CLOSE WINDOW

Gkk2.12: man ngag rtsegs pa gri gug gi rgyud
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། མན་ཏྲ་མ་སཱ་ཀ་ཏ་ཛ་ཏ་ན་ཏྲ། བོད་སྐད་དུ། མན་ངག་རྩེགས་པ་གྲི་གུག་གི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས ་པའི་དུས་གཅིག་ན། བཅོམ་ལྡན་འདས་འཁོར་གདོན་ཚོགས་ཆེན་པོ་དང་ཐབས་ཅིག་ཏུ་ལྕང་ལོ་ཅན་གྱི་ཕོ་བྲང་ན་བཞུགས་ཏེ། དེའི་ཚེ་དེའི་དུས་ན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་གདོན་ཚོགས་ཆེན་པོ་དང་བཅས་ཏེ། དཔལ་མངོན ་པོ་ནག་པོ་དེས་སྐྱེ་བ་མང་དུ་བརྒྱུད་དེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམ་བཞི་སྦྱང་བར་ཐུགས་དམ་དུ་བཞེས་སོ།། དེའི་ཚེ་ཕྱག་ན་རྡོ་རྗེས་རྡོ་རྗེ་སེམས་དཔའ་ལ་ཕྱིར་བས་ཀྱི་དོན་ཏུ་རྒྱུད་འདི་བཤད་དུ་གསོལ། ཞེས ་ཞུས་པས། ངས་བཤད་པར་བྱ་ཡིས་ཉོན་ཅིག། ལེའུ་དང་གླང་བཞི་བཤད་པར་བྱ། ལེའུ་གཉིས་བརྒྱུད་ཇི་ལྟར་འབྱུང་བ་བ་གང་བར་བྱ། ལེའུ་གསུམ་པས་མདོས་བསག་པོའི་ཐབས་བཤད་པར་བྱ། ལེའུ ་བཞི་པས་ལྷ་བསྒོམ་པའི་ཐབས་བརྟེན། ལེའུ་ལྔ་པས་སྤྱན་དྲན་པ་བསྟན། ལེའུ་དྲུག་པས་མཆོད་པ་འབུལ་བསྟན། ལེའུ་བདུན་པས་མདོས་བཏང་པ། ལེའུ་བརྒྱད་པས་སྦྱིན་སྲེག་བྱ་བ། ལེའུ་དགུ་པས ་ཟོར་འཕང་པ། ལེའུ་བཅུ་པས་སྔགས་བཟླས་པ་བསྟན། ལེའུ་བཅུ་ཅིག་པས་འཁོར་ལོ་བྲི་བ་བསྟན། ལེའུ་བཅུ་གཉིས་པས་མནན་པ་བྱ་བ་བསྟན་པ། ལེའུ་བཅུ་གསུམ་པས་སེར་བ་དབབ་པ་བསྟན། ་ལེའུ་བཅུ་བཞི་པས་བླ་བསྲུང་བ་བསྟན། ལེའུ་བཅོ་ལྔ་པས་ཀླུ་ལ་བཏང་བ་བསྟན། ལེའུ་བཅུ་དྲུག་པས་སེའུ་གསོ་བ་བསྟན། ལེའུ་བཅུ་བདུན་པས་ཀླུས་ཟིན་པ་གསོ་བ་བསྟན། ལེའུ་བཅོ་བརྒྱད་པ་གཟུངས་བཏོན ་ཅིང་སྨོན་ལམ་གདབ་པ་བསྟན་པ། ལེའུ་བཅུ་དགུ་པ་འཁོར་གྱི་གཙོ་བོ་ལ་བསྟོད་པ། ལེའུ་ཉི་ཤུ་པ་མགོན་པོ་ལ་བསྟོད་པ། ལེའུ་ཉི་ཤུ་གཅིག་པ་རྒྱུད་པའི་རིམ་པ་བསྟན་པའོ།། མཧཱ ་ཀཱ་ལའི་རྒྱུད་ལས་གླེང་བཞིའི་ལེའུ་སྟེ་དང་པོའོ།། ། རྒྱུད་ཇི་ལྟར་བྱུང་བ་བསྟན་པ་ནི། རིན་པོ་ཆེ་དཔུང་བརྒྱན་གྱི་རྒྱུད་དང་། དཔུང་རྣམ་པར་བཀོད་པའི་རྒྱུད་དང་། ཁྲོ་བོ་མེ་བབར་གྱི་རྒྱུད་རྡོ་རྗེ ་མོའི་རྒྱུད། ཐོད་པ་ནག་པོའི་རྒྱུད། ཆར་སྤྲིན་ནག་པོའི་རྒྱུད། རིན་པོ་ཆེ་དཔུང་དཀོང་པའི་རྒྱུད། འཁོར་ལོ་ནག་པོའི་རྒྱུད། གསང་བ་ནག་པོའི་རྒྱུད་ཀྱང་བཤད་དོ།། མ་ཧཱ་ཀ་ལའི་རྒྱུད་ལས་རྒྱུད་ཇི་ལྟར་བྱུང་བའི་ལེའུ ་སྟེ་གཉིས་པའོ།། ། དེ་ནས་ཡང་དག་བཤད་བྱ་བ། འདི་དག་འགྲུབ་པའི་རྣལ་འབྱོར་པས། བདུན་དུ་ལྷ་རྣམས་སྤྱན་དྲངས་ལ། བདུན་རྣམ་དག་བྱས་ནས་ནི། རང་གི་སྡོམ་དག་ཀྱང་གཅུ ་གཞུང་དང་ལྡན་པའི་གནས་དག་ཏུ། རྒྱུད་ལས་བྱུང་བའི་གསང་སྔགས་འདི། སུམ་འབུམ་དྲུག་འབུམ་དགུ་འབུམ་བཟླས།། བཟླས་པའི་ཚད་དུ་ཕྱིན་པ་དང་།། ལས་འདི་དག་ཐམས་ཅད་བརྩམས་པས་འགྲུབ། རྣལ ་འབྱེད་དམ་ཚིགས་ཉམས་པ་དང་། གཞན་གྱི་རིགས་སྔགས་འབྱུང་བ་དང་།། རིགས་སྔགས་པར་ལ་གཏང་འདོད་ན། གང་དམིགས་གསོལ་བར་འདོད་པ་དེས། འབྲུ་སྣ་བདུན་གྱི་དར་ཕྱེ་ལ། གཟུགས་ནི་འཁྲུ་གང ་ཚད་དུ་ཕྱིན། བཅུ་གསུམ་དག་གིས་གཟུགས་བྱེས་ལ། ཟབ་ཟེར་སྒྲ་ལ་ལུང་ཐང་མིག་འགྲོན་བུའི་སོ་ལ་ཞོ་ཤའི་སྙིང་། གང་དམིགས་གསོ་བར་འདོད་པ་དེས། འཕངས་པའི་ནོར་ཕོགས་མགུལ་དུ་གདགས། ཅེས་པའི་ལུག ་ཕུད་ལུས་ལ་བཀོན།། དར་ཚན་སྣ་ལྔའི་རྒྱལ་མཚན་དང་།། བལ་མཚོན་སྣ་ལྔའི་རྒྱལ་མཚན་དང་།། མི་བོ་དེ་ལ་གཟུགས་པར་བྱ།། ལུག་ནག་ཁྱི་ནག་གཡག་ནག་དང་།། བྱ་ནག་ཤང་ཤང་རྨ་བྱ་དང་།། སྟག་དང་གཟིག་དང ་གླང་པོ་ཆེ།། བཅུ་གསུམ་གཟུགས་སུ་བྱས་པ་རྣམས།། རིན་ཆེན་སྣ་ལྔའི་སྡེར་དུ་དཀྲམ།། བཙོད་དང་ནོ་མཁན་རྒྱ་གླེགས་དང་།། འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་དང་།། འཁོར་གྱི་མཁའ་འགྲོའི་རྫས་སུ་བསག། དཀར ་གསུམ་སྔར་གསུམ་སྨན་སྣ་ཚོགས།། འཁོར་གྱི་ཆོས་སྐྱོང་རྫས་སུ་བསག། གང་དམིགས་གསད་པར་འདོད་པས་ན།། སྦྲུལ་ནག་གི་ནི་ཚུན་བཀོར་དང་།། རལ་པ་དམར་ནག་དག་ཏུ་བྱ།། ཚ་བ་གསུམ་ལ་གང་དམིགས ་བྲི། དཔྲལ་བར་རུས་ལ་ཁ་རུ་མིང་། སྤྱི་བོ་སྙིང་ཁ་སྟེ་བ་རུ། སྤྱི་བོ་སོག་གི་སྙིང་ལྷན་བཛྲ་སྟེ་བ་རུ་གསལ་བའི་མར་མེ་གཏང་ནས་ནི། སྔགས་ཀྱི་ཕྲེང་བས་བསྐོར་ནས་ཀྱང་། དུར་ཁྲོད་དག་ཏུ་སྲེགས་པས་ན། ཚངས་པའི ་ཚེ་དང་ལྡན་པ་ཡང་། མྱུར་བ་ཉིད་ཏུ་འཚོ་བར་འགྱུར། མ་ཧཱ་ཀཱ་ལའི་རྒྱུད་ལས་མདོས་གཏང་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ལྷ་བསྒོམ་པ་བཤད་པར་བྱ་སྟེ། ཚད་མེད་པའི་སྟོང་པའི་རང ་བཞིན་ལས། ཡཾ་བཾ་རརཾ་བྷྲཱུ~ཾ་ལ་སོགས། ཨ་ལི་ཀ་ལིའི་འཕྲོ་འདུ་ལས། ཐིག་ལེ་ཧཱུཾ་གྱུར་རྡོ་རྗེ་སྟེ། རྡོ་རྗེ་དང་པོའི་མགོན་པོར་བསྒོམ། སྟོན་ཀའི་ཟླ་བ་ལྟར་དཀར་ཞིང་ཞལ་གསུམ་པོ་ལ་ཕྱག་དྲུག་པོ།། ནག་དང་དམར་དང ་དཀར་བའི་ཞལ།། རྡོ་རྗེ་འཁོར་ལོ་པད་མ་ནི།། གཡས་ཀྱི་ཕྱག་ཏུ་བསམ་བྱ་ཞིང་།། དྲིལ་བུ་རིན་ཆེན་རལ་གྲི་ནི།། གཡོན་གྱི་ཕྱག་ཏུ་བསམ་བྱ་བར་སྐུ་གསུང་ཐུགས་དང་ལྡན་པར་བསྒོམ། དབུ་བརྒྱན་གཅོད་པན་དེ་བཞིན་ཏེ། ་མཚན་དང་དཔེ་བྱད་དང་ཡང་ལྡན།། དེའི་བདུན་དུ་བསམ་པར་བྱ།། སྐུ་གསུང་ཐུགས་ལས་བྱུང་བ་ཡི།། ཧཱུཾ་ཡིག་སྔོན་པོ་བསམ་པར་བྱ།། ཧཱུཾ་ལས་མགོན་པོ་ནག་པོ་བསྐྱེད།། མདོག་གནག་ཤིན ་ཏུ་འཇིགས་མཛད་པ།། གསུམ་ཁྱིམ་ཆ་ལ་རྐང་ལགས་ཐུང་།། མགྲིན་པ་སྡོམ་ལ་ཞལ་མདོག་གནག། མཆེ་བ་གཙིགས་པས་སྨིན་མཚམ་གཉེར།། དབུ་སྐྲ་ཁམས་ནག་གྱེན་དུ་མཛེས།། གྲི་གུག་ཐོད་པ་ཕྱག་ན་བ་རྣམ།། ་སྐུ་ལ་ཐོད་པ་དག་གིས་བརྒྱན།། དེ་ཡི་སྤྲུལ་པས་འཇིག་རྟེན་གང་།། མཁའ་འགྲོ་ཤུགས་འགྲོའི་ཚོགས་དང་བཅས།། འབྱུང་པོ་ཕྱོགས་སྐྱོང་ཚོགས་བཅས་ཀྱིས།། ཐམས་ཅད་སྐོར་ནས་འདུད་པར་བཤད།། མ་ཧཱ ་ཀཱ་ལའི་རྒྱུད་ལས་ལྷ་བསྒོམ་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་སྤྱན་དྲངས་བཤད་པར་བྱས་ཏེ།། ཧཱུ~ཾ་མགོན་པོ་ཐུགས་དམ་པསྐང་བ་དང་།། གཞན་གྱི་གནོད་པ་བཟློག་པ་དང་།། བདག་གི་ལས ་བཅོལ་གྲུབ་པའི་ཕྱིར།། མགོན་པོ་ནག་པོ་སྤྱན་འདྲེན་གྱིས།། ཧཱུཾ་བདེ་ཆེན་བདུ་འབྲལ་མེད་པའི་ཀློང་དཀྱིལ་ནས།། ཡང་དག་སྐུ་གཅིག་གཤེགས་སུ་གསོལ།། ལྷ་ཆེན་དཔལ་བ་བར་སྤྱན་འདྲེན་གྱིས།། ནག་པོ་ཆེན ་པོ་གཤེགསུ་གསོལ།། ཧཱུཾ་དད་པ་དང་ནི་དང་ཚིགས་གིས།། ཚུར་གཤེགས་ཆུར་སྐྱོན་ཆོས་སྐྱོང་མགོན་པོའི་ཚོ་གས།། དྲི་ཟ་མེ་ལྷ་གཤིན་རྗེ་དང་།། གནོད་སྦྱིན་དབང་ལྡན་ལ་སོགས་པ།། ལྷ་དང་གཤིན་རྗེ་ཆེན ་པོ་དང་།། སྲིན་པོ་རོ་ལངས་གསོད་བྱེད་དང་།། ཀླུ་ཡི་བུ་མོ་ཚོགས་བཅས་དང་།། གནོད་སྦྱིན་འབྱུང་པོའི་ཚོགས་དང་བཅས།། ཉི་ཟླ་བདག་ལ་སོགས་པས།། སོ་སོར་རང་རང་གནས་འདི་གཤེགས་ཤིག། མ་ཧཱ་ཀཱ་ལའི ་རྒྱུད་ལས།། སྤྱན་དྲངས་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་གཏོར་མ་གཤད་པར་བྱའོ།། འབྲས་ཆེན་ཤ་དང་ཆང་དང་ནི།། མེ་ཏོག་བདུད་པ་བྱུང་བ་དང་།། བདུད་རྩི་ལྔ་དང་ཤ་ལྔ་དང་།། ཁུར་བ་ཤིང་ཏོག ་སྣ་ཚོགས་ཀྱིས།། གཏོར་མ་སྦྱིན་པར་བཤད་པ་བྱ།། མ་ཧཱ་ཀཱ་ལའི་རྒྱུད་ལས། གཏོར་མའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་མདོས་ཀྱི་ཆོ་ག་བཤད་པར་བྱ།། ཧཱུཾ་འབྲུ་སྣ་བདུན་ལས་བྱས་པས་ངར་གྱི་མི་བོ་ཆེ།། རྦ་བ་ཟེར ་སྒྲ་ལ་ལུང་ཐང་མིག། འགྲོན་བུའི་སོ་ལ་ཞོ་ཤའི་སྙིང་།། ཅེས་པ་ནོར་ཕོག་མགུལ་དུ་བཏབས།། ཕངས་པའི་གོས་ཕུང་ལུས་ལ་བསྐོན།། དར་ཚོན་སྣ་ལྔའི་རྒྱལ་མཚན་བཙུགས།། མཆོད་རྫས་མང་པོ་གྲལ་དུ་བཤམས།། ་མདོས་ཀྱི་བདག་པོ་མངས་པ་ཞེས་ཅིག། ཧཱུཾ་བསྐལ་མེ་ལྟར་འབར་བའི་ཀློང་དཀྱིལ་ནས།། ཤིན་ཏུ་མི་བཟང་མ་ཧཱ་ཀཱ་ལའི་སྐུ།། ཤིན་ཏུ་འཇིག་པའི་སྐུ་མདོག་མཐིང་ནག་ལ།། འཇིག་པའི་ན་བཟའ་བར་སྨུག་སྐུ་ལ ་གསོལ།། ཐུགས་རྗེ་རྟགས་ཀྱིས་ཐོད་པས་སྐུ་ལ་བརྒྱན།། གཡས་ཀྱི་ཕྱག་ན་གཅོད་པའི་གྲི་གུག་བསྣམས།། གཡོན་པ་ཐོད་པ་ཁྲག་གིས་བསྐང་པོ་འཛིན།། དབུ་སྐྲ་རལ་པའི་ཐུར་ཚུགས་གཅིག་ཏུ་འཁྱིལ། ་གདུག་པ་སྦྲུལ་གྱི་ཆུན་པོས་དབུ་སྐྲ་བཅིངས།། སྐུ་མདོག་མཐིང་ནག་འཇིག་པར་བསྟན་པ་ནི།། དོན་དམ་དབྱིངས་ལས་འགྱུར་བ་མེད་པའི་རྟགས།། སྐུ་ལ་དར་ནག་འཇོལ་བར་གསོལ་བ་ནི།། ཐུགས་རྡོ་སྤྲུལ་པས ་འགྲོ་དོན་བྱིད་པའི་རྟགས།། ཐོད་པའི་ཕྲེང་བ་སྐུ་ལ་བརྒྱན་པ་ནི།། ཐུགས་རྗེའི་སྤྲུལ་པ་སྣ་ཚོགས་འབྱུང་བའི་རྟོགས།། དབུ་སྐྲ་རལ་པ་གཅིག་ཏུ་འཁྱིལ་བ་ནི།། ཐམས་ཅད་ཆོས་ཀྱི་དབྱིངས་སུ་གཅིག་པའི་རྟགས།། ་གདུག་པ་སྦྲུལ་གྱི་ཆུན་པོས་བརྒྱན་པ་ནི།། ཉོན་མོངས་དུག་ལྔ་མ་ལུས་སྤངས་པའི་རྟགས།། གཡས་ན་གཅོད་བྱེད་གྲི་གུགས་བསྣམས་པ་ནི།། རྣམ་རྟོག་བག་ཆགས་མ་ལུས ་གཅོད་པའི་རྟག། གཡོན་ན་ཐོད་པ་ཁྲག་གིས་བསྐང་བ་ནི།། རྣམ་རྟོག་ཉོན་མོངས་ཐམས་ཅད་ཟད་པའི་རྟགས།། ཧཱུཾ་དཔལ་ལྡན་མགོན་པོ་ནག་པོ་སྟེ།། ཁྱེད་ཀྱི་ཡོན་ཏན་བསམ་མི་ཁྱབ།། སིང་ག་ལ་ཡི ་དུར་ཁྲོད་དུ།། སྲིན་པོ་གནོན་པའི་ས་ཕྱོགས་སུ།། ཐུགས་རྗེའི་ཤུགས་ཀྱིས་སྤྲུལ་པའི་སྐུ།། གསོད་བྱེད་མ་ཧཱ་ཀཱ་ལ་སྟེ།། དར་ནག་འཇོལ་བར་སྐ་ལ་གསོལ།། གསེར་ཀ་རིན་ཆེན་སྐུ་ལ་བཅིངས།། གཡས་ན་ཙན་དན ་བེདེ་ཆེན་བསྣམས།། གསོར་ཞིང་ཀླད་པའི་དཀྱིལ་དུ་བརྡེག། གཡོན་པ་ཐོད་པ་ཁྲག་གིས་བསྐང་།། འབྱུང་པོའི་སྙིང་ཁྲག་དྲོན་མོ་འཐུང་།། ཕྱོགས་མཚམས་སྟེང་འོག་ལ་སོགས་པ།། མ་ཧཱ་ཀཱ་ལི་འཚོགས་སུ་གཏམས ་སྲིན་པོ་དང་ནི་སྲིན་མོ་རྣམས།། འབྱུང་པོ་ཡི་དགས་མ་ལུས་ཀུན།། གསོད་གཟིར་བའི་ལས་རྣམས་ཀུན།། མ་མོ་ཐམས་ཅད་འདུལ་བྱེད་པའི།། ཤིན་ཏུ་བརྗེད་པའི་སྐུ་བྱུང་བའི།། ཕྱི་ཡི་དུན་ཁྲོད་ཆེན་པོ་སྟེ།། ་བསིལ་བའི་ཚལ་གྱི་གནས་མཆོག་ན།། མཁའ་འགྲོ་མ་དང་ཤུགས་འགྲོ་མ།། གསོང་བྱེད་མ་མོའི་ཚོགས་ཀྱིས་བསྐོར།། ཞལ་གསུམ་ཕྱག་དྲུག་བརྗོད་པའི་སྐུ།། མཐོང་ནག་འཇིག་པའི་རྒྱན་གྱིས་བརྒྱན། ་དུར་ཁྲོད་ཟོང་པའི་ཕྲེང་བ་དང་།། ཞིང་ལྤགས་འཇོལ་བེར་སྐུ་ལ་གསོལ།། སྦྲུལ་ནག་སྐྱེར་གས་སྐུ་ལ་བཅིངས།། དབུ་སྐྲ་གྱེན་དུ་འཁྱིལ་བ་ནི།། སྟེང་གི་ལྷ་རྣམས་འདར་ཞིང་དངས།། སྦྲུལ་ནག་རྒྱན་གྱིས་བརྒྱན ་བ་ནི།། འོག་གི་ཀླུ་རྣམས་འདར་ཞིང་དངས།། འོད་ཟེར་ཕྱོགས་བཅུར་འཕྲོས་པས་ནི།། ལྷ་དསགས་ཀུན་གྱི་དབུགས་འབྱིན་ཅིང་།། ལྷ་མ་ཡིན་གྱི་གཡུལ་རྣམས་བཟློག། ཞལ་གསུམ་ཕྱག་དྲུག་བསྟན་པ་ནི།། མལ ་འགྲོ་མ་མོ་འདར་ཞིང་དངས།། ཞིང་ཆེན་གདན་ལ་བཞུགས་པ་ནི།། ཡི་དགས་ཚོགས་རྣམས་དབང་དུ་བསྡུད།། སྤྱན་རྩ་གྱེན་དུ་བཟློག་པ་ནི།། བར་སྣང་ལྷ་རྣམས་དབང་དུ་བསྡུད།། ཤང་ས་སྒྲུབས་ནས་ཚུབ་མ ་འཕྲོ།། སྟོང་གསུམ་འཇིག་རྟེན་འདར་ཞིང་དངངས།། ལྗགས་ནི་དྲག་པོའི་གློག་བཞིན་འགྱུར།། སྟོང་གསུམ་འོད་ཀྱིས་འགེངས་པར་མཛད།། མཆེ་བཟང་ཡག་བདར་བ་ནི།། ལོགས་འདྲེན་ཀུན་གྱི་མཚན ་མ་འཇོམས།། སྤུ་གྲྀ་སོ་ཡིས་དགྲ་སྙིང་འགེམས།། གྲི་གུག་འབར་བས་དགྲ་སྲོག་གཅོད།། ཐོད་བརློན་བབར་བས་དགྲ་ཁྲག་འཐུང་།། ཙན་དན་བེང་ཆེན་ཕྱར་བ་ཡིས།། དགྲའི་ཀླད་པ་རྒྱས་སུ་བརྡེག། ཁྱོད་ཀྱི་ཐུག ་དམ་དུས་ལ་བབ།། དཀོན་མཆོག་དབུ་འཕངས་སྨོད་བྱེད་དང་།། ཐེག་པ་ཆེན་པོ་སུན་འབྱིན་པ།། བསྟན་པ་འཇིག་པ་དབེན་བྱེད་དང་།། སློབ་དཔོན་སྨོད་པར་བྱེད་པ་རྣམས།། མ་ལུས་པ་ནི་བསྒྲལ་དུ་གསོལ།། ཧཱུཾ ་དཔལ་ལྡན་མགོན་པོ་ནག་པོ་ནི།། ཤར་གྱི་ཕྱོགས་དུར་ཁྲོད་ན།། དྲི་ཟ་སྟོང་གི་ཚོགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་།། ཤདང་ཁྲག་གི་ཟ་བྱེད་པའི།། གདུག་པ་དགྲ་བོའི་སྲོག་གཅོད་པའི། ་ཁྱོད་ཀྱི་ཐུགས་ངམ་དུས་ལ་བབ།། ཤར་ལྷོ་མཚམས་ཀྱི་དུར་ཁྲོད་དུ།། དཔལ་ལྡན་མགོན་པོ་ནག་པོ་ནི།། མེ་ལྷ་སྟོང་གི་ཚོགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་།། ཤ་དང་ཁྲག་ནི་ཟ་བྱེད་པའི། ་གདུག་པའི་དགྲ་བོའི་སྲོག་གཅོད་ཅིང་།། ཁྱོད་ཀྱི་ཐུགས་དམ་དུས་ལ་བག། ལྷོ་ཡི་ཕྱོགས་ཀྱི་དུར་ཁྲོད་དུ།། གཤིན་རྗེ་སྟོང་གི་ཆགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུབ ་ཤ་དང་ཁྲག་ནི་ཟ་བྱེད་ཅིང་།། གདུག་པའི་དགྲ་བོའི་སྲོག་གཅོད་པའི།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ལྷོ་ནུབ་མཚམས་ཀྱི་དུར་ཁྲོད་དུ།། སྲིན་པོ་སྟོང་གི་ཚོགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་། ་ཤ་དང་ཁྲག་ནི་ཟ་བྱེད་ཅིང་།། གདུག་པའི་དགྲ་བོའི་སྲོག་གཅོད་པའི།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ནུབ་ཀྱི་ཕྱོགས་ཀྱི་དུར་ཁྲོད་དུ།། ཀླུ་ཡི་རྒྱལ་པོ་ཚོགས་དང་བཅས།། ལསུ་སངས་རྒྱས་བསྟན་པ་བསྲུང་།། ་ཤ་དང་ཁྲག་ནི་ཟ་བྱེད་ཅིང་།། གདུགས་པ་དགྲ་བོའི་སྲོག་གཅོད་པའི།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ནུབ་བྱང་མཚམས་ཀྱི་དུར་ཁྲོད་དུ།། རླུང་ལྷ་སྟོང་གི་ཚོགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་། ་ཤ་དང་ཁྲག་ནི་ཟ་བྱེད་ཅིང་།། གདུགས་པ་དགྲ་བོའི་སྲོག་གཅོད་པའི།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། བྱང་གི་ཕྱོགས་ཀྱི་དུར་ཁྲོད་དུ།། གནོད་སྦྱིན་སྟོང་གིས་ཚོགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་། ་ན་དང་ཁྲག་ནི་ཟ་བྱེད་ཅིང་།། གདུག་པ་དགྲ་བོའི་སྲོག་གཅོད་པའི། ཁྱོད་ཀྱི་ཐུགས་དམ་དུས་ལ་བག། བྱང་ཤར་མཚམས་ཀྱི་དུར་ཁྲོད་དུ།། འབྱུང་པོ་སྟོང་གི་ཚོགས་དང་བཅས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་།། ་ཤ་དང་ཁྲག་ནི་ཟ་བྱེད་ཅིང་།། གདུག་པ་དགྲ་བོའི་སྲོག་གཅོད་པའི།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། མགོན་པོ་ནགས་འདབ་དུར་ཁྲོད་དུ།། འཇིགས་བྱེད་མ་མོ་ཚོགས་དང་བཅས།། དུར་ཁྲོད་མ་མོའི་གཙོ་མོ་མཛད། ་ཁྱེད་ཀྱི་ཐུགས་དམ་དུས་ལ་བབ།། སྐུ་ནི་མཐིང་ནག་འཇིགས་པ་ལ།། རལ་པ་གསིགས་པས་འཇིག་རྟེན་ཁྱབ།། བསྤུའི་བུ་ག་ཐམས་ཅད་ལས།། སྡོམ་དང་སྡིག་པའི་སྤྲུལ་པ་འགྱེད།། ཕྲག་པ་གཡས་ནས་དབུ་ཕྱུང་བ།། དབུ ་ནི་ལྷ་ཆེན་འཇོམས་པའི་དབུ།། དབུ་སྐྲ་རལ་པ་དམིགས་པ་ལས།། སེང་ལྡེང་ཕུར་པ་སེར་ཆེན་འབེབས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཕྲགས་པ་གཡོན་ཏུ་དབུ་ཕྱུང་ལ།། དབུ་ན་སྲིན་པོ་འཇོམ་པའི་དབུ།། དབུ ་སྐ་རལ་པ་བསིགས་པ་ལས།། གཙན་དན་ཕུར་བུ་སྲེར་ཆེན་འབེབས།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ཐུགས་ཀྱི་དཀྱིལ་ནས་དབུ་བྱུང་བ།། དབུ་ནི་ཀླུ་ཆེན་འཇོམས་པའི་དབུ།། དབུ་སྐྲ་རལ་པ་གསོགས་པ་ལ།། ཆུ་སྲིན་བྱེ་བའི ་སྤྲུལ་པ་འགྱེད།། ཁྱོད་ཀྱི་ཐུགས་དམ་དུས་ལ་བབ།། ལྟེ་བའི་དཀྱིལ་ནས་དབུ་ཕྱུང་བ།། དབུ་ནི་གནོད་སྦྱིན་འཇོམས་པའི་དབུ།། དབུ་སྐྲ་རལ་པ་གསོགས་པ་ལ།། ལྕགས་ཀྱི་ཕུར་བུ་སེར་ཆེན་འབེབས།། ཁྱོད་ཀྱི ་ཐུགས་དམ་དུས་ལ་བབ།། དྲི་ཟ་ག་ཤིན་བརྗེ་མེ་ལྷ་དང་།། བདེན་བྲལ་ཆུ་ལྷ་རླུང་གི་ལྷ།། གནོད་སྦྱིན་དབང་ལྡན་ས་བདག་བཅིངས།། ལྷ་ཡི་ཚོགས་དང་། ཀླུ་ཡི་ཚོགས། སྲིན་པོ་ལ་སོགས་གནོད་སྦྱིན་མ།། ཀླུ་ཡི་བུ། ་མོ་ཚོགས་དང་བཅས།། གནོད་སྦྱིན་བུ་ཕོ་འབྱུང་བའི་ཚོགས།། ཤ་དང་ཁྲག་ལ་དགའ་བ་དང་།། ཐམས་ཅད་ཀུན་ནས་འདིར་སྐྱོན་ཅིག། མདོས་ཀྱི་བདག་པོ་མདོས་བཞེས་ཅིག། ཀླུད་ཀྱི་བདག་མོ་ཀླུང་འདི་ལོངས།། མཧཱ་ཀཱ་ལི ་རྒྱུད་ལས། མདོས་གཏང་བའི་ལེའུ་སྟེ་བདུན་པའོ།། ། དེ་ནས་སྦྱིན་བསྲེག་བཤད་པར་བྱ།། གང་དམིགས་ལིང་ག་བཅས་པ་དེ།། ལྕགས་ཀྱུས་སྙིང་དྲང་རླུང་གིས་བརྡེག། རྣམ་པར་ཤེས་པ་དེ་ལ་བསྟིས། ་རྡོ་རྗེ་ཕུར་བ་དེ་ལ་བརྡེག། བསད་ནས་དེ་ལ་སྦྱིན་བསྲེག་བྱ།། ལས་དང་འཛོམ་པའི་ཐབ་ཁུང་དུ།། དེ་དང་མཐུན་པའི་མེ་ལྟ་བསམ།། དེ་ལྟར་མགོན་པོ་བསམ་པ་དང་།། ཚ་བའི་མར་དང་ཆེར་མ ་ཅན་གྱི་ཤིང་།། ཏིལ་ན་གདུག་ཆུས་སྦྲུས་པ་ཡིས།། སྔགས་དང་སྦྱར་ཏེ་སྲེག་བྱས་ནས།། ཚངས་པའི་ཚེ་དང་ལྡན་པ་ཡང་།། ཚ་བའི་ནད་ཀྱིས་འཆི་བར་འགྱུར།། མ་ཧཱ་ཀཱ་ལའི་རྒྱུད་ལས་སྦྱིན་སྲེག་གི་ལེའུ་སྟེ་བརྒྱད་པའོ།། ་ད་ནི་ཕོར་འཕངས་པ་བཤད་པར་བྱ་ཏེ། ཐོད་པ་བྱ་རོག་རྗེས་ཅན་དུ།། གང་དམིགས་ལིང་ག་གཞུག་པར་བྱ།། ཁྲག་སྔ་སྟོང་དང་དུག་སྣ་སྟོང་།། ཐོད་པའི་ནང་དུ་བླུག་པར་བྱ།། གཟུངས་ཐག་དག་གིས་བདག་བྱས་ནས།། མཎྜལ ་དབུས་སུ་གཞུག་པར་བྱ།། སྔགས་པ་བདུད་ཆས་དག་ཏུ་གཞུག། ངན་སྔགས་བཟང་པོ་བཟླས་བྱས་ལ།། དགྲ་བོའི་གྲོང་ལ་བཏབ་བྱས་ནས།། ཚངས་པའི་ཚེ་དང་ལྡན་པ་ཡང་།། སྨྱོ་བ་བོག་ནད་ཀྱི་འཆི་བར་འགྱུར།། ་མ་ཧཱ་ཀཱ་ལའི་རྒྱུད་ལས་ཟོར་འཕངས་པའི་ལེའུ་སྟེ་དགུ་པའོ།། ། ད་ནི་སྔགས་བཤད་པར་བྱའོ།། ཛ་ཧཱུཾ་བཾ་ཧོ། ཨེ་ཧྱ་ཧི། མ་ཧཱ་ཀཱ་ལ་རུ་ནི། ཀ་ཛ་ཛ་ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་ཧ་ན་ཧ་ན་བཛྲ་སྭཱ་ཧཱ། ཨོཾ ་མཧཱ་ཀཱ་ལ་མ་ར་ཡ་ཛ་ཧཱུཾ་ཕཊ། ཨོཾ་བཛྲ་ཡག་ཤ་དེ་བ་མ་ཧཱ་ཀཱ་ལ་ཀྲོ་དྷ་ཧཱུ~ཾ་དྷཱ་དྷྭ་ཛཱ། ཧ་ན་ཧ་ན། མ་ཧཱ་ཀཱ་ལ་ཡ་ཧཱུ~ཾ་ཕཊ། བཙ་པ་ཙ་མཧཱ་ཀཱ་ལ་མཱ་ར་ཡ་ཧཱུཾ་ཕཊ། བྷན་དྷ་བྷན་དྷ། མ་ཧཱ་ཀཱ་ལ་མ་ར་ཡ་ཧཱུཾ་ཕཊ། ཚིན་དྷ་ཆེན ་དྷ་མཧཱ་ཀཱི་ལ་མ་ར་ཡ་ཧཱུ~ཾ་ཕཊ། བིན་དྷ་བིན་དྷ་མ་ཧཱ་ཀཱ་ལ་མ་ར་ཡ་ཧཱུ~ཾ་ཕཊ། ཡ~ཾ་མ་ཧཱ་ཀཱ་ལ་ཆེ་གེ་མོ་མཱ་ར་ཤ་ཐུན་མ་ར་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་རུ་ལུ་རུ་ལུ་བྷྱོ།། མ་ར་མ་ར་གྲི་ཙི་གྲི་ཎི། བྷན་དྷ་བྷནདྷ། ད་ཧད་ཧ། བཅབ ་ཙ། དི་ན་མེ་ཀ་ན་ཧཱུ~ཾ་ཕཊ། མ་ཧཱ་ཀཱ་ལའི་རྒྱུད་ལས་གྲགས་པོ་སྔགས་ཀྱི་ལེའུ་སྟེ་བཅུ་པའོ།། དེ་ནས་འཁོར་ལོ་བཤད་པར་བྱའོ།། དུར་ཁྲོད་རས་ས་མ་ཤོག་ཤོག་ལས།། ཡང་ན་སྡེ་སྔོན་དག་ལ་བྲི། ་གཟའ་སྐར་འཛམ་པའི་ཉི་མ་ལ།། དུག་དང་སྐེ་ཚེས་མིང་རུས་བྲི།། འཁོར་ལོ་ཁྲག་ཆེན་དག་གིས་བྲི།། གང་དམིགས་དགྲ་བོའི་ཁོང་བ་ལ།། རྩིབས་ལྡན་མུ་ཁྱུད་གསུམ་ལྡན་བྲི།། རྩིབས་བརྒྱད་དག་ལ་དགོད་པ་ནི།། སྙིང ་པོ་ལྔ་དང་རེ་རེ་གསུམ།། གོང་རས་དག་ལ་མིང་རུས་བྲི།། མ་ར་ཤ་མ་བསྐོར། མགྲིན་པར་ཧཱུཾ་ལས་སྙིང་ཁར་མིང་།། འདོམས་སུ་ཕཊ་རྣམས་བྲི་བར་བྱ།། སྔགས་པ་ལས་སུ་རུངས་པ་དང་།། ལྷ་ཁང་དུར་ཁྲོད་ཀླུ་ཡི་གནས།། གནོད ་སྦྱིན་གནས་པའི་ས་མནན་ན།། ཚངས་པའི་ཚེ་དང་ལྡན་པ་ཡང་།། བློ་བུར་ནད་ཀྱིས་མྱུར་དུ་འཆི།། མ་ཧཱ་ཀཱའི་རྒྱུད་ལས་འཁོར་བྲི་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་གནན་པ་བཤད་པར་བྱ། ་ཐོ་པ་མ་གས་མ་ཆགས་པར།། མ་ཧཱ་ཀཱ་ལའི་སྙིང་པོ་བྲི།། བཟླས་བྱས་ཉུངས་ཀར་དེ་རུ་བླུག། ཡང་ན་ཀླུ་སྦྲུལ་དཀར་ནག་གཉིས་ཀྱིས་གཟུགས།། ཁ་རུ་མིང་ལ་རྒྱབ་ཏུ་རུས།། ཚོན་སྐུད་སྣ་སྔས་དྲིལ་བྱས་ལ།། ་སྟག་གི་ཁ་འམ་ཆུ་སྲིན་སྣ།། སྒྲ་བའི་སྒོ་ཁར་གདན་པས་ན།། སྔགས་འདི་བཟླས་པས་འཚོང་མ་སྲིད།། ཨོཾ་མ་ཧཱ་ཀཱ་ལ་བཱང་ཧྲི་སྣར་མ་ཤིག་སོད། ལེའུར་ཤིག་སོད་། ས་ར་ལ་ཤིག་སོད་། ཐུ་མ་རིལ་ཤིག་སོད།། ་པུང་ཡ་ཚོ་ཤིག་སོད། ཞུང་ཏྲི་ཤིག་སོད། སྦུར་ལ་ཤིག་སོང་། ན་ག་ར་ཛ་ཙི་འི་ཛ་ལ་ཡ། ནན་ནན། མཧཱ་ཀཱ་ལའི་རྒྱུད་ལས། གནན་པའི་ལེའུ་སྡེ་བཅུ་གཉིས་པའོ།། ། ད་ནི་སེར་བ་བཤད་པར ་བྱའོ།། ཁྱིའམ་རབས་ཆང་ཐོད་པ་རུ།། འཁོར་ལོ་དཔེ་ཆུང་ལྟར་བྱས་ཏེ།། བཙན་དུ་གཉུངས་ཀར་གུ་གུལ་ཡང་།། ཐོད་པའི་ནང་དུ་བླུག་པར་བྱའོ།། ཟངས་དང་མཁར་བ་བུད་མེད་མངལ ་ཁྲག་གསུམ།། ཤ་བན་སཱུ་རུས་ཁྲོ་ཆུ་སེར།། ཞབ་མར་དྲིལ་ཏེ་ཐོང་པར་གཞུག། ཡུལ་དང་ཕུ་ཆུང་དགྲ་མིང་རྣམས།། འཁོར་ལོ་དག་ལ་བྲི་བར་བྱ།། ཀླུ་འམ་ཡུལ་ལྷ་གནས་པར་གནན།། སྔགས་འདི་བཟླས་པས་མྱུར་ཏུ ་འབབ།། ཨོཾ་མ་ཧཱ་ཀཱ་ལ་ཀྱི་ལིང་ན་སང་ནེ་བར་བྷྱོ།། དི་གར་ཤ་བྷྱོ།། རག་ཤ་ཛ་ལ་མི་ཛ་ལ། པྲ་ཀྲིང་པྲ་ཀྲིང་དེ་པར་དེ་པེར། བཛྲ་ཙ་ཁྲིད་ཕོབ་ཕོག། མ་ཧཱ་ཀཱ་ལའི་རྒྱུད་ལས་སེར་བ་དབབ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། ་དེ་ནས་སེར་བ་བསྲུང་བ་བཤད་པར་བྱ་ཏེ། སེར་ལྡན་ཕུར་བུ་བཅུ་དག་ལ།། ཧ་ན་ད་ཧའི་སྔགས་བཟླས་ལ།། འོངས་པའི་མཐའ་མ་བསྐོར་བར་བྱའོ།། རང་ཉིད་སྔོན་པོ་ནག་པོ་ཡིས།། ཉུངས་ཀར་ཁྲག་སྐམ་ནག་པོ་ལ།། ་སྔགས་འདི་བཟླས་ཤིག་སྟོང་མཐུན་དག་ཏུ་ཟློགས།། ཨོཾ་ཙཎྜ་མ་ཧཱ་ཀཱ་ལ་བཛྲ་དྲྀ་གྲི་ནི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ། ནཱ་ཤཱ་ཡ་ནཱ་ཤ་ཡ། སྟམ་བྷ་ཡ་ཧཱུཾ་ཕཊ། མ་ཧཱ་ཀཱ་ལའི་རྒྱུད་ལས། སེར་བ་བསྲང་བའི་ལེའུ་སྟེ་བཅུ་བཞི་པའོ།། ་དེ་ནས་ཀླུ་ལ་བཏང་པ་བཤད་པར་བྱའོ།། ཐོད་པ་མངའ་ཁལ་མེ་བྲལ་བ།། ཚ་བ་གསུམ་ལ་གཟུགས་བྱས་ལ།། མིང་ལ་རུས་སུ་བཅས་པ་ལ་ཐོད་པ་དེ་ཡི་ནང་དུ་བཞུག། དམངས་རིགས་ཀླུ་ལ་སྔགས་འདི་བཟླས་སོ།། ཨོཾ ་མ་ཧཱ་ཀཱ་ལི་ནག་གི་ལ་ཡ་ག་ཡཾ། ནཱ་ག་པ་རུ་སཱ་ཙ་ལེ། སརྦ་ན་སརྦ་ན་ཆད། ནཱ་ག་ལིང་ཅིང་ཏ་བཛྲ་མ་ར་ཡ་ཛ་ཛ། མ་ཧཱ་ཀཱ་ལའི་རྒྱུད་ལས།། ཀླུ་ལ་གཏང་བའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་སྲེའུ ་གསོ་བ་བཤད་པར་བྱ་ཏེ།། རིན་ཆེན་ལྔའི་སྦུ་གུ་ལ།། གསང་བའི་སྔགས་ཀྱི་འཁོར་ལོ་བཞུག། གང་བསྲུང་མིང་དང་སྤེལ་ཏེ་བྲི།། ཀུ་གུལ་བླ་རྩི་ཤུ་དག་ཀྱང་།། འཁོར་ལོ་དེ་ཡི་ནང་དུ་བཞུག། ཚོན་རྩི་ལྔ་ཡི་ཚོན་དང་ནི།། རྩས ་སྣ་ལྔ་ཡིས་ཐང་ཆུས་བྱུག། མགོན་པོ་ནག་པོས་བྱིན་བརླབས་ཏེ།། གང་བསྲུང་མགུལ་དུ་བཏག་ནས་ནི།། དེ་ནི་གནོད་པ་ཐམས་ཅད་བསྲུང་།། ཚེ་ཐག་ཕུར་བུས་བསྲུང་བ་ནི།། བལ་ཚོན་སྣ་ལྔའི་སྐུད་པ་ལ།། ཡང་ནག ་པོ་རང་ལ་བྱས།། སེང་ལྟེང་ཕུལ་བུ་བདུན་དག་ལ།། གསང་བའི་སྔགས་ཀྱི་བཏབ་ནས་ནི།། གང་བསྲུངས་ལུས་ལ་བཏགས་པ་ནི།། དེས་ནི་ཀླུ་ཡི་གནོད་པ་བསྲུང་།། གང་སྲུངས་མ་ལྟས་བར་དུ་ནི།། སྭ་ལྕགས་དཀར་པོ་ཚིགས ་གསུམ་མམ།། བྱ་རྒོད་སྒོ་སྒྲོན་མདའ་དག་ལ།། བལ་ཚོན་རྣམས་ལྔ་གདགས་པར་བྱའོ།། མཚལ་དང་སྤོས་ཀྱི་དུད་པས་བཏང་།། སྔགས་པས་མགོན་པོར་བྱིན་བརླབས་ནས།། གང་སྲུང་སྔས་སུ་བཙུགས་ནས་ནི།། དེ་ནི ་བརྟེན་གྱི་བསྲུང་བ་ཡིན།། མ་ཧཱ་ཀཱ་ལའི་རྒྱུད་ལས།། སྲེའི་གསོ་བའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་ཀླུ་ཡིས་ཟིན་པ་གསོ་བ་བསྟན་ཏེ།། ཕྱག་ཚང་སྐུ་བའི་ནང་དུ་ནི།། ཀླུ་ཡི་ནོར་བརྒྱད་བླུགས ་ནས་ནི།། སྔགས་པས་བྱིན་བརླབས་ཆེར་བྱས་ཏེ།། གང་འདོད་གནས་སུ་བཅུག་པས་ན།། དེ་ནི་གནོད་པར་མི་འགྱུར་རོ།། དག་པས་འདུལ་བའི་ཆོ་ག་ནི།། སེང་ལྡེང་ཕུར་བུ་སོར་བརྒྱད་ལ།། གུ་གུའི་ཚ་བའི་མར་གྱིས་བྱུག། ་གང་གནོད་གནས་སུ་བཏབ་པས་ན།། ཀླུ་ཡི་གནས་ཁང་འཇོམས་པར་བྱེད།། འདི་ནི་ནག་པོ་ཀླུ་ཡི་གཟིར་སྔགས་ཡིན།། ཨོཾ་མཧཱ་ཀཱ་ལ་ན་ག་ཞུང་ཐུན། ཛྭ་ལ་ཛ་ཚིན་དྷ་ཚིན་རྟ་བན་དྷ་བན་དྷ་ཧཱུཾ་ཕཊ། ནཱ་ག་པ་ར་ཡ་ནཱ་གདུང ་དུང་ཛ་ཛ། མ་ཧཱ་ཀཱ་ལའི་རྒྱུད་ལས།། ཀླུས་ཟིན་པ་གསོ་བའི་ལེའུ་སྟེ་བཅུ་བདུན་པའོ།། ། དེ་ནས་ཡང་དག་གཟུངས་གནོད་ཅིང་སྨོན་ལམ་གདབ་པ་བཤད་པར་བྱའོ།། ་ཚེ་རངས་སྔོན་ནས་རྒྱལ་བས་དབང་བསྐུར་ནས།། ཚེ་རབས་རྒྱུད་ནས་བསྟན་པ་བསྲུང་བ་མཛད།། མགོན་པོ་ཐུགས་རྔ་ཅན་ལ་ཕྱག་འཚལ་ལོ།། ན་མོ་ཡོ་གི་ནི། ཏདྱ་ཐཱ། ཧི་ལི་ཧི་ལི། ཀ་ཏི་ཙི་ཏི། ནི་ཏི་ཡེ་སྭཱ་ཧཱ། ་ཚེ་རབས་སྔོན་ནས་ད་ལྕི་ཡན་ཆོད་དུ།། རྒྱལ་བའི་བསྟན་པ་བསྲུང་བར་ཞལ་བཞེས་པས།། ད་རིང་བསྟན་པ་རྒྱས་པར་མཛོད། མཧཱ་ཀཱ་ལའི་རྒྱང་ལས་གཟུངས་གནོད་སྦྱིན་སྨོན་ལམ་གདབ་པའི་ལེའུ་སྟེ་བཅཝོ་བརྒྱད ་པབའོ།། ། དེ་ནས་འཁོར་ལྷ་མ་སྲིན་རྣམས་ཀྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་།། རྡོ་རྗེ་སེམས་དཔའ་ལ་བསྟོད་པ།། རྡོ་རྗེ་སེམས་དཔའ་ཆེ།། རྡོ་རྗེ་ཡེ་ཤེས་ཆེན་པོའི་མཆོར།། ཕྱག་ན ་རྡོ་རྗེ་མཐུ་སྟོབས་བདག། གསང་བའི་བདག་པོ་རྡོ་རྗེ་ཅན།། ཡ་ཚན་རྨད་བྱུང་ཁྱོད་ལ་ཕྱག་འཚལ་བསྟོད།། གྲི་གུག་གི་རྒྱུད་ལས་འཁོར་གྱི་གཙོ་བོ་ལ་བསྟོད་པའི་ལེའུ་སྟེ་བཅུ་དགུ་པའོ།། ། ་དེ་ནས་འཁོར་གྱི་གཙོལ་བསྟོད་པ།། བསྐལ་པ་མེ་ལྟར་འབར་བ་ཡིས།། དུར་ཁྲོད་ཆེན་པོའི་ཀློང་དཀྱིལ་ནས།། གདུག་པར་གྱུར་པ་ཐམས་ཅད་ཀུན།། འདུལ་བྱེད་མགོན་པོ་ནག་པོ་སྟེ།། སྐུ་ནི་མཐིང་ནག་ཆེན ་པོ་ལ།། དཔའ་བོ་སྟག་གི་སྲོག་པ་ཅན།། བདུད་ཀྱི་བར་ནག་སྐུལ་གསོལ།། ཐལ་བའི་མཚན་མས་ལུས་བྱུགས་ལ།། གཡས་ན་གཅོད་པའི་གྲི་གུག་བསྣམས།། གཡོན་པར་བན་དྷའི་ཁྲག་ཆེན་གསོལ། ་ཞལ་ནས་ཁྲག་དང་ཞག་ཀྱང་འཛག། མཆེ་བ་ཟླ་བ་ཚེས་པའི་ཚུལ།། སྤྱན་གསུམ་སྡང་མིག་གློག་ལྟར་འགྱུར།། རལ་པ་ཁམས་ནག་གྱེ་ལ་དུ་བཁྱིལ།། ཁྲོ་གཉེར་བསྡུས་པས་གཟི་བརྗིད་ཅན། ཁ་ན་དྷའི ་ཕྲེང་བས་དོ་ཤལ་བྱས།། གསུས་ཁྱིམ་ཆེ་ཞིང་གསུས་པ་འཕྱང་།། མི་ཐུང་ཁྲོ་གཉེར་དྲག་པོ་ཡིས།། མཆུང་དང་སོ་ལ་ཁྲག་ཀྱང་འཛག། མི་རོ་སྭ་ཡི་སྐུད་པས་བཀྲིས།། བམ་ཆེན་སྟེང་ན་ཙན་དཀྱིལ་གནས། ་ཕྱག་རྒྱ་ཆེན་པོའི་བདག་ཉིད་ཅན།། དམ་པའི་གཙུགས་ལགས་གསྲུང་བ་སྟེ།། ཀེང་རུས་གཙུགས་པའི་སྟེན་བཞུགས།། ལས་སུ་སངས་རྒྱས་བསྟན་པ་བསྲུང་།། ཟས་སུ་ཤ་དང་ཁྲག་ལ་ཟ།། དུར་ཁྲོད་གནོད། ་སྦྱིན་ཀུན་གྱི་གཙོ་བོ་མཛད།། ནག་པོ་འཇིགས་བྱེད་སྐུ་ལ་ཕྱག་འཚལ་ལོ།། དཔའ་བོ་འཁོར་ལོའི་བདག་ལ་ཕྱག་འཚལ་བསྟོད།། ལྷ་དམག་དབུགས་འབྱིན་ཁྱོད་ལ་ཕྱག་འཚལ་ལོ།། ལྷ་དང་ཀླུ་ལ་སོགས་པ ་ཡིས།། དཔལ་ལྡན་མགོན་པོ་ནག་པོ་ལ།། དམ་པའི་བསྟོད་པས་བསྟོད་ནས་ནི།། སོ་སོ་རང་རང་གནས་སུ་དངས།། མགོན་པོ་ནག་པོས་འཁོར་གྱི་ལྷ་སྲིན་སྡེ་བརྒྱད་ལ་བཀའ་སྩལ་པ།། ཨོཾ་དྲི་བ་མ་ལྷག་ཤིན་ཏུ ་དང་།། བདེན་བྲལ་ཆུ་ལྔ་རླུང་གི་ལྷ།། གནོད་སྦྱིན་དབང་ལྡན་ས་བདག་སོགས།། ལྷའི་ཆོ་གས་དང་ཀླུའི་ཚོགས།། སྲིན་པོ་རོ་ལངས་གསོད་བྱེད་མ།། ཀླུ་ཡི་བུ་མོ་ཚོགས་བཅས་དང་།། གནོད་སྦྱིན་བདུད་མོའི ་འབྱུང་པོའི་ཚོགས།། ཤ་དང་ཁྲག་ལ་དགའ་བ་རྣམས།། ཐམས་ཅད་ཀུན་ནས་འདིར་གཤེགས་ཤིག། འབྱུང་པོའི་ཤ་ནི་ཟ་བར་ཞིམ།། འབྱུང་པོའི་ཁྲག་ནི་ལྟུང་བར་ཞིམ།། འབྱུང་པོའི་རུས་པ་ཞིམ་པ་སྟེ། ་གདུགས་པ་ཐམས་ཅད་འདུལ་བའི་ཕྱིར། ལོ་གཅིག་བཐུང་ཅིག་མྱུར་དུ་སྒྲོལ།། མགོན་པོ་མན་སྔགས་བརྩེགས་པའི་རྒྱུད་ལས།། འཁོར་གྱི་གཙོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་པའོ།། ་གསང་བའི་བདག་པོ་རྒྱུད་འདི་འཇིག་རྟེན་གྱི་ཁམས་སུ་གྲགས་པར་སྟོན་ཅིག། རྒྱུད་ནི་རྣལ་འབྱོར་པ་རྣམས་ཀྱི་སྲོག་ཡིན་ནོ།། རྒྱུང་འདི་ནི་ཡུལ་ཏ་ན་ཀོ་ཤའི་གླིང་མཁའ་འགྲོ་མ་མང་པོ་ཆགས་པའི་གནས་སུ་བབ་པར་གྱུར ་ཅིག། ཕྱག་ན་རྡོ་རྗེ་རི་རབ་རིའི་རྩེ་མོ་ནས་འཁོར་ལྷ་སྲིན་སྡེ་བརྒྱད་ལ་བཤད་པའོ།། དེ་ནས་ཀྱང་ཀྱི་སྐུ་མཆོག་ཆེན་པོས་མ་ཧཱ་བོ་དྷིའི་མཆོད་རྟེན་གྱི་རྩ་རམ་བདུན་ལ་བཤད།། དེ་ནས་ལྷ་ཡི་གཙོ་བོ་རྣམས་ཀྱིས་རྡོ་རྗེ་གདན་ཎྜ ་བདུད་བརྒྱང་ལ་བཤང་།། དེ་ནས་རྒྱ་གར་གྱི་ཡུལ་གསེར་མིག་བྱ་མཆུ་ཅན་དུ་སྦས་སོ།། དེ་ནས་རྒྱ་གར་གྱི་སློབ་དཔོན་གྲུབ་པ་ཅན་རྣམས་ཀྱིས་རྙེད་དེ། རིམ་གྱིས་རྒྱུད་པ་ལ་སོགས་སོ།། མགོན་པོ་ནག་པོ་མན་ངག ་བརྩེགས་པའི་རྒྱུད་ལས།། བརྒྱད་པའི་ལེའུ་ཉི་ཤུ་གཅིག་པའོ།། །། སྔོན་གྱི་ལས་དང་ད་ལྟའི་སྐལ་པར་ལྡན།། སྐྱེས་མཆོག་དེ་ལྟ་བུ་དང་རྒྱུད་འདི་འཕྲད་པར་ཤོག། མན་ངག་གྲི་གུག ་བརྩེགས་པའི་རྒྱུད་རྫོགས་སྷོ།། ། བླ་མ་དམ་པ་མི་བསྐྱོད་རྡོ་རྗེ་ལ་གནང་བའོ།། རྗེ་བཙུན་ཤན་ཏེ་བ་ཏྲས་ཞུས་པས། དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་བའོ།། ་