།། ག་། བྷྱ་འས་ས། སྤྲུ ་མེ་འབར་རླུང་ཚུབ་ལྕེ་སྦྱང་བྱ།། སྤྲེའུ་ཁྱི་དང་བྱ་ཁྲ་དང་།། སྤྱང་ཁུ་ག་ཡ་ག་ནག་ལ་སོགས་རྟགས།། བན་སྔགས་རྟ་ནག་མི་ནག་དང་།། ཨ་ཙ་ར་དང་བྱ་རོག་དང་།། བུད་མེད་རྒྱ་མོ་མོན་པ་དང་།། ཐོག་ཚེག་སྡིག་ཚོམས་འོད་ཀྱི ་ཁེངས།། བདེ་བ་དུས་ཀྱི་རྟག་ཡིན་ནོ།། དམགས་འདྲེན་གྲོང་འགྱེ་ལ་བརྩོན་བཟུང་དང་།། རྟ་བྱུག་ར་ལུག་དགྲས་ཁྱེར་དང་།། བྱ་རོག་ཁྲ་ཡིས་སེམས་ཅན་གསང་།། རྦད་པའི་དུས་ཀྱི་རྟག་ཡིན་ནོ།། རྟ་ཕྱུགས་ར་ལུགས་རི་དྭགས ་དང་།། དམར་གཡོས་ནང་ཁྲོལ་སྟེང་དང་ཟ།། མགོ་བཅད་སྙིང་ཕྱུང་རོ་དང་ནི།། གསོན་གྲེས་ཁེབ་ནས་ཁྲག་གིས་པ་རྣམས།། རང་ཡང་འགྲངས་ཤིང་ཤེས་བཏུར།། བསད་པ་རུས་ཀྱི་ཆག་ཡིན་ནོ།། ལིངག་ཕར་ཤིང་སུམས་པ ་དང་།། ཁྲག་རུལ་མནམ་ཞིང་གཟུགས་མི་བསལ།། གཏུབ་པ་དུས་ཀྱི་རྟག་ཡིན་ནོ།། མེ་ནི་དམར་གསལ་འབར་རྐྱེན་ནས།། བསྲེགས་པ་དུས་ཀྱི་རྟག་ཡིན་ནོ།། བློ་བ་དེ་རྨི་ལམ་ཉལ་སོང་ན།། གནན་པ་དུས་གྱིས་རྟག་ཡིན་ནོ།། ་བུར་རྡོ་སྐད་ཆེན་མེ་སྟག་འཕྲོ།། ཟོར་འཕྲིན་དུས་ཀྱིས་རྟགས་ཡིན་ནོ།། སྙིང་དང་ལགས་མེད་ཡང་ཡང་རྨི།། ལས་འགྲུབ་མི་བགྱད་རྟག་ཡིན་ནོ།། བྱ་རོག་འཐབ་དང་དམག་རོག་འཛིང།། མི་ཁྲག་ཁྲོ་དང་བུད་མེད་དུ།། ཚུབ་ནག་ཐག ་ནག་རྨི་བྱ་དང་།། ཚིགས་པ་ཟ་ཞིང་མི་དགའ་དང་།། འཁྲོ་ཚོགས་བྱེད་ན། བཁུ་ལྡོག་རྟགས། མདའ་མདུང་རྡོ་དང་སེར་བ་བབས།། སྐྱེས་པ་བུད་མེད་ལ་སོགས་པས།། གོས་དང་ལག་ཆ་མེད་པ་དང་།། ཡང་ནར་ཚོགས་བདྲུང་ཕྱེ ་ཁྲེལ་འདོད་རྒྱུན་བགྱེད་བཤགས་འགྱེད་དང་།། རང་ཡང་ལྟོགས་ཤིང་བསྒོམ་པ་དང་།། བྱ་རོག་སྐུ་མེད་གཡག་རུ་ཆག། དར་ནག་མདུང་བསྔལ་རྨིས་པ་དང་།། བཟློག་པ་བྱུང་བའི་རྟག་ཡིན་ནོ།། དང་པོ་འཕྲུལ་ཆེན་བར་དུ་སྟོང་།། མཐའ ་མ་ཤིང་ལོངས་སྤྱོད་རྨི།། ནུས་པས་བསྟན་པ་བསྲུང་བར་བྱེད།། དྲེག་པ་ཀུན་གྱིས་འཁུར་བར་འགྱུར།། རྣལ་འབྱོར་དམ་ཚིགས་མ་ཉམས་ན།། ལུས་ཀུན་འགྲུབ་པར་ཐེ་ཙམ་མེད།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། རྟག ་པའི་ལེའུ་སྟེ་བཅུ་བཞི་པའོ།། ། ཡང་ནི་བཤད་ཀྱིས་ལེགས་པར་ཉོན། ཨོཾ་མཧཱ་ཀཱ་ལ་ཨེ་ཀ་ཛ་ཏི། གུན་ཧྲི་ཏ་ཧཱུཾ་ཕཊ། ཙིཏྟ་ཆུང་ཟད། ཡ་ཆུང་ཆད་ཤ་རྦད་དམྱོགས། ཙིཏྟཾ་ཀུ་ལ་རྦང་ཟད་ཡམ་ཆང་ཐུམ། རྦད་ར། ་ཆུང་མྱོགས། ཟད་ལམ་རྡུང་མྱགས། མ་ཧཱ་ཀཱ་ལ་དགྲ་བོའི་སྲོག་ལ་མྱོག་ཐུ་རིལ་ཆད་ཡ། རྟགས་དང་ལྡན་པ་ལས་འགོར་ན།། རང་ཉིད་ཧེ་རུ་ཀ་རུ་བསྒོམ།། ཞི་ཁྲོ་བསྐལ་ཞིང་སྐམ་ཐུན་བྲག།། སྤྱི་དྲིལ་སྔགས་མགོ་ཞུགས་བཟློག ་ཉིན་པས་སྔགས་དེས་རུ་ཏྲ་གསད།། ཐེ་མེད་པའི་དྲག་སྔགས་འདི།། བློ་ལ་མི་བཟུང་རང་ལ་གཟན།། སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས། སྤོབས་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། ཡང་ནི་བཤད་ཀྱིས་ལེགས་པར་ཉོན། ་ནད་གདན་ནི་པའི་ལས་བྱེད་ན། རྗེ་འབངས་འཁོར་བཅས་དཀར་བར་བསྒོམ། རྒྱས་པའི་དུས་སུ་སེར་པོ་ཏཿདབང་གི་དུས་ཉིད་དམར་པོ་ལ།། དྲགས་པ་ལྡང་ནག་འོང་བར་འཕྲོ།། བངས་ཤིང་རྒྱས་པའི་ཤིང་དང ་གི་ཤིང་།། དྲག་པོའི་ཤིང་རྣམས་བསགས་བྱ་སྟེ།། ཟླུམ་པོ་གྲུ་བཞི་ཟླ་གམ་དང་།། གྲུ་གསུམ་དཀྱིལ་འཁོར་སྟེང་དུ་བརྩིག། སྐུ་བསྐྱེད་བསྲེགས་རྫས་དབུལ་ཞིང་སྟོད།། ཞི་བ་ཤིན་ཏིང་ཀུ་རུ་ཡེ་སྭཱ་ཧཱ། པ་རུ་ང་ན་པ་ཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨ་མྲི་ནཱི་པ་ཤཾ ་ཀུ་རུ་ཡེ་སྭཱ་ཧཱ། རུ་ཏྲ་མཱ་ར་ཡ་ཕཊ། ལན་བརྒྱ་རྩ་བརྒྱད་ལས་ཀུན་འགྲུབ།། ཧེ་རུ་ཀེའི་འཁུ་ལྡོག་ཆིངས།། རང་འོག་གནན་པས་པན་དགྲ་པཆི།། རྟེན་གཏོར་བཅས་པས་སྲེའུ་གསོས།། གཏོར་ཟོར་འཕངས་ན་རྦད་འདྲེ་བཟློག། ཕུར་བའི་རྩེ་ཡི ་སོ་རབ་ཐུབ།། མེའུ་དཀར་ནག་ཞོ་ཆང་སྲུང་།། ཆ་ཚས་གཞན་གྱིས་དག་ནི་ནོན།། བུམ་པས་ངགནན་བྱས་པས་ཁྲོལ།། རྫས་སྣ་བཞི་ཡིས་ལྟས་ངན་འགྲུབ།། རྫས་སྣ་གསུམ་གྱིས་ཆགས་པ་བཅིངས།། ལྷ་མོས་ནོར་རྣམས་གཏེར་བར་བྱེད།། ་རྫས་སྣ་གསུམ་གྱིས་མི་མཐོང་འགྲུབ།། རྫས་སྣ་བཅུ་ཡིས་སེར་བ་ཕེབས།། ཁྱུང་གིས་འཆར་པ་འབེབས་པར་བྱེད།། རྫས་སྣ་དགུ་ཡིས་བུད་མེད་ཁུགས།། ཚོགས་གཏོར་ཤེས་བུས་ཐུགས་དམ་བསྐོང་།། གང་བྱེད་རྩ་སྔགས་ཤམ་བུར ་ཟླབ།། ག་གསུང་ཐུགས་ཐོས་པའི་རྒྱུད་ལས། ལས་ཆགས་ཀྱི་ལེབུ་སྟེ་བཅུ་དྲུག་དང་།། མངོན་པ་ཤིད་ཀྱིས་ལགས་པར་རྩོན།། དྷུ་དང་རྣམ་ཟེའི་རྗེའི་གྲོན།། ཡབ་ཡུམ་དབྱངས་ནས་ཤར་བསྟེ། ་ཀ་དང་གཉིས་མེད།། ཧཱུཾ་རཾ་ཧཱུཾ་ས་ལས་མཁན་སྲོག། གཙོ་བོ་ཡབ་ཡུམ་གཉིས་སུ་མེད་ནི།། གཉིས་སུ་མེད་སྤྲུལ་པའོ།། ར་ཡ་ཙ་དུ་གིང་བཞིའི་སྲོག། མཆུག་མེད་སྲོག་གི་གདན་བསྐུལ་བས།། རླག་ཁྲ་གཟན་ལ་འཛུམ་པ ་བཞིན།། གང་ལ་དམིགས་པའི་དགྲ་བོ་དེ།། བརླག་པར་བྱེད་ཅིང་རང་ལ་འདུ།། ཅི་བཅོལ་བསྒོ་བའི་ལས་ཀུན་བྱེད།། སངས་རྒྱས་བསྟན་པ་ང་ཡིས་བསྲུང་།། དབང་ལྡན་བསྲུང་བ་མི་བསྒྲུབ་རེ།། ཅེས་སྐུ་གསུང་ཐུགས་ཁྲོས་པའི ་རྒྱུད་ལས། འདས་མ་སྲོག་གི་ལེའུ་སྟེ་བཅུ་བདུན་པའོ།། ། ཡང་ནི་བཤད་ཀྱིས་ལེགས་པར་ཉོན།། ནག་པོ་ཁྲོས་པའི་གསང་རྒྱུད་འདི།། སྨྱིག་ཙུག་དག་ཏུ་ཁུར་ནས་ཀྱང་།། ཁྲག་དང་འཆང་དང་ཀུན་ཆུབ ་གྱིས།། མཆོད་པའི་ཚོགས་ཀྱིས་རབ་མཆོད་ལ།། སངས་རྒྱས་བསྟན་པ་རྒྱུད་འདིས་བསྲུངས།། རྒྱུད་འདི་བཞུགས་པའི་ས་ཕྱོགས་སུ།། དྲེག་པའི་ཚོགས་རྣམས་རབ་འདུས་ཤིང་།། འདི་ལ་སུ་ཞིག་བསྒོམ་བཟློས་ན།། ཤ་ལ་སྤྲས ་བཞིན་འདུ་བར་བྱེད་།། བུ་སྦྱར་བརྩེ་བས་ལས་ཀུན་འགྲུག། རྫོགས་མེད་ནུས་པའི་རྒྱལ་བསྐྱེད་དེ།། དཔལ་ནག་པོ་ཆེན་པ་སུ་གསུང་ཐུགས་ཁྲོས་པའི་རྒྱུད་ལས།། རླུང་བཏང་པོའི་ལེའུ་སྟེ་བཅོ་བརྒྱད་པའོ།། ་སྐུ་གསུང་ཐུགས་ཁྲོས་པའི་རྒྱུད་ལེའུ་བཅོ་བརྒྱད་པ་གསུངས་པས། ལྷ་དང་མི་དང་ལྷ་མ་ཡིན་དང་།། མི་བསྲུན་འཁོར་རྣམས་ཡི་རངས་ཏེ།། ནག་པོ་ཆེན་པོས་གསུངས་པ་ལ་མངོན་པར་བསྟོད་དོ།། སྐུ་གསུང་ཐུགས་ཁྲོས་པའི ་རྒྱུད་རྫོགས་སོ།། ། ཨེ་མཧོ། སུ་རུན་པདྨ་བདག་ལ་ཡང་།། སྐུ་གསུང་ཐུགས་ནི་ཁྲོས་པའི་རྒྱུད།། བསིལ་ཚལ་དུར་ཁྲོད་མགོན་པོ་ཡིས།། གསུང་ཤིག་བཀྲོལ་ནས་བདག་ལ་གཏད་།། ཡེ་ཤེས ་མཚོ་རྒྱལ་ཐུགས་ལ་ཚངས།། ཕྱི་རབས་དོན་དུ་གཏེར་དུས།། ལས་ཅན་ཅིག་གིས་རྙེད་ནས་ཀྱང་།། སངས་རྒྱས་བསྟན་པ་བསྲུངས་པར་ཤོག། གསོད་བྱེད་མི་གུག་ག་རྒྱ་ཡོད་དོ།། ས་མ་ཡ། དྷ་རྒྱ་རྒྱ། གཏེར་བྱ། སྲས་རྒྱ། ་རྒྱའོ།། རྒྱ་རྒྱ་རྒྱ། མངའ་བདག་མྱང་གི་གཏེར་མ་ཡིན། བཀྲ་ཤིས། @། རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀ་ལ་རུ་ཏྲ་མ་ཧཱ་འམ་ས་ན་ཏནྟྲ་ནཱ་མ། བོད་སྐད་དུ། ་