| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། མ་ཧཱ་ཀཱི་ལ་རུ་པ་དྷི་ཨན་ཏན་ཏ་ནཱ། བོད་སྐད་དུ། ནག་པོ་ཆེན་པོ་གཟུག་ཅན་གཅེར་བུའི་རྒྱུད་ཅེས་བྱ་བ། རྡོ་རྗེ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས ་གཅིག་ན། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་རི་རབ་ཆེན་པོའི་སྟེང་ན། བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། དེའི་རི་རབ་ཀྱི་བྱང་ཤར་ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་ཞེས་བྱ་བ་ན། ལྷ་མ་ཡིན་གྱི ་རྒྱལ་པོ་ཆེན་པོ་ཧེ་ར་ན་ཕག་ཤུག་ཅེས་བྱ་བ་གནས་སྟེ། ལྷ་རྣམས་ལ་འགྲན་ཏོ།། འགྲན་པས་ལྷ་རྣམས་འཕམ་པར་གྱུར་ཏོ།། ལྷ་རྣམས་འཔལ་ཆེར་ལྷའི་ཡུལ་ནས་འཕོས་པར་གྱུར་ཏོ།། དེ་ནས་ལྷ་རྣམས་ཀྱི ་བསམ་པ། ལྷའི་བདག་པོ་ཆེན་པོ་དབང་ཕྱུག་ཆེན་པོའི་བུ། ལེགས་ལྡན་ནག་པོ་ཅེས་བྱ་བ་ལྷ་མ་ཡིན་གྱི་རྒྱལ་པོ་འདུལ་བར་འདྲ་སྟེ། ལེགས་ལྡན་ནག་པོ་ག་ན་བ་དེར་ལྷ་རྣམས་འདུས་ཏེ་སྨྲས་པ། ལྷ་ཆེན་པོ ་ལགས་ལྷའི་གནས་འདིར་ལྷ་མ་ཡིན་གྱི་རྒྱལ་པོའི་འོངས་པར་མི་ཤེས་སོ།། འདི་དག་གིས་ནི་ལྷའི་རྒྱལ་སྲིད་ཀྱང་འཕམ་ལ་ཉེའོ།། དེའི་ཕྱིར་ཁྱེད་ཉིད་ཀྱིས་མཐུ་དོམ་ཅིག། ཅེས་སྨྲས་སོ།། ལྷ་ཆེན་པོ་དེས་བསམ ་བས། ལྷ་མ་ཡིན་གྱི་རྒྱལ་པོ་འདི་ནི་མཚོན་ཆས་མི་འཇིག་པ་ཡིན་ཏེ། དུག་དང་འབྱུང་བ་ཆེན་པོས་ཀྱང་མི་འཇིག་པས་དྲང་སྲོང་གིས་དམོད་པས་ཀྱང་སྡིག་པར་མི་འགྱུར་ཏེ། འདི་ཐབས་ཇི་ལྟ་བུས་བརླག་པར་གྱུར་ཞེས ་བསམ་པ། དེ་ལ་ནི་སྔགས་ཀྱི་མཐུ་འབའ་ཞིག། ཞིག་གིས་མཆོག་ཏུ་འགྱུར་བར་ཤེས་ནས། ལྷའི་བུ་ཆེན་པོ་དེ་རང་གི་གནས་ག་ལ་བ་དེར་དོང་སྟེ། ལྕང་ལོ་ཅན་གྱི་ཕོ་བྲང་ན་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་སྤྱན་སྔར ་འདུག་ནས། ལན་གསུམ་དུ་གསོལ་པ། ཀྱེ་ནག་པོའི་ཕྱོགས་ཅན་ལྷ་མ་ཡིན་འདིས་ལྷའི་བུ་རྣམས་འཕམ་པར་བྱས། དཀར་པོའི་ཕྱོགས་རྣམས་ནག་པོར་གྱུར་ན། འདི་དོན་བདག་ལ་དབང་ཆེན་གསོལ། ཞེས ་གསོལ་པ། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོ་དེས། ལྷ་ཆེན་པོ་དེ་ལ་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་འཕྲིན་ལས་ཀྱི་དབང་བསྐུར། དྲག་སྔགས་འབྲུ་བདུན་གྱི་ཀྱང་དབང་བསྐུར་རོ། ་སྲིད་གསུམ་འདུལ་བའི་དབང་ཐོབ་པའི་རྟགས་སུ། ལགས་པ་གཡས་པར་ཁ་ཊྭཱཾ་ག་རྩེ་གསུམ་བྱིན། ཀྱེ་འགྲོ་ཐམས་ཅད་ཀྱི་ཆ་དང་ལོངས་སྤྱོད་ལ་དབང་ཐོབས་པའི་རྟགས་ལག་པ་གཡོན་པར་གློ་སྙིང་བྱིན་ནོ།། དབང ་བསྐུར་ཆེན་པོ་གསང་བའི་དབང་བསྐུར་བའི་ཚེ། ལྷ་མ་ཡིན་གྱི་རྒྱལ་པོ་ཆེན་པོ་ཧེ་རན་ཧེ་དུ་དང་། ཕགས་ཤུ་དང་ཨརྱ་ཀྲ་མ་རྡུལ་དུ་བརླགས་པར་བའོ།། ལྷ་མ་ཡིན་གྱི་གྲོང་ཁྱེར་སུམ་བརྩེགས་ཀྱང་བརླགས་པར་བྱའོ།། ་གཞན་ཡང་གསང་སྔགས་ཀྱི་མཐུ་ཆེན་པོ་ནག་པོའི་ཕྱོགས་ཐམས་ཅད་ཀྱང་བརྟུལ་ཏེ། དཀར་པོའི་ཕྱོགས་ཀྱི་བསྟན་པ་བསྐྱོང་བར་གཏང་། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། བྱུང་ཚུལ་གྱི་ལེའུ་སྟེ་དང་པོའོ།། ། ་དེ་ནས་འཁོར་དེ་རྣམས་ལྷའི་བུ་གྲག་ལྡན་ཆོས་སློང་ཞེས་པསྟན་ལས་ལངས་སྟེ་ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་གསོལ་པ། ཀྱེ་ལགས་གསང་བའི་བདག་པོ་གང་། ལྷ་ཆེན་པོ་འདི་རུ་དབང་བསྐུར་བས། ་ལྷ་ཆེན་པོ་ཅིག་འདུའམ། གཞན་ཡང་དགོངས་པ་ཡོད་དམ་ཅི། གསང་བའི་བདག་པོས་བཀའ་སྩལ་པ། འདི་རུ་ལྷ་ཆེན་འདུལ་བ་དང་། མ་བོང་བསྟན་པ་གདད་པའི་ཕྱིར།། ང་ཡི་སྔགས་ཀྱིས་དབང་བསྐུར་ཏེ།། དེ་བསྟན ་པ་གནས་པ་རྣམས།། རྡོ་རྗེ་མགོན་ལ་མཆོད་གྱུར་ན།། བོང་བ་དེའི་འཁོར་རྣམས་ཀྱང་།། རྒྱལ་པོ་བཞིན་དུ་ཆེ་བ་དང་།། བསྟན་པ་རྒྱུན་དུ་གནས་པར་འགྱུར།། ང་ཡིས་ལྷ་དང་མི་ཡིས་ནི།། མགོན་དུ་ལྷ་རུ་མངའ་གསོལ་བས ་མ་འོངས་པ་མཆོད་པ་ཡིས།། དགེ་སློང་དེ་ནི་འཕམ་མི་འགྱུར།། ངའི་དྲག་པོའི་གསང་སྔགས་ཀྱིས།། དབང་ཆེན་བསྐུར་བའི་སྔགས་བདག་ནི།། མཆོད་པ་བྱེད་པའི་སྔགས་པ་དེ།། གཞན་གྱི་སྲོག་ལ་དབང་ཐོབ ་འགྱུར།། ལྷ་རྣམས་ཀུན་གྱི་དེད་དཔོན་པས།། ལྷའི་རྒྱལ་པོ་ཞེས་ཀྱང་བྱ།། བསྟན་པ་འཇིག་པའི་སྲོག་གཅོད་པས།། བདུད་ཀྱི་རྒྱལ་པོ་ཞེས་ཀྱང་བྱ།། སེམས་ཅན་ཀུན་གྱི་དོན་བྱེད་པས།། བྱང་ཆུབ་སེམས་དཔའ་ཞེས ་ཀྱང་བྱ།། ཞེས་བཀའ་སྩལ་ཏོ།། ནག་པོ་ཆེན་པོའི་གཅེར་བུའི་རྒྱུད་ལས།། ནག་པོ་ཆེན་པོའི་མཚན་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ལྷའི་བུས་གསོལ་པ། བཅོམ་ལྡན ་འདས་གསང་བའི་བའི་བདག་པོ་ལགས།། ལྷའི་རྒྱལ་པོ་ཆེན་པོ་ནི།། མི་རྣམས་ཀྱི་མགོན་པོ་ཆེན་པོ་དེ་ལྟ་བུ་དེ་ལ་མཆོད་པའི་ཡོན་ཏན་དེ་ལྟ་བུ་དང་ལྡན་ན།། མཆོད་པའི་ཐབས་ཇི་ལྟ་བུ་བགྱི། བསྒྲུབས་པའི་ཐབས་ནི་གང་། ་བརྟེན་པའི་ཐབས་ནི་དུ་ཞེས་བསྟན། གསང་བའི་བདག་པོས་བཀའ་སྩལ་པ། ལྷའི་བུ་ཉོན་ཅིག། སེམས་ཅན་ཀུན་གྱི་མགོན་བྱེད་པས། རྡོ་རྗེ་མགོན་པོ་ནག་པོ་ནི། མཆོད་པའི་ཐབས་ནི་གསུམ་ཤེས་བྱ། བསྒྲུབ་པའི་ཐབས་ཀྱང ་གསུམ་དུ་བརྟན། རྟེན་པའི་ཐབས་ཀྱང་གསུམ་དུ་ཤེས། ལྷའི་བུས་གསོལ། གསང་བའི་བདག་པོ་མཆོད་པའི་ཐབས་གསུམ་པོ་གང་ཞེ་ན། བཀའ་སྩལ་པ། ཕྱི་རུ་མཆོད་དང་ནང་དུ་མཆོད། བསང་བ་ཆེན་པོའི་མཆོད་ཐབས་སོ།། ་ལྷའི་བུས་གསོལ་བ། གསང་བའི་བདག་པོ་མཆོད་པའི་ཐབས་གསུམ་པོ་གང་ཞེ་ན། ཕྱི་ལྟར་མཆོད་དང་ནང་ལྟར་མཆོད། གསང་བ་ཆེན་པོས་བཀའ་སྩོལ་ཅིག། ཕྱི་རུ་མཆོད་པའི་མཆོད་རྫས་ནི།། མཆོད་པ་ལྔ་དང ་@གཏོར་མའི་རྫས།། སྤོས་དཀར་མེ་ཏོག་དཀར་པོ་དང་།། ཙན་དན་ཁུ་བ་མར་མེ་ཤོས།། མངར་གསུམ་རིལ་བུ་དང་ནི་མར།། གཏོར་མ་འབྲས་ཟན་དེ་བཞིན་དུ།། ཤ་དང་ཆང་སོགས་མགོན་པོ ་མཆོད།། ནང་ལྟར་མཆོད་པ་བཀའ་སྩོལ་ཅིག། གསང་བདག་ཆེན་པོས་བཀའ་སྩལ་པ།། སྤོས་ནག་མེ་ཏོག་ནག་པོ་དང་།། ནིམ་པའི་ཁུ་བ་མར་མེ་བཤོས།། ཚ་བ་གསུམ་དང་རིལ་བུ་དང་།། ཤ་ཆེན་ཉ་ཤ་བ་གླང་བ། ་གཏོར་མ་ཁྲག་དུ་བཙལ་བ་དང་།། ཆང་དང་ལ་ཕུག་སྒོག་པ་བརྩོད།། རྟག་ཏུ་མགོམ་པོ་ནག་པོ་མཆོད།། ལྷའི་བུའི་གསོལ་པ། གསང་བ་ལྟར་ཆོད་པ་བཀའ་སྩོལ་ཅིག། གསང་བའི་བདག་པོས་བཀའ་སྩལ་པ།། ་གསང་བའི་མཆོད་ཐབས་བསྟན་པ་ནི།། བདུད་རྩི་ལྔའི་མཆོད་པ་དང་།། མི་ནག་རྟ་ནག་ཁྱི་ནག་སྙིང་།། སྙིང་སྣའི་ཕྱེ་མ་ཁྲག་ལས་ནི།། སྦྱར་བའི་རིལ་བུ་གཏོར་མ་ཆེ།། ཀ་པཱ་ལར་བསྐང་རྟག་དུ་མཚོན།། ནག་པོ ་ཆེན་པོ་གཅེར་བུའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་གསུམ་པའོ།། ། ལྷའི་བུ་ཡིས་ཡང་གསོལ་པ། བསྒྲུབས་ཐབས་གསུམ་དུ་གསུང་བ་ཡི།། དེ་དོན་བསྒྲུབས་ཕྱིར་བཀའ་སྩོལ ་ཅིག། གསང་བ་ཆེན་པོའི་བཀའ་སྩལ་པ།། ཕྱེའི་བསྒྲུབ་ལུག་དམ་པ་ནི།། གཞལ་ཡས་ཁང་པ་ཤར་ལྷས་སུ།། ནང་དུ་དཀྱིལ་འཁོར་བརྩམ་པར་བྱ།། པདྨ་རིན་ཆེན་འབར་བ་བྲི།། ཕྱི་བདེན་པ་ལ་སོགས ་བརྡར།། གཏོར་མ་དཀར་པོ་དེ་བཞིན་ནོ།། མཚམས་དང་བྱ་བའི་རིམ་པ་ཡང་།། དཀར་སེར་དམར་ཡི་གེ་ལས།། རིན་པོ་ཆེའི་དབུ་རྒྱན་ཅན།། ཉི་མ་བཟླ་བའི་ཡང་བརྒྱན་པ།། ལྷ་ནི་དབང་པོའི་གདན་ལ་ནི།། ཁ་ཝཾ ་རྩེ་གསུམ་རིན་ཆེན་འབར།། དགོས་པ་ཐམས་ཅད་བསྒྲུབ་པར་བྱེད།། སྤྱན་དྲངས་བཞུག་དང་མཆོད་པ་ནི།། ཏིང་ངེ་འཛིན་གྱིས་གསལ་བར་བྱ།། ཨེ་ཧྱ་ཧི་བཛྲ་མ་ཧཱ་ཀཱ་ལ་ཨ་ག་ཙྪ་ཡ།། ཨ་ཧ་ར་དྷུ་བེ་པུ་ཥེ། དཱི་བཾ། བ་ཡི ་མ་ཧཱ་བ་ལིདྷ་པྲཱ་ཏི་ཙ་ཧོ་ཁཱ་ཧི། ཧ~ཾ་ཧེ་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་སྲོག་གི་སྙིང་པོ་ནི། བབུམ་ཕྲག་ཅིག་གིས་ལས་རྣམ་འགྲུབ། ཨོཾ་མ་ཧཱ་ཀཱ་ལ་ཡ་ཀཱ་དེ་བ་སིདྡྷི་ལཾ། དུདྷ་ཛ། ལྷའི་རྒྱལ་པོ་གསང་བའི་སྔགས།། གང་གིས་ཟློས་པ ་དངོས་གྲུབ་ཡིན།། ལྷ་དང་མེའི་དབང་པོ་ནི།། འཁོར་ལོ་བསྒྱུར་བའི་རྒྱལ་པོར་འགྱུར།། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། མགོན་པོ་ཕྱི་ལྷའི་ཚ་ལ་དུ་བསྒྲུབས་པའི་ལེའུ་སྟེ་བཞི ་པའོ།། ། དེ་ནས་རྡོ་རྗེ་མགོན་པོ་ནི།། ནང་གི་ཚུལ་དུ་བསྒྲུབས་གསུང་།། གཞལ་ཡས་ཁང་ནི་ནུབ་བྱང་བལྟས།། ནང་དུ་དཀྱིལ་བ་ཁར་བཙམ་པར་བྱ།། རྒྱས་པ་བཞི་པ་དབང་དྲག་པོ།། གྲུ་ཆད་མུ་ཁྱུད ་ཟླ་གམ་གྲུ་གསུམ་ལྷ་རྣམས་ནི་ཁྱམས་དང་སྒོ་ཁྱུང་ལྡན།། ཐོད་ཕྲེང་མོ་རི་འབར་བར་བྱ།། གཏོར་མ་དམར་པོ་དེ་བཞིན་ནོ།། མཚམས་དང་བྱ་བའི་རིམ་པ་ཡང་།། མ་ཧཱ་ཡོ་ག་ནང་རྒྱུད་མཐུན་ཏེ། ལེག་པར་བྱའོ།། ་བདག་ཉིད་ཡེ་ཤེས་བདེ་བ་ཅན། ཁྲོ་བའི་ཚུལ་ཅན་སྐུ་མདོག་སྔོ།། འབར་བའི་ཧཱུཾ་ལས་སྐྱེད་པར་བྱ།། རྡོ་རྗེ་མགོན་པོ་ནག་པོ་ཡང་།། དམར་ནག་རམ་གྱི་ཡི་གེ་ལས།། དར་ནག་གྲུབ་པའི་བར་ནག་ཅན།། ཉི་མ་ཟླ་བས་དེ ་བཞིན་བརྒྱན།། ཨརྠ་ཀྲ་མའི་གདན་ལ་ནི། ཁ་ཊཾ་མིའི་འཐོད་འཆང་།། མགོན་བྱེད་པའི་མཆོག་ཏུ་སྒོམ།། སྤྱན་དྲངས་བཞུགས་དང་མཆོད་པ་ནི།། འོད་ཟེར་ཚུལ་གྱིས་གསལ་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་བེང་བད་། ་ཏྲིང་ཏྲིང་། ཨ་ཀཪྵ་ཡ། ས་མ་ཧཱ་ཡཱ། ཨ་རྒྷཾ་པུ་ཥྤེ། དྷུ་བེ། གནྡྷེ། དཱི་བཾ། བ་ལིངྒ། མ་མ་ཤ་ཡ་མུ་ཁམས། བ་ལེ་ཙ་བས་མ་ཡ་རུ་ཏེ་ཙ་བ་བྲི་ཡང་། བཀྵ་ནི་ཨིད་བ་ལིང་གྲིཧྞ་གྲྀཧྣ ་ཧི་ལ་ཧི། བྷཱ་ཛ་ཧོ་བི་བ་ཏོ།། ས་མ་ཡ་ཨ་ཏི་ཀྲ་མ་ཧཱུཾ་ཕཊ། དེ་ནས་སྲོག་གི་སྙིང་པོ་ནི། ཁྲི་ཕྲག་བཞི་ཡིས་ལས་རྣམས་འགྲུབ།། ཨོཾ་མ་ཧཱ་ཀཱ་ཏྲ་ག་ཤད་མ་ཧཱ་སི་དྷ་ཡི་དུ་ཛ། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས་ནང ་གནོད་སྦྱིན་གྱི་ཚུལ་དུ་བསྒྲུབ་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་རྡོ་རྗེ་མགོན་པོ་ནག་པོ་ཆེ།། གསང་པ་གསད་པའི་ཐབས་མཆོག་ནི།། བཞན་ཡང་ཁང་པ་ལྷོ་མཆོག་བལྟས།། ནང་དུ་དཀྱིལ་འཁོར ་བཅའ་བ་ནི།། ཐོད་པ་འབར་བའི་དཀྱིལ་འཁོར་བརྩིགས།། ས་འཇམས་ཁྲག་གིས་སྤྲུལ་པ་ལ།། རྟ་དང་ལུག་དང་སྤྲེའུ་དང་།། མིའི་རུས་པ་ཕྱེར་བརྟག་ནས།། ལྕགས་དང་ཟངས་ཕྱེ་བཏབ་ནས་ཀྱང་།། གསང་བ་དམ ་པའི་དཀྱིལ་འཁོར་རྩིགས།། ལོགས་བཞིར་རྟ་དང་ལུག་དང་སྡེའུ་ཐོད་པས་རྩིགས།། ཟུར་བཞི་རིན་ཆེན་ཟངས་ལ་བྱ།། རྨད་དང་ཁ་བས་ལྕགས་ལས་བྱས།། ཟུར་བ་ནི་རྒྱལ་མཚན་ཆེན་པོ་བཞི།། སྔགས་གཟིགས་ངོམ ་གསུམ་ཁྱི་བརྒྱད་ནི། ཕྱོགས་བཞི་མཚམས་བཞི་ཁ་ཕྱིར་བསྟན་ནོ།། བྱ་ནག་བརྒྱད་ན་གཙོ་ལ་དཀོན།། གཞལ་ཡས་དེ་ནི་ཁྲུ་བཞི་བམ།། ཁྲུ་གང་ལ་སོགས་ཅི་འབྱོར་ཚང་།། དེའི་ནང་དུ་བཞུག་པ་ནི།། མཆོད་པ་སྣ་ཚོག ་བཅས་པའོ།། བདུད་ཀྱི་རྒྱལ་པོ་སྐུ་མདོག་ནག། འཚམས་དང་བྱ་བའི་རིམ་པ་ཡང་།། ནང་རྒྱུད་མཐུན་ཏེ་ལེགས་པར་བྱ།། བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན།། བ་ཁྲོས་པའི་ཚུལ་ཅན་ཁྲོས་པར་བསྐྱོད།། ཧཱུཾ་ཡིག་ནག་པོ་ལས ་རྫོགས་པ།། དུར་ཁྲོད་དཔལ་གྱི་རྒྱན་ཆར་ལྡན།། འབར་བའི་གར་དགུས་བརྗོད་པའོ།། རྡོ་རྗེ་མགོན་པོ་ནག་པོ་ནས།། ནག་པོ་གཅེར་བུ་རྫོགས་པའི་སྐུ།། སྦྲུལ་དང་ཐོད་རློན་འཕྲེང་བས་བརྒྱན།། ཁ་གདངས་མཆེ་བ་དམར་པོ་གཅིས ་ལྷ་འདྲིལ་དུག་གི་ཁ་རླངས་འཐུལ་མེ་དང་དུག་གིས་སྡུག་པ་སྐྱུགས།། སྤྱན་གསུམ་མེ་བབར་ཚ་ཆ་འཕྲོ།། གཡས་ན་ཁ་ཊ་བདུད་རིགས་འཛིན།། གཡོན་ན་གྲོ་སྙིང་དགྲ་བོ་གསོད།། གསོད་པར་བྱེད་པའི་མཆོག་ཏུ་སྦོམ།། སྤྱན ་དྲངས་བཞུགས་དང་མཆོད་པ་ནི།། སྔགས་པ་ཏིང་འཛིན་གསལ་བར་བྱ།། ཨོཾ་མ་ཧཱ་ཀཱ་ལ་ཧཱུཾ་ཧཱུཾ། རུ་ཏཱ་རུ་ཏྲ་ཏྲིང་ཧྲིང་། ཨ་གནྡྷ་ཡ་ས་མ་ཡ་སྟྭཾ། སརྦ་པནྡྷ། ཨ་མྲི་ཏ། ཨོཾ་མ་ཧཱ་ཀཱ་ལ་མངས་ཁཱ་ཧི། རཀྟ་ཙིཏྟ། བ་སུ་ཏ་ལིརྠ། ་ཁ་ཧི་ཁཱ་ཧི། ཙ་ནཱ་མ་ཧཱ་ཀཱ་ལ་བ་ལིདྷ། བ་ལ་དྷི་ཁཱ་ཧི་ཧཱུཾ་ཕཊ་སྭཱ་ཧཱ། དེ་ནས་སྲོག་གི་སྙིང་པོ་ནི། ཁྲི་ཕྲག་གསུམ་གྱིས་ལས་རྣམས་འགྲུབ།། རྡོ་རྗེ་མགོན་པོ་ནག་པོ་ཉིད།། འགྲོ་བའི་གདུག་པ་འདུལ་བའི་ཕྱིར།། བདུད་ཀྱི་རྒྱལ་བ ་ཆེན་པོ་ནི།། ཐོད་པའི་འཕྲེང་བ་ཐམས་ཅད་མཛད།། ཨོཾ་མ་ཧཱ་ཀཱ་ལ་རུ་ཏྲ་སིདྷི་ཡང་དུ་ཛ། གང་གི་སྔགས་འདི་ཟློས་པ་དེ།། སྔགས་པ་ཐམས་ཅད་གསོད་པ་ཡིས།། དངོས་གྲུབ་ཆེན་པོ་གནང་བར་མཛོད།། གསང་བའི ་བདག་པོའི་མཐུ་དང་ཚངས།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས། གསང་བའི་ཚུལ་དུ་མགོན་པོ་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ལྷའི་བུས་ཞུས་པ།། བརྟན་པའི་ཐབས་ནི་གང་ལ་བགྱི། ་གསང་བའི་བདག་པོ་ཆེན་པོ་ཡིས།། མགོན་པོ་རྟེན་པ་བཀའ་སྩལ་པ།། ཕྱིར་རྟེན་ནང་རྟེན་གསང་བའི་རྟེན།། གཡག་དཀར་ལུག་ནག་རྒྱན་བྱས་པ།། ཕྱིའི་རྟེན་དུ་གཟུགས་པར་བྱའོ།། ཞྭ་ནག་གོས་ནག་རྒྱན་བྱས་ལ།། ནང ་གི་ཏན་དུ་གཟུགས་པར་བྱ།། སེང་ལྡེང་དེ་ནི་ཚེར་མ་ཅན།། ཏྲ་ཤིང་ནག་པོ་འདོམ་གང་ལ།། རྩེ་མོ་གནམ་ལྕགས་མདེབུ་བཅུག། རྩ་བར་བྱ་རྒོད་སྒོ་ཡིས་བརྒྱན།། གཞན་ཡང་སྙིང་གི་ཕྲེང ་བ་དང་།། གསང་སྲོག་གི་སྙིང་པོ་དང་།། བདག་ཉིད་གསང་མཚན་ཨ་མྲི་ཏ།། གའུ་བ་མ་གབརྩེར་རྩལ་ཏེ་མདབ་ལ་གདགས།། གསང་བའི་དཀྱིལ་འཁོར་ནས་བཞུགས་ཏེ།། གཞན་ལ་བསྟན་པ་མ་ཡིན་ནོ།། ནག ་པོ་ཆེན་པོ་གཅེར་བུས་རྒྱུད་ལས།། རྟེན་ཐབས་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ལྷའི་བུས་གསོལ་བ།། དེ་ལྟར་རྟེན་ཅིང་བསྒྲུབ་པ་ཡིས།། རྡོ་རྗེ་མགོན་པོ་ནག་པོ་དེ།། བྱ་བའི་ལས ་ལ་ཇི་ལྟར་སྦྱར།། འདོད་པའི་དངོས་གྲུབ་ཇི་ལྟར་བླང་།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པས།། འདི་ལ་ཕྱི་ནང་གསང་བ་གསུམ།། ཕྱི་ལྟར་དངོས་གྲུབ་བསྒྲུབ་པ་ནི།། པདྨ་ཆེན་པོ་དེ་དབུས་སུ།། རྡོ་རྗེ་མགོན་པོ་སྤྱན ་དྲངས་ཏེ།། ཞལ་ཟས་སྣ་ཚོགས་མདུན་བཙུག་ཏོ།། གསང་སྔགས་རྒྱལ་པོ་རྫོགས་པ་དེ།། དངོས་གྲུབ་གྲགས་དེ་ཁྲི་ཕྲག་ཅིག། དེ་རུ་ཟླས་པ་བྱས་པ་ཡིས།། ཡིད་བཅི་བསམ་འགྲུབ་པར་འགྱུར།། ཨོཾ་མ་ཧཱ་ཀཱ་ལ་དྷེ་བ ་སིདྷི་ཡཾ་དུ་ཛ།། མ་མ་སི་དྷི་ཀུ་རུ་ཧཱུཾ་ཧཱུཾ། ཞེས་བཟླས་འདི་བཟླས་པས། ཁམས་གསུམ་གྱི་རྒྱལ་པོ་དབང་དུ་འགྱུར་རོ།། འདོད་པའི་ཁམས་ལ་དབང་བསྒྱུར་བ་ཡིས།། དབང་ཕྱུག་ཆེན་པོར་འགྱུར་རོ།། འབྲུ་དང་ནོར་དང་རྐང་འགྲོས ་འབེལ་བར་འགྱུར་རོ།། ཚེ་དང་བསོད་ནམས་འཕེལ་བར་འགྱུར་རོ།། བུ་དང་བུ་མོ་རིག་རྒྱུད་འཕེལ་བར་འགྱུར་རོ།། ནད་དང་སྡུག་བསྔལ་ཞི་བར་འགྱུར་རོ།། ཡིད་ལ་བསམ་པ་འགྲུབ་པར་འགྱུར་རོ།། ནག་པོ་ཆེན་པོ ་གཅར་བུའི་རྒྱུད་ལས། དངས་གྲུབ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནང་གི་དངོས་གྲུབ་དམ་པ་ནི།། བསྟན་པ་འཇིག་པབི་རཱ་ཏྤ་ལ།། ལས་ཀྱི་མགོན་པོ་སྤད་པ་ནི།། རབས་ཆང་ན། ་པོའི་མཚན་ལྡན་ལ།། གཤེགས་ཏེ་ལེགས་པར་བརྟགས་པ་དང་།། སག་ཚེ་སྲོག་བདུད་ཆེན་པོ་ཡབ།། ཁྲག་དང་དྲུག་གིས་བྲི་བར་བྱ།། ལྟ་བར་སྲོག་གི་འཁོར་ལོ་བཅས།། སྣ་ཚོགས་རྡོ་རྗེ་ཐོད་པས་བརྒྱམ་ཝ ་གི་སྔགས་དང་སྤེལ་བར་བྱ།། སྟེང་གི་ལྗང་ཁང་བདུད་མོ་ཡུམ།། སྣ་ཚོགས་པདྨ་ཐོང་རྣོན་དང་།། སྲོགས་སྔགས་དང་ནི་སྤེལ་མར་བྲི།། ཡབ་ཀྱི་འཁོར་ལོའི་རྩིབས་ལ་ནི།། དྲེགས་པ་པོ་བརྒྱད་དྲེགས་ཚོགས་བྲི།། ཡུས ་ལ་འཁར་ལོ་འི་རྒྱབས་ལ་ནི།། དུར་ཁྲོད་ས་བདུད་བདུད་མ་བྲི།། བདུད་མ་བདུན་གྱི་སྔགས་བསན་པའོ།། ཡབ་ཡུམ་ལ་ལ་སྦྱར་འཁོར་ལོབ་པ་ར།། བསྟན་པའི་འཇིག་པའི་གཟུགས་བརྙན་ལ།། ག་ནས་བྱང་ཟག་ཟག་པས ་སྔགས་པ་དག་གིས་བཟུང་བར་བྱ།། ཞུངས་ཀར་རྒྱལ་པོ་ལག་དུ་རྫོགས།། བདག་ཉིད་ཡེ་ཤེས་རྡོ་རྗེ་ཅན་དུ་གོས།། མདུན་དུ་ལས་ཀྱི་མགོན་པ་ནི།། འཁོར་དང་བཅས་ཏེ་བབྱུང་བ་ནི།། ནག་པ་ཆེན་པོ་དང་ནི་ལྷ་དང་ཀྲུ།། གནད་སྦྱིན ་གང་བ་མང་ང་ཅས།། ལགས་ཀྱི་དགས་པ།། ། ན་བྱུང་བས་པས་བང་བ་བས་། ལྷྭམ་ས་ད་རྐྱེན་པོ། ན་པ་དུ་ས་ཐ་བ་ཤི་ས། དཔལ་ལྡན་ཀྱིས་ང་ཛྲན།། ཀྱང་ལགསས་ས ་བ་ར།། ཀུན་ཀྱང་བོས་པས་འོང་བར་བས་མ།། གཏོར་མ་བྱིན་ཏེ་ཐོང་བར་སྙིམས།། བདག་ཉིད་ཡེ་ཤེས་མགོན་པོ་ཡིས།། ལས་ཀྱི་མགོན་པོ་ཐམས་ཅད་གཟིར།། ཨི་མཧཱ་ཀ་ལ་མོ་བྲན་བྱོན་ནོ།། སྙིང་ལ་ལ། སུ་ཏྲི་དྷ་ཅང་དུ་རྒྱ་ལ ་མཧཱ་ཀཱ་ལ་ཏྲི་ཡཾ་བྷྱོ་ནི་ཚལ་པ་ཏྲི་ཡ། མཛ། ལས་ཀྱི་མགོན་པོ་ཟང་པའོ།། ཨོཾ་དུ་མ་ཏི་ཧཱུ~ཾ་ཕཊ། ཨོཾ་ཨ་གདུན་ཧཱུ~ཾ་ཕཊ། ཨོཾ་ར་ཏྲི་ཛན་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་བྷྱོ་ཧཱུ~ཾ་ཕཊ། མངའ་བདག་མགོན་པོ་ནག་པོ་ནི། ་ལྷ་དང་ཀླུ་དང་དྲག་པོའི་ཚོགས་འདི་ནི།། ཕོའི་གསང་སྔགས་བདུན་པའོ།། ཨོཾ་ཧྲེ་ཧ་གོ་ཛ་ནི་ཤ་ཀ་ན། ཨོཾ་མུ་རི་ཙིཿ་ནི་ཤག། ཨོཾ་བཏྲི་ནི་ཤཀྲ། ཨོཾ་མུ་རི་ཙེ་ཙེར་ནི་ཤ་ཀ། ཨོཾ་མཧཱ་མུ་ཏྲ་ནི་ཤ་ཀ། ཨོཾ་མོ་ཧ་ར་ཏྲི་ནི་ཤ་ཀ། དུར་ཁྲངས ་དྲུག་ལྷ་མོ་དང་།། བདུན་གྱི་དྲག་སྔགས་བདུན་པའོ།། གལ་ཏི་ལས་ཀྱི་མགོན་པོ་ནི།། དམ་ཚིགས་དག་ལས་འདབ་བྱེད་ན།། དམ་ཆུ་གཏོར་ཞིང་སྔགས་འདི་བཟླས།། ཨོཾ་མ་ཧཱ་ཀཱ་ལ་ས་ཡཱ་མ་ལོ་ཀ་ན་མ་བྷྱོ་ས་མ་ཡ་སཱི། ཞེས་བྱའོ།། ་དེ་ལྟར་དྲག་སྔགས་རྦད་བྱེད་ལ།། དེ་ནས་གསང་བའི་ལས་སྦྱོར་ནི།། འཁོར་ལོ་བར་གྱི་དགྲ་བོ་དེ།། ཁྱི་ཐོད་ནང་དུ་བཅུག་བྱས་ལ།། དཀྱིལ་འཁོར་རྩ་དེར་འབྲུབ་ཁུང་བྱ།། དེ་རུ་ཁྱི་ཐོད་དང་བཅས་གཞུག། གསང་བའི་སྔགས་ནི ་རེ་རེ་ཞིག། ཚ་བའི་རིམས་ཀྱིས་བདེབ་པའི་སྔགས།། རྟ་ཁྲག་བུང་བུའི་གཅིག་དུད་ཀུན།། ཉུང་ཀར་རྒྱལ་པོ་རབ་སྦྱར་ནས།། ཚ་བའི་རིམས་ཀྱིས་འདེབས་པའི་སྔགས། ཕོ་དང་མོ་དང་ཐམས་ཅད་དྲིལ།། དྲག་བདུན ་བོ་རེ་རེ་བཞིན།། བཏགས་ཏེ་ཐུན་གྱི་རྡེགས་པར་བྱ།། ཆེ་གེ་མོ་ཛ་མ་ར་ཡ་ཧཱུཾ་ཕཊ། གསང་བའི་དྲག་སྔགས་འབྲུ་བདུན་པོ།། སྟོང་ཕྲག་ཅིག་ཏུ་རྫོགས་པ་དང་།། དེ་ནས་ཁྱི་ཐོང་གནན་པར་བྱ།། སྲོག་གི་འཁོར་ལོ ་བརྟེན་དུ།། དམ་དུ་བཅས་ཏེ་དེ་ཉིད་མཆོད།། ལས་རྣམས་མ་གྲུབ་བར་དུ་བཅད།། དེ་ནས་ཕྱིས་ཀྱང་མི་བྱའོ།། མགོན་པོ་ནག་པོ་གཅེར་བུའུ་རྒྱུད་ལས། ནང་ཚུལ་དུ་ཐུན་གྱིས་གསད་པའི་ལེའུ་སྟེ་དགུ་པའོ།། ་དེ་ནས་ཕོ་མོ་དང་མགོན་པོའི་གསང་དྲག་སྔགས་བདུན་པོ་དེ།། དབང་ཐོབ་པར་བཟླས་པ་ནི་སྔགས་ཀྱིས་ནུས་པ་མི་ཐུབ་པས།། གྱད་ཀྱི་ཤོ་ནི་མི་ཐུབ་གཞན་ཆུ་ཡང་པོ་ལ་སྣོད་ཡང་ཆགས།། དེ་ཕྱིར་དབང་བསྐུར་ཐོབ་པས་བཟླས།། རི་རང ་ཆེན་པོའི་སྟེང་ཉིད་དུ།། བཅོམ་ལྡན་རྡོ་རྗེ་ཅན་དེ་ཡིས།། ལྷའི་དབང་པོ་བརྒྱ་བྱིན་ལ།། གཏད་པས་དྲག་སྔགས་མ་ཐུབ་པས།། ལྷ་ཡང་སྲིན་པོའི་ལུས་སུ་གྱུར།། ཉི་མ་གཟའ་སྐར་ཐང་ལ་ལྷུང་།། རྡོ་རྗེ་ཅན་ལ་སླར་ཡང ་ཕུལ།། དེ་ནས་བདུད་ཀྱི་རྒྱལ་པོ་ནི།། རྒྱལ་རིགས་ཆེན་པོ་ལ་གཏད་པས།། ཀླུ་ཡི་དྲག་སྔགས་མཐུབ་ཏེ།། བརྒྱ་མཚོ་ཆེན་པོ་བསྐུམ་པར་འགྱུར།། ཀླུའི་ལུས་ཀྱང་རྒྱལ་བར་དོགས།། རྡོ་རྗེ་ཅན་ཉིད་ལ་ཕུལ།། རྡོ་རྗེ ་འཚང་ཆེན་པོ་དེས།། ལྷ་ཆེན་མགོན་པོ་ནག་པོ་ལ།། སྐུ་གསུང་ཐུགས་ཀྱི་དབང་བསྐུར་ནས།། དྲག་སྔགས་བདུན་པོ་དེ་ཉིད་བཏད་དེ།། སངས་རྒྱས་བསྟན་པ་བསྲུང་དུ་བཅུག། དེ་ནས་འཛམ་བུའི་གླིང་གི་བྱང་ཕྱོགས་ཀྱི།། རང་བྱུང་ལྷན ་གྱིས་གྲུབ་པའི།། མ་ཧཱ་བོ་དྷའི་བསྟན་པ་སྲུང་བར་མཛད།། ནག་པོ་ཆེན་པོ་གཅེར་བུའི་རྒྱུད་ལས།། སྔགས་ཀྱི་ལོ་རྒྱུས་ཀྱི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང་གསང་བ་ཡིས།། ཤིན་ཏུ་གསང་བའི་དྲག་སྔགས་འདི།། ་རྡོ་རྗེ་ཡེ་ཤེས་མགོན་པོ་ཡིས།། སྐུ་གསུང་ཐུགས་ལས་བྱུང་མཛད་དེ།། ལས་ཀྱི་མགོན་པོ་ཉིད་ལ་གཏད།། ཨོཾ་མ་ཧཱ་ཙནྡ། ཨོཾ་མ་ཧཱ་ཀཱ་ལ་ཏྲ་ག་ཤད། ཨོཾ་མཧཱ་ཀཱ་ལ་རུ་ཊ། ཨོཾ་མ་ཧཱ་ཀ་ཡམ་དུ། ཨོཾ་མ་ཧཱ་ཀ་ལ་ཁ་ནཱི་ཛ། ཞེས་ནི་རྦད་པའི་དྲག ་སྔགས་བདུན།། གསང་བའི་དྲག་སྔགས་བདུན་པ་ནི།། ཆེ་གེ་མོ་ན་མ་ར་ཡ་ཕཊ། ཚ་བའི་ནད་ཀྱིས་གསང་བའི་མཆོག་གང་ལ་དམིགས་པའི་གཟུགས་བྱས་ཏེ།། གསད་པའི་ཐབས་ཀྱང་རྫས་སྣ་གསུམ།། མཚོན་ཆ་མེ་དང་དུག ་དག་གོ།། མཚན་ཆ་དག་ནི་རྣམ་པ།། ལྕགས་ཕྱེ་ཟངས་ཕྱེ་རྡོ་དང་།། ཟིར་ཉུངས་ཀར་མཆོག་ཏུ་གསུངས།། དུགས་ཀྱང་ཐང་ཕྲོམ་བསྲུབ་མ་ཡིན།། འབྲུམ་བུ་རབ་དུ་ཚ་བ་དང་།། ཚ་བ་གསུམ ་གྱི་ཐུན་གྱིས་རྡེག། ཉིན་དགུ་མཚན་དགུ་ལན་གསུམ་དུ།། བདག་ཉིད་གཅེར་བུར་ཕྱུང་ནས་ནི།། དྲག་པོ་ཆེན་པོའི་ཏིང་འཛིན་ནི།། ཞིང་གི་གདན་ལ་གཡོན་བརྐྱང་བཞུགས།། གྲི་གུག་རྣོན་པོ་ཤན་པའི་གྲིས།། དྲག་གཟུགས ་གཏུབ་ཏེ་མེ་ལ་བསྲེག།། ཡང་བཅས་དེ་ནི་ཞག་བདུན་དུ།། གསང་སྔགས་བརྒྱ་ཕྲག་རེ་རེ་བཟླས།། གསད་པའི་སྔགས་དང་སྤེལ་བྱས་ནས།། མྱུར་དུ་བཕོ་བར་ཐེ་ཚོམ་མེད།། གསད་པའི་མཆོག་ཏུ་ཤ་རུས་ཁྲག། བྱས་པ ་དཀྱིལ་འཁོར་ཆེན་པོ་ཡང་།། ནག་པོ་བདུན་བརྩེགས་དག་ཏུ་བྱ།། དྲག་སྔགས་ཀྱིས་ནི་ཞག་བདུན་དུ།། ཤིན་ཏུ་བཏུན་ཏེ་ལས་བྱའོ།། ནག་པོ་གཙོར་བུའི་རྒྱུད་ལས། དྲག་སྔགས་བདུན་གྱིས་གསང་བའི་ལེའུ་སྟེ་བཅུ་གཅིག ་པའོ།། །། ལྷའི་བུས་གསོལ་པ། ལེགས་སོ་ལེགས་སོ་ལེགས་པར་གསུངས།། བཟུང་ངོ་བཟུང་ངོ་ངམ་དུ་བཟུང་།། བསྟན་པ་གནས་པར་བྱ་ཕྱིར་བཟུང་།། དེ་ནས་གང་ཟག་བདག་གིས་བཀའ་སྩལ་པ།། ། ་ནག་པོ་ཆེན་དྲག་པོ་འདི།། གསང་སྔགས་ངམ་ལ་གནས་པ་དང་།། བསྟན་པ་ཡུན་དུ་བསྐྱང་བའི་ཕྱིར།། ལྷའི་བུ་ནི་ཁྱོད་ཀྱིས་བཟུང་།། དཀོན་མཆོག་གསུམ་པོ་འཇིག་རྟེན་དུ།། ནུབ་པར་མི་འགྱུར་བྱ་བའི་ཕྱིར།། བསྟན ་པ་བསྲུང་བའི་རྒྱུད་མཆོད་འདི།། སྐུ་གསུང་ཐུགས་ལས་ཕྱུང་མཛད་དེ།། ལས་ཀྱི་མགོན་པོ་ཁྱོད་ལ་གཏང་།། ལས་ཀྱི་མགོན་པོ་ཐམས་ཅད་ཀྱང་།། བཐུན་པར་རྫས་སུ་ཡོད་རང་སྟེ།། བཅོམ་ལྡན་འདས་ལ་མངོན་པར་བསྟད་པ། ་ནག་པོ་གཅེར་བུའི་རྒྱུད་ལས་གཏད་པའི་ལེའུ་སྟེ་བཅུ་གཉིས་པའོ།། མགོན་པོ་ནས་པོ་གཅེར་བུའི་རྒྱུད་རྟོགས་སྷོ། !རྒྱ་གར་སྐད་དུ། མཧཱ་ཀཱ་ལ་ཏནྟྲ་མ་ག་ལ་ཀཱ ་