| Wylie | e-texts produced with BDRC’s OCR application |
རྒྱལ་པོའི་བླ་དཔེའོ། གཏེར་རྒྱཿ་སྦས་རྒྱཿགཏང་རྒྱའོ།། བཀྲ་ཤིསཿརྒྱ་གར་སྐད་དུ། ་ཤྲཱི་མནྟཀཱ་ལཱ་གུཿ། མརྠ་ས~ཾདྡྷིམཧཱ་ས་བྷཱ་བ་ནཱ། ཟད་སྐད་དུ། དཔལ་མཚན་གྱིས་གནས་མཆོག་ལྷུན་གྱིས་གྲུབ་པཔང་བླང་མ་ག། བྱང་ཆུབ་སེམས་དབབ་དུས་དང་བཅས་པ། ་ཁྲོ་བོ་རྔམ་པའི་རོལ་པ་དང་། འཇིག་རྟེན་གྱི་དྲེགས་པ་ཙན་ཕོ་མོ་དམོད་པའི་མཚོན་ཆ་ཅན་དང་། ལྷ་དང་མཁའ་འགྲོ་མ་མང་པོ་འདུས་པའི་དབུས་ན། ཆོས་ཉིད་ལས་སྐུ་བཞེངས་ཏེ། དྲེགས་པ་ཅན ་འདུལ་བའི་ཏིང་ངེ་འཛིན་ལ་བཞུགས་ཏེ། དེའི་ཚེ་དེའི་དུས་ན། བཅོམ་ལྡན་འདས་མགོན་པོ་ནག་པོ་ཅེས་བྱ་བ་གསང་བའི་ཡུམ་དང་བཅས་པས། སྤྲུལ་པའི་སྲོག ་གཤེད་དང་། ཕོ་ཉའི་ལས་མཁན་དང་། སྒྲོལ་བའི་ཤན་པ་ཕོ་མོ་དང་བཅས་པཿདེ་ཉིད་དུ་ལྷགས་ཏེ། རང་རྟགས་སྲོག་གི་སྙིང་པོ།། གདུག་པའི་དམོད་པའི་མཚོན་ཆ་རྣམས། རྡོ་རྗེ་གཏུམ་པོ་ལ ་མདོངས་སོལ་དུ་ཕུལ་ལོ།། སྨྲས་པ། ཏདྱ་ཐཱ། ཨོཾ་ཤྲི་མ་ཧཱ་ཀ་ལ་ཏྲི་ཡཾ་ཛ་ཛ། མཱ་ར་ཡ་ཧཱུཾ་ཕཊ། ཏྲ་ག་རཀཱ་རེ་མ་ཏི་སྙིང་ཁ་རཀྵ་ཧཱུཾ་བྷྱོ་ཛ་ཛ། ཏ་ག་རཀཱ་ཧ་ལ་དགྲ་བོ་མཱ་ར་ཡ་ཛ། དགྲ་བོ་མཱ་ར་ཡ་ནར། མཱ ་ར་ཡ་སོང་། ནག་པོ་དགྲ་བོའི་ཤ་རྒྱུད་སྙིང་འདི་ཐོན་ཐོན། བདུད་པོ་དགྲ་བོའི་སྲོག་ལ་ཛ་ཛ། ནག་པོ་དགྲ་བོའི་བླ་ལ་ཛ་ཛ། ནག་པོ་དགྲ་བོའི་སྙིང་ལ་ཛ་ཛ། ནག་པོ་དགྲ་བོའི་ཀླང་པའི་རྩ་ལ་ཛ་ཛ། ནག ་པོ་དགྲ་བོའི་སྙིང་རྒྱུས་དབུགས་ལ་ཛ་ཛ། ནག་པོ་དགྲ་བོའི་རྩ་རྒྱུས་སྲོག་ལ་ཛ་ཛ། ཙ་ཏིཔྟ་ཏ་ཙཀྲ་ནི་ཧཱུཾ། མ་ཏི་པྟ་ཏ། ཙཀྲ་ནི་ཧཱུཾ་བྷྱོ།། མ་མོ་ཆོ་ལས་ལ་འགྲོ།། ཧ་ལ་ཧ་ལ་ཧཱུཾ་ཕཊ། ཨོཾ་ཙཎྜ་ཌ་མ་ཧཱ ་ཀ་ལ་བཛྲ། དམ་ཏྲིན་ནག་པོ་དགྲ་བོ་མ་ར་ཡ་རྦང་། ཅེས་རྒྱུད་ཀྱིས་དམོད་པར་ཕུལ་ལོ།། མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། གླེང་བཞིའི་ལེའུ་སྟེ་དང་པོའོ།། ་དེ་ནས་གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མ་ཧཱ་ཀཱ་ལ་ཁྲོས་པ་ཆེ།། ཀ་ལ་འང་འབར་དྲག་ཤུལ་ཅན།། འཇིགས་བྱེད་ཁྲོས་པའི་གཟི་མདངས་ཅན།། སྒྲོལ ་བྱེད་ཤན་པ་རླུང་གིས་ཤུགས།། རྣལ་འབྱོར་ཀུན་གྱི་མགོན་གྱུར་འདི།། བསྙེན་ཅིང་བསྒྲུབ་པ་ཇི་ལྟར་བསྒྲུབ།། གསད་ཅིང་ལུས་སྲོག་དབྱེ་བ་དང་།། ལྟས་ངན་ཆོ་འཕྲུལ་དབབ་པ་དང་།། དྲག་པོ་ཤུགས་ཀྱིས ་བསྒྲལ་བ་དང་།། ལོ་ཏོག་འཇོམས་པ་ལ་སོགས་པ།། ལས་རིམ་རྫོགས་པ་ཇི་ལྟ་བུ།། ཅེས་གསོལ་པས། རྡོ་རྗེ་གཏུམ་པོས་འདི་སྐད་ཅེས་བཀའ་སྩལ་ཏོ།། མ་ཧཱ་ཀ་ལ་མཐུ་རྩལ་ཅན།། ལེགས་ལྡན ་ནག་པོ་འཇིགས་པའི་སྐུ།། བདུད་འདུལ་རྣམས་ཀྱི་དབང་ཕྱུག་སྟེ།། རྣལ་འབྱོར་ཀུན་གྱི་དགྲ་ལྷ་ཡིན།། རིག་འཛིན་གྱིས་སྲོག་ཤིང་སྟེ།། གསང་བའི་ཡུམ་དང་སྤྲུལ་པར་བཅས།། རི་གསུམ་རྩེ་འདུས ་དབེན་པའི་སར།། ནགས་ཚལ་རྩུབ་མོ་གཅན་གཟན་འགྲིམ།། ཤིན་ཏུ་དབེན་པ་བྱིན་ཆགས་པ།། ཡིད་བོང་གནས་སུ་མཎྜལ་བ་ཤམས།། དྲི་སྤོས་པའི་རྣམ་ལྔ་བྱུག། གྲུ་གསུམ་མཐིང་ནག་ཟླ་ཁམ་ལྡན།། ་ཟླུམ་པོ་ཐོད་པ་བདུན་གྱིས་བསྐོར།། གྲུ་ཆད་སྒོ་བཞི་རྡོ་རྗེས་མཛེས།། དབུས་སུ་གྲུ་གསུམ་སྣོལ་མ་ལ།། འབྲུབ་གནས་བཞི་དང་ལྡན་པར་བྱ།། གཟུ་སྟེང་འོག་འཁོར་ལོ་བ་བར།། ཙིཏྟ་སྲོག་རྩར་དམིགས ་པ་གཞུག། ཁ་སྤྲད་སྐར་ཤད་ཐག་པས་བཅིངས།། སྟེངས་དུ་དགྲ་ག་ཤོས་ནག་པོ་བཞག། ལུག་ནག་ལྤགས་པ་ཙ་ཀ་ལི།། མདའ་ནག་དར་གྱི་ས་བརྒྱན་པ་དགོད།། ཕོ་རྫས་དུག་དང་མོ་རྫས་ཁྲག། ཆོ་གས་པར ་དྲག་པོའི་ཐུན་ཡང་བཅའ།། མོན་ཆེན་མོའི་ཐོད་པ་རུ།། གནག་པའི་སྒྲ་གཟུགས་བཅས་ལ་བཞག། ཟླུམ་པོའི་ཐོད་པ་རེ་རེ་ལ།། ཐོད་པ་བདུན་པོ་དེ་ལ་ནི།། དུག་ཤིང་ཕུར་བུ་རེ་རེ་དགོད།། གྲུ་ཆད་ལ་སེགས ་མཎྜལ་ཏེ།། མཐུན་པའི་དམ་རྫས་འདི་དག་དགྲམ།། ཤ་སཱ་ལྔ་དང་བདུད་རྩི་ལྔ།། དཀར་གསུམ་མངར་གསུམ་མེ་ཏོག་སྦས།། ཆང་དང་ལ་བུག་ལ་དུ་དང་།། ཤིང་ཏོག་རྐུན་འགྲུས ་ཙན་དན་རྣམས།། ཞལ་ཟས་རྣམ་པ་སྣ་ཚོགས་དགྲམ།། མཚན་ལྡན་ཐོང་བ་རཀྟ་དང་།། གཏོར་མ་བཤམས་ལ་དབུལ་བར་བྱ།། ང་ནས་བདག་ཉིད་སྐད་ཅིག་གིས།། ཕྱག་ན་རྡོ་རྗེར་གསལ་བྱས་ནས།། ཐུགས ་ས་དུན་འོད་འཕྲོས་ཏེ།། ཁྲོ་བོ་མང་པོས་གཟིར་བསྐྲང་ནས།། གཞལ་མེད་ཁང་དག་བསམ་དབུས་སུ།། བླ་མ་ཡིད་མ་དཀྱིལ་འཁོར་ཆགས།། བསོད་ནམས་ཚོགས་བསགས་སྟོང་ཉིད་ལས།། ཧཱུཾ་ལས་བདག་ཉིད ་ཁྲོ་བོའི་མདུན།། མ་ཧཱ་ཀ་ལ་འཇིགས་པ་ཆེ།། སྐུ་མདོག་ནག་པོ་མུན་པའི་མདངས།། ཞལ་གཅིག་ཕྱག་ནི་གཉིས་པ་སྟེ།། སྐུ་ལ་མཐར་བེར་བརྩེགས་པ་གསོལ།། ཆིབས་སུ་དཔའ་བོ་སྟ་ག་ལ་བཅིབས།། ཕྱག ་ན་ཙན་དན་བེང་ཆེན་བསྣམས།། ངོམ་དང་དྲེད་ཀྱི་སྣ་བདྲེན་ཅིང་།། ལྕགས་ཀྱི་བྱེ་ཁྲག་ཕྱིན་འབྲེང་།། ཅེ་སྡང་ནག་མོ་ཁྲག་རྗེས་གཅོད།། སྲོག་གཅོད་ཁྲོ་བོ་འཇིགས་པའི་སྐུ།། སྤུ་གྲི་མི་སྙིང་ཐོགས་པ་དང་།། ཏྲི ་ཤུལ་རྒྱལ་མཚན་དུང་འབུང་དང་།། གསོད་བྱེད་མོན་པ་བདུན་དང་བཅས།། སྤྱན་དྲངས་མཆོད་དང་བཟླས་བརྗོད་ཅིང་།། དེ་ནི་མཚན་རྟགས་བྱུང་བ་དང་།། སྒྲ་དང་འདོད་མོན་ནག་པོ་དང་།། བན་དེ་ནག་པོ་སློབ ་དཔོན་དང་།། མི་ནག་ལ་སོགས་བྱུང་བ་དང་།། དངོས་སུ་སྐུ་ཡང་སྟོན་པར་འགྱུར།། དཔལ་མགོན་པོ་གསང་བ་སྙིང་གིས་འཁོར་ལོ་ནག་པོའི་རྒྱུད་ལས། བསྙེན་ཅིང་བསྒྲུབ་པ་སྟེ།། རྟོག་པ་གཉིས་པའོ།། ་དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། གསང་པའི་སྦྱོར་བ་བཤད་པར་བྱ།། བཾ་ཆེན་མོའི་ཐོད་པ་རུ།། རྩ་བ་གསུམ་དང་ལྕི་བ་དང་།། སྒྲ་དང་དྲི་མ་རྐང་རྗེས་དང་།། གྲོག་མཁར་ས་དང་ངར་ཁྲག་གིས།། དབང་པོ་ཚངས་པའི ་འདྲ་བ་བག་བྱ།། གུ་གུ་ལ་རྒྱ་ཚིལ་དུད་པས་བདུག། ཐེད་པ་སྔགས་ཀྱི་འཁོར་ལོ་གཏུམ།། དྲུག་པ་རེ་བས་ཁ་བཅད་ལ།། གསང་པའི་སྔགས་ལ་འཇུག་པར་བྱ།། སྲོད་དང་ཐོ་རངས་དགུངས་གཉིས་ལ།། མངའ ་རེ་ཐུན་རེ་སྔགས་རེ་སྡུག། ལས་རྫོགས་ཕུར་གདང་གྲིས་གཏུབས་ལ།། དར་ནག་གཏུམས་པ་དཀར་ནག་དྲིལ།། མཚན་ན་ཐོད་པར་བཙུགས་ནས་ནི།། ཀ་རྟེན་ལྷའི་ཁང་པ་བམ།། གདུག་པ་གནས་པའི་ས་རུ་མནན། ་ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཏྲི་ཡེ་ཛ་ཛ། དགྲ་བོ་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཆེ་གེ་མོ་ཀཱི་ལ་ཡ། ཀཱི་ལི་ཀཱི་ལ་ཡ། མུ་ཀ་ཀཱི་ལ་ཡ། ཧྲི་ཧྲྀ་དཾ་ཀི་ལ་ཡ། པ་ཏ་ཀཱི་ལ་ཡ། ཨོཾ་ཙཏྟ་མ་ཧཱ་རོ་ཥ་ན་དེ་པྲ་ཏདྱ་ཐཱ། ཆེ་གེ་མོ་མཱ་ར་ཡཱ། ་ཧཱུཾ་ཕཊ། ཕུར་པས་གདབ་དང་མནན་པའི་སྔགས།། རྫོགས་དང་དམོད་པ་དྲག་ཏུ་གདབ།། དཔལ་མགོན་པོ་ནག་པོ་སྙིང་གིས་འཁོར་ལོའི་རྒྱུད་ལས། བསད་པའི་སྦྱོར་བ་བསྟན་པའི་ལེའུ་སྟེ་རྟོག་པ་གསུམ་པའོ།། ་དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། སྤྲུལ་པའི་ངེས་པ་བཤད་པར་བྱ།། གྲི་རྒོད་ཐོད་པ་བཾ་རིལ་དུ།། ཕུང་ས་གསུམ་དང་གཉན་པ་གཉིས།། ནང་དུ་མིང་རུས་སྔགསོ་བྲིས་ལ།། ཁ་མིག་དུག་དང་ཁྲག་གིས་བྱ།། གནས ་ཁང་སྦས་ན་སྒྲ་བབྱིན་འཐབ།། གཞན་ཡང་ཝ་སྤྲེ་བྱི་ལ་སྲམ།། ཤ་ཁྲག་གཟུགས་བྱས་རང་རང་སྔགས།། གཅན་གཟན་གདུག་པ་སྨྲ་འབྱིན་ཅིང་།། གནས་ཁང་འཇིག་དང་གྲོང་ཁྱེར་བསྐོར།། ཁྲ་དང་བུག་པ་སྲིན ་བྱ་དང་།། ཀང་ཀ་ཐི་བྱ་གཞང་ལ་སོགས།། ཤ་ཁྲག་སྦྲུལ་གཟུགས་བྱས་སྦལ།། འདབ་ཆགས་བྱ་ཆེན་ཁུ་འདེབས་དང་།། འཐབ་དང་སྡེར་འཛིངས་གནས་ཁང་འབབས། ་ཉ་སྦྲུལ་གདུབ་པ་ཀླུ་གནས་ས།། ཤ་ཁྲག་བསྲེས་ཏེ་གཟུགས་བྱས་སྦལ།། ས་བདག་ཀླུའི་ཚེ་འཕྲོལ་འབབས།། ངན་སྔགས་ཁྲི་བྲག་སུམ་རྫོགས་ནས།། སྦྱོར་བ་སྨིན་པའི་དུས་ཆེན་ལ།། གྲོང་ཁྱེར་གནས་ལ ་ཆུང་བར་བྱ།། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡི་ཛ་ཛ། ཆེ་གེ་མོ་ཀ་པ་ཏི་ཏྱས། ཧ་ལ་ཧ་ལ་དུ་ལིང་ཧས་ཕོབ། བི་ཤ་ཙེ་རུ་བི། ཝཾ་ཝཾ་དུ་ལིང་ཧས་པོ་ག། ལིང་ལིང་པུ་ར་དུན་ཤཾ་དུན་ལིང་ཧྱས་ཕོག། ན་ག་བྷ་ཧཱུཾ་ན་ག་དུ་ལིང་ཧ་ས་ཕོག ་རྩ་བ་དམིགས་པའི་མིང་དང་པོ།། སྔགས་ཀྱིས་སྦྱོར་བ་བསྡེབས་པས་འགྲུབ།། མགོན་པོ་ནག་པོ་གསང་བ་སྙིང་ཏིག་འཁོར་ལོ་ནག་པོའི་རྒྱུད་ལས། ལྷས་ངན་གྱི་ལེའུ་སྟེ་རྟོག་པ་བཞི་པའོ།། ་དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། ལོ་ཏོག་འཇོམས་པའི་ལས་བཤད་པ།། དྲག་པོ་མི་ཤེས་ཐོད་པ་རུ།། ཡུལ་ལྷ་ཡུལ་མི་སེར་བསྲུངས་མིང་།། ཞིང་ཁང་ས་ལ་ལིང་ག་བྱ།། ཐོད་པར་འབྲུབ་ལ་ཐུན་གྱིས་བསྟིམ།། ་མནོལ་ཁྲག་རྟའི་ཁྲག་དང་ནི།། བ་དམར་ཡུག་སའི་འོ་མ་དང་།། རདུག་སྦྱང་དུག་དྲག་པོའི་ཐུན།། ཉུང་ཀར་ཉུང་ནག་སྐྱེ་ཚེ་རྡེག། དྲག་སྔགས་སྦྱོར་བ་རྫོགས་པ་དང་།། བྱེད་སྦལ་ཕྱེད་བསྲེག་ལྷག་མ་གཏོར། ་ལོ་ཏོག་འབྲས་བུ་བརྡམ་པའི་ཕྱིར།། སྦྱིན་ཐངས་ཁྱབ་པ་རི་ལྟར་སྲུངས།། ཨོཾ་ཤྲཱི་མ་ཧཱ་ཀ་ལ་ཀྲི་ཡཾ་ཛ་ཛ། རཱ་ཧཱུ་ལ་ཡ་མ་སྙིང་དགྲ་བ་པི་བི། དེ་ཝ་ཨ་ཙ་ཡ་ཏྲ་སིན་ག། ཏྲིག་ནན་ཉག་སྦྱར་ཡ་ཛྭ་ལ་ར་ཐིབས ་འདུས། བུར་བུར་བྲྀ་པྲོ་ཧྲི་ལ་ཧྲི་ལ། ཡཾ་ཡཾ་ཤར་ཤར་ན་ལ་ན་ལ། སེར་བ་དྲུག་ཏུ་ཕོག། གཟའ་བདུད་སྲིན་པོ་ལྷ་ཀླུ་བཙན།། རང་གནང་སྔགས་ཀྱིས་གདབ་བསྐུལ་ནས།། འབྲས་བུ་ལོ་ཏོག་འཇོམས་པར་བྱེད།། མགོས ་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས།། སེར་བ་དབབ་པའི་ལེའུ་སྟེ་རྟོག་པ་ལྔ་པའོ།། ། དེ་ནས་རྡོ་རྗེ་གཏུམ་པོ་ཡིས། ཁྱད་པར་དྲག་པོ་བསྒྲལ་བའི་ལས།། འཁོར་ལོ ་ཐུན་བྲབ་ལས་ཀྱི་གཙོ།། ཤིས་ཨ་ར་ལ་བཏང་པ་དང་།། མ་གྲུབ་སྤོགས་པའི་ལས་མཐའ་ནི།། ནལ་མ་བཟློག་པ་ལྟོར་དཀྲུགས་པ།། རྒྱ་ཤོག་རྒྱུ་ལ་འཁོར་ལོ་བྲི།། མུ་ཁྱུད་གསུམ་ལ་བཅུ་བདུན་རྩིབས།། སྡིག་པ ་འམ་སྦྲུལ་གྱི་ཁོངས་སུ་བྲི།། གཅན་གཟན་ཁྲག་དང་སྲི་ཅན་ཁྲག། མི་དང་རྟའི་ཁྲག་ཏུ་སྦྱར། རྒྱུ་རྐྱེན་དྲུག་ལ་ལིངྒ་བྱ།། གྲི་རྒོད་ཐོད་པའི་ནང་དུའོ།། ཉུངས་ཀར་ཉུངས་ནག་སྐེ་ཚེའི་ཁྲག། ཐུན་གྱིས་རྫས་ལ་རབ་ཏུ ་སྔགས།། དྲག་སྔགས་མདའ་དང་བཅས་ཤིང་བརྡེགས།། ཁྲི་གསུམ་སྔགས་ཀྱི་བར་ཆད་སྤངས།། འཁོར་ལོ་རྩང་ཁར་བར་སྣང་ལྡིང་།། བརྒྱ་བརྒྱ་རྫོགས་ནས་སྔགས་ཐུན་བྲག། དགོངས་དང་ཐོ་རངས་སྲོད་དང ་དགུང་།། མོན་པ་དང་བཅས་དྲག་སྔགས་སྤེལ།། རྫོགས་ནས་འཁོར་ལོ་ལིང་ག་ཀུན།། ཤ་ཟ་གིང་ནི་ཙ་འམ་ནི།། ཡང་ན་ལྷ་ཁང་སྙིང་པར་མནན།། དེ་ཡི་བརླག་པར་ཡང་དག་བཤད།། གལ་ཏེ་ལས་ལ ་མེད་ན།། ཟློག་ཅིང་དཀྲུག་པ་རྣལ་བར་བྱ།། ཐོད་པ་མུར་པའི་འོན་ལུང་ངམ།། གདུག་པ་གནས་པའི་ས་རུ་མནན།། དེ་ཡིས་ལས་ཀུན་འགྲུབ་པར་འགྱུར།། ཡ་བག་ཤ་ཡ་ཡིན་པས་ན།། ཀུན་ལ་བྱ་བར ་མ་གསུངས་སོ།། ཨོཾ་ཤྲི་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛ་ཛ།། དགྲ་བོ་མ་ར་ཡ་ཛ་ཛ། དགྲ་བོའི་སྲོག་ལ་ཕྱོགས། ཙིཏྟ་ཁྲོས། ཀྱ་ཐིབས་ཧཱུཾ་ལིང་མཱ་ར་ཡ་རྦང་། དགྲ་བོ་མ་ར་ཡ་ཧཱུཾ་ལིང་ཡ་ལིང་། རཀྵ ་ཐབས་ནིཏྟ་ཁོས་སྲོག་ལ་ཕྱོགས་རྦང་། དགྲ་བ་མཱ་ར་ཡ་སྲོག་ལ་ཕྱོགས། ཧཱུཾ་ལིང་ལཾ་ལིང་རཀྟ་ཐབས་རྦང་། ངན་སྔགས་སྡེ་བརྒྱུན་གཅོད་དེ།། ཁྱད་པར་མཆོག་གི་ལས་སུ་བཤད་།། མགོན་པོ་གསང་བ་སྙིང་གི་འཁོ ་ལོ་ནག་པོའི་རྒྱུད་ལས། ཁྱད་པར་གསང་བའི་གནས་བསྟན་པ་སྟེ་རྟག་དྲུག་པའོ།། ། དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། རྡོ་རྗེ་དྲག་པོ་འཇིགས་ཆེ།། མགོན་པོ་ནག་པོར་མཚན་གསོལ་པ། ་ལས་ལ་འཕྲིན་ལས་འདི་ཡིས་བསྐུར།། ཧཱུཾ་ཆེ་བཙན་དབེན་མེད་མགན་པོ་ནག་པོ་ནི།། སྐུ་ལ་དར་ནག་འཇོལ་བེར་གསོལ།། དབུ་ལ་སྦྲུལ་གྱིས་རལ་པ་ཅན།། མིའི་ཐོང་པ་དབུ་ལ་བརྒྱན།། སྡང་མིག་དམར་ལ ་མཆེ་བ་བཙིགས།། སྟག་གིས་སླར་མེ་ལྟར་འབར།། སྙན་ཆ་མགུར་ཆུ་མི་མཐོང་དམར།། གསེར་ཀ་རིན་ཆེན་སྐུའི་རྒྱན།། ཞབས་ལ་ལྷག་ཏི་ལྷ་པོ་ཅེ།། ཆི་བས་སུ་དཔའ་བོ་སྟག་ལ་བཅིབས།། རོལ་དུ་སེང་གེ ་དཀར་མཆིབས།། ཕྱག་ན་ཙན་དན་བེང་ཆེན་བསྣམས།། གསོར་ཞིང་ཀྱང་པའི་རྒྱས་སུ་འདེབས།། གཡོན་ན་པར་བུ་ཁྲག་གང་བསྡམས།། སྒྲུབ་པ་པོ་དངོས་གྲུབ་སྟེར།། སོད་ཅིག་རྒྱུ་གཅིག་ཁོང་སྙིང་བྱུང་ཅིག ་ལྷ་ཆན་མགོན་པོ་ནག་པོ་ཁྱོད།། ང་ལ་སྡང་བའི་དགྲ་བོ་འདི།། མྱུར་དུ་སོང་ལ་རྣམ་པར་རྒྱག།། སྦྱོར་རུ་ཆུག་ལ་འདོག་ཏུ་ཆུག། ལྷ་ཆན་མགོན་པོ་ནག་པོ་དང་།། ལྷ་མོ་ནག་མོ་གཉིས་སུ་མང་།། ལཱ་མོ་ནག་མ་གཤེགས ་སུ་གསལ།། ལྷ་མོ་ནག་མོ་ཆེན་མོ་སྟེ།། སྐུ་མདོག་དམར་ལ་རལ་པ་ཅན།། གཡས་ན་བདུད་ཀྱིས་ཁྲི་ཤིང་བསྣམས།། དམ་ཉམས་དགྲ་བོ་ཁྲི་ལ་ཐོག། གཡོན་ན་ནད་ཀྱི་རྒྱལ་པ་ཐོགས།། དགྲ་བོའི་ཡུལ་ནི་ནད་ཀྱིས ་བགེངས།། ཆིབས་སུ་དྲེའུ་རྟ་རྐང་གསུམ་བཅིབས།། དྲ་བ་དགུའི་ཧེ་ལུ་བསྐལ།། ཁྱོད་ཀྱི་ཐུགས་ངམ་དུས་ལ་བབ། སྐུའི་སྤྲུལ་པ་ལས་མཁན་ནི།། མོན་པ་ནག་པོ་གཏུམ་བག་ཅན།། སྐུ་མདོག་ནག་པོ་མུན་པའི ་མདངས།། ཏྲི་ཤུ་ལའི་རྩེ་མོ་ལ།། མི་རོ་དམར་པོའི་རྒྱལ་མཚན་འཕྱར།། དར་ནག་རུ་མཚོན་ཆེན་པོ་ཡིས།། ལྷ་སྲིན་སྡེ་བརྒྱད་དམག་དཔུང་སྡུད།། མགོན་པོ་ནག་པོ་ལས་ལ་བྷྱོ།། གསུང་གི་སྤྲུལ་པའི་ལས་མཁན་ནི། ་མོན་པ་ནག་མོ་འཇིགས་པའི་སྐུ།། སྐུ་མདོག་དམར་པོ་འཇིག་པ་ལ།། མ་ཧེ་འི་ར་དུང་ཆེན་པོ་ཡིས།། སྣང་སྲིད་ལྷ་འདྲེ་སྒྲ་ཡིས་འབོད།། གཏུམ་ཆེན་ནག་པོ་ལས་ལ་བྷྱོ།། ཐུགས་ཀྱི་སྤྲུལ་པའི་ལས་མཁན་ནི།། ལྕགས ་ཀྱི་མོན་པ་གསོད་བྱེད་དེ།། སྐུ་མདོག་སྡེ་ནག་རྔམ་པའི་ཞལ།། ལག་ན་སྤུ་གྲི་ཙིཏྟ་བསྣམས།། སྤུ་གྲིས་དགྲ་བོའི་ཁང་བཤགས་ནས།། ཙིཏྟ་བྱུང་ནས་གཙོ་ལ་སྟོག། བདུད་ཀྱི་མོན་པ་ནག་པོ་བདུན།། བདུད་དམག ་འབུམ་གྱི་སྣ་དངས་ནས།། ཉམས་པའི་དགྲ་ཡུལ་དམག་གིས་འགེངས།། ལྷོ་ཕྱོགས་གཤིན་རྗེ་ཆེན་པོ་བརྒྱད་།། ཁྱོད་ཀྱི་འཁོར་དང་གཡོག་ཡིན་པས།། གཅན་གཟན་མང་པོ་བེ་ཝར་བགྱེད།། བྱང་ཕྱོགས་གན ་སྦྱིན་ཆེན་པོ་བརྒྱད།། ལྕགས་ཀྱི་བྱ་ཁྲ་འཇིགས་པར་སྤྲུལ།། ཉམས་པའི་ཤ་དང་རུས་པ་འབྲེལ།། དུར་ཁྲོད་གནས་ཀྱི་མ་མོ་བརྒྱད་།། བྷྱོ་དང་ཛའི་སྒྲ་སྒྲོགས་ཤིང་།། ཉམས་པའི་དགྲ་ལ་ཟོར་ཐུན་འབེབས། ་ལྷ་ཆེན་མགོན་པོ་ནག་པོ་སྟེ།། མ་ཧཱ་ཀ་ལ་མཐུ་རྩལ་ཅན།། བསྟན་པ་འཇིགས་པའི་དགྲ་བོ་བདི།། དཀོན་མཆོག་གསུམ་གྱི་སྐུ་དགྲ་ཡིན།། རྣལ་འབྱོར་ཡོངས་ཀྱི་སྤྱི་དགྲ་ཡིན། ་སྔགས་འཆང་བདག་ལ་བསྐང་བཅུབས་སོ།། བསྲུང་མ་ཁྱེད་ལ་ཕོད་བཙུགས་སོ།། ཅེས་དྲག་ཏུ་བསྐུལ་བར་བྱའོ།། དེ་ནས་ཡང་དག་དེས་གསུངས་པ།། གསང་བ་མཆོག་གི་བསྒྲུབ་པ་སྟེ།། ཆོས་སྐྱོང ་མགོན་པོ་དཔལ་མགོན་མཆོག། ཨོཾ་ནི་ཡེ་ཤེས་ལྔའི་མཆོག། རྡོ་རྗེ་འཛིན་པའི་ངོ་བོ་ཉིད།། ཤྲཱི་ནི་བདག་ཅག་ཡོངས་ཀྱི་དཔལ།། མགོན་གྱུར་དཔལ་འབར་ཆེན་པོ་ཉིད།། མ་ཧཱ་ཆེ་ཅན་དཔེ་མེད་སྟེ།། ་ཀཱ་ལ་འོད་འབར་དྲག་ཤུལ་ཅན།། ཏྲི་ཞེས་སྒྲོལ་གིང་ཤན་པ་བསྐུལ།། ཡཾ་ནི་དྲག་པོ་རླུང་གི་ཤུགས།། ཛཿཉིད་འགགས་པའི་ལྕགས་ཀྱུ་ཡིན།། དམིགས་པ་གང་ཡིན་འགུགས་པ་སྟེ།། གསང་བ ་མཆོག་གི་བདག་པོ་ལ།། ཁམས་གསུམ་མཐུ་ཆེན་བདག་པོ་སྟེ།། མ་ཧཱ་ཀཱ་ལ་ཁྱོད་ལ་འདུད།། གང་དག་གསང་བའི་སྙིང་པོ་ལ།། མོས་སམ་ཡིད་ལ་མཆོག་དག། ཁམས་གསུམ་དབང་དུ ་བསྡད་པ་དང་།། སྲིད་གསུམ་ཟིལ་གྱིས་མནན་པ་དང་།། མེ་དང་རྒྱལ་པོ་ཆུ་དང་དྲུག། མ་རུངས་གཅན་ཟན་ལ་སོགས་པ།། འཇིགས་པ་རྣམས་ལས་ཡོངས་སུ་ཐར།། ཚེ་དང་དབང་ཐང་ལས ་སོགས་པ།། ལོངས་སྤྱོད་འཕེལ་ཞིང་དབུལ་བ་སེལ།། དཔག་བསམ་ལྗོན་ཤིང་རྒྱས་པ་དང་།། ནང་དང་སྡུག་བསྔལ་རབ་ཞི་ནས།། འཇིག་རྟེན་མི་ནུབ་རྒྱལ་མཚན་དུ།། གྲགས་པ་ཆེན ་པོ་བླ་མེད་འགྱུར།། མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། མགོན་པོ་ལ་འཕྲིན་ལས་བཅོལ་བ་དང་།། བསྟོད་པ་དང་ཡོན་ཏན་བསྟན་པའི་ལེའུ་སྟེ། རྟོག་པ་བདུན་པའོ།། ་མགོན་པོ་མདོ་རྒྱུད་གསང་བ།། དངོས་གྲུབ་འབྱུང་བ་ཞེས་བྱ་བ་བོད་ཀྱི་བནྡེ་ཁྲི་བཙུན་རྡོ་རྗེ་ལ་གཏད་བའོ།། ས་མ་ཡ་རྒྱ་རྒྱ་རྒྱཿཀཱ་ཐག་ཀྱ། རྒྱ་རྒྱ་རྒྱ། རྫོགས་སྷོ།། ་དེ་ནས་གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས་ཀྱི་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མ་ཧཱ་ཀཱ་ལ་ཁྲོས་པ་ཆེ།། རྣལ་འབྱོར་ཀུན་གྱི་མགོན་གྱུར་པ།། ཉིད་ཀྱི་བསྒྲུབ་པ་དེ་ལྟར་ན།། སྤྲུལ་པ་སྲོག ་གཤེད་ལས་མཁན་སྟེ།། སྒྲོལ་བྱེད་ཤན་པའི་ལས་ཁ་གང་།། རྡོ་རྗེ་གཏུམ་པོས་བཀའ་སྩལ་པ།། མ་ཧཱ་ཀཱ་ལ་འོད་འབར་བ།། རྣལ་འབྱོར་ཀུན་གྱི་དགྲ་ལྷ་ཡིན།། དེ་འོ་ལས་མཁན་མོན་པ་དང་།། ་ལས་ཀྱི་མ་བདུན་ཕོ་ཉ་མངག། ལས་ཀྱི་མཐའ་རུ་བཞག་པ་ཡིན།། ལྕགས་ཀྱི་མོན་པ་ཁྲག་འཐུང་ནི།། ནག་མོ་སྤྱི་རིམ་སོལ་དུ་མ་འདྲ།། རི་ནག་བྲག་ནག་ལོགས་ལ་མངག། ར་རོག་རྟ་རོག་མོན་ནག་ཏྲག ་གཡག་རྒོད་བྲག་ནག་ས་ལ་སྦྱར།། གྲུ་གསུམ་མཐིང་ནག་ཁྱི་ནག་མགོ། ཡང་ན་མོན་ནག་རབས་ཆད་དོ།། ཨ་མུ་ཀའི་གཟུགས་དང་བཅས།། དར་ནག་གུར་དབུ་བ་ཐུན་གྱིས་བསད།། གདུག་པའི་དྲགས ་སྔགས་འདི་དག་བཟླས།། དུན་རུ་དྲག་རུ་ཐུམ་བྷ་ཏེ་སྲོག་བྲེང་དུན་ཧྲི་ཛ།། བདུད་པོ་དགྲ་བོའི་སྲོག་ལ་ཛཿོཾ་སྭེ་དེར་ཕྲུཾ་ཕྲུཾ་པ་མ་ག་རེ་ཁ་ས་ཧ་ཧེ། ཛ་པད་ནེ་པད་ནེ་དགྲ་བོའི་སྲོག་ཙ་ལེ་མ་ར་ཙ་ལ་མ་ར་ཙ་ཧཱུཾ་ཛ་ཧཱུཾ་ཛ། ་མཱ་ར་ཡ་ཟང་། བོར་རྡེག་བུར་གང་བ་ཀྲིས་གཏུངས་ལ།། མུན་པའི་གླིང་དུ་མནན་པར་བྱ།། མགན་པོ་གསང་བ་སྙིང་གི་འཁར་ལོའི་རྒྱུད་ལས།། ལྕགས་ཀྱི་མོན་པ་སྒྱི་རངས ་མངག་པ་ལས་ཕྱི་མའི་རྟོག་པ་བརྒྱད་པའོ།། ། དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། སྲོག་གཅོད་མོན་པའི་སྙིང་འབྱིན་ཏེ།། དཀར་པོ་ཕྱ་སངས་མངག་པར་བྱ།། དར་ཀར་རས་སམ་རྒྱ་ཤོག་ལ། ་ལྔ་ཁང་རླུང་པ་ཀ་རྟེན་ནས།། ཅོང་ཞི་ཧ་ཤིག་རྒྱ་ཆ་དང་།། ར་དཀར་རྟ་དང་བྱ་དཀར་ཁྲག། བསྲེས་ཏེ་ལྟེ་བར་འཁོར་ལོ་བཅའ།། འབྲུག་གནས་ཡ་ཏིང་གའུ་བཅའ།། དར་དཀར་གུར་ཕུ་བདྲེགས་སྔགས་བཟླས། ་རྫས་དང་འཁོར་ལོ་གའུ་བཅས།། ལྷའི་ཁང་པར་གནས་པར་བྱ།། སྐྱོ་འབོག་ནད་ཀྱི་ངེས་པར་ན།། མྱུར་དུ་བརླག་པར་ངེས་བཤད་དོ།། ར་ཙ་པ་ལ་ཨ་ཤུག་མེར་སྲོག་ལ་ཧྲྀ་ཧྲིཾ།། ཨུད་མ་ཏ་བྱ་སངས་ལ་ཤཾ ་ཤཾ་ཙཏྟ་ཧ་ལ་ཡཾ་ཏི་པར་རྦད།། ཁྲི་གསུམ་སྔགས་ལ་རབ་ཆད་སྤང་།། མགོན་པོ་གསང་བའི་སྙིང་གི་འཁོར་ལོའི་རྒྱུད་ལས།། དུང་གི་མོན་པ་སྲོག་གཅོད་མངག་པའི་ལེའུ་ལས། ཕྱི་མིའི་རྟོག་པ་དེ་དགུ་པའོ།། ་དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། མོན་མོ་ལྕགས་ཀྱུ་མངག་པ་སྟེ།། རྡོ་རྗེ་སྡེར་ཆེན་གཏུམ་མོ་ཁྲོས།། མངག་པའི་ཕོ་ཉ་ལས་མཁན་མོ།། དུར་ཁྲོད་གནས་སུ་བསྒྲུབ་པར་བྱ།། རྨོ་ཤ་འབྲུ་ནག་དུག་གཏོར་རྟེན ་ལས་ཀྱི་ཐོད་པ་མཚན་ངན་དུ།། ཨ་མུ་ཀའི་གཟུགས་དང་བཅས།། དམ་ཁྲག་དུག་སྣ་སྙན་མཚོའི་ཆུ།། བསྔགས་ཏེ་ཐུན་གྱིས་ཡང་ཡང་བསྟན།། ལས་རྫོགས་ལིང་ཀ་སྐུ་བས་དྲིལ།། མ་མེའི་གཟུགས་ཀྱི་ཞབས ་འོག་གཞུག། ཀླུ་མོ་ནག་མོ་གནས་སར་མནན་མ་མ་ཏྲག་རགྲ་ནག་མོ་ཏིང་ལམ་བྷྱོ།། ནག་མོ་དུན་སྙིང་ལས་ལ་བྷྱོ།། མུན་རགཱ་ཙ་མུན་ཁ་ལ་བྷྱོ།། ཁྲག་ཐུན་ཁོལ་མ་མཚན་རྟགས་ཡིན།། རླངས་དང་མདོག་འགྱུར ་རྟགས་ཡིན་པས།། དགྲ་ལ་ཟོར་བ་ཕང་གནག་པ་བྱ།། མགོན་པོ་གསང་བ་སྙིང་གི་འཁོར་ལོའི་ནག་པོའི་རྒྱུད་ལས།། ཁྲག་འབཐུང་མོན་མ་ལས་ལ་མངག་པའི་ལེའུ་སྟེ་ལས་ཀྱི་ཕྱི་མའི་རྟོག་པ་བཅུ་པའོ།། ་དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། གདུག་པ་མོན་པ་གཟུར་འབེབས་ཀྱིས།། དྲགས་སྔགས་དམ་པ་བཤད་བྱ་བ།། ག་ཉན་ར་གདུག་པའི་དབེན་གནས་སུ།། དེ་ཡི་ས་ལ་མཎྜ་ལ་བྱ།། དྲེ་སྤོས་སྨན་གྱིས་ཆག་ཆག་གདབ།། ་གཞན་ར་དགུའི་ཤིང་སྣ་ལ། ཁོ་དར་བྱས་ཏེ་རྟེན་དུ་གཟུགས།། སྦལ་པའི་ལྟོ་བར་འཁོར་ལོ་བྲི།། སྦལ་ནག་ཁྲག་དང་ཉ་སྦྲུལ་ནི།། བ་དམར་རཀྟ་མཛེ་ཁྲག་ལ།། ཐུན་དང་འཁོར་ལོ་བྲི་བར་བྱ།། དཀར་ག ་ཀླུ་སྨན་སྣ་ཚོགས་བསགས།། གདུག་པ་ཀླུའི་གཟུགས་བྱས་ལ།། གདུག་པ་གནས་སར་དེའི་མནན།། དེའི་གསང་སྔགས་འདི་དག་གོ།། ནཱ་ག་དུ་རུ་ཧ་ན་ག་དུ་ལ་ཧེ་འདུས་ས་མ་ཡ་དགྲ་བོའི་རྩ་ལ་ཧ་ལ་རོག ་ནན།། ཛྭ་ལ་ནི་ཛ་མ་ནི་ཤུ་ཁྲམ་མྱགས་ཐིབས་རྦང་།། ཞག་གྲངས་གསུམ་རྫོགས་འཁོར་ལོ་གནན།། ཁ་སོ་ཟོར་ཁ་དགྲ་ལ་བསྟན།། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། ་དུང་གི་མོན་པ་སྦྲུལ་ནག་ཅན་གྱི་ལེའུ། ལས་ཕྱི་མའི་རྟོག་པ་སྟེ་བཅུ་གཅིག་པའོ།། །། དེ་ནས་རྡོ་རྗེ་གཏུམ་པ་ཡིས།། བསེའི་མོན་པ་མངག་པའི་ལས།། བྲག་དམར་ལོགས་ལ ་ཕྱིན་ནས་ཀྱང་།། མདའ་དམར་བ་ཤོས་དམར་ཤ་ཁྲག་རྟེན།། གོང་གསུམས་དམར་རཀྟ་ཡིས།། གའུ་བཅས་ཏེ་ཨེ་ཏིང་བཞག། དེ་ནས་འགལ་བའི་གཟུགས་བྱས་ལ།། ཞག ་དགུར་སྔགས་བརྡེག་གོང་གསུམ་མནན།། ཤུ་ལ་རཱ་ཙ་ཏྲི་ཤཾ་ཛ་ཡཾ། ས་མ་ཡ། ཨ་བྷི་ཤུ་ར་རཀྵ་ཚ་ལ་པ་ཨ་ནཱི་ཏྲི་མ་ར་ཡ་ཨངྐུ་ཛ་ཛ། ཨ་བྷི་ཤུ་ས་མ་ཡ་ར་ཙ་བེ་ནི་མ་ཎི་ཏྲ་ཤཾ་རྦད་ཛ་ས་ན་ཧ། ར་ཙཏྟ་བྷ་སྨིཾ་ཀུ་རུ་ཛཱ་ཛ། ཆེ་གེ ་མོ་སྲེག་ལ་བྲེང་བྲེང་། ཐུགས་བྷྱོ།། ཛ་ཛ་རྦང་ཡ། ཅེས་གསུངས་སོ།། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། བསེའི་མགོན་པོ་དྲེགས་པའི་ལེའུ་སྟེ། ལས་ཕྱི་མའི་རྟོག་པ་བཅུ་གཉིས ་པའོ།། ། དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། སྐྱེས་བུ་གིང་ཆེན་མངག་པའི་ལས།། རཱ་ཙ་དཔུང་གསུམ་ཤ་ཁྲག་ལ།། ལ་བཅས་ཕོ་བྲང་ལོང་རྡོས་སྒྲུབ།། ཁུ་གང་གི་ནི་གཟུགས་བྱས་ལ།། དར་མནའ ་ཟ་འོག་བ་ཤོས་བུ་རྟེན།། སྲོག་སྙིང་རྗེགས་དང་དགྲ་བོའི་གནས།། དེ་ཉིད་མཐོང་མ་ཕྱོགས་ཀྱི་རིགས།། ཁ་བསྟན་སྤྲུལ་པ་དཔག་མེད་དབབ།། ལས་མཐའ་སྲོག་ལ་ཤན་པ་དགྱེས།། དེའི་གསང་སྔགས་འདི་དག་གོ།། བཛྲ ་ཏྲི་སདྷྱ་ཥ་ཐུམ་ཏྲི་ཛཛ། རུ་པའི་སརྦ་བུ་ཡཾ་ཀ་བ་ལ~ཾ་ཏྲི་རྒྱལ་ཧ་ལ་ཧ་ལ་ཧ་ལ་དུ་ལིང་ནས་ཕོ་བ་ཡ། ཅེས་གསུངས་སོ།། དཔལ་མགོན་པོ་ནག་པོ་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས། མོན་པ་གཏུམ་བག་ཅན་ལ་མ ་པོའི་ལེའུ་སྟེ། ལས་ཕྱི་མའི་རྟོག་པ་བཅུ་གསུམ་པའོ།། ། དེ་ནས་རྡོ་རྗེ་གཏུམ་པོ་ཡིས།། ལས་ཀྱི་མ་བདུན་མངག་པ་ཐུན་གྱིས་སྦྱོར་བ་བཤད།། རབས་ཆང་ཐོད་པ་དྲི་མ་སྤངས།། ནང་དུ་ཁྲག་ད ་དུག་ཆུས་དགང་།། གྲུ་གསུམ་སྦག་མའི་ནང་རོལ་དུ།། སྟེང་ནས་ཨ་མུ་ཀའི་གཟུགས།། ཁྲག་ལ་དུང་གི་ཐུན་རྡེག་པ།། ཉུངས་ཀར་ཉུངས་ནག་སྐྱེ་ཆེས་རྡེག། ལིང་ག་ཐུན་བྲབ་མནན་པ་བྱ།། ཁྲག་ཟོར་དགྲའི་གནས ་ལ་འཕངས།། དེའི་དྲག་སྔགས་འདི་དག་གོ། ཏྲག་རགྲ་ཧ་ལ་དགྲ་བོ་མཱ་ར་ཡ་ཛ། ཙ་ཐུན་མཱ་ར་ཡ་སོད། ཤ་ཐུན་སོང་མཱ་ར་ཡ་ཐུན་སོང། རུ་རུ་ནག་མོ་མ་ར་ཡ་ཐུན་སོང་།། མ་མ་མུ་ཀྟི་བགྲི་ན་ཐུན་སོང་།། མ་མ་ཀ ་ཐུནྱ་ཐུན་སོང་།། མ་མརྦང་ཐུན་མཱ་ར་ཡ་ཐུན་སོང་།། ཤག་ཤག་རག་མོ་ཐུན་མུགས་མ་ར་ཡ་ཐུན་སོང་། མགོན་པོ་གསང་བ་སྙིང་གི་འཁོར་ལོ་ནག་པོའི་རྒྱུད་ལས། བཙན་གྱི་མ་བདུན་ཐུན་གྱིས་བསད་པ་སྟེ། ་ལས་ཕྱི་མའི་རྟོག་པ་སྟེ་བཅུ་བཞི་པའོ།། ། དེ་ནས་གནོད་སྦྱིན་ཆེན་པོ་རྣམ་ཐོས་སྲས་ཀྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མགོན་པོ་ནག་པོ་ཞེས་བྱ་བ།། མཚན་དོན་ངོང ་གང་ལ་བྱ།། བསྒྲུབ་པའི་ཚུལ་ནི་ཇི་ལྟ་བུ།། ལས་ཀྱི་བྱེ་བྲག་བསྟན་པ་གང་།། རྫོགས་པར་འཁོར་ལ་བཤད་པར་མཛོད།། རྡོ་རྗེ་གཏུམ་པོས་ཡང་གསུངས་པ།། མགོན་པོ་ནག་པ་ཞེས་བྱ་བ།། རྣལ་འབྱོར ་ཀུན་གྱིས་མགོན་གྱུར་ཡིན།། ངོ་བོ་ཡེ་ཤེས་སྤྲུལ་པ་ལས།། ཡེ་ཤེས་སྐུ་སྟེ་རྡོ་རྗེ་ཆེན།། དེ་ནས་སྤྲུལ་པ་དཔལ་འབར་བ།། དམ་ཆོས་བསྲུང་བའི་བསྲུང་མ་སྟེ།། རྡོ་རྗེ་སྙིང་པོས་ལུང་བསྟན་ནས།། བསྟན་འདི་ལ ་མངོན་སངས་རྒྱས།། ལས་ཀྱི་ཕོ་ཉ་མངག་པས་ཏེ།། བདུད་རྒྱལ་ལ་སོགས་འཁོགས་པའི་འཁོར།། ལས་ཀྱི་མགོན་པོ་ཞེས་སུ་བཤད།། བསྒྲུབ་པ་རྣལ་འབྱོར་དབང་ཕྱུག་གིས།། བསྟན་པའི་བློ་སྲིན་ཉར་གཞག་སྟེ། ་དགན་མཆོག་བླམའི་དོན་དུ་བསྒྲུག། ཆ་བའི་སྔགས་པ་ནན་ནགྷ།། དེ་རྫོགས་གཟུལས་ལ་སྦྱར།། དེ་དགས་སྔོན་དབང་བ་ཡིས།། གལ་དྷ་ལས་མགོ་དམ་ཚིག་བཤགས ་ལས་མཐའ་འཁོར་ལོ་དྲག་པ་བྱ།། ཀློག་དའཁྲུག་པ་དྲད་མེད་ཕྲེང་།། དཔའ་བ་གཅིག་པ་བསྒྲུབ་པ་ནི།། སྤུ་གྲི་སྙིང་གིས་འཁོར་ལོ་ཡིན།། གའུ་འཁོར་ལོར་བསྒྲུབ་པ་ནི།། ནག་པ་སྙིང་པོ་ཆོས་ཅན་ནས།། གཟུགས ་བ་ཨེ་རུ་གསང་།། ལས་ཀྱི་མོན་གསུམ་ལྷོ་སྡེབས་པས།། གསང་བ་སྙིང་གཅིག་བསྒྲུབ་པ་ཡིན།། ལས་ཀ་གང་བྱེད་དྲེགས་པའི་སྔགས།། མགོན་པོ་རྩ་སྔགས་དེ་ལ་གདགས།། མཐའ་རུ་ལས་སྦྱོར་གང ་ཡིན་བྱ།། ལེ་གསང་རྨད་བྱུང་གསང་བའི་རྒྱུད།། དམ་ཚིག་ལྡན་ཞིང་རྟབ་རྟོགས།། དབང་ཐོབ་རྒྱུ་ཏུ་བླ་མ་འཁུར།། དེ་ལ་ནུས་པ་དཔག་མེད་ན།། རྡོ་རྗེ་སྙིང་པོས་དེས་གསུངས་སོ།། ཅེས་རྡོ་རྗེ་ནིང ་བོས་གསང་བའི་བདག་པོ་ལ་གསུངས་ཏེ།། འདུས་པའི་འཁོར་ཐམས་ཅད་རྗེས་སུ་ཡི་རང་ཏེ།། མངོན་པར་བསྟོད་དོ།། མགོན་པོ་ནག་པོ་གསང་པ་སྙིང་པོ་འཁོར་ལ་ལས་འཁོར་ལ་གདམས་པའི་ལེའུ་ས ་བཅོ་ལྔ་པའོ།། ། དངོས་གྲུབ་ཆེན་པོ་འབྱུང་བ་ཞེས་བྱ་བའི་རྒྱུད་རྫོགས་སོ།། །། ས་མ་ཡ། ན་ར་ཀན། ལོ་ཙཱ་བ་གནུབས། སངས་རྒྱས་ཡེ་ཤེས་ཀྱི་བསྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པའོ། ་སརྦ་མངྒ་ལཾ།། ། མན་ངག་བརྩེགས་པ་གྲི་གུག་གི་རྒྱུད་བཞུགས། ་