CLOSE WINDOW

Gkk1.2: las kyi mkha' 'gro ma de kho na nyid gsum du 'dus pa zhes bya ba'i rtsibs kyi rgyud chen po
Wyliee-texts produced with BDRC’s OCR application

ལེའུ་དགུ་བཅུ་གོ་གཉིས། འཕྱོང་གི་ལེའུ་གཉིས་ཏེ་བསྡོམས་པས་བརྒྱ་བཞི་བཅུ་ཞེ་གཅིག་པ་རྫོགས་སྷོ།། རྒྱ་གར་སྐད་དུ། ཀརྨ་ཌཱ་ཀི་ཏྲན ་ཛིན་ཏྲིས་ཛེ་མ་ཧཱ་ཧནྟཱ་ན་མ། བོད་སྐད་དུ། ལས་ཀྱི་མཁའ་གྲོ་མ་དེ་ཁོ་ན་ཉིད་གསུམ་དུ་འཇུས་པ་ཞེས་བྱ་བའི་རྩིབས་ཀྱི་རྒྱུད་ཆེན་པོ།། བཅོམ་ལྡན་འདས་ངག་གི་དཔལ་ལ་ཕྱག་འཚལ་མོ།། འདི་སྐད་འདག་ན ་ཐོས་པ་དུས་གཅིག་ན། རི་རབ་ཀྱི་རྩེ་མོ་བྱང་ཤར་གྱི་མཚམས་ཤིང་ཡོངས་འདྲའི་ཚལ་ཆེན་པོ་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་བཅོམ་ལྡན་འདས་ཕྱག་རྡོ་རྗེ་ལ་འཁོར་སྒྲ་མ་སིན་སྡེ ་བརྒྱད་ལ་སོགས་པ། མཁའ་གྲོ་མའི་ཚོགས་བྱེ་བ་དུང་འཕྱར་གྱིས་བསྐོར་ཏེ་བཞུགས་སོ།། དེའི་ཚེ་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་འཁོར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་མཆོད་པ་ཕུལ་ནས་ཀརྨ་ཌཱ་ཀི་ནི་འདི་སྐད་ཞུབ ་སོ།། སྟོབས་ཆེན་དྲག་པོ་འཇོམས་མཛད་རྡོ་རྗེ་ཅན།། བཅུས་ཀྱིས་བསྡུས་པའི་འགྲོ་བ་བདག་ལ་སོགས།། བསྟན་པ་འདི་ལ་ཇི་ལྟར་སྨིན་པར་བགྱི།། ཡེ་ཤེས་སྤྲུལ་པ་རང་རྒྱུད་གྲུབ་པ་མོ།། དེ་བཞིན་རིགས་དང་ངེས་ཚིག་ཇི་ལྟར ་ལགས།། བཀའ་སྩོལ་བདག་ཅག་མཉན་པར་འཚལ།། དེའི་ཚེ་དཔལ་ཕྱག་ན་རྡོ་རྗེས་པདྨའི་གདན་ལས་བཞེགས་ཏེ་བཀའ་སྩལ་པ།། འདས་པའི་དུས་མ་བྱུང་བའི་སྔོན་རོལ་དུ་བཅུད་ནི་བསྐལ་པའི་རྣམ་གྲངས་ཀྱིས་འགྲུས།། ་ལུས་མེད་ཤེས་པ་ཆང་སྤང་བཞིན་དུ་གནས།། འཇིག་ཆགས་གཉིས་ཀྱི་སྟོང་གནས་ལས།། དུས་ཅིག་ཆ་ཐང་རླུང་འཐབས་འབྲས་བུར་སྨིན།། དེ་མིང་སྤྱི་མཐུན་ལས་ཀྱི་མཁ་འགྲོ་མ།། ལུས་ལ་ལྟ་བས་མི་ངོམས་སྤྱན་གསུམ་པ།། ་མཆེ་གཙིགས་གཅོང་རོང་ཆགས་པའི་གདུང་བས་གཡོས།། ཕྱག་གིས་བྷ་ག་བགྲད་པ་རླུང་གིས་ལ་སྐྱོང་།། འབྱུང་བ་བཞི་འདུས་རྒྱུ་དང་རྐྱེན་དུ་ཕྲད།། འགྲོ་དྲུག་མ་པུ་ཏིལ་གང་བཞིན་དུ་སྨིན།། འབྱུང་བ་འདུས་པའི་མཁའ་གྲོ་མ། ་ཡུམ་ཆེན་དེ་ལ་སྐྱེས་པ་ལྔ།། དབུགས་དང་དྲོད་དང་ཁྲག་དང་ཤ་རུས་ལས།། རླུང་གི་རྒྱལ་མོ་འཇིག་རྟེན་འཇིགས་བྱེད་མ།། དྲོད་ཀྱི་རྒྱལ་མོ་འཇིག་རྟེན་བསྲེག་བྱེད་ལ།། རླན་གྱི་རྒྱལ་མོ་འཇིག་རྟེན་འདེགས་བྱེད་མ།། འཇིག་རྟེན ་སྒྱུ་མའི་རང་བཞིན་ལས།། སྤྱི་མཐུན་སྲིད་པ་ཆགས་པའི་མཁའ་གྲོ་མ། འཁ་འགྲོ་དེ་རྣམས་ནུས་པའི་མཐུ་བསྐྱེད་པས།། འོད་ཀྱིས་མ་སའི་འཇིག་རྟེན་གང་པར་གྱུར།། སོ་སའི་ནུས་མབུ་འཇིག་རྟེན་དབང་དུ་འད ་འབྱུང་བ་མི་མཐུན་རིག་པའི་ངོ་བོ་ལ།། སྤྲུལ་པ་ཡུམ་གྱི་ཆ་སྙམས་ཏེ།། འཇིག་རྟེན་སྒྱུ་མའི་རང་བཞིན་ལས།། སྲིད་པ་བྱེད་པ་མཁ་འགྲོ་མ་གཞན་ཡང་འབྱུང་ཆེན་ལྔ་རྣམས་ཀྱིས།། རང་གི་ལུས་ལ་མཁའགྲོ་མ།། རང་གཟུགས ་འཛིན་པ་རྩི་ཐོག་བཞིན་དུ་སྐྱེས།། འདོདེ་ཁམས་གཟུགས་ཁམས་གཟུགས་མེད་མཁའགྲོ་མ།། ཞཡ་དང་མིག་དང་རྣ་བ་ལས་ནི་སྐྱེས། མི་རྒྱུད་ཐམས་ཅད་མང་ཁ་ནས་རབ་ཏུ་སྐྱེས།། བདུད་དང་སྲིན་པོ་གཤིན་རྗེ་དབུས ་ལས་སྐྱེས།། བགེགས་རིགས་སྟོང་ཕྲག་དྲུག་ཅུ་རྫུས་ནས་སྐྱེས།། མཁའ་འགྲོ་མ་དེ་རྣམས་ཀྱི་ལུས་ལ་ཡང་།། སྐྱེས་པ་མང་ཞིང་སྲིད་པ་འདི་ལྟ་སྟེ།། སྒྲ་དང་ལྷ་མིན་རླུང་དང་མཁའགྲོ་མ།། སྲིན་པོ་ཤ་ཟ་སྲིན་མོ་མཁའ་གྲོ ་མ།། དྲི་ཟ་དང་ནི་མཁའ་ལྡིང་མི་འམ་ཅི།། ལྟོ་འཕྱེ་དྲང་སྲོང་སྲོག་གི་མཁའ་འགྲོ་མ།། བདུད་དང་དུར་ཁྲོད་མིའི་མཁ་འགྲོ་མ།། བྱོལ་སོང་ཡིད་དགས་མིའི་མཁའ་གྲོ་མ།། ལས་དང་རབ་ཏུ་དམྱལ་པ་ལ་སོགས་ཏེ།། མཁའ ་འགྲོ་མ་རིགས་ཐམས་ཅད་གཅིག་ལ་གཅིག། ཡིད་བུ་འོང་ཁྲོ་ཞིང་འཁྲུག་པ་ནི།། སྤྱི་མཐུན་སོ་སོ་ཡས་ཀྱི་དབང་ཉིད་ཀྱིས།། ཉིང་ཤ་ཉིང་ཁྲག་པགས་པ་སྲོག་ལ་སྤྱོད།། འཇིགས་སྒྲ་དགའ་བ་ལ་སོགས་ཐ་དད་པས། ་ལ་ལ་འབྲོས་ལ་དེད་ཅིང་ཚོལ་བ་དང་།། གབ་གསོད་ཤ་ཟ་ཁྲག་འཐུང་འོ་དོང་འབོད།། མི་བཟང་དུལ་མགོ་ལུས་ཐང་ལ་རྡེབས།། རྩ་ཡ་དང་ལྡན་པ་རྒོད་ཅིང་ཐང་ལ་རྡེབས།། མི་མཐུན་མགོ་བརྙན་ཅུ ་ནི་སྣ་ཚོགས་ཏེ།། མི་ལུས་བྱ་གཤོག་མིག་གསུམ་སྡེར་མོ་ཅན།། སཆེ་བར་འགྲང་ལུས་གཅིག་མགོ་མང་དང་།། མཛེས་ལ་འོད་འབར་མི་སྡུག་སྣ་ཚོགས་རྣམས།། སྡུག་བསྔས་མང་ཟའི་ཚོགས་ཀྱིས་གདུངས་པ་ལ།། 5ཛྲ ་ལས་སྤྲུལ་པའི་མཁའ་གྲོ་མ་ཆེན་གཅིག། གཞན་ལས་སྤགས་ཤིང་མཐུ་རྩལ་ཆེ་བ་ཡིས།། མི་བཟང་སྡུག་བསྔལ་སྐད་ཅིག་བདེར་མཛད་པས།། སྣ་ཚོགས་མཁའ་འགྲོ་འདུས་ཏེ་ཕྱོགས་ཅིག་ན།། སྤྱི་མཐུན་ལས་ཀྱི་མཁའ་གྲོ ་མ་ཉིད་ལ་ཞུ་བའི་ཚིག་ནི་འདི་སྐད་ཅེས་གསོལ་ཏོ།། ཁ་དོག་དབྱིབས་ཀྱི་མཁ་འགྲོ་མ།། བདག་ཅག་གི་ལས་དང་རྒྱུ་འབྲས་ནི་གང་ཡིན།། རིགས་དང་རིགས་ཀྱི་གཙོ་བོ་གང་།། ཡུལ་དང་ལུས་དང་ཟས་དང་སྐལ་པ་གང ་ལགས། ཅེས་གསོལ་ཏོ།། ཡུམ་ངེས་དེ་སྐད་དུ་ཟླས་པ་ཐོས་པ་ཡུམ་ཆེན་མོ་དེ་བཞིན་ཏུ་ཆགས་པའི་གདུང་བའི་སེམས་གཡོས་པར་གྱུར་ཏེ་སེམས་རྩེ་གཅིག་ཏུ་སྦྱོར་བའི་གྲོགས་ཅིག་བསྒོམས་པས་འབྲས་བུ་རྟག་གི ་ལོ་དཔྱིད་ཟླ་ར་བ་ལ། འཇིག་རྟེན་ཡུམ་ཅིག་མིང་དགུའི་རྨི་ལམ་དུ། མི་ནག་ལུས་པོ་རི་རབ་ཙམ།། དབུ་གསུམ་ཕྱག་དྲུག་མཛེས་གཤོག་ལྡན།། འཇིགས་པའི་ང་རོས་ལག་པ་ས་ལ་གདེབ།། མཁ་འགྲོའི་ཚོགས ་རྣམས་བརྒྱལ་ཞིང་ཁྲག་ཏུ་སྐྱུགས།། སངས་རྒྱས་མགོ་གཅོད་འཇིགས་པའི་རྒྱན་མངའ་བས།། བདེ་བའི་ཆགས་པ་མངོན་སུམ་སྦྱར་བ་རྨིས།། ལྡུམ་བདེར་གནས་དེ་ཕྱི་དེ་ལོ་དུས་སུ།། སྲིན་པོ་ཕོ་མོ་ལྕམ་དྲས ་སྐྱེས།། ངལ་པོ་རྨི་ལམ་མཐུན་པར་སྐྱེས།། དེ་ནས་རུ་ལུ་རུ་ལུ་རུ་ས་རུ་ས་བྷཱུ་བྷཱ་བྷཱ་བའི་སྒྲ་སྤབས་བྱུང་། མཁ་འགྲོས་ཐམས་ཅད་ཤིང་མ་རླུང་གིས་འཇས་པ་བཞིན་གྱུར་ཏེ། དབང་ཕྱུག་ཆེན་པོ་སུ་མ་ཐལ་བ ་བས་གཙོ་བོ་དང་གཙོ་མོ་མཛོད་ཅིག་པར་གསོལ་བ་བཏབ་པོ།། དེ་ནས་མཁའགྲོ་མ་ཐམས་ཅད་ཀྱི་དཔོངས་ཕྱེད་ངོ་རངས་སྔ་དྲོ་ཀ་རུ་ཇི་གཅིག་སྟོང་རེ་རེས་མཆོད་པ་བྱེད་དེ། བདུད་ཀྱི་རྒྱལ་པོ་དེས། ཏྲང་མ་ཏྲང་དཱ་ཏྲང་། ་སརྦ་ཌཱ་ཀི་ཨ་ཀང་ཏ་ཡ་ཨ་ཀད་ཏ་ཡ། ནིར་མ་ནང་ཨ། ཨ་ཙི་ཏ་རི་ན་ཀརྨ་ཀུ་རུ་ས་མ་ཛ་ས་མ་ཛ། ཞེས་བརྗོད་པས། མཁ་འགྲོ་མ་ཐམས་ཅད་སྲོག་རང་དབང་མེད་པར་འདུས་ཏེ། མཆོད་པ་བྱས་ནས་སྲོག་གི་སྙིང ་བོ་ཕུལ། མ་རག་ཤ་ཁ་མུན་ཛ་ཏྲག་རག་ཤ་སྙིང་ཁ་རག་བཛྲ་ཁ་དུན་ཏིང་རག་མོ་ཡག་མོ་མ་ར་ན་བྷྱོ། ཌཱ་ཀ་ན་དེ་པ་ཨུ་ཤུ་ར་ག་ན་ག་ཡ་ཀྲཱ་ཙི་ཤ་ཙེ་བ་སད་ཏཱ་ཏི་སྟ་ར་སྟ། གདུ་ཧ་ཀིན་ཏ་ར་མ་ཏེ་ར་མ་ཧོ་ར་ཨགྣེ་བ་རུ་ན་རུ་ཏྲ་པ ་སྟིང་། ཀིན་དྷ་ར་པུ་ར་པྲ་པེ་ཏ་ཀ་པྲ་ཏ་ཀ་ར་ཀ་ན་མ་ར་ཁ། སརྦ་ཌཱ་ཀི་པ་ཏ་པ་ལ་བ་སི། སརྦ་ཌཱ་ཀི་ཨ་ནན་ར་ཏྲི་ས་ཙི་ར། སརྦ་ཌཱ་ཀི་བྱཱ་མ་ཏ་བྷྱོ་རུ་རྱ། ཞེས་ཕུལ་བས། ཧེ་རུ་ཀ་ཆེ་བའི་ང་རྒྱལ་སྐྱེས་ཏེ། འཇིག་རྟེན་དུ་ཧ་ཧ་ཧི་ཧི ་ཞེས་བརྗོད་པས། སྣོད་བཅུད་ཐམས་ཅད་གཡོས་ཤིང་འཁྲུགས་འོག་མིན་གྱི་གནས་ན་དེ་བཞིན་གཤེགས་པ་ལོངས་སྤྱོད་བའི་སྐུ་ཡང་སྡིག་ལྡེག་འགུལ།། བདེར་གཤེགས་ཐུགས་ཁྲོས་བརྡས་མཚོན་བཀའ་འགྲོས ་མཛད། མདུན་གྲུབ་རྣམ་གཉིས་བཀའ་ཐུན་གཏང་བཅང་བ། སྲིང་པའི་རྒྱལ་མ་ཀྲོ་དྷི་ཤྭ་རིས་གཟིགས།། ཏྲང་མ་ཏྲང་དྲྀ་ཏྲང་། ཨོཾ་གད་ཏ་ཡ་ཨ་གད་ཏ་ཡ། ར་ཡ་ར་ཡ་དྷོ་རུ་སུ་རུ་ལུ་བྷྱོ་སརྦ་ཏྲ་ཀི་རུ་ཏྲང་། ཀྲོ་དྷ་ཀྲོ་དྷ་ཏི་རུ་ཏི། ་ས་མ་པན་ངམ་གུ་ཞེས་བརྗོད་པས། འདུད་ཁྲ་བོ་མ་པ་འགྲོ་མ་ཡབ་ཡུམ་གྱི་ཚོགས་ཐམས་ཅད་སིལ་གྱིས་ལྷག་པར་གྱུར་ཏོ།། ཡུམ་ཆེན་པོ་དེའི་ཞས་ནས། འཇིག་རྟེན་དབང་ཕྱུག་ཆེན་པོ་འོག་ཅིན ་གྱི་གནས་ན་དཔལ་ཆེན་པོ་རྫུ་འཕྲུལ་ཆེ་ལ་ཡེ་ཤེས་ཀྱི་རྩལ་དང་ལྡན་པ་གཅིག་ཡོད། འཁོར་མཁ་འགྲོ་མ་དང་ཁྲོ་བོ་ཐམས་ཅད་ཀྱི་ཕྱོགས་མཚམས་ཚོད་གཅིག་པར་བསྒོའོ།། འཇིག་རྟེན་དབང་ཕྱུག་ཤིན་ཏུ་ཕྲེང ་ཅིང་དང་ས་ནས་རང་གི་གནས་སུ་ཕྱིན་ནས་ཀེང་རུས་ཐོད་མཁར་གསུམ་ཐོག་བརྩིགས་པའི་སྟེང་དུ། བནྡྷ་གཞལ་ཡས་དུར་ཁྲོད་འཇིགས་པས་བརྒྱན།། གནམ་ལྕགས་མུ་ཁྱུད་ལྕགས་རི་མེ་རིས་བྱས།། རྣ་ཁྲག་བཤང ་གཅི་ཀླད་པ་ཇི་ཆེན་དང་།། བམ་རུལ་ཟག་པ་གནམ་ཞིང་བསྐུ་བ་དང་།། མི་གཙང་རྣམ་པ་སྣ་ཚོགས་པ་ཡིས་བསྐོར།། ཕྱི་རིམ་དུར་ཁྲོད་མ་བརྒྱད་བཀའ་ཉན་དང་།། རིམ་པས་འཇིག་རྟེན་ཁྲོ་བཅུ་ཡིས་བསྐོར།། སྲིད ་བའི་ཕུར་བུ་དཔལ་ཆེན་མདའ་བཞིན་འཕེན།། དེ་ཡི་ཕྱི་རིམ་དབང་ཕྱུག་མ་ཡིས་བསྐོར།། གཞན་ཡང་རལ་པ་ཅན་གྱི་ཚོགས་རྣམས་དང་།། མཆེ་བ་གཤོག་བ་ནུམ་སྡེར་མོ་ཅན།། མག་བརྙན་མ་ཚོགས་སྣ་ཚོགས ་བསྐོར་བའོ།། དཔལ་ཆེན་པོ་ཡང་ནོར་གྱི་དོགས་པས་བརྡའ་རྣམ་པ་དྲུག་བྱེད་ཅིང་འབོད་དེ།། སྤྱུགས་པ་གཡབ་མོ་ཐལ་མོ་སེ་གོལ་དང་། རྐུན་པོ་གླུ་སྟེ་སོ་སོར་གོལ་བར་བྱ།། འཇའ་དང་ཀློག་འབྲུབ་སྟོང་གི་སྒྲ་འབྱུང ་ཞིང་།། འབྲུ་དང་རིན་ཆེན་མེ་ཏོག་སྨན་དང་ཆུ།། འགྲོ་དྲུག་མཁའ་གྲོ་ཤ་རུས་ཟ་བ་རྣམས།། ཁ་ནས་ནད་ཀྱི་རྣམ་པ་སྣ་ཚོགས་སྐྱུག། ཀུན་ནས་སྐོར་ཏེ་བཙན་པར་བྱས་པ་ཡིས།། བདུད་ཀྱི་སེམས་ཏེ་རབ་ཏུ་བདེར་གནས ་པ་ཏྲ་མ་དྲང་རུ་དྲས་དབ་ལ་ལ་བསྐུར་བ་བཏག། དཔལ་ཆེན་བྱ་བ་མེད་པར་ངེས་པ་ལ།། སྲིད་པའི་རྒྱལ་མོས་བཅོས་པ་འདྲ་ཟེར་རོ།། འོག་མིན་གནས་ནས་དཔའི་གྱི་དགོངས་པ་མཛད།། ཅི་ཕྱིར་ཉོན་མོངས་པ ་སེམས་ཅན་རྣམས།། ཐུགས་རྗེའི་ཞིང་དུ་མྱུར་བས་སྒྲོལ་དུ་གཤེགས།། མཐོང་བའི་ལོགས་གཞལ་ཡས་ཁང་གཅིག་སྦྲུ། སྲིན་པོ་རྣམ་ཤེས་མཛེས་ཤིང་འཛིན་པར་བྱས།། སྲིན་པོ་ཆགས་སྐྱེ་འཁོར་ལ་བདམས ་ངབ་བྱས།། དཔལ་གྱིས་སྲིན་པོའི་གནས་སུ་ཕྱིན།། སྣ་ཚོགས་སུ་འདུག་པའི་འཁོར་རྣམས་ནི།། ར་བཟེད་མཆེ་གཙིགས་མིག་བགྲང་སྡེར་མོ་གདེངས།། འཇིགས་པའི་སྐད་ཀྱིས་གཙང་རེ་ང་ཆེན་པོ་འབྱིན།། ་ཤངས་ནས་ནང་དང་ཁྲག་སྐྱུག་འདི་སྐད་ཟེར།། གཙོ་བོ་རྗེ་མོ་ལགས་སམ་གཙང་བའི་བརྡའ་གཅིག། དཔལ་གྱིས་སོ་སོའི་བརྡའ་རྣམས་ངེས་བསྟན་པས།། དངོས་ཉིད་ཡིན་པར་མཐོང་སྟེ་མཆོད་པ་ཕུ་ལ།། གཞལ ་ཡས་ཁང་དུ་བྱིན་ཏེ་ཁ་ཊཾ་གཽ་དེངས།། སྲིན་མོ་ཀྲོ་དྷི་ཤཱ་རི་ཚིར་གྱིས་བཟུང་།། བསྒྲ་ཡ་བར་བྱས་པས་རང་བཞིན་རྟགས་སྙིང་ཕུལ།། བཀའ་རྟགས་ཁ་ཊཾ་སྤུ་གྲི་མ་མོ་གཙོ་མོ་སྦྱོར་བའི་ཡུལ་དུས་བྱས།། དཔལ་གྱི ་སྐུ་གསུང་ཐུབས་ཀྱི་གནས་སྦྲུལ་ལས།། སྤྲུལ་པ་ཀཽ་རི་སིདྷ་ཁྲོ་བོ་དྲག་པོའི་ཆོ་གས།། དུར་ཁྲོད་ལ་ཕོ་ཧ་ཕྱོགས་སྐྱོ་ང་ལ་སོགས་ཀུན།། རང་རང་འདྲ་བའི་སྦྲེལ་པ་མང་བས་འདུལ།། ཀུན་གྱིས་མགྲིན་ཅིག་དཔལ ་ལ་འདི་སྐད་ཞུས།། བདུད་ཀྱི་བདུད་རྗེ་ཐུགས་རྗེའི་བདབ་པོ་ཁྱོད།། བདག་ཅག་འཁོར་དང་བཅས་ནས་འབངས་སུ་འཆི།། ཞེས་སྲོག་གི་སྙིང་པོ་ཕུལ་ནས་པ་ཚོགས་བླངས།། དཀྱིལ་འཁོར་མུ་ངན་དུ་གནས་པར ་བྱས་སོ།། དེ་ཡི་འཁོར་རྣམས་སྔར་འདུས་གཞལ་ཡས་ཁང་།། སྲིན་པོས་གཞལ་ཡས་མེད་པར་དངས་པར་གྱུར།། སངས་རྒྱས་ཆོ་ཕྲུལ་ཡིན་པར་རབར་ཏུ་ཤེས།། རང་གི་གནས་སུ་བསྒྲགས ་པས་དཔལ་དང་འཕྲང་།། མཐོང་ཐོས་འཇིགས་པ་ཆེན་པོ་རབ་ཏུ་སྐྱེས།། དཔལ་གྱིས་ཚམ་ངམ་བརྟུལ་ཞུགས་རོལ་པ་མཛད།། ཛ་ཧཱུཾ་བཾ་ཧོ་ཕྱག་རྒྱ་བཞི་ཡིས་བཟུང་།། སྒྲོལ་སྔོགས་ཁ་ཊྭཱཾ་སྲིན་པོའི་སྙིང་ཁར ་བརྒྱུག། མགོ་བོ་ལྷོ་ནུབ་རྐང་པ་བྱང་ཤར་བསྟན།། ཤ་རུས་ཁྲག་ལ་རོལ་པ་ཆེན་པོ་མཛད། མ་མོ་མཁའ་གྲོ་ཚོགས་དང་རོལ་དུ་གཙུག། དབང་པོ་རྣམ་ལྔ་ཡེ་ཤེས་ཁྲག་འཐུང་རྫས།། ཁེང་པར་ཞུགས་ནས་རྒྱལ་བའི ་དཀྱིལ་འཁོར་བསྐྱེད།། དུར་ཁྲོད་གཞལ་ཡས་འབར་བར་བྱིན་གྱིས་བརླབས།། འདུད་དེ་ལྡང་བ་མེད་པར་བྱ་བའི་ཕྱིར།། གནས་ཆེན་བརྒྱང་དུ་མཆོད་རྟེན་རེ་རེ་བརྩིགས།། དུར་ཁྲོད་མ་བརྒྱད་བཀའ་ཉན་བཅས་ཏེ ་སྲུང་།། རིགས་ལྔ་ཡེ་ཤེས་ཚོགས་དང་རང་བཞིན་ལས་ལ་སྐྱེས།། རྡོ་རྗེ་མཁའགྲོ་མ་དང་ཤུགས་ཀྱི་མཁ་འགྲོ་མ།། ཆགས་པའི་མཁའགྲོ་མ་དང་ལས་ཀྱི་མཁའ་གྲོ་མ། རེ་རེ་ལ་ཡང་བཞི་བཞི་ཡེ་ཤེས་བཅུ་དྲུག ་ལྡན།། དུར་ཁྲོད་ཀཽ་རི་སིདྷ་བཅུ་དྲུག་གྲུབ་པའི་རིགས།། ཨ་ཕྱི་ཤ་མ་ཤམ་མན་ཆོད་དམན་མོའི་རིགས།། ངེས་པའི་ཚིག་ནི་རྒྱུ་ལས་རང་བཞིན་ལྷུན་གྱིས་གྲུབ།། ཐུགས་རྗེ་ཉི་མ་ལྟ་བུ་ཡོངས་ལས་སྐྱེས།། དོན་ངམ་སྐྱེ་མེད ་གཁོར་འདུད་ལས་རྒྱལ།། རང་བཞིན་མཁ་འགྲོ་ཡེ་ཤེས་མ་ར་བསྟན།། སྲིང་པའི་ཉོན་མོངས་རྒྱུ་མཐུན་སྲིན་པོའི་འཁོར།། ཆགས་པའི་དབང་གིས་སྡུག་བསྔལ་སྣ་ཚོགས་སྤྱད།། སྔོན་སྤྱང་ཉིན་མོངས་ཟད་བསང་པལ ་ཆེ་ན་ཞལ་ཡང་མཐོང་། དགོན་གནས་ཅི་འདོད་བགྲུབ་པ་མོ།། དམན་པའི་སེམས་ཀྱིས་ཆོས་ཉིད་དོན་མ་རྟོགས།། ཉོན་མོངས་སྟུག་པོའི་བདེ་གཤེགས་ཞལ་མ་མཐོང་།། བདག་ཏུ་རྟོགས་པས་འཁོར་འདུག་གསུམ ་རྒྱུས། རང་བཞིན་མཐུས་རྟས་སྲིད་པའི་དམན་མོར་གྲགས།། ལས་ཀྱི་མཁ་འགྲོས་ཆེན་པོའི་སྡེ་རྒྱུད་ཀྱི་ཕྲེང་བཞི་རིགས་དང་ངེས་པའི་ཚིག་བསྟན་པ་ཞེས་བྱ་བ་སྟེ་ལེའུ་དང་པའོ།། །། དེ་ནས་ལྷའི་དབང་པོ ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་དཔལ་ཕྱག་ན་རྡོ་རྗེ་ལ་མཆོད་པ་རྒྱ་ཆེན་པོས་མཆོད་ནས་འདི་སྐད་ཅེས་གསོལ་པས། བཀའ་སྩལ་པ། ལྷའི་དབང་པོ་འདི་ལྟ་སྟེ། གཙོ་མོ་བསྒྲུབ་པའི་བསྡུས་པའི་དོན། ་གཞན་གསལ་མེད་པས་བདག་གིས་འདིར་བཤད་བྱ།། སྐྱེ་མེད་ཆོས་རྣམས་ན་མཁའ་ལྟ་བུ་ཡས།། དབང་ཆེན་འབྱུང་བ་ན་མཁའི་ངོ་བོར་བརྩེགས།། ཀེང་རུས་རི་རབ་བརྩེགས་པའི་གཞལ་ཡས་ཁང་། ནང ་དུ་ཙཀྲ་རྩིབས་བཞི་རོ་ཡི་སྟེང་།། མན་ངག་རིམ་པས་མཁ་འགྲོ་མ་ལྔ་བསྐྱེད།། ཁ་དོག་དབྱིབས་ནི་རིགས་དང་མཐུན་པ་ལ།། ཞལ་གཅིག་ཕྱག་གཉིས་སྤྱན་དུར་ཁྲོད་བརྒྱན།། དབུས་གཙོ་ཤར་ཕྱོགས་གཡས་ཀ ་5།། ལྷོ་དང་ནུབ་དང་བྱང་གསུམ་གྱི།། གཡས་པ་ཐོང་གཉིས་ཙིཏྟ་བསྣམས།། གཡོན་བཞི་སྦྲུལ་ཞགས་དགྲ་སྟ་ཞགས་པ་རྩེ་ལྔ་ཐོགས།། རྩེ་གཅིག་དབང་པོ་གང་དང་གང་སྤྱོད་ཡུལ།། བསྒོམས་ན་དེ་དེའི ་རང་བཞིན་འགྲོ།། མཉམ་པར་མ་བཞག་རྣལ་འབྱོར་པས་མི་བྱ།། ཆོས་ཅན་མེད་ཕྱིར་ཆོས་ཉིད་ཡོད་མ་ཡིན།། བྲག་ཅའི་སྒྲ་དང་མཚུངས་པའི་ཆོས་ཉིད་བསྟན།། བསམ་པ་པོ་ཡང་མེད་དེ་བསམ་པར་བྱ་བ་ཡི ་ཆོས་ཀྱང་མེད།། སྔགས་དང་ལྷ་མེད་སྤྲོས་མེད་རང་བཞིན་ས།། འཁྲུལ་རྟོག་སྤྲོས་པའི་རང་བཞིན་ཅི་ཡང་འབྱུང་།། སྟོན་པའི་ཞལ་ནས་གསུངས་པའི་ལུང་གསུམ་ལས།། གནས་དང་རྒྱུ་རྩིས ་དུས་ཚོད་གཙུག་ལག་རྒྱུད།། མཐུ་ཕྲག་ལས་བཅོལ་མངོན་བཀོལ་རྒྱུ།། བསྒྲུབ་རྫས་གསང་ཚིག་ཐུགས་ཀྱི་སྒོམ་པའི་རྒྱུད།། དེ་གསུམ་འདུས་པའི་དོན་ནི་འདི་ལྟ་སྟེ། རིགས་དང་གྲངས་དང་རང་གི་བོ་ངོ་དང་། ་ལས་ཡུལ་རྒྱུན་སྲང་འདུས་ས་གར་རྒྱུའི་ཕྱོགས།། དམ་རྫས་སྔགས་ལས་དུས་ཚེད་མྱུར་འགྲུབ་ཐབས།། རྫུ་འཕྲུལ་སྒྲིབས་ཤིང་འཁྲུལ་ཉམས་ཆགས་ལ་སོགས།། དོན་སྔགས་ལས་ཅི་ཕྱིར་ནི་རྩིས་རྒྱུད་ཡིན ་ཞེས་བཀའ་སྩལ་པ་དང་། ལྷ་ཡི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། ཀུན་མཁྱེན་དོན་རྣམས་འབྱེད་པ་ཤེས་རབ་ཐབས།། རྫུ་འཕྲུལ་སྒྲིབ་ཤིང་བདགཅག་རྨོངས་པའི་དོན་སླད་དུ།། བསྡུས་དོན་རེ་རེ ་ནས་ནི་བཤད་པར་ཞུ། ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྡུས་དོན་རེ་རེ་ལ་ཡང་གཉིས་གཉིས་ཏེ།། བཀའ་དང་རང་བཞིན་གཉིས་སུ་ཤེས་པར་བྱའོ།། ཡེ་ཤེས་ཆོས ་ལས་སྐྱེས་པའི་མཁའ་འགྲོ་མ།། རྡོ་རྗེ་མཁའའགྲོ་མ་དང་ཤུགས་ཀྱི་མཁའའགྲོ་མ།། ཆགས་པའི་མཁའའགྲོ་མ་དང་ལས་ཀྱི་མཁའ་འགྲོ་མ།། རང་གི་རིགས་དང་ཐ་དད་པ་ཅིག་གནས།། སྤྱིར་ནི་མཁའགྲོ་ཤུགས་འགྲོ ་ལས་ཀྱི་འགྲོ།། དེ་གསུམ་དག་ཏུ་ཐམས་ཅད་འདུས་ཡིན།། ལས་ཀྱི་མཁ་འགྲོ་བཞི་ཡོད་དེ།། གྲལ་རྒྱུག་དགོན་པ་གནས་འཁྱར་ཆད་པས་ཕོག། གྲལ་རྒྱུག་བཅུ་དྲུག་དགོན་པ་དུར་ཁྲོད་གནས།། གནས་འཁྱར་ཆད ་པས་ཕོག་པ་འདི་ལྟ་སྟེ།། གནས་འཁྱར་འགྲོ་བ་རིགས་དྲུག་ཡོད་པ་ལས།། མི་དང་བྱོལ་སོང་གཉིས་ལ་རྟགས་པ་ནི།། སྐྲ་དང་དཔྲལ་བ་མི་གཉིས་དང་།། སེན་མོ་ལུས་ཀྱི་དྲི་མ་མོ་མཚན་བརྟག། སྨིན་སྲུ ་འཁྱིལ་པ་ཁ་བྲག་ཆེ།། མགོ་འཇུག་ལོག་དང་ལྕགས་ཀྱུ་བཤུལ་བ་འ་རྣམས།། འདག་མི་ལ་ཡོད་དེ་ནུས་མཐུ་ཆེ།། མཁའ་ལྡིང་སྐར་མ་བྱའི་མཁ་འགྲོ་མ།། སྨྲ་ཉན་དོག་བསྟན་པའི་ཁྱིའི་མཁའགྲོ་མ།། མཐོང་བྱེད ་སྒྲ་སྙན་འབྱིན་པ་སྤྲུལ་པའི་མཁ་འགྲོ་མ།། བྱིང་རྨུགས་མི་དགའ་ཕྱོགས་ཤིང་འགྲོ་སྙིང་འདོང་།། འདི་དག་ཉམས་ལེན་པར་ཚད་མཁ་འགྲོ་མ།། ཆད་པས་ཕྲོགས་པའི་མཚན་ཉིད་འདི་ལྟ་སྟེ།། སྦྱང་གདོང་མིག་རྩ ་དམར་ལ་མཆེ་རིགས་ཡོད།། སྐད་བྱུང་ཙོང་གཞན་རྣམས་སྡང་བར་བྱེད།། དེ་འདྲ་ལུས་པོ་ཁམ་ནག་ཡན་ལག་རིང་།། སྒྲེ་གཟུགས་ཁ་དམར་ལྕེ་རིང་བྱ་བྱེད་མང་།། སྟག་འདྲ་ངོ་དམར་ཤ་ཁྲག་དམར་ལ་དགའ ་གཟུགས་ཆུང་ཕ་ཝང་མཚན་ངན་མིག་རྩ་དམར།། སེན་མོ་ཁ་འདྲ་སོར་མོ་རིང་ལ་ཕྲ།། ཆང་སྐོངས་དུ་ཚུལ་མཐུན་འཇུག་སྤྱོད་པ་བྱེད།། དུས་མ་ཡིན་པ་སྤེལ་ཞིང་བདེ་བ་ཡོད།། ངོ་བོ་སྲོག་གིས་བསྡུས་པའི ་སེམས་ཅན་རྣམས།། ལུས་བོར་ཤེས་པ་ན་མཁར་ལས་ཀྱི་འགྲོ།། ལས་ནི་ཕྱི་ནང་གཉིས་སུ་ཤེས་པར་བྱ།། སྤྱི་ཡི་དབྱེ་བ་བཞི་ཡོད་དེ།། སྲིད་པ་ཆགས་འཇིག་བསྐལ་པ་དང་པོའི་ལུས།། ནམ་ལ་དུས་བ ་འབྱུང་བ་བཞི་ཡིས་ལས།། དགུན་འཁྱགས་དཔྱིད་འཇུ་དབྱར་སྐྱེ་སྟོན་མིན་ནོ།། འབྱུང་བ་བཞི་ཡི་ལས་རྣམས་ལས།། སྲ་བྱེད་ས་སྟེ་བརླན་བྱེད་ཆུ།། ཚ་བྱེད་མེ་ལ་གཡོ་བྱེད་རླུང་།། ནང་གི་ལས་ལ་དབྱེ་བ་གཉིས ་ཡོད་དེ།། སྐྱེ་བར་བྱེད་དང་འཆི་བར་བྱེད།། སྐྱེ་མི་སྟེར་དང་མོད་ལ་སྐྱེ།། མང་ལ་གསོད་དང་འཆི་མི་སྟེར།། ས་གཡོས་འགུལ་དང་ས་རྡོལ་ཐོག་སེར་དང་།། སྐར་མངའ་གོ་རྡུངས་ལ་སོགས་རང ་བཞིན་ལས།། རྡོ་རྗེ་མཁ་འགྲོས་ལ་གནས།། ཤུགས་ཀྱི་མཁ་འགྲོ་བྲག་དང་ཆུལ་གནས།། ཆགས་པའི་མཁའ་གྲོ་ཛང་དང་མེ་ལ་གནས།། ལས་ཀྱི་མཁའ་གྲོ་དབུགས་དང་རླུང་ལ་གནས།། ཡུལ་ཆེན་བརྒྱད་ན་འདུཿ ་སྡེ་རེ་རེ་གནས།། ཕོ་ཉ་ནག་མོ་བྱང་ཤར་མཚམས་ན་གནས།། འཛམ་བུ་གླིང་ན་ཉི་ཁྲི་ཆིག་སྟོང་གནས།། རི་ནག་རྫོགས་ཆང་མཚོ་མཆེ་བདུན་ཡོད་།། བདུད་ཀྱི་རངས་རྣམས་དེ་ལྟ་བུ་ལ་གནས།། རི་མདོག་དམར ་པོ་ཤ་ཤྭ་བཞིན་མི་སྡུག། སྲིན་པོ་རིབས་ཀྱི་མཁའགྲོ་གནས་པའི་ས།། ས་བཞིས་ཁོ་དམྱལ་བའི་ཆུ་ཁོལ་བ།། ལས་ཀྱི་གཤིན་རྗེ་ལ་སོགས་གནས་པའི་ས།། ཆུ་སྲིན་ཁ་འདྲ་ཤིང་གཅིག་སྣ་འཇབ། ་དེ་ནི་གནད་སྦྱིན་དྲབ་པའི་གནས་པའི་ས།། ཤིང་དང་ཆུ་མིག་མང་པོ་ཡོད་པ་ནི།། ཀླུ་རིགས་མང་པོ་དེ་ན་ཡོད་པའི་ས།། རིགཤེར་ཐང་དམར་ཤིང་འགའ་སྐྱེས་པ་ནི།། གདུག་བཀྲུ་རིགས།། གདོལ་པ་གནས་པའི་ས།། ་དེའུ་འཁར་སྙིང་རྒྱལ་པོ་གནས་པའི་ས།། རི་བླུགས་ས་ནི་མི་འདྲ་མཚན་མ་ཅན།། བཙན་བཙུན་དམྦ་འདུང་སྐྱ་རེ་གནས་པའི་ས།། དབེནས་རི་རུལ་དགོན་ཤུལ་དང་།། ས་ཕུག་རི་ཕུལ་རྙིང་པ་དང་།། ལམ་མའོ་ཆུ ་གླིང་ཆུབ་པ་དང་།། གྲོག་པོ་གཏིང་ཟབ་དུར་ཁྲོད་དང་།། སྨན་མོ་གནག་རིགས་གནས་པའི་སའོ།། རྡོ་རྗེ་མཁའའགྲོ་མའི་རྒྱུན་སྤངས།། ཤུགས་ཀྱི་མཁའགྲོ་མའི་རྒྱུན་སྲང་ཆུ།། ཆགས་པའི་མཁའགྲོ་མའི་རྒྱུན ་སྲང་མེ།། ལས་ཀྱི་མཁའ་གྲོ་མའི་རྒྱུན་སྲང་རླུང་།། གུན་ཟླ་གསུམ་ལ་རྡོ་རྗེ་མཁའགྲོ་རྒྱ།། དཔྱིད་ཟླ་གསུམ་ལ་ཤུགས་ཀྱི་མཁའ་གྲོ་རྒྱུ།། དབྱར་བླ་གསུམ་ལ་ཆགས་པའི་མཁའ་གྲོ་རྒྱུ།། སྟོན་ཟླ་གསུམ་ལ་ལས ་ཀྱི་མཁའ་གྲོ་རྒྱུ།། རེ་རེ་ལ་ཡང་རྒྱུ་རྩིས་བཞི་བཞི་སྟེ།། གཅིག་ནས་བདུན་དུ་རྡོ་རྗེ་མཁ་འགྲོ་རྒྱུ།། དགུ་ན་བཅུ་བཞིའི་བར་དུ་ཤུགས་ཀྱི་མཁའ་གྲོ་རྒྱུ།། བཅུ་དྲུག་ཉི་ཤུ་གཉིས་སུ་ཆགས་པའི་མཁའགྲོ་དྡྷ། ་ཧ་གསུམ་དགུ་ལ་ཐུགས་པ་ལས་ཀྱི་མཁའགྲོ་རྒྱུ།། དེ་བཞིན་ཀུན་ལ་སོ་སོར་སྦྱར་བར་བྱ།། སྲོང་དང་སྔ་དྲོ་རྡོ་རྗེ་མཁའ་འགྲོ་རྒྱུ།། དྲོས་ཆེན་དྲོད་ཡོས་ཤུགས་ཀྱི་མཁ་འགྲོ་རྒྱུ།། ཉི་མཚན་ཕྱེད་ཡོལ་ཆགས་པའི ་མཁའགྲོ་རྒྱུ།། དགོངས་དང་ཐོ་རངས་ལས་ཀྱི་མཁ་འགྲོ་རྒྱུ།། ཉ་སྟོང་བརྒྱད་ལ་ཀུན་ཀ་སྤྲུགས་ཏེ་རྒྱུ།། ཏིང་འཛིན་དྲོད་ཉུལ་ཉི་ཤུ་དགུ་ལ་རྒྱུ།། དེ་ཉིད་སྦྱོར་ཚུལ་མཚན་མོ་རྒྱུ།། དེ་ཉིད་སྦྱོར་ཚུལ་ཉིན་མོ་རྒྱུ།། དགོན་པའི ་མཁའ་གྲོ་ཀུན་ཏུ་རྒྱུ།། ནམ་ལངས་ཉི་ནུབ་ཉི་མ་རྒྱུ།། རྩེ་དྲོ་ས་མུན་སྲོས་ཟླ་བ་རྒྱུ།། སྔ་དྲོ་ཆེ་ལ་དམག་དཔོན་རྒྱུ།། ཉིང་གུ་ནམ་གུང་ལྷག་པ་རྒྱུ།། གུང་གཉིས་ཡོལ་བ་ཕུར་བུ་རྒྱུ།། མྱུར་དང་ནམ་དགུ་པ་སངས་རྒྱུ། ནུང་ཀ ་པོ་རངས་སྤེན་པ་རྒྱུ།། ཁྱབ་འཇུག་རྒྱུ་བ་འདི་ལྟ་སྟེ། ཡོ་འཇུག་ཟླ་འཇུག་ཡང་འཇུག་ཟུང་འཇུག་བཞི།། གླང་ལུག་ཁྱི་འབྲུག་བཞི་དབྱར་དགུན་འབྲིང་།། བཅོ་བརྒྱད་ཉི་ཤུ་བཞི་ཡི་ནམ་ཕྱེད་རྒྱུ།། ཁྱི་ཕག་གཉིས་ཀྱི་དབྱི ་འབྲིང་དབྱར་འབྲིར་ལ།། བཅུ་བཞིའི་ཉི་ཤུ་དྲུག་གི་རི་རྩེ་ལ།། རྟ་སྦྲུལ་གཉིས་ཀྱི་སྟེན་དཔྱིད་ར་བ་ཡི།། ཡར་ངོའི་བཅུ་གསུམ་ཉི་མ་མྱུར་ན་རྒྱུ།། བྱ་སྨྲེ་གཉིས་ཀྱི་དགུན་དཔྱིད་ར་བ་ལ།། དམར་མོ་ཉི་ཤུ་དགུའི་ཉི་ཕྱེད་ལ།། ་@སྟག་ཡོས་གཉིས་ཀྱི་དབྱར་དགུན་ཐ་ཆུང་ལ།། མར་པོའི་བཅོ་བརྒྱད་ཉི་མ་ཕྱེད་ན་རྒྱུ།། བཅུ་གཉིས་ཀྱི་རེ་རེའི་ངོས་ལ་བརྒྱད་རྒྱུ་སྟེ།། བཞི་བརྒྱད་བཅུ་གཅིག་བཅོ་ལྔ་བཅོ་བརྒྱད་དང་།། ཉི་ཤུ་གཉིས་སྟེ་ལྔ་དང་དགྲ ་རྣམས་ཀྱི།། སྲོང་དང་ཉི་གྲོང་ནམ་འབྱིང་ཉི་ཕྱེད་དང་།། ནམ་ཕྱེད་ཀྱི་ཕྲེང་པོ་རངས་ཉི་མ་མྱུར།། རིམས་ཀྱི་གུག་ན་སྐུ་སྒོ་ནས་བྱང་།། བསྐོར་ཐབས་དེ་བཞིན་ཕྱོགས་མཚམས་ཁྱབ་པར་རྒྱུ།། དཔྱིད་རང་བྱར་འབྲིང་སྟོན་དྲང་ཆུང ་ཀྱི།། ཚེས་གཅིག་བཅོ་བརྒྱད་བཅུ་བདུན་གསུམ་རྒྱུ།། དབྱར་ར་སྟོན་འབྲིར་དགུན་ཟླ་ཐ་ཆུངས་ཀྱི།། ཚེས་ལྔ་བཅུ་འདུན་ཉི་ཤུ་གསུམ་ལ་རྒྱུ།། དགོངས་དང་ཐོ་རངས་བྱ་ཟེར་ཙམ་ལ་རྒྱུ།། ནམ་དགུང་ཉིན་གུང་གཉིས་ཀྱི་ཡོལ་ནས་རྒྱུ། ་ནམ་སྲོང་དང་ཉི་མ་དྲོས་ནས་རྒྱུ།། ཉི་མ་རྩེ་ཤར་མུན་སྲོས་ཙམ་ན་རྒྱུ།། གྲིབ་ཆུང་སྲོད་ཀྱི་བར་དུ་ཐམས་ཅད་རྒྱུ།། སྐྱ་རེངས་ཤར་ནས་ཀུན་གྱིས་ཀླུ་རིགས་རྒྱུ།། ལས་ཀྱི་མཁ་འགྲོ་ནམ་ནངས་ཡོས་བུ་རྒྱུ།། རྩེ་ཤར་འབྲུག་རྒྱུ། ཤར་བག ་སྦྲུལ་རྒྱུ་དྲོས་ནས་རྟ་རྒྱུ།། ཕྱེད་ན་ལུག་རྒྱུ།། མྱུར་ན་སྤྲེའུ་རྒྱུ།། དགོངས་མོ་བྷ་རྒྱུ།། སྲོང་ལ་ཁྱི་རྒྱུ་འཛིངས་ལ་ལག་རྒྱུ།། གུང་ལ་བྷི་བརྒྱུ།། ནམ་ཀྲུང་གླང་། པོ་རེངས་གཤེད་པོ་སྟག་གི་དུས།། མཁའགྲོ་རྣམས་ཀྱི་མདུན་ས་ནི།། དུར་ཁྲོད ་བརྒྱད་དང་སྟོན་པས་ཞབས་ཀྱིས་བཅགས།། བྱ་རྒོད་རི་དང་གྲུབ་ཐོབ་པའི་ས།། དུར་ཁྲོད་ལ་སོགས་མཁའ་གྲོ་འདུན་ས་ཡི།། དབྱར་གསུམ་གངས་དཀར་རྩེ་ལ་འདུ།། སྟོན་གསུམ་ཡང་སྣར་གོང་དུ་འདྲ།། དགུན་གསུམ་དགོན ་དགོན་དམར་ཐད་ལ་འདུ།། དཔྱིད་གསུམ་ཆུ་བོའི་གཞུང་ལ་འདུ།། ཐ་ཆུང་བཞི་ལ་མདུང་ལྟར་གཙང་།། དབྱར་ཟླ་ཐ་ཆུང་ལྷངས་ཁ་ཀླུ་ཡིས་གཅོད།། སྟོན་ཟླ་ཐ་ཆུང་ལྟངས་ཁ་ས་བདག་གཅོད།། དགུན་ཟླ་ཐ་ཆུང་ལྷངས་ཁ ་མ་མོས་གཅོད།། དཔྱིད་ཟླ་བ་ཆུང་ལྟངས་ཁ་བཙན་ལ་འདོར།། མཁའ་གྲོ་རིགས་ཀྱི་རྒྱུ་ཕྱོགས་ནི།། རྡོ་རྗེ་མཁའ་གྲོ་ཤར་ནས་ནུབ་ཏུ་རྒྱུ།། ཤུགས་ཀྱི་མཁའ་གྲོ་ལྷོ་ནས་བྱང་དུ་རྒྱུ།། ཆགས་པའི་མཁའགྲོ་ནུབ་ནས་ཤར་དུ་རྒྱུ། ་ལས་ཀྱི་མཁའ་གྲོ་བྱང་ནས་ལྷོ་རྒྱུ།། མཁའགྲོ་བཅུ་གཉིས་རྒྱུ་ཕྱོགས་ནི།། དགུན་ར་ཕག་གི་མགོ་ཅན་ལྷོར་རྒྱུག། འབྲིང་བ་བྱའི་མགོ་ཅན་ནུབ་ཏུ་ཎྱ།། ཐ་ཆུང་གྲང་གི་མགོ་ཅན་བྱང་དུ་རྒྱུག། དཔྱིངར་སྟག་གི་མགོ་ཅན་ཤར་དུ་རྒྱུག། ་འབྲིང་པོ་ཡོས་པུས་མགོ་ཅན་ལྷོ་རུ་རྒྱུག། ཐ་ཆུང་འབྲུག་གི་མགོ་ཅན་ནུབ་ཏུ་རྒྱུག། དབྱར་ཟླ་སྦྲུལ་གྱི་མགོ་ཅན་བྱང་དུ་རྒྱུག། འབྲིང་པོ་རྟའི་མགོ་ཅན་ཤར་དུ་རྒྱུག། ཐ་ཆུང་ལུག་གི་མགོ་ཅན་ལྷོ་རུ་རྒྱུག། སྟོན་ར་སྤྲེའུའི་མག་ཅན ་ནུབ་ཏུ་རྒྱུག། འབྲིང་པོ་བྱའི་མགོ་ཅན་གོང་བཞིན་རྒྱུག། ཐ་ཆུང་ཁྱི་ཡི་མགོ་ཅན་ཤར་དུ་རྒྱུག། བཙན་བཙན་དམུ་བདུད་གོང་གསུམ་རྩིབས་ལ་རྒྱུག། ཡ་མ་སྨན་ནི་སུལ་རྔུབས་རྩིབས་ལ་རྒྱུག། ས་བདག་ཀླུ་སྲིན་རཱང ་སུ་རྒྱུག། ཐ་ཆུང་ངུས་གཅིག་རྒྱུ་བ་འདི་ལྟ་སྟེ།། བྱི་རྟ་སྟོན་དཔྱིད་འབྲིང་པོ་བཅོ་ལྔ་ལ།། གླང་ལུག་དཔྱིད་སྟོན་ཐ་ཆུང་ཉི་ཤུ་གཉིས།། སྟག་སྤྲེ་དབྱར་དགུན་ར་བའི་ཆོས་བརྒྱད་ལ།། བྱ་ཡོས་དགུན་འབྲིང་པོ་བཅོ ་ལ།། ཁྱི་འབྲུག་དབྱར་དགུན་ཐའི་ཉི་ཤུ་གཉིས།། ཕག་སྦྲུལ་སྟོན་དཔྱིད་ར་བའི་ཚེས་བརྒྱད་ལ།། དུས་བཞི་ཟླ་བ་རབ་འབྲིང་ཐ་ཆུང་ལ།། ར་བའི་ཚེས་དྲུག་འབྲིང་པོའི་ཧ། ཐ་ཆུང་ཉི་ཤུ་དྲུག། བར་སྣང་རི་རྩེ ་སའི་མཚམས།། དེ་རེས་ཐམས་ཅད་རྒྱུ་བ་ཡིན།། རྫས་ནི་བསྒྲུབ་རྫ་ས་ཏེ།། ཨ་མྲི་ཏ་སྟེ་ཤ་ལྔ་ཆེན་པ་ལྔ།། བདུག་སྤོས་རིན་ཆེན་སྣ་ཚོགས་དང་།། འབྲུ་དང་ཤིང་ཐོགས་གཅན་གདུག་པའི་ཤ།། སྐྱུར་དང་འོ་མ་མཁྲིས་པ ་ཆ་སྨན་དང་།། གམུ་རྒོད་གསེར་ཤང་སྲུབས་བུ་ཤའི་རིགས།། བསྐྲད་པའི་བཅན་བཙུན་དམུ་བདུད་མ་མཐམས་སྨན།། ས་བདག་ཀླུ་རིགས་འགེགས་ཆེན་ཕལ་དང་། གསུར་ཆེན་འགར་འ་འུག་པ ་རྣམས་ཀྱི་བསྐད།། ར་དང་ཀུ་རུ་རའི་ཁུའས་བསླང་།། མ་ཀའི་རྩི་དང་བསེའི་ཤིང་གིས་བསྐྲད།། གང་བསྲུངས་ལ་བ་སྦྱོར་བའི་གུ་གུལ་བྱུགས།། ལས་དང་དུས་སུ་འཇོམ་པ་ནི།། ལས་ཀྱི་དབང་གིས་དུས་སུ་འཇོམ ་པ་དང་།། ཐབས་དང་མན་ངག་ཤེས་པས་འཇོམས་པའོ།། མྱུར་དུ་བསྒྲུབ་པ་འདི་ལྟ་སྟེ། མན་ངག་ཐབས་ཀྱི་མྱུར་བར་བསྒྲུབ་པ་དང་།། ཏིང་འཛིན་སྔགས་དང་ཕྱག་རྒྱས་བསྒྲུབ་པའོ།། དུས་ཚོད་རྣམས་ནི་གོང་དུ ་བསྟན་པའོ།། རྫུ་འཕྲུལ་ལ་ཡང་རྣམ་གསུམ་ཡོང་སྟེ།། རང་བཞིན་བྱིན་བརླབས་ཐབས་ཀྱི་རྫུ་འཕྲུལ་སྟེ།། རང་བཞིན་གཅིག་ལས་སྣ་ཚོགས་སྤྲུལ་པའོ།། བྱིན་བརླབས་མེ་འབར་དུ་འབུལ་བའོ།། བབས་ཀྱི ་རྫུ་འཕྲུལ་ཐུན་མོངས་དངོས་གྲུབ་རྣམས།། སྒྲིབ་ཤིང་ཉིད་དང་རྫུ་བ་དང་།། རྫུ་བལྷ་ཡི་ང་རྒྱལ་ལོ།། མ་མེ་སྒྲུབ་ཤིང་དུར་ཁྲོད་རྫས།། སྐྱ་ལ་བུ་ཕྱུགས་དང་རུ་བདུད་ཀྱི་ཤིང་།། ཝ་ཁྲག་བྱང་ཆུབ་སེམས་ནི་བཙན་རིགས་ཤིང ་ཁཏ་སྦྲམ་གྱི་རྩི་ནི་ཀླུ་ཡི་ཤིང་།། འུག་པ་སྲིན་བྱའི་དང་རུ་ཐེ་རང་ཤིང་། དེ་རྣམས་གཅིག་ཏུ་སྦྱར་ལ་མི་ལ་སྒྲིབ།། འཁྲུགས་པའི་རྟགས་ཐུག་ཡོད་དེ།། ཉི་མ་ཟླ་བ་འཆང་བ་དང་།། དུས་མེད་པར་ནི་འབྱུང་བ་དང་།། སྒྲ་དང ་དཔའ་བོས་འགུལ་དྲུག། འདི་རྣམས་མཁའ་གྲོ་འཁྲུག་ན་འབྱུང་།། མི་འདོད་འབྲས་བུ་འབྱོན་ན་ཉམས་པའི་རྟགས།། བཅོས་ལས་དུས་སུ་མེད་ན་ཆང་པའི་རྟགས།། དེ་དུས་འཁྲུག་ན་ཞིང་གིས་བཅོས།། ཉམས་པ་རྣམས ་ནི་ཚོགས་ཀྱིས་བསྐང་། ཆད་པ་ཐམས་ཅད་མཛེས་ཀྱིས་བཟློག། ལས་ཀྱི་མཁ་འགྲོ་མའི་རྒྱུད་ཆེན་པོ་ལས་བསྒྲུབ་པའི་ཐབས་དོན་གྱི་རིམ་པ་སྟེ་ལེའུ་གཉིས་པའོ།། །། དེ་ནས་དཔལ་ཆེན་བཀའི་བསྡུས་དོན་ནི། ཡུལ་ད ་རྒྱུན་པ་རིགས་དང་དུས་ཚང་སྔགས། བརྡའ་དང་སས་ཚོགསས་པ་བསྟན་པའོ།། རྣམ་འབྱོར་གཅིས་མེད་དཔས་དང་སམ་པ་ཡི།། ཕྱག་རྒྱ་ཆེན་པོ་བཞེས་པས་ཡུས་ཞེས་བྱའོ།། རྒྱས་ཐུགས་ཀྱི་མའི་འགྲོན། ་ཚོགས་པའི་མཁའ་གྲོ་དྷཱ།། དབུགས་ལ་ལས་ཀྱི་མཁའ་གྲོ་ནཱ།། རྫས་དང་དཀྱིལ་འཁོར་ལྡན་ན་མདུན་ས་ཡིན།། རིགས་ནི་མཁ་འགྲོ་ཤུགས་འགྲོ་མས་ཀྱིས་འགྲོ་བ་གམུམ།། དཔལ་ཆེན་བཀའི་དུས་ཚད་ནི།། གང་ལ་མོས་པའི་རྒྱུ ་དུས་གོང་དུ་བསྟན།། དཔལ་ཆེན་བཀའི་སྔགས་ནི་འདི་ལྟ་སྟེ། ཨོཾ་ཤྲཱི་བཛྲ་ཤྲི་ཧེ་རུ་ཀ་ཧཱུཾ་ཕཊ།། སརྦ་མ་ཌཱ་ཀ་ནི། ཛྭ་ལ་སམ་བ་ར་ཧཱུཾ། ཡོ་གི་ནི་མ་ཧཱ་ཀྲི་ཏི་ཀྲི་ཏི་སརྦ་དུནྟིང་ནན། ཛཱ་ནིནྱ་ཨ་མུ་ཀ་སེ་སརྦ་པ་པ་ཀརྨ་བ་ར་ནན་ཤནྟིང་ཀུ་རུ། ་ཀ་ཡེ་ཙི་ཏི་ན་ཏ་བྱི་ས་ཙ་ལེ་བ་ལེ་བ། བ་ལེ་བ་པ་ལེ་བ། ཨ་ཀཱ་ཡ། ཨ་ཀྵ་ཡ། དུཤྩ་སྟ་བ་ཀི་ནན། སརྦ་གྲ་ཧ་ད་བྷ་ནན། སརྦ་ཛ་ར་ནན། བྷཱི་དྷ་བི་ཤ་དུར་ནི། མྱི་ཏ་སརྦ་ཨ་མང་ག་ལེ་ནན། ཨ་ཏ་མི་ཏིཤྩ། གད་ཛ་པྲ་ཏ་ཡན་ཏིང་། སརྦ་ཐ ་བྱ་གི་ཙི་ཏ་རཀྟ་ཨཱ་ཀཪྵ་ཡ། ད་ར་ཡ་ད་ར་ཡ། ཨ་གད་ཏ་ཡ། ཨ་གད་ཏ་ཡ། བནྡྷ་བནྡྷ། བཛྲ་སིང་ག་ལེ་ན་བ་ན་བད་ཡ། མོ་ཧ་ཡ་མོ་ཧ་ཡ། ཀུ་རུ་པ་ཤངྐུ་རུ། བཛྲ་ཨུད་ཀ་རེ་ན་ན་སྟེ་ན། ཊ་དྷ་ཡ་ཊ་དྷ་ཡ། ཧ་ན་ཧ་ན་བྱི་ཙི་ཏྲ་པྲ་ཧ་རེ། ་དྷར་དྷ་ར། འད་ཁང་དྷ། པ་དྷ་ཡ་པ་དྷ་ཡ། ཚེདྷ་ཡ་དྷ་ཡ། ད་བར་མ་ར་ཡཾ་མ་ར~ཾ་ཡ། ཙྪིནྣ་ཡ་ཙྪིནྡྲཱ་ཡ། བྷསྨི་ཀུ་རུ་པར་བིང་ངན་ཚེ་དྷ་ཡ། མནྟ་ཀྲྀ་\ུ0f7f། ཀ་ཁོ་དྷ་ན་པྲ་ཡོ་ག་དུ་ཤ་པ་ལནན། པ་ཡ་ནན། ང་ལ་མེ་ལ་ཀ་སརྦའི་སྦོ ་སརྦ་དེ་ཙ་ནན་བྱེ་བ་ཏ་ཡ། བཛྲ་ཧེ་རུ་ཀ་སརྦ་ཌཱ་ཀི་ཡོ་བི། ཨ་ཀ་མུ་སྱེ་པུ་ནྱེ་སཱཛྙཱ་ན་སྱ། ཤྲཱི་ནན་ཏེ་ཛ་སྱ། ཨ་ཤེ་བ་ལ་སྭ་སརྦ་སམྦ་གས་པུཥྤ་དྷུ་རུ། ཡོ་གི་མ་དྷ་ཌཱ་ཀི་རཀྐ་རཀྑ་སྭཱ་ཧཱ། བརྡའ་ནི་ལུས་ངག་ཡིད་དེ ་དྲུག་པའོ།། ལས་ཀྱི་ཚོགས་ནི་གཉིས་བྱུང་སྟེ། དུས་མེད་གསང་དང་དུས་ལས་བཟློག་པར་བྱེད།། དབང་དང་དགུག་པ་གསང་དང་བསྡང་།། ཚེ་བསྲུང་བ་དང་བགེགས་བཟློག་པའོ།། རྣལ་འབྱོར་ལྔ་དང་གཉིས་མེད་པས ་གནས་དང་མདུན་སར་བསྙེན་པ་ལ་སོགས་བྱ།། དྲོད་ཚད་ཡོད་པས་རྒྱུན་བསྲང་དུ་གསད།། རྡོ་རྗེ་མཁ་འགྲོ་རྒྱུན་དབང་དུ་བྱ།། ལས་ཀྱི་མཁ་འགྲོ་རྒྱུན་དགུག་པར་བྱ།། ཆགས་པའི་མཁའ་འགྲོ་རྒྱུན་གསད་པར་བྱ།། ་ཤུགས་ཀྱི་མཁ་འགྲོ་རྒྱུན་བསྐྲད་པར་བྱ།། དེ་བཞིན་དུས་རྣམས་གང་ལ་བབ་པའི་ཚེ།། རང་རང་སྔགས་ཀྱི་མཇུག་ལ་གདགས་ནི།། དབང་ལ་བ་ཤམ་ཀུ་རུ་ཤིང་ཁ་ལེ་ན་བནྡྷེ་ཡ། དགུག་པ་ལ་ཨཱ་ཀཪྵ་ཡ་ཨཱ་ཀཪྵ ་ཡ་དྷ་ར་དྷ་ར། གསད་པ་ལ། མ་ར་ཡ་མཱ་ར་ཡ། ཁང་ཁང་བསྐྲད་པ་ལ། ཨ་ཙ་ཏ་ཡ། ཨ་ཏ་མི་ཏསྟ་གཙྪ་གཙྪ། སྔགས་མགོ་འཇུག་ཨོཾ་ཕཊ་གདགས་པར་བྱ། ཚེ་བསྲུང་བགེགས་བཟློག་འདོང་བར་གཏོར་མ་གཏབ ་ཡ་གཏེར་བ་དེ་ཡི་སྔགས་མཇུག་ལ།། ཨ་མུ་ཀ་སྱ་ཀ་ཡེ་ཙི་ཏི། པྲེ་ན་སྱེ་ཛྙ་ནི་ཤྲི་ནན་ཏེ་ཛ་སྭ། ཨ་ཡུ་ཥེ་པ་ལྀ་ས། རཀྵ་རཀྵ་རེ་ན་ག་མཾ་ཀུ་རུ། ཞེས་བརྗོད་པའོ།། ལྷ་ཡི་དབང་པོ་འདི་ལྟ་སྟེ། སེམས་མཁའགྲོ་ཉིད་དུ་གྱུར་ཏེ། ་བུད་མེད་བདེ་བའི་སྟོབས་ཀྱིས་ལྡོག་པ་འཇམ།། ཕྱོགས་བཅུའི་མཁའ་ལ་གཤེགས་པས་མཁ་འགྲོ་མ། མཚན་ཅིང་མམཁའ་འདྲ་བ་ལས། སྒྱུ་མ་སྭ་བར་སྤྲུལ་པ་ལས།། ཀུན་རྫོབ་ཙམ་དུ་བསྟན་པ་འདི། ་ངན་འདས་ལ་མི་གནས་པ།། འཇིག་རྟེན་འཁྲུལ་པ་བཟློག་པར་སྣང་།། སྣང་བ་དེ་ལ་རང་བཞིན་མེད།། སེམས་ཀྱི་རང་བཞིན་དངོས་མ་གྲུབ།། དངོས་པོའི་རང་བཞིན་ཀུན་དང་བྲལ།། བློ་དང་ལྡན་པས་མཁའ་སྔར ་བསྒོམ།། སྒྲིབ་རྒྱུ་རྨི་ལམ་ལྟ་བུར་ནི།། མཁས་པས་རང་རིག་ཙམ་གྱིས་ནི།། སྦྱོར་བའི་མཐར་ཐུག་བསམ་གཏན་བྱའོ།། ལས་ཀྱི་མཁའ་གྲོ་མའི་རྒྱུད་ལས།། བསྡུས་དོན་མཐར་ཐུག་བསམ་གཏན་གྱི་ལེའུ་སྟེ་བསུམ་པའོ།། ་དང་པོ་གླེང་བཞི་གནས་རྦྦ་དང་།། ཕྱག་རྒྱ་སྔགས་དང་བསམ་གཏན་དང་།། དེ་བཞིན་ལ་སོགས་ཆོ་གའི་ཐབས།། དེ་བཞིན་འདོད་པའི་བསྟན་བྱ་རྣམས།། ལྷ་ཁྱོད་ལ་ནི་ངས་བསྟན་ཏོ།། གང་འདི་འཆང་ངམ་འཛིན་པ་ལ། ་འཇིག་རྟེན་པས་ཀྱང་ཉེ་བྱེད་དེ།། མཁ་འགྲོའི་ཚོགས་ཀྱིས་བསྲུང་བར་བྱེད།། ཅེས་བཀའ་སྩལ་ཏོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟན་ལས་ཡངས་ཏེ། ལྷ་མ་སྲིན་སྡེ་བརྒྱད་དང་མཁ་འགྲོ་མའི་ཚེགས་ཐམས ་ཅང་སེམས་རབ་ཏུ་མགུ་སྟེ། ཐམས་ཅད་ཀྱིས་མཆོད་པ་ཆེན་པོས་མཆོད་དེ། དཔལ་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བསྟོད་དོ།། ཨེ་མ་ཧོ་མཐུ་ཆེན་ཀུན་ལས་ཁྱད་པར་འཕགས།། ཐུགས་རྗེ་དྲག་པོའི་བདུག་པ་འཇོམ་མཛད་ལྷ། ་སྡང་སེར་སྤྱན་དམར་མཆེ་བརྩིགས་པདྨའི་གདན།། བྲགས་རྟགས་རྡོ་རྗེ་འཛིན་པ་ཁྱོད་ལ་བསྟོད།། ཅེས་བསྟོད་ནས། དེ་ནས་དེ་དག་ཐམས་ཅད་རང་གི་གནས་སུ་འཁོད་པར་གྱུར་ཏོ།། ལས་ཀྱི་མཁའའགྲོ་མའི་རྒྱུད་རྩིབས་སྦྱོར ་ཆེན་པོ་ལས་འཁོར་གྱིས་བསྟོད་པའི་ལེའུ་སྟེ་བཞི་པ་རྫོགས་སོ།། ། རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤན་ཏིང་གྷརྡྷ་དང་། ལོ་ཙ་བ་ལྕེ་བཀྲ་ཤིས་ཀྱི་བསྒྱུར་བའོ།། ། མམོ་སྣང་སྲིང་ཐིག་ལའི་རྒྱུང་བཞུགས ་