| Wylie | e-texts produced with BDRC’s OCR application |
ཁམས་གསུམ་སྒྲོན་མ་རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་སཱཏྭ་ས་མ་ཡ། ཁེ་མ་ཧཱ་དེ་ཧཱ་པུཥྚིཾ་ག་ར་ཏ་ན་ཧཱ། བོད་སྐད་དུ། རྡོ་རྗེ་སེམས་དཔའ་ནམ་མཁའ་ཚེ་བྲམ་ཟེ་རྒྱས་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ ་ཕྱག་འཚལ་མོ།། འདི་སྒྲུང་བ་ཤད་པའི་དུས་ན། འོག་མིན་གྱི་བཱནས། ཆོས་ཉིད་ཀྱི་མན། དབྱིངས་ཉིད་ཀྱི་སྤྱོང་། སེམས་ཉིད་ཀྱི་གནས། ཡེ་ཤེས་སླེབ་པ་མི་མངའ་བའི་གཞལ་ལས་ནི་ཉིད་ཀྱི་རང་བཞིན་དང། ཉིད་ཀྱང་པོ་། ་ཐུགས་རྗེས་སྤྲུལ་པའི་འམ་འ་དུ་སྷོ། རང་བཞིན་གྱི་ཁོ་བྱོས་ཀྱི་སྐྱེས་བྱ་བ་དང། རབཉིན་གྱི་འཐོར་མོངས་སྤྱོད་རྫོགས་པའི་སྐུ་ཞེས་བྱ་བ་དང་། དྲུག་རྩོན་པའི་འཁོར་སྤྲུལ་བའི་རྒྱུ་ཞེས་བྱ་བ་དང་། བམས་དཔའ་མ་སོགས་པ་བྱེད་པ་དང་། ་ལ་ཁོར་རྣམས་ད་ངས་ག་ཏུ་བརྫུན་ས། དན་པ་འཐོ་ན་འདས་ན་བྱས་ཐམས་ཅད་བསླུས་ནམ་ཐག་ས་མེད་པགཅིག་ཏུ་བཟུགས་ས།། དེདས་རྡོ་སེམས་དཔའི་ཉིད་ཀྱི་རང་བཞིན་ག་འི་ཆེན་པོགཏུ་ཏུ་འཐུགས་པ་ས་སྩ་། ་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་པ་དགའ་བ་འི་སེམས་ཀྱིས་དང་འའི་མདེངས་ཕྱུང་ནས་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་སྦས་པ། རྡོ་རྗེ་སེམས་དཔའ་སྐྱེས་ནོ།། དཀར་གྱིའི་སེམས་ཀྱིར་མ ་བའི་མདངུས་མྱེ་ཡེ་མའོ།། ང་ལས་བྱུང་བ་ཡེསའོ།། ཁྱེད་འདྲུད་དགའ་བ་འིམའོ།། ཞེས་གསུངས་པས། རྡོ་རྗེ་སེམས་དབས་ཞུས་པ། སྨོན་པའི་སྨྱོན་པ་ཀུན་ཏུ་བཟང་པོ་ཕྱགས།། སྨྱོན་པ་ཉིད་ཐང་ཐེག་པ་སྨོས་པ་མོའོ།། འཁོར་རྣམས ་ཀུན་ཀྱང་འིཞིའི་སྤྲོས་པ་སྐྱེད།། བསྐྲུན་པ་ཀུན་ཀྱང་བྱེག་ལེ་ས་པ་འོ།། རྫུ་ནས་ཀྱི་ཐེཞི་བ་སྒོས་པ་མེད།། ཐམས་ཅ་ཀུན་པ་ཊཱིག་གྲོ་རློས་མེན་ནོ།། སྟོན་པའི་སྟོན་པ་པ་ཅི་ཞིག་སྟོན་པར་མཛག། འམ་དུ་འཁོར་བའི་འ ་ལིང་ས་བྱོན་པ་སྤྱོ་དེ་འ།། དུ་དང་གིནཔ་དེདེས་སུས་ཧཱུ~ཾ་། དེདེ་དང་། དེསུ་སུ་ཏུ་ཅི་བསུ་འདིད་ཀྱིས་། བྱུང་ཀྱིས་དུམ་གྱི་ནན། སེམས་ཉིད ་ཞེ་ས་གསུངས་།། ་པོ་ནི།། སྐྱོན་པ་དང་ཁྱོང་དུས་གནས། བྱུང་ས་གནས་རྣགས་།། ངཡིས་རང་བཞིན་རྗེ་ག་སེར་བསྟན་པ་ཡིན།། ཐིག་ཀྱི་ནས་སྨྲས་པ་མེད་པའི་དོན།། པོ་མ་སྒོས་ཡིན་མཚིག་མ། ་ཉིད་ཀྱི་རྩ་བ་ཤད་དུ་གསོལ།། ཞེས་ཞུས་པས། ཀུན ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་ཡང་རྡོ་རྗེ་སེམས་དཔས་ནུས་པ། བཅོམ་ལྡན་བདེ་ཆེན་ཀུན་བཟང་། ་རྫུ་ཀླུ་ན་སུ་ཏུ་རྨ་ཏུ་ན་སུ་ས ་བ། ས་ན། སྐྱེགྶ་པ་ཧཱ། ཇུགས་ན་།། མི་གྱུ་ནས ་མཐོང་ཐ~ཾད་ག་ཚོགས་ཅན་སྐྱེ་འོ།། དམིགས་སུ་མེ་པར་མཚན་ཏེ་བསྐུར།། དེ་འདི་དང་ས་པར་རྟོགས་འདོད་ན།། དེ་ནི་ན་མམཁའ་སུ་བྲང་བདྷཱགས།། དོནན་གྱི་ཉྀ་རྒྱ་མེད།། གས་འི་སྐྱེམས་གག་པ་བྱེད།། དམ་པ་འི ་མཔལ་སྟེ་དཔལས་མཚན།། དམིགསུ་སུ་མེད་པ་ཚན་ཞིང་མི།། དམིབུས་པ་མེད་པའི་མཚང་ཎྜ། བརྗོད་པ་མེད་སྟེ། བརྗོད་དུ་མེད་པ་བ་འརྗོད་དོ།། དམྱིགས་མེ་བ་། ་རྟགས་པར་བྱེད།། འདི་བྲིས་དོན་ཅན་མརྣགས་ནི།། དོན་གྱི་ས་ཅིག་བསྟན་ང་།། ཕྲེང་བའི་དོན་དང་འཕྲང་མི་འགྱུར།། ཞེས་གསུངསམ།། རྡོང་སེམས་དཔའི་ནམ་མཁྱུ་མ་ནི་བརྒྱས་པའི་སླད་ལས། ང་པོ་བྱ་བད་པའི་ག ་ས?།། དེནས་ང་རྒྱ་མམས་དཔས་ཚུས་པ། བ་སྦྱིན་པདི་ན་ནཔ་།། ད་པ་ད་བརྫུན་དུག། དེ་ས་ཆགས་པ་ག་དྲུགཔཔ།། ཞེས་ནུས་པའི། ཕུན་ཆུབ་མ་བས་ན་ཚུལ་ན ་དཔེ་འདྲས་པའི་དུབྱེར།། བློན་པ་ཡང་ནི་ནམ་གསུམ་སྷོ།། བརྟན་པ་ཡང་ནིརྣམ་པ་གསུང། འཛིན་འཁོམ་ཡང་གསུམ་དུ་བདྷན།། སྨྱན་པ་གཟུ་ན་འདན་སྐྱེ།། རྫས་དྲནན་སྟོན་པ་དང་བྱུང་བསྟན་པ་དང་། སྔོ་དྲན ་པའོ།། རང་བཞིན་སྟོན་པའི་སྟོན་པས་ནི།། སྐྱེ་བ་མེད་པའི་བྱིན་བརླབས་ལང་།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། དེ་བཞིན་ཉིད་དུ་སྟོན་པར་བྱེད།། དགྲ་སྟོན་པའི་སྟོན་པད་ནི།། ཇི་ལྟར་སྤང་བའི་ཆོས་རྣམས་སུན།། སྟོང་པ་ཉིད་ཀྱི ་བྱུང་ནས།། ངོ་བོ་དེ་ལས་མེད་པར་སྟོན།། སྒྲ་ཚིག་སྟོན་པའི་སྟོན་པས་ནི།། ཆོས་རྣམས་དོན་གྱི་སླར་བསྡུས་ནས།། མ་རིག་མི་ཤེས་སེམས་ཅན་ལ། དོན་སུ་ཚིག་སྡེབས་ནས་སྟོན།། བསྟན་པ་རྣམ་པ་གསུམ་ནི་འདི་ལྟ་སྟེ།། ཆོས་སྐུའི་བསྟེན་པ་ནི ་བཞིན་ཉིད་དུ་བསྟན།། དེ་བཞིན་ཉིད་ལ་རྣམ་པར་དབྱེ་རུ་མེད།། ཇི་ལྟར་སྡང་བའི་ཆོས་རྣམས་ཐམས་ཅད་ཀུན།། སེམས་ཀྱི་ངོ་བོ་ཡིན་པས་དེ་བཞིན་ཉིད།། དེ་ལ་གང་ཞིག་འཆོས་ཤིང་སྒོམ་བྱེད་པ།། དེ་ཡིས་ཆོས་སྐུའི་བསྟན་པ་རྟོག་པ་མེད།། སྣང་བ་མེད ་པའི་ཆོས་ཉིད་བྱང་ཆུབ་སེམས།། མ་ནོར་དེ་བཞིན་ཉིད་དུ་མ་རྫོགས་ཏེ།། དེ་ལ་གང་དུ་འཆོས་ཤིང་སྒོམ་བྱེད་པ།། དེ་ཡིས་རང་སེམས་བཅོས་མེད་དེ་མ་རེག། སྣང་སྲིད་ཆོས་དང་སྣང་སྲིད་བྱང་ཆུབ་སེམས།། སེམས་ཀྱིས་དེ་བཞིན་ཉིད་ཕྱུང་དེ་བཞིན་ཉིད།། ་དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང་།། དེ་བཞིན་ཉིད་ནི་དབྱིངས་ནས་འཚོལ་བྱེད་པ།། དུས་གསུམ་རྒྱལ་བས་བཙལ་ཡང་མི་རྙེད་དོ།། ལོངས་སྤྱོད་རྫོགས་པའི་བསྟན་པ་ལོངས་སྤྱོད་དུ།། ལོངས་སྤྱོད་ལྔ་ནི་ཆོས་ཉིད་ལོངས་སྤྱོད་གཅིག། སངས་རྒྱས་སེམས ་ཅན་ཀུན་གྱི་ལོངས་སྤྱོད་དུ།། ལོངས་སྤྱོད་རྫོགས་པའི་སྤུ་ལས་སྤྱོད་དུ་མེད།། གཟུགས་ལ་སོགས་པའི་ལོངས་སྤྱོད་ལྔ་ལ་ནི།། གཅིག་ལ་ལྔ་ལྔ་ཉི་ཤུ་རྩ་ལྔར་སྤྱོད།། རྩ་ལྔའི་ལོངས་སྤྱོད་དེ་ནི་སྐུ་ལྔའི་ཚུལ།། ཆོས་ཉིད་དོན་གྱི་ངོ་བོ་ཉིད་དུ་བཤད།། ་།། སྦྲུལ་ཅུའི་བསྟན་པ་ཐུགས་རྗེས་དོན་མཛད་དེ།། ཁམས་གསུམ་སེམས་ཅན་བསམ་པ་ཐ་དད་ལ།། སྔ་དང་གསུང་དང་ཐུགས་ནི་རྣམ་གསུམ་གྱིས།། བསམ་པ་ཐམས་ཅད་སྐུ་གསུང་ཐུགས་རྗེས་བཟློག། དེ་ཛིན ་འཁོར་ནི་རྣམ་པ་གསུམ་བསྟན་ཏེ།། ཤིན་ཏུ་རྣལ་འབྱོར་རྩོལ་བསྒྲུབ་འདས་པའི་འཁོར།། སྦྱོར་ཞུགས་ཡིད་ཆེས་སངས་རྒྱས་ས་ལ་གནས།། རིག་འཛིན་ས་དང་དང་པོ་བཅུ་པར་འཁོར།། མ་འཐོབ་ཉེ་རེག་སྒོམ་པའི་ས་ལ་གནས།། སེམས ་བསྐྱེད་མོས་པ་སྤྱོད་པའི་འཁོར་རྣམས་ནི།། རྒྱུ་དགེ་འབྲས་བུ་དུག་འཇོམས་ས་ལ་གནས།། དེ་ནི་སྟོན་པ་གསུམ་གྱི་འཁོར་དུ་བསྟན།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས། སྟོན་པ་དང་ནི་བསྟན་པ་དང་འཁོར་བསྟན་པའི་ལེའུ ་སྟེ་གསུམ་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་བྱེ་མེད་བཤད་དུ་གསོལ།། ཞེས་ཞུས་པས། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅི་གང་ལ་འདུས་པའི་འཁོར། ་བྱེ་བ་མེད་པའི་དོན་འདི་ནི།། ཀུན་བཟུང་ང་ཡི་རང་བཞིན་ཏེ།། ང་རང་བཞིན་འགྱུར་མེད་ལ།། བསྒོམས་ཤིང་འཆོས་ན་བསྒྱུར་བ་ཡིན།། ཡེ་ནས་སྤུན་མིས་སྒྲུབ་པ་ལ།། བསྩུ་བ་ནང་ལ་འཆོས་པ་ཡིན།། ད་ནཱི་ཡེ་ནས་བྱས་ལྡན་པས།། བྱམ་མེད ་པའི་ཆོས་ཉིད་ཡིན།། ཆོས་ཉིད་དེ་ཡི་རང་བཞིན་པས།། རང་བཞིན་དེ་ལ་བྱར་མེད།། བཅོས་སུ་མེད་པའི་རང་བཞིན་པ།། རྡོ་རྗེ་སེམས་དཔའལ་ཁྱོད་མ་འཆིས།། རྡོ་ངོ་སེམས་དཔའ་ཁྱོད་འཆོས་ན།། ཀུན་ཏུ་དབང་པོ་ཆོས་པ་ཡིན།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། ཀུན ་ང་ས་འང་བཞིན་འན།། མི་གནས་ཅིགས་པའི་ཡུལ་དང་དྲུག།། རློས་མེད་པས་མ་མེད་སུལ་ལས་འདས། དེས་སློང་གེགས་ས་ཕྱིད་པ།། བསྐལ་པར་རྩོལ་པར་རྙེད་པ་དགང།། ངལས་བཅལ་པས་གྲུབ་པ་མེད།། ངལ་གྲོ་ས། ་པས་བྱང་བ་མེད།། ངལ་མ་ལྷ་ཡུལ་མེད་ཀྱི།། ངལ་མ་བགྲོད་ལམ་མེད་ཧཱ།། དལ་མ་སྤྱོད་སྒྲིབ་མེད་ཀྱི།། ང་ལྔ་བགྲོད་པས་སྦྱིན་པ་མེད།། བདེ་ལྡན་ཆོས་སྒྲ་སེམས་སུ་གཅིག་པའི་ཕྱིར།། སཱ་ཕྱིར་དུས་གསུམ་མེད་དེ་ཁྱད་པར་མྱོང་།། ་ཡེ་ཤེས་ཡུལ་ལ་མི་རྟོག་པས།། རིག་པའི་ཡེ་ཤེས་ཡུལ་གྱིས་བཙལ་མི་དགོས།། མི་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པའི་ཕྱིར།། རྩོལ་བའི་ཕྲིན་ལས་ཡཾ་ནས་བྱ་མི་དགོས།། ཡེ་ནས་བྱང་ཆུབ་སེལ་ཀུན་གནས་པསོ།། རིག་འཛིན་ས་དངས ་བཅུ་སྣང་མི་དགོས།། ཡེ་ནས་བྱས་ཟིན་ལྟ་བ་བསྒོམ་མེད་དགོས།། ཡེ་ནས་རྣམ་དག་དམ་ཚིག་བསྲུང་མི་དགོས།། མིག་ནས་མི་ཏོག་ཅིར་ཡང་དགོངས་མེད་པས།། མི་རྟོག་མཉམ་པའི་ཡུལ་ལ་རང་བཞིན་གནས།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ ་རྒྱས་པའི་རྒྱུད་ལས་བྱ་བ་མེད་པའི་ལེའུ་སྟེ་བཞི་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ། ཐམས་ཅད་བྱང་ཆུབ་སེམས་ཁོ་ནར་སངས་རྒྱས་པའི་དོན་བཤད་དུ་གསོལ། ཀུན་ཏུ་བཟང་པོ་ས ་བཀའ་སྩལ་པ།། ཉོན་ཅི་གང་ལ་འདུས་པའི་འཁོར།། ཆོས་ཀྱི་སྐུ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ལས་ཆོས་ཀྱི་སྐུ།། རྡུལ་ཙམ་སུས་ཀྱང་བཅོས་པ་མེད།། དེས་ན་སེམས་ལ་སངས་རྒྱས་མེད།། ཡོངས་སྤྱོད་རྫོགས་སུ་བྱང་ཆུབ ་སེམས།། བྱང་ཆུབ་སེམས་ལ་ལོངས་སྤྱོད་སྐུ།། སེམས་ལས་བྱུང་བའི་གཟུགས་རྣམས་ལ།། ལོངས་སྤྱོད་རྫོགས་པས་སྐུ་གཞན་མེད།། སྤྲུལ་པའི་སྒྲ་ནི་བྱང་ཆུབ་སེམས།། བྱང་ཆུབ་སེམས་ནི་སྤྲུལ་པའི་ལྔས།། འགྲོ་བའི་དོན་མཛད ་གཞན་ན་མེད།། དུས་གསུལ་སངས་རྒྱས་ཐམས་ཅད་ཀྱང་།། བྱང་ཆུབ་སེམས་ལ་སེ་གཞན་མེད་དེ།། སྔ་བས་འདས་པའི་སངས་རྒྱས་རྣམས།། རང་སོམས་མ་བཅོས་སྔར་མཐོང་རྟོགས།། ད་ལྟར་བཞུགས་པའི་སངས་རྒྱས་རྣམས།། ལ་བཅོས ་པ་འི་རང་བཞིན་ཏེ།། མ་བཅོས་དེ་བཞིན་རྟོགས་གྱུར་ནས།། ད་ལྟར་འགྲོ་བའི་དོན་པད་མཛད།། སྐད་ནས་འགྲོན་པའི་སངས་རྒྱས་རྣམས།། རང་རྒྱུང་སེམས་ཉིད་འདི་ན།། སྐབས་འཆོས་པས་ལུང་མ་བཀ།། 8། ་ལྟར་ཏིང་འཛིན་སེམས་མ་བཅོས།། མ་བཅོས་ལཱམ་དུ་ཞུགས་ནས་བྱོན།། ཇི་ལྟར་སྣང་བའི་ཆོས་རྣམས་ལ།། བྱང་ཆུབ་སེམས་སུ་མ་རྟོགས་ཏེ།། བཅོས་ཤིང་བསྒྲུབ་པས་འགྲུབ་མི་འགྱུར།། མརྟོགས་བཅོས་པས་འགྲུབ་པ་ཡི།། པྲསྒྲ་ལ~ཾ་འདྲ ་མའི་གྲངས་བགངས་ཀྱང་།། མི་བཙལ་བདེ་བ་དང་མི་ཕྲད།། སྐུ་གསུམ་སེམས་ལས་མེ་བཅོས་ཕྱིར།། སྐུ་གསུམ་སྟོན་པའི་ཀུན་བཟང་ལས།། དེ་བཞིན་འཆོས་པར་བྱེད་པ་ཡི།། སྟོན་པས་བདེན་ཚུལ་ཅི་བསྟན་ཀྱང་།། ཉིད་དྲི་རང་བཞིན་སྟོན་པ་ཡིན། ་རྡོ་རྗེ་སེམས་དཔའ་ནམ་མཁའ་རྗེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་བྱང་སེམས་བཅོས་མེད་ཀྱི་ལེའུ་སྟེ་ལྔ་པའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་པ་དེ་ཆེན་ཀུན་བཟང་པོས།། ཉིད་ཀྱི་ལྷ་སྒོམ་བ་ཤང་དུ་གསལ།། ཀུན་ཏུབ་ང ་པོས་བཀའ་སྩལ་བ།། ཉོན་ཅིག་ངལ་འདུས་པའི་འཁོར།། རྫོགས་ཆེན་ལྟ་བསྒོམ་དུ་མེད་པ་ནི།། ཀུན་ཏུ་བཟང་པོའི་སེམས་ཀྱི་ཡོན་ཏན་ཏེ།། བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱིས།། བཙལ་ཞིང་བསླབ་པའི་བཀའ་བ་སྤྱོད་མི་དགོ་སླ།། རྒྱ་རྐྱེན་མེད ་པས་བཙལ་པའི་ལས་མི་འགྲོས།། འབྲས་བུའི་རང་བཞིན་གཞན་ནས་སྒྲུབ་མི་དགྲོས།། ཆོས་ཉིད་རང་བཞིན་སྒོམ་པས་བྱ་མི་དགོས།། མ་བྱས་པས་ནི་འཇིག་པའི་གཉེན་པོ་མེད།། གཞན་ལ་མི་ལྟོས་བསྒོམ་ནས་འཚོལ་མི་དགོས།། དམ་ཚིག་བསྲུང་བའི ་སྒོམ་པ་བྱའི་དགོས།། ཕྲིན་ལས་བཙལ་བའི་སྒོམ་པ་བྱ་མི་དགོས།། ལམ་ལ་མི་བགྲོདས་ལ་མི་སྐྱོང་སྟེ།། རང་ལས་ཆོས་ནི་གཞན་དུ་ཚོལ་མི་བྱེད།། ངནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར།། ཚིག་གིས་མི་ཕེབས་དབང་པོའི་སྤྱོད་ཡུལ་འདས།། རང་གི ་རང་བཞིན་བསྡུས་ཏེ་ཐིག་ལེར་གནས།། མ་སྤྱོས་གཉིས་མེད་ཡེ་ནས་གཅིག་ཏུ་བསྟན།། རང་བྱུང་ཡེ་ཤེས་མེ་ཏོག་གཡོས་པ་མེད།། རྒྱུ་འབྲས་འདས་པས་རྩལ་དང་སྐབ་མི་བྱེད།། མབྱུང་བས་ན་དངོས་པ་སྒོམ་མི་བྱེད།། མ་སྐྱེས་པས་ན་འངག ་པའི་དོགས་པ་མེད།། བདེ་ཆེན་བརྡལ་བ་ཆེན་པོའི་ཀློང་དཀྱིལ་ན།། མི་སྣང་བས་ན་དམིགས་པའི་ཡུལ་དང་བྲལ།། ཆོས་ཉིད་སྡང་བ་མེད་པའི་རང་བཞིན་ལ།། མི་རྟོག་མཉམ་པ་ཆེན་པོར་ངང་གིས་གནས།། ཆོས་ཉིད་སྤྲོས་པ་མེད་པའི་རང་བཞིན་ལ། ་རིག་པས་མི་རྟོག་ཏིང་འཛིན་མི་བྱེད་ཅིང་།། གང་ཞིག་ངང་ལ་སྒོམ་པ་བྱེད་པ་དེ་སྟེ།། སྒོམ་པ་ཉིད་ཀྱི་ངང་དང་ཕྲད་མི་འགྱུར།། ཆོས་ཉིད་མངོན་དུ་ཕྱུང་བང་ཡིན་པས།། སྡུག་བསྔལ་མི་སྟེ་རྣམ་པར་སྤང་མི་དགོས།། རང་བྱུང་ཡིན་པས་སྐྱེ་འཇིག་མེད་པའི་ཕྱིར། ་མ་རིག་རྟེན་འབྲེལ་དབང་པོ་དགག་མི་དགོས།། རང་རྒྱུད་རྣམ་དག་ཆོས་ཉིད་སྦྱང་མི་དགོས།། ཡེ་ནས་དག་པས་གཙང་སྦྲ་བྱ་མི་དགོས།། ཡེ་ནས་ལྷུན་གྲུབ་ཅོལ་སྒྲུབ་བྱ་མི་དགོས།། དེ་ཡི་ངོ་བོ་ཀུན་གྱིས་མཐོང་བྱའི་ཕྱིར།། ང་ཡིས་མངོན་དུ་བྱུང་བའི་ཆོས་རྣམས་ནི ་སྣ་ཚོགས་དབང་པོའི་རོལ་བསྟན་པ་ཡིན།། དེ་ལང་ཡི་རང་བཞིན་ཀུན་རྟོགས་ཤིག། དེ་ལང་ཡི་རང་བཞིན་མ་མཐོང་ན།། ཀུན་བཟང་ང་ཡི་རང་བཞིན་བསྟན་མི་བྱ།། རྫོགས་པ་ཆེན་པོའི་དོན་དང་སྐལ་མེད་པས།། རྒྱ་འབྲས་ཐེག་པ་དྲང་པོའི་ལུང་པ་གཟུང་།། ་སེམས་དཔའ་རྣམ་མཁའ་ཆེ་བྲམ་ཟེ་བྱས་པའི་རྒྱུད་ལས། ལྷ་བསྒོམ་མྱེད་ཀྱི་ལེའུ་སྟེ་དྲུག་པའོ།། ། རྡོ་རྗེ་སེམས་པས་ཡང་ཞུས་པ། བཅོམ་ལྡན་པ་དེ་རྟེན་ཀུན་བཟང་ངོ་།། ཉིད་ཀྱི་དམ་ཚིག་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་པ ་སྤྲུལ་པ། ཉོན་ཅགང་ལ་འཇུས་པའི་འཁོར།། མེ་སྤྱོས་སྨོས་དང་བྲལ་པོའི་རང་བཞིན་གྱིས།། སྐྱེ་བའི་ཚེ་འཕྲུལ་སྣ་ཚོགས་ཡུལ་ཕྱུང་ནས།། ཡུལ་མེད་རང་གི་རང་བཞིན་ཡིན་ཞེས་བྱ།། དེ་ལ་མི་རྟོག་རྟོག་པའི་ཡུལ་ལས་འདས།། ཡུལ་ལ་མི ་ན་ག་ཞུ་།། ས་ས་གྱུ། སྨྲ་ས་། སུ ་གྱིས་གྲུབ་པས་སྤྱད་པའི་ལས་མི་དགོས།། ལེ་ནས་ཡིན་པས་ཤེས་པར་བྱ་མི་དགོས།། རང་བྱུང་ཡིན་པས་རྨྱ་དང་རྐྱེན་མི་དགོས།། བཟུང་ངན་མེད་པས་བླང་དོར་བྱ་མི་དགོས།། དངོས་པོ་མེད་པས་མྱེད་བཞེས་སུ་བཤད།། དངས་སུ་མི་ལོང་ལ ་མ་འགགས་པས།། དེ་ལ་ཕྱལ་བ་ཞེས་སུ་བཏགས་པ་ཡིན།། སེམས་སུ་ཀུན་གཅིག་གཅིག་པུར་བཏགས་པ་ཡིན།། ཇི་ལྟར་སྡང་བའི་ཆོས་རྣམས་ཐམས་ཅད་ཀུན།། ཡིད་ཆེས་བྱང་ཆུབ་སེམས་སུ་རྫོགས་པའི་ཕྱིར།། སྨན་གྱིས་རྫོགས་པ་ཞེས་སུ ་ལེས་བཤད།། ཆོས་ཉིད་རང་བཞིན་ཅིར་ཡང་འགྱུར་མེད་པས།། བཙལ་བར་གྲུབ་པར་ང་ཡིས་ལུང་མ་བསྟན།། བཀྲེས་སྐོམ་ཆི་གྲང་བྲུད་ལུགས་ཆོས་ཉིད་ལ།། སྐུ་གསུམ་འཁོར་དང་ངས་འབྲོས་པའི་ཆོ་ག་དྲུག། རང་བྱུང་ཡིན་པས་བཙལ་ཞིང་བཀྲུབ་མི ་དགོས།། རྒྱུ་ཉིད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར།། ལས་ཀྱི་རྐྱེན་གྱིས་དང་དུ་དེ་མི་འགྲོ།། རང་བྱུང་ཡེ་ཤེས་ཀུན་དང་མཚུངས་མེད་པས།། མྱ་རྐྱེན་ལས་ཀྱིས་རིང་བྱུང་དེ་མི་འགྱུར།། ངེས་པ་གཅིག་ལ་བདེན་པ་རྣམ་པ་གཉིས།། བདེན་པ་གཉིས ་ཀྱིས་གཏན་ལ་རབབ་ཏུ་མེད། མ་དེས་ནི་ཆོམ་ཅད་ཀྱི་ལུང་དེ་ལ།། རིས་པ་གཅིག་ཏུ་བསྟན་པ་ག་ལ་ཡོད།། སྟོང་གསུམ་རྒྱུ་འབྲས་ལུང་ལ་བརྟེན་བྱས་ནས།། རྡུལ་འབྱོར་གང་ཟག་ཆོས་ལ་རློམ་བྱེད་པ།། དེ་ལ་བདེན་གཉིས་ཅང་མ་བཞི་ཡང་དགོས།། ངས ་བྱས་ཆོས་ལ་བདེན་པ་གཉིས་མི་དགོས།། ངས་བྱས་ཆོས་ལ་བདེན་པ་གཉིས་དགོས་སུ།། ངས་བྱས་ཐམས་ཅད་བྱང་ཆུབ་སེམས་སུ་བྱས།། བྱང་ཆུབ་སེམས་ལ་དོན་དམ་སུན་རྫོབ་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནལ་མཁའ་ཇི་བྲམ་ཟེ་ཁྱམ ་པའི་རྒྱུད་ལས་དམ་ཚིག་བསྐྱང་དུ་མེད་པའི་ལེའུ་སྟེ་བདུན་པའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་པདེ་ཆེན་ཀུན་བཟང་པོ།། ཉིད་ཀྱི་ཕྲིན་ལས་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ལ། ་འདུས་པའི་འཁོར།། རྫོགས་ཆེན་ཆུ་འབྲས་ཡ་ནས་འདས་པའི་ཕྱིར།། བཙལ་ཞིང་བསྒྲུབས་པས་བྱུར་མེད་གྲུབ་པ་མེད།། དོན་དེ་རྟོགས་པས་ལས་རྣམས་མི་བྱེད་དེ།། ལས་མ་བྱས་པས་དེ་བཞིན་ཉིད་དུ་གནས།། དེ་བཞིན་ཉིད་ལྔ་གང་ཞིག་སུ་གྲནས་@ ་དེ་ཡིས་མ་ནོར་མ་བཅོས་གྲུབ་པར་འགྱུར།། དེ་ནི་མ་ནོར་བཞིན་ནི་མ་བཅོས་ཡིན།། བཞི་ནི་ནི་མ་ནོར་ངོ་བོ་ཉིད་ལ་བྱ།། དེ་བཞིན་ཉིད་ལས་སངས་རྒྱས་བཅོས་མེད་དོ།། བྱང་ཆུབ་སེམས་ལ་སྐྱེས་མེད་པའི་ཕྱིར།། སེམས་ལ་ཡེ་ནས་རྒྱུ་མེད་འབྲས་བུ་མེད།། འཇིག ་རྟེན་སྐྱེ་བའི་ཆོས་ལ་དཔེ་བླངས་ནས།། སྐྱེ་ལ་འཇིག་པ་འབྱུང་བ་སྒོ་མི་གདགས།། རང་བྱུང་རྒྱུ་འབྲས་འདས་པ་མ་བརྟགས་པར།། འཇིག་རྟེན་མཚན་མའི་ཆོས་ལ་ཚོད་བཙུགས་ནས།། རྒྱལ་བཙལ་ནས་འབྲས་བུ་འབྱུང་ཟེར་བ།། དེ་ནི་རྒྱུ་འབྲས་ཐེག་པ ་དྲང་ལུང་ཡིན།། ཡེ་ཤེས་ཡེ་ཤེས་ཞེས་སུ་བསྟན་པ་ནི།། རང་བྱུང་ཡེ་ཤེས་མ་འགགས་ཀུན་དང་མཚུངས།། རྒྱུ་ལས་མ་བྱུང་མཚུངས་མེད་ཡེ་ཤེས་ཏེ།། ཐམས་ཅད་སྐྱེས་པས་གཞན་ནས་ཆོས་འབྱུང་མེད།། འཇིག་རྟེན་རྒྱུ་འབྲས་ཆོས་ལ་ཚོད་བཟུགས་ནས།། ་བཙལ་བས་མེད་པར་འབྲས་བུ་འབྱུང་མི་འགྱུར།། བྱང་ཆུབ་སེམས་ལ་ཆུ་རྐྱེན་ཡང་མི་སྟེ།། འཇིག་རྟེན་སྐྱེ་འག་གི་ཆོས་ལ་ཚོད་མི་འཛག། བྱང་ཆུབ་སེམས་ནི་རྐྱེན་གྱིས་མ་བསྐྱེད་པས།། འཇིག་རྟེན་རྐྱེན་བསྐྱེད་ཆོས་ལ་དཔེ་མི་ལེན།། སེམས་ཀྱི་ཏིང་འཛི། ་བསྒོམ་པ་མ་བྱེད་ཅིག། ཡེ་ཤེས་ཡུལ་ལ་རྟོག་པར་མ་བྱེད་ཅིག། ངག་གིས་འང་བ་དང་སྙིང་པོ་བཟླ་མི་དགོས།། ལག་གིས་འདུ་བྱད་ཕྱག་རྒྱ་བཅའ་མི་དགོས།། སེམས་ཀྱི་འདུ་འགྲོ་ཏིང་འཛིན་ལས་མི་བྱེད།། རང་ལ་གནས་པས་གཡོ་མེད་ལྷུན་གྱིས་ལུབ ་རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད།། མ་བཙལ་ཇི་བཞིན་དང་དུམ་བཅོས་ཡིན།། བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟན།། ཆེ་བ་འདོད་ནས་རྩོལ་སྒྲུབསྣོལ་བྱེད་པ།། སྒོམ་སླབ་བཙལ་བས་ཆེ་བདེ་མི་འགྲབ ་ཆེ་བ་རང་བྱུང་ཡེ་ཤེས་ཡེ་ནས་ཆེ།། བསྒོམས་ན་སངས་རྒྱས་དགོངས་པ་འཆོས་པ་ཡིན།། སངས་རྒྱས་དགོངས་པ་གང་ཞིག་འཆོས་བྱེད་པ།། དེ་ཡིས་སངས་རྒྱས་ཐམས་ཅད་སྤངས་པ་ཡིན།། དེ་ཡིས་རང་གི་བྱང་ཆུབ་སེམས་སྤངས་པས།། རང་གི ་བཞིན་བསྐལ་པར་ཕྲད་མི་འགྱུར།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་ཕྲིནཱ་ལས་བཙལ་དུ་མེད་པའི་ལེའུ་སྟེ་བརྒྱད་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་པདེ ་ཆེན་ཀུན་བཟང་པོ།། ས་ཡི་རང་བཞིན་བསྟན་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ངལ་འདུས་པའི་འཁོར།། ཀུན་ཏུ་བཟང་པོ་ངཡིས།། ཀུན་གྱི་བྱང་ཆུབ་སྙིང་པོར་གནས།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི།། ཆོས ་དབྱིངས་ཀྱི་ཕོ་བྲང་སྟེ།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན།། ཀློང་ཆེན་སེམས་ཀྱི་གནས་དེ་ན།། མི་གནས་པ་ནི་གང་ཡང་མེད།། ཀུན་གྱི་གནས་ད་ས་ཡིན་ཏེ།། འདུ་འབྲལ་མེད་པར་དེ་ན་བཞུགས།། ་སྤང་ཞིང་བགྲོད་མི་དགོས།། དེ་ལ་སྤང་ཞིང་བགྲོད་གྱུར་ན།། དང་སེམས་དེ་ལ་འཆོས་པ་སྟེ།། བཅོས་པས་རང་སེམས་འབྱོངས་མི་འགྱུར།། དེ་ནི་སྤྱིས་ཀུན་གྱི་གནས།། ང་ལས་བྱུང་བའི་སྐུ་གསུམ་གྱིས།། རྒྱུ་འབྲས་འདབ་པའི་འཁོར་རྣམས་ལ།། ས ་མདོ་རྣམ་པ་གསུམ་བསྟན་ཏེ།། བསྐྱེད་པའི་ས་དང་སྤྱོད་པའི་ས།། བསླབ་པའི་ས་དང་གསུམ་བསྟན་ཏེ།། བསྐྱེད་པའི་ས་རུ་བྱང་ཆུབ་སེམས་བསྐྱེད་དེ།། ཆོས་དབྱིངས་ནམ་མཁའ་བྱང་ཆུབ་སེམས་མེད་ཅིང་།། དགེ་སྡིག་ལས་ལ་དྲང་བ་དབང་བསྐུར་བས།། ། ་ཕྱི་ཡུམ་ཆོས་ཉིད་སྤངས་པས་མ་སྤངས་ཏེ།། རང་བྱུང་ཡེ་ཤེས་མི་ལེགས་བཞིན་དུ་གགས།། རང་བྱུང་ཕྱོགས་སུམ་ལྡས་ཅིག་ཞོན།། གན་དུན་པ་ཅས་ཇམས་པར་བྱེད།། དསན་རྒྱ་རྣམ་སོམཔ་ལ་བྱོས་བརྗོད།། མ ་བྱང་ཆུབ་བཅུ་སྤྱད་པས།། ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན།། བྱང་ཆུབ་སེམས་ལས་གཡོས་པ་མེད་པ་ནི།། ནམ་མཁའ་ལྟ་བུའི་ཆོས་ཉིད་སྣང་བར་ཟད།། ནམ་མཁའ་ལ་ནི་གཡོས་བརྡུལ་ཙམ་མེད།། དེ་བཞིན་བྱང་ཆུབ་སེམས་པ ་གཡོས་པ་མེད།། བསྒྲུབ་པའི་ས་རུ་བྱང་ཆུབ་གྲུབ་འདོད་པ།། ཀུན་ཏུ་འོད་དང་པདྨ་ཅན་གྱི་ས།། རྡོ་རྗེ་འཛིན་དང་སྟུག་པོ་བཀོད་པ་དང་།། འཁོར་ལོ་ཚོགས་ཆེན་རྡོ་རྗེ་འཆང་བ་དང་།། རྒྱ་འབྲས་ཀུན་བཟང་དབྱེ་བ་མེད་པ་དྲུང་།། བྱང་ཆུབ་བསྒྲུབ་པའི་ས་རུ་མིང ་ཡང་བཏགས།། སེམས་ཀྱི་རང་བཞིན་རྒྱུ་རྐྱེན་བྲལ་བའི་ཕྱིར།། བསྒྲུབས་པས་གྲུབ་པའི་འབྲས་བུ་ངས་མ་བསྟན།། སེམས་ཀྱི་རང་བཞིན་དྲུག་ནི་འདི་ལྟ་སྟེ།། རང་བྱུང་ཡེ་ཤེས་མ་འགགས་པ་ཡི་རྟགས།། དབང་པོ་སྒོ་ལྔ་ཀུན་ཏུ་གས་ལ་བ་ལ།། ཀུན་ཏུ ་འོད་ཀྱི་རྦ་ཞེས་བཏགས་པ་ཡིན།། ཡུལ་ལ་མི་རྟོག་ཆགས་པ་མེད་པ་ལ།། མ་ཆགས་པདྨ་ཅན་དུ་བཏགས་པ་ཡིན།། སྐྱེ་འཇིག་མེད་པའི་བྱང་ཆུབ་སེམས་དེ་ལ།། རྡོ་རྗེ་འཛིན་པ་ཞེས་སུང་ཡིས་བཏགས།། རང་གི་རང་བཞིན་ཆོས་ཉིད་དཔག་མེད་ལ།། རང ་གྲུབ་ཡེ་ཤེས་མི་རྟོག་མཉམ་པ་འདོད།། སྟུག་པོ་བཀོད་པ་ཞེས་སུ་བཏགས་པ་ཡིན།། བྱང་ཆུབ་སེམས་ཀྱི་རང་བཞིན་དཀྱིལ་འཁོར་དེ།། རང་ལ་གནས་པའི་བྱང་ཆུབ་ཆོས་རྣམས་ལ།། ཡི་གེ་འཁོར་ལོ་ཚོགས་ཆེན་མ་རུ་བཏགས།། སྐུ་གསུང་ཐུགས་ལ་སྐྱེ་དང ་འཇིག་མེད་པས།། རྡོ་རྗེ་འཆང་གིས་ཞེས་བཤད་པ་ཡིན།། བྱང་ཆུབ་སེམས་ལ་རྒྱུ་འབྲས་གཉིས་མེད་དེ།། སེམས་ལས་བྱུང་བའི་ཆོས་རྣམས་ཐམས་ཅད་ལ།། བཟང་ངན་བླང་དོར་ཡེ་ནས་མེད་པའི་ཕྱིར།། འབྱེད་པ་མེད་པའི་ས་ཞེས་ང་ཡིས་བཤད།། ་ན་བྱང་ཆུབ་སེམས་ཀྱི་ཆོས་དབྱིངས་ནི།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན།། དེ་ནས་བྱུང་ཞིང་དེ་རུ་གནས་པའི་ཕྱིར།། ཆོས་དབྱིངས་བྱང་ཆུབ་སེམས་ནི་ཀུན་སྤྱནས།། སངས་རྒྱས་བསླབ་པ ་ས་ཞེས་བཏགས་པ་སྟེ།། བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཚེ་བྲམ་ཟེ་རྒྱས་པའི་ཆུད་ལ་ས་ས་སྦྱང་དུ་མེད་པ་བསྟན་པའི་ལེའུ་སྟེ་དགུ་བའོ།། རྡོ་རྗེ་སེམས་དྲཔས་ཡང ་ནུས་པ།། བཅོམ་ལྡན་པདེ་ཆེན་ཀུན་བཟང་པོ།། ཉི་དཀྱིལ་མ་ཆེན་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅི་གང་ལ་འདུས་པའི་འཁོར།། བྱང་ཆུབ་སེམས་ནི་ཀུན་གྱི་ལ་མཚོན་ཏེ།། གཞན་ན་མེད་དེ་འདི་ན་རང་བཞིན་གནས། ་དས་དང་དྲ་ལ་དང་སུས་རྒྱས་དང་གསུས།། མས་ཀྱང་བྱེ་ས་ད་སྦྱིན་པནུས།། ནས་པ་པའི་འལས་དང་གཞལ་ལ་ཞིན་བནས། ངས་ནས་ད་དང་ཐིལ་བྱེང་སྒྲུབསམས།། གཞདུ་དུ་བཟོད་པའི་མིམ་གནས་མི ་བགྲོད་པས་ནམ་མཁའི་ལམ་ལ་ཕྱིན་པ་མེད།། རང་སེམས་སྤོས་བྲལ་ཆོས་ཀྱི་དབྱིངས་ཡིན་པས།། སྤྲོས་བྲལ་དེ་ན་སངས་རྒྱས་ཐམས་ཅད་བཞུགས།། དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིང་།། རང་སེམས་པ་བསྒྲིབས་ནམ་མཁའི་རང་བཞིན་གསལ། ་དོན་དུས་གསུམ་སངས་རྒྱས་ཐམས་ཅད་བཞུགས།། དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག། རང་སམས་མ་བཅོས་ཆོས་ཉིད་དེ་བཞིན་པ།། དེ་ལ་དུས་གསུམ་སངས་རྒྱས་ལྡན་གྱིས་གྲུབ།། དེ་བས་ལམ་ལ་བགྲོད་པར་མ་བྱེད་ཅིག། སངས་རྒྱས་རང་སེམས། ་ཉོད་བྲལ་བ་ཡིན།། འགྲོད་པས་རང་སེམས་རྟོག་བྲལ་དེར་མ་བྱིན།། གལ་ཏེ་མ་རིག་ལ་མ་ལ་བགྲོད་གྱུར་ན།། སྦྱིན་པའི་དུས་མེད་རྟོགས་པའི་ས་མེད་པས།། བགྲོད་པས་སངས་རྒྱས་ས་རུ་ཕྱིན་པ་མེང་།། སངས་རྒྱས་རང་སེམས་རྟོགས་དང་ཐལ་དྭ། ་ཡིན།། ལྟ་བ་སྒོམས་པས་ཏེང་འཛིན་ཕུལ་དང་བྲལ།། ཏིང་འཛིན་དེ་ཡིས་རྟོག་བྲལ་མཉམ་དང་བྲལ།། དམ་ཚིག་བསྲུངས་པས་མཉམས་འཛིན་དང་གནས།། མཉམས་འཛིན་པས་རྟོག་མེ་མཉམ་དང་བྲལ།། ཕྲིན་ལས་བཙལ་བས་གྲུབ་པའི་ཏིང་ལ ་བྱེད།། གྲུང་པའི་ཏིང་འཛིན་མི་རྟོམ་མཉམ་དང་བྲལ།། ས་ལ་སྦྱངས་པས་གནས་པའི་ཏིང་འཛིན་བྱེད།། འབྱིངས་པའི་ཏིང་འཛིན་རྟོག་མེད་མཉམ་དང་བྲལ།། ཆོས་ཉིད་བརྟགས་པས་གསལ་བའི་ཏིང་འཛིན་བྱེད།། ཏཱི་བ་ཛིན་གསལ་བས་ཟློག་མེད་མཉམ་དང ་བྲལ།། ཡེ་ཤེས་གསལ་པས་རྟོགས་པའི་ཏིང་འཛིན་བྱེད།། གསལ་བར་རྟོགས་པའི་ཏིང་འཛིན་མཉམ་དང་བྲལ།། འདོད་པའི་ཏིང་འཛིན་ཇི་ལྟར་གསལ་བ་དེས།། འདོད་པ་མེད་པའི་བདེ་བ་གྲུབ་པ་མེད།། ཏིང་འཛིན་མི་བྱེད་བག་ཆགས་མི་བསོག་པས།། @ ་བྱུང་ཡེ་ཤེས་ལས་ཀྱི་དབང་མི་འགྱུར།། རང་བྱུང་ཡེ་ཤེས་ཆོས་སྐྱ་སྙིང་པོ་དེ།། བཙལ་བས་མི་འགྲུབ་རང་བཞིན་གནས་པས་འགྲུབ།། གྲུབ་པས་བྱ་བའི་དོན་རྣམས་ཀུན་དང་བྲལ།། དོན་ཞེས་བྱ་བ་མིང་ཙམ་བཏགས་པ་ཡིན།། སངས་རྒྱས་མིང་དུ་འདོག ་པར་བྱེད་པ་ནི།། ངེས་པའི་ལུང་མིན་དྲང་བའི་ལུང་དུ་བསྟན།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་ལ་མལ་བགྲོད་དུ་མེད་པའི་ལེའུ་སྟེ་བཅུ་པའོ།། །། རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ ་ལྷན་བདེ་ཆེན་ཀུན་བཟང་པོས།། རང་བྱུང་ཡེ་ཤེས་བཤད་དུ་གསོལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅི་གང་ལ་འདུས་པའི་འཁོར།། འཁོར་གྱི་སྟོན་པའི་ཡེ་ཤེས་ནི།། ཡུལ་ལ་བརྟགས་པའི་ཡེ་ཤེས་ཏེ།། གང་སུ་ཡུལ་ལ་རྟོག་བྱེད་པ།། ་ནོནི་རེག་བྱེད་ཡེ་ཤེས་ཡིན།། རིག་པར་བྱ་བའི་ཡུལ་དེ་ནི།། བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར།། དེ་ནི་ཡུལ་མེད་བྱང་ཆུབ་སེམས།། ཡུལ་ལ་རྟོག་པའི་ཡེ་ཤེས་ཏེ།། ཡུལ་ལས་བྱུང་བས་རང་བྱུང་མིན།། ཡུལ་མེད་ཙམ་ན་གསལ་མི་བྱེད། ་བྱུང་ཡེ་ཤེས་ཞེས་བྱ་བ།། ཡེ་ཤེས་ཡེ་ནས་ཤེས་པ་པིནཱ།། རང་བྱུང་ཡེ་ཤེས་ལྕེ་ན་སཱ་ཤེས།། དེས་ན་རང་བྱུང་ཡེ་ཤེས་ཏེ།། ཡེ་ནས་ཤེས་པས་ཡེ་ཤེས་ཡིན།། ཡེ་ཤེས་ཞེས་ནི་དེ་ལ་བཏགས།། ཡེ་ཞེས་ནས ་བྱུང་བའི་ཕྱིར།། དེ་ལ་ཏིང་འཛིན་སྒོམ་མི་བྱེད།། ཏིང་འཛིན་སྒོམ་པར་མི་བྱེད་པས།། ཏིང་འཛིན་བག་ཆགས་བསོག་མི་འགྱུར།། བག་ཆགས་མེད་པའི་ཆོས་ཉིད་དེ།། དུས་གསུམ་སངས་རྒྱས་དགོངས་པར་བཤད།། དུས་གསུམ་སངས་རྒྱས་ཐམས ་གྱི།། དགོངས་པའི་ཡུལ་ལ་མི་རྟོག་སྟེ།། མཉམ་པ་ཉིད་དུ་ཡེ་ནས་གནས།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི།། རང་བྱུང་ཡེ་ཤེས་ཐུགས་དེ་ལ།། ཡེ་ནས་རྟོག་པ་མེད་པའི་ཕྱིར།། སངས་རྒྱས་དགོངས་པ་མི་མཛད་དེ།། རྟོག་པའི། ་ཡུལ་ནི་ཀུན་དང་བྲལ།། རང་བྱུང་ཡེ་ཤེས་སངས་རྒྱས་དགོངས་པ་མཛད།། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པ།། རྣམ་རྟོག་རྟོག་པའི་བག་ཆགས་གོས་མི་འགྱུར།། ལས་ནི་ཏིང་འཛིན་བརྟགས་པའི་བག་ཆགས་ཡིན།། མི་རྟོག་པ་ལ་བག་ཆག ་ཡོངས་མ་གསུངས།། མི་རྟོག་པ་ནི་རང་བྱུང་ཡེ་ཤེས་ལྔ།། སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད།། རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད།། བྱང་ཆུབ་སེམས་ཀྱི་ངོ་བོ་ཀུན་སྡང་ལ། རང་བྱུང་ཡེ་ཤེས་མི་འགགས་སོར་གསལ།། རང་གི ་གྱིས་སྣང་བ་དེར་མེ་སྤང་།། ཏིང་འཛིན་མི་རྟོག་བག་ཆགས་བསོག་མི་འགྱུར།། འདི་ནི་དུས་གསུམ་སངས་རྒྱས་དགོངས་པ་སྟེ།། གང་དུ་མི་རྟོག་འདི་ལ་སུ་གནས་པ།། ས་ལ་མི་གནས་འགྲོ་བའི་དོན་མ་གནས།། ཆོས་སུ་བྱང་ཆུབ་སེམས་ལ་འདི་གན ་ཏེ།། དུས་གསུམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས།། རིག་པའི་ཉམས་སུ་མངོན་སུམ་རྟོགས་པར་གྱིས།། རང་བྱུང་ཡེ་ཤེས་ཡུལ་ལ་མངའ་གསོལ་བ།། ཡེ་ཤེས་ལྔ་ཡིས་ཡུལ་ལྔ་འདོད་ལ་ཡིན།། ཡུལ་འདོད་པ་ནི་ཡེ་ཤེས་ལྔ་ལ་སྣང་།། ཡུལ ་དེ་ཡེ་ནས་ཡེ་ཤེས་ཡིན་པའི་ཕྱིར།། ཡུལ་དང་ཡེ་ཤེས་གཉིས་སུངས་མ་བསྟན།། དེས་ན་ཡུལ་ཡང་རང་བྱུང་ཡེ་ཤེས་ཡིན་པར་བཤད།། རང་བྱུང་ཡེ་ཤེས་ནི་ཡང་མེད་པ་ལ།། ང་ལས་བྱུང་བའི་འཁོར་གྱི་སྨོན་པ་ཡིན།། ཡུལ་ལ་བརྟན་ནས་ཡེ་ཤེས་མི། བརྟན ་པ།། རྣམ་པ་གྲངས་ཀྱི་ཡེ་ཤེས་བྱུང་བ་ནི།། རྣམ་པར་བཏགས་པའི་ཡེ་ཤེས་གཅིག་གིས་ནི།། ཡུལ་གཅིག་རང་བཞིན་སོ་སོར་སྣང་བ་ལ།། ཡུལ་ཅན་ལ་ནི་ཡུལ་གྱི་མིང་བཏགས་པ།། དེས་ནི་ངེས་པ་མ་ཡིན་འཁྲུལ་པས་བཏགས།། ཞེས་གསུངས ་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་རང་བྱུང་ཡེ་ཤེས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། བྱ་མེད་རྫོགས་པ་འདོད་མེད་གེ ་ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ང་ལ་འདུས་པའི་འཁོར།། ཆོས་རྣམས་ཐམས་ཅད་གྲུབ་འདོད་ན།། འདོད་པའི་ས་ན་མ་བསྒྲུབས་ཤིག། འདོད་པར་བྱེད་པའི་སེམས་དེ་ནི།། མེ་ལེན་ཐམས་ཅད་སྤོང་བ་ཡིན།། འདི་ནི་རྒྱང་འབྲས་འདས ་པའི་ཕྱིར།། འབྲས་བུ་འདོད་པ་རྒྱུ་མི་བསྒྲུབ།། མི་རྟོག་རང་བཞིན་གནས་པས་འགྲུབ།། འདོད་པའི་ཏིང་འཛིན་ཐམས་ཅད་སྤོངས།། འདོད་མེད་ཐམས་ཅད་ལེན་པར་བྱེད།། ཏིང་ངེ་འཛིན་ལས་འདོད་པ་འཛིན།། འདོད་པ་དེ་ནི་ཡང་དག་མིན།། ་ཡང་དགག་ཟུང་དུ་ཡོད་མ་ཡིན།། བྱས་པོའི་ལས་ནི་ཐམས་ཅད་ཀུན།། མ་བཙལ་ལྷུན་གྱིས་གྲུབ་པས་བསྒྲུབ།། མ་བཙལ་ལྷུན་གྱིས་གྲུབ་པ་དེ།། བྱས་པས་གྲུབ་པ་མ་ཡིན་ཏེ།། མ་བྱས་ཡེ་ནས་ལྷུན་གྱིས་གྲུབ།། འདོད་པ་ཐམས་ཅད་ཀུན་སྤངས། ་པས།། གྲུབ་པར་བྱེད་པའི་བགེགས་སུ་ཆེ།། འདོད་པའི་ཏིང་འཛིན་བག་ཆགས་དེས།། བག་ཆགས་དེ་ནི་སེམས་འཛིན་ཡིན།། འཛིན་པས་བདེ་བ་དེ་སྤོང་བྱེད།། མི་འཛིན་བདེ་བ་ཀུན་ལེན་པ།། ཇི་བཞིན་པ་ཡི་རང་བཞིན་ནོ།། མི་གནས་པ་ལ། ་དམིགས་ནན་ས་རླུ་། འ་ས་པ་ས། སན་ས་།། ན་དུ་ག་མ་བཙུན ་གཏོགས་པ།། འདོད་དང་ཡིངོན་པ་གལ་ཡོད།། གང་ལ་འཛིན་ཆགས་མེད་པ་དས།། ཏིང་ངེ་འཛིན་དེ་འཛིན་པའི་མཆོག། ཀུན་འཛིན་ལེ་ནས་གྲུང་ཟིན་པས།། གཏང་གཞག་མི་རྟོག་གྲུབ་པའི་རྒྱལ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ན ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་བྱ་མེད་ལྷན་རྫོགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་པདེ་ཆེན་ཀུན་བཟང་པོ།། འདོད་མེད་མ་གཡོས་རྩོལ་མེད་གར།། ཀུན་ཏུ་འཟང་པོས་བཀའ ་པ།། ཉོན་ཅིག་ངལ་འདུས་པའི་འཁོར།། ཆོས་ཉིད་འགྱུར་བ་ཡེ་ནས་མེད།། བསྒྱུར་བས་གཡོས་པ་རྡུལ་ཙམ་མེད།། བདེ་དང་སྡུག་བསྔལ་བྱང་ཆུབ་གཅིག། སངས་རྒྱས་སེམས་ཅན་སེམས་སུ་གཅིག། སྙིང་སྲིད་སྡོད་བརྒྱད་ཆོས ་ཉིད་གཅིག། བདེན་རྫུན་གཉིས་ཀྱང་ཆོས་ཉིད་མཉམ།། བདེ་ལ་ཆགས་ན་སྡུག་བསྔལ་ཡིན།། རང་བཞིན་གནས་པས་ཀུན་ཀྱང་འགྲུབ།། ཀླན་གསལ་དེ་ལ་རྟོག་མེད་པས།། དེ་ནི་རང་བྱུང་ཡེ་ཤེས་ཡིན།། ཡེ་ཤེས་བག་ཆགས་མི་བསོག་པས།། ་ལས་ཀྱིས་གོས་པ་དག་ལ་འགྱུར།། སྣ་ཚོགས་བསྒོམས་པས་གཅིག་མི་གསལ།། གསལ་བའི་ཏིང་འཛིན་གང་བྱེད་པ།། དེ་ལ་ཏིང་འཛིན་ཡོད་མ་ཡིན།། དེ་བཞིན་ཉིད་དུ་གཅིག་པ་ལ།། སངས་རྒྱས་སེམས་ཅན་གཉིས་སུ་ཕྱེ།། བདེ་བ་སྡུག་བསྔལ ་གཉིས་ཕྱེ་ནས།། དགེ་བ་དང་དུ་བླང་བར་བསྟན།། སྡིག་པ་རྒྱབ་ཏུ་བོ་འབར་བསྟན།། དེ་ནི་ངེས་པའི་དོན་ལས་འགལ།། རང་བཞིན་ཆོས་ལ་གཡོས་པ་མེད།། སངས་རྒྱས་རང་བཞིན་གཡོས་མེད་པར།། དུས་གསུམ་རྒྱལ་བའི་ཆོས་ཉིད་ཡིན།། དེ་ལ ་སངས་སྒྱུས་གུད་ན་མང།། བྱང་ཆུབ་སེམས་པསུ་མ་གཏོགས་པའི།། སངས་རྒྱས་སེམས་ཅན་གཉིས་ཀམེད།། སེམས་ཉིད་ཀྱི་རྟོགས་ས་རྒྱས་ཡིན། སངས་རྒྱས་ཀུན་ལ་སེམས་ཉིད་ཐུསགས།། སེམས་ཉིད་མ་ད་མ་རྩལ་དང་བྱར།། མ ་དེ་ལ་བཅྡོཾས་སུ་མེད།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟ་རྒྱས་པའི་རྒྱུངྒ་ལས་མ་གཡོས་རྩོལ་བྲལ་གྱི་ལེའུ་སྐྱེ་བཅུ་གསུམ་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ། བཅོམ་ལྡན་འདི་ཆེན་ཀུན་བཟང་ངོ་།། ་ཉིད་ཀྱི་རིག་པ་ཇི་ལྟར་གསལ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིགང་ལ་འདུས་པའི་འཁོར།། རིག་པ་བསམ་བརྗོད་མེད་པར་གསལ།། མི་རྟོག་པས་མ་མེད་དང་དུ་གསལ།། རིག་པ་རྟོག་འཛིན་མེད་པར་གསལ།། བསམ་པ་མ་ཞུགས ་དྲང་པོར་གསལ།། རིག་པ་དམིགས་གཏད་མེད་པར་གསལ།། མི་རྟོག་མཉམ་པའི་ངང་དུ་གསལ།། རིག་པ་བྱ་བཙལ་མེད་པར་གསལ།། མཁའ་དབྱིངས་བདེ་ཆེན་གླེང་དུ་གསལ།། རིག་པ་དྲན་བག་མེད་པར་གསལ།། ཤེས་རིག་པསམ ་བརྗོད་མེད་པར་གསལ།། རིག་པ་འཛིན་ཏོག་མེད་པར་གསལ།། མིག་ཡོ་མཉམ་པའི་ངང་དུགསལ།། རིག་པ་གང་དུའང་གཞག་མེད་གསལ།། སྟོང་པའི་མཐའ་དང་བྲལ་བར་གསལ།། རིག་པ་རང་ལུགས་ཆེན་པོར་གསལ། ཉིད ་ལས་འདས་པར་གསལ།། རིག་པ་མ་བཀག་དྲང་པོ་རིགས་ལ།། མི་ཏོག་མཉམ་པའི་ངང་ལགས་ལ།། རིག་པ་འཛིན་པག་མེད་པར་གས་ལྔ།། མི་རྟོག་སྤོས་དང་བྲལ་བར་གསལ།། རིག་པ་བས་མད་པྱོད་མེད་པར་གསུལ།། ཤེས་བཙམ ་ཡང་མགཡོས་གསལ།། རིགས་བློ་གཏ་མི་དཔེར་གསལ།། བསམ་པ་གང་དུའང་བགས་པ།། རིག་པ་ངས་གཟུང་མེད་པ་གསས།། རིག་བརྒྱམ་ཆད་པར་རགས་ཡེ།། རིག་པ་ཕྱོགས་སུས་སྦྱང་གས་སོ།། རིག་པ་ཡོངས་ལ་འབྲེལ་པར ་གསུལ།། ཐམས་ཅད་ཅན་གྱི་གཞི་མ་ངགསལ།། ཞེས་གསུངས་སོ།། རྡོ་རྗེ་རྣམས་དཔའ་ནམ་མཁའ་འབྱས་རྒྱས་པའི་རྒྱུད་ལས་དསྨྲ་བར་དགསལ་གྱིའི་སྐྱེ་བརྒྱ་ཀཔ་འོ།། རྡོརྫུས་མང ་དཔས་ཡང་ཞུས་པ།། བཅོམ་ལྡན་བདེ་ཆེན་ཀུན་བཟང་པོ།། མཉམ་པར་གཞག་ན་ཇི་ལྟར་གཞག། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་ངལ་འདུས་པའི་འཁོར།། ཀུན་བཟང་མ་ངེས་ནམ་མཁའ་འདྲ།། མ་རྟག་གསལ་བའི་ངངལ ་གཞག། སྒོ་ལྔ་མ་བཀག་རང་སེར་གཞག། མ་བཙལ་རང་ཐུགས་ཆེན་པོར་གཞག། མིག་ཡོ་མཉམ་པའི་ངང་ལ་གཞགས། མི་རྙོག་སྤོས་དང་བྲལ་བར་གཞག། གང་དུའང་ངོས་མི་གཟུང་བར་གཞག། སྣང་བ་མི་དགག་གང་དགར་བཞག ་རྟོག་མེད་གསལ་བའི་དད་ལ་གཞག། གཉིས་མེད་མཉམ་པའི་ངང་ལ་གཞག། ལུས་ངག་ཡིད་གསུམ་གློད་དེ་གཞག། དེ་བཞིན་མ་བཅོས་རང་སར་གཞབ།། མ་ཆགས་ཞེ་ན་དང་བྲལ་བར་གཞག། བསམ་པ་གང་དུའང་མ་ཞུགས་གཞག། ཤེས་པ ་བསམ་དཔྱོད་མེད་པར་གཞག། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་ལས་མི་རྟོག་མཉམ་གཞག་གི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་ཀུན་ཏུ་བཟང་པོས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་འཁོར་རྣམས ་བསྡུ་བར་མཛད་ནས་བྱུང་ཀྱི་དོན་བཤད་པའོ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་རྩ་ལ་ནི་ཀུན་ཏུ་བཟང་པོའི་ཐུགས་རང་བྱུང་གི་ཡེ་ཤེས་སོ།། ཐུགས་རང་བྱུང་གི་ཡེ་ཤེས་ནི་བྲམ་ཟེ་རྒྱས ་པ་ཉིད་དོ།། རྒྱུད་འདི་ནི་ཀུན་ཏུ་བཟང་པོ་ཉིད་དོ།། རང་གི་བྱང་ཆུབ་ཀྱི་སེམས་སོ།། སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་སོ།། རྒྱུད་འདི་འཛིན་པ་ནི་སངས་རྒྱས་ཉིད་དོ།། ཐམས་ཅད་སངས་རྒྱས་པའི་ཕྱིར་འཁོར་བ་ཀ་དག་གོ།། འདི་འཛིན་པ་ནི་ཀུན་ཏུ་བཟང ་2།། ཐམས་ཅད་རང་བྱུང་ཡེ་ཤེས་ཡིན་པའི་ཕྱིར་རོ།། རིན་པོ་ཆེ་གསེར་གླིང་ན་རྡོ་དངས་མི་སྣང་བ་ལྟར་འཁོར་བ་ཀྴ་དག་བྲེ་རླུང་བྱུང་ཡེ་ཤེས་ཉིད་དོ།། བྲམ་ཟེ་རྒྱས་པའི་རྒྱུད་ལས་རྒྱུད་ཡོངས་སུ་གཏུང་པའི་ལནས་བཅུ་དྲུག་པའོ།། ་རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ་བྲམ་ཟེ་རྒྱས་པའི་རྒྱུད་རྫོགས་སོ།། ། རྒྱ་གར་སྐད་དུ། མ~ཾ་ཧཱ་སུ་ཁ་བོ་དྷཱི་ཙིཏྟ་སཽ་པཾ་ཤི་ཀ། བོད་སྐད་དུ། བདེ་བ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྨད་དུ་བྱུང་བའི་ལེའུ། བཅོམ་ལྡན་འདས་དཔལ་གྱི་དཔལ། ་