CLOSE WINDOW

Gdg021.26: rdo rje phur pa phrin las 'khor lo/ gab pa gsang ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

ལས་ཀྱི་བྱ་ཐབས་ཀྱི་ལེའུ་སྟེ་བཞི་པའོ།། རྫོགས་སོ།། ། རྒྱ་གར་སྐད་དུ། བཛྲ་ཀཱི་ལ་ཡ། ཀརྨ་ཙཀྲ། གུ་ཧྱ་ཏནྟྲ་རཱ་ཛ་ནཱ་མ། བོད་སྐད་དུ། རྡོ་རྗེ་ཕུར་པ་ཕྲིན་ལས་འཁོར་ལོ།། གབ་པ་གསང་བའི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ཞེ ་སྡང་གི་རྒྱལ་པོ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཟག་པ་མེད་པར་མཉམ་པར་བཞག་པའི་ཚེ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བསྐུལ་ཏེ། བདེ་ཆེན་ཞི་བ ་ཆོབ་ཀྱི་མཆོག། སྟོན་པ་རྫ་རྗེ་ཆོས་ཉིད་ཀྱིས།། ཨ་མ་འདུལ་བར་གྱུར་མ་ཡིན།། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ།། འཇིགས་བྱེད་ཆེན་པོའི་སྦྱར་བཞེངས་ལ།། གདུག་པའི་ཚོགས་རྣམས་འདུལ་དུ་གསོལ།། ཞེས་བཕུལ་བ། ་བསྐུལ་བའི་དོན་ཐུགས་བུ་ཆུད་ནས། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་སྐུར་བཞེངས་ཏེ། ཐུན་མོང་མ་ཡིན་པའི་མཚན་མཆོག་གིས་མངོན་པར་སྦས་པའི་སུ་དེས། འོག་མིན་གྱི་གནས་ཕྲེང་ལོ་ཅན་གྱི་པོ་ཟང་དུ། འ ་དཔའ་དང་སེམས་མ་རྣམས་ལ། དམ་ཆོས་བདུད་རྩི་ཕྲར་པའི་ཆོས་རྣམས་སྲུའི་སྒོ་ནས་འཇལ་བར་བསྟན་ཏེ། འཁོར་བའི་གྲོང་སྒྲིབ་ལས་རྣམས་མངོན་པར་ལངས་ཏེ། གྲོལ་བའི་ས་ལ་ལེགས་པར་གནས་སོ།། ཐུགས་རྗེའི་སྟོབས ་གྱིས་ཕྱག་ན་རྡོ་རྗེ་མངོན་པར་སྤྲུལ་ཏེ། ཡང་སྙིང་འབྲུ་དགུའི་ཚུལ་དུ་ཐུགས་ཀར་བསྟན། དེ་ནས་འཁོར་སེམས་དཔའ་རྡོ་རྗེ་ཉིད་ཀྱིས་འདོད་ཁམས་པ་རྣམས་ཀྱིས་མཐོང་བའི་ལམ་དུ་མ་གྱུར་པ་རྣམས། དེ་མངོན་པར་རྟོགས་པར་བྱ་བའི་ཕྱིར། ལྕག་ན་རྡོ་རྗེ་ལ ་བསྩལ་ཏེ། འདོད་ཁམས་གནས་རིས་ཉི་ཤུའི་གྱོན་པར་གཤེགས་ཏེ། སུམ་ཅུ་རྩ་གསུམ་གྱི་གནས་སུ་འཇིགས་བྱེད་ཆེན་པོའི་གཞལ་ཡས་ཁང་དུ་མངོན་པར་སྤྲུལ་ཏེ། བཅོམ་ལྡན་འདས་ཉིད་ཞེ་སྡང་གི་བདག་པོ་ཞལ་གསུམ་ཕྱག་དྲུག་པར་མངོན་པར་སྤྲུལ ་འཁོར་རྣམས་ལ་ཕེ་མ་ཕཊ་ཅེས་མངོན་པར་སྤྲོ་བསྒྲགས་ཏེ། དེའི་ཚེ་ལས་ཀྱི་སེམས་དཔས་འདི་སྐད་ཅེས་གསོལ་ཏོ།། སེམས་དཔའ་ཆེན་པོ་སངས་རྒྱས་ཤིང་འཁོར་བ་ལས་བསྒྲིལ་བར་བྱ་བའི་ཕྱིར། རྣལ་འབྱོར་གྱི་མགྱེན་དུ་བཞག་པ་ལ་དོན་མཆིས ་ལས་ཀྱི་སེམས་དཔའ་ཉོན་ཅིག། ཏིང་འཛིན་དཀྱིལ་འཁོར་བསྒོམ་པ་དང་།། རང་བཞིན་དཀྱིལ་འཁོར་སྒྲུབ་པ་དང་།། ཕྱག་རྒྱ་ཆེ་ལ་གནས་རྣམས་ཀྱིས།། འབྲས་བུ་སྲུ་བཞི་ཐོབ་པར་འགྱུར།། རྣལ་འབྱོར་མཆེན་རིམ་པའོ།། སེམས་དཔའ་ཆེན་པོ་གཟས། ་ད་ན་ན་མན་ཧཱ།། ། ན་། ག་སུ་། པ ་འདགཏན་ནས་པར་ལ་དུ་བསྐལ་པ་ལ། ལམ་ཡིན་ལགས་པ་ན་ཙུནཔ་ས། སིནས་དཔའ་ཅན་པ་རྟེན་ཅི།། བསྙེན་པ་བ་ཟླས་པའི་ཡིན་པག་ད་།། བརླབ་པ་ཆེན་པོའི་གནས་གྱི་ས་པ་ད།། དྲག་ས་པལ་རྗེག ་འང་དུཤེག་མཆིས།། སེམས་དཔང་ཆེན་པརྒྱན་ཅིག། དཀྱིམ་འབོར་རྣམ་པ་བཞི་སྟེ། བསྟན་པས་བཟླས་པའི་ཀྱིལ་དུ་ཡིར་བྱབས་བཟུང་དང། སྒྲུབ་པ་གྲགས་པགེའི་ད་བྱི་དུ་བྱ་དོ ་ཀྱི་བཤཱར་ན་ང། དེས་པ་གྱུར་བ་ཉིས་དུས་པསད་པ་འི་དཀྱིལ་བ་ང་བགཔ།། སེམས་ང་ཅན་པ་དེ་འི་དཀྱིལ་འབར་འ་བྱེ་ས་པ་ཞིགྶ་གིས་གཏུ་ཤུང་བ་རྫུབ་ས། ་ས། ཐེག་པ་ཆེན་པོའི་རིགས་ནན་དང་། བགྲོ་བརྡུང་དུའི་རིགས་ཅན་དང་། གང་བག་རིགས་བྱེད་པ་དང་། རིགས་མཛེས་པ་དང་། གང་ཟག་ཞེ་སྡང་དེན་རིགས་ཏན་ནོ།། དཱིད་ནི་གང་ཐེགན་གྲང་རྗེ་འགྲོགས་ཅ་རྗེ་བ ་སམས་དཔ་ཆེན་པ། འ་ཐིག་ག་ཀྱི་བྷར་མ་མང་སྐརང་ལགས། བརྒྱན་པ་འཇུས་པའི་ལྔ་འསབལ་གྱི་འབྲལ་བ་དང་། བསྒྲུབ་པ་དས་སྨིནི་པ་བ་སྙི་ན་མ་པོ།། དག་པ་རངས་སུ་བླ་ག་དྲེག་ཅིམ་མོ།། མཱ་ས་མ ་ན་ས་སུ་ཏུ་གྱུས་། ་ནས་མཚན་ཉིད་དུ་། ཡནན། ཐོས་པའི་དུས་དེ་ལྟར་ལགས།། བསྙེན་པ་ལ་ཉིམ་ཤར་ནས་ན།། བརླབ་པ་ལ་ནས་གྱུན་ནམ་སོ།། དྲག་པ་ལ་ཉིན་ཀྱད་ནས་སོ།། བསད་པ་དགངས་ཀའི་དུས་གྱུ།། དཀྱིལ་འབར་ཅན་པ་དེ་ཉིད་དུ། ་བུའི་མཚན་ཉིད་དགོད་པ་ཇི་ལྟར་ལགས། ཉོན་ཅིག་ལས་ཀྱི་སེམས་དཔའ། བསྙེན་པའི་དུས་སུ་རིན་ཆེན་སྣ་ལྔའི་ཕུར་པ་སོར་བཅུ་དྲུག་པ་བྱ་ལ་དགོད། བསྒྲུབ་པའི་དུས་སུ་གདུག་པ་ཅན་གྱི་ཤིང་ལ་སོར་བཅུ་གཉིས་པར་བྱས་ལ་དཀོད། དྲ ་དུས་སུ་རྐང་ཆེན་གྱི་ཕུར་བུ་སོར་བརྒྱད་པའི་ཚད་དུ་བྱས་ལ་དགོད། མཱ་ར་ཡ་བསད་པའི་དུས་སུ་ལུག་པཱ་ལཱ་ལས་བྱས་པའི་ཕུར་བ་སོར་བཞི་པའི་ཚད་དུ་བྱས་ལ་དགོད། ཨོཾ་མ་ཧོ།། སེམས་དཔའ་ཆེན་པོ་དེ་ལྟར་གྱུར་པ་ལགས་ན། དེའི་ཆ་རྐྱེན་ཇི་ལྟར་ལགས ་བསྙེན་པ་ལ་མཆོད་རྫས་དང་ཆོ་ག་རྫོགས་པའོ།། བསླབ་པ་ལ་སྔགས་ཀྱི་འཁོར་ལོ་ཆེ། དྲག་པོ་ལ་བདེ་གཤེགས་བཀའ་ཉན་བསྒྲལ་བའོ།། བསད་པ་ལ་ཟངས་ཕྱེ་ལྕགས་ཀྱིའོ།། དེ་ནི་ཆ་རྐྱེན་མཆོག་ཡིན་ཏེ། དཀྱིལ་འཁོར་ཆེན་པོའི་རྐྱེན ་བཤད། གླེང་གཞི་དང་གླེང་བསླང་བ་དང་། གཞལ་ཡས་ཁང་གི་ལེའུ་སྟེ་དང་པོའོ།། ། བཅོམ་ལྡན་འདས་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་མ་ར་ཡས་བསད་པ་ལ་དོན་དུ་མཆིས་བཤད་དུ་གསོལ། ཨོཾ་མ་ཧོ།། ལས ་སེམས་དཔའ་ཉོན་ཅིག། མཱ་ར་ཡ་བསད་པ་ལ་དཀྱིལ་འཁོར་གསུམ་སྟེ། མེའི་དཀྱིལ་འཁོར་དང་། བསྒྲུབ་པའི་དཀྱིལ་འཁོར་དང་། མཱ་ར་ཡ་བསད་པའི་དཀྱིལ་འཁོར་དང་གསུམ་མོ།། དོ་ལ་མེའི་དཀྱིལ་འཁོར་ནི། ཤར་ལྷོ་མཚམས་སུ ་རྒྱར་གྲུ་གང་ཟབས་སུ་ཁྲུ་ཕྱེད་དོ།། ཁ་ཁྱེར་གསུམ་ལ་རྒྱར་སོར་བཞི་པའོ།། དཔངས་སུ་སོར་བཞི་པའོ།། དེ་ཡང་མ་རྫི་ཆེན་པོའི་སྙིང་གར་བྲིའོ།། ཚོན་བྲི་བ་ནི། ནང་དུ་མདའ་གཞུ་བཀང་བ་གསུམ། ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་གསུམ། ངང ་རིམ་པར་མ་ལ་མཚོན་ཆ་ལྔ་མཛེས་པའི་ཚུལ་དུ་ནི། བང་རིམ་ཐ་མ་ལ་མེ་རི་སྨུག་ནག་ཏུ་བཏང་བར་བྱུའོ།། དེར་ག་དྲུག་པ་ཅན་གྱི་ཤིང་རྣམས་ལ།། བ.རལ་མའི་སྦྲུས་བཅིངས་ཏེ། དུག་ཤིང་སྣ་ཚོགས་པ་ལ། སྟེང་དང་སྒོ་བས ་ན་པ་ནི།། དྲག་པོ་མེ་ཡི་དཀྱིལ་འཁོར་རོ།། བསྒྲུབ་པའི་དཀྱིལ་འཁོར་ནི་བྱང་ཤར་མཚམས་སུའོ།། དཔངས་སུ་སོར་བཞི་ལ། སྙིང་པོ་ནརྀ་ཏྲེ་དང་བཅས་པའོ།། དེར་བསྲེལ་བའི་ལེངྐ་ནི། ར་དང་ཁྱི་དང་མིའི་སག་པ་ལ་བྲིས་ལ་མརྗོད་པ་ཆེན་པོར་དུ ་སུ་བསྟབ་བོ།། མཱ་རཱ་ཡ་བསད་པའི་དཀྱིལ་འཁོར་ནི། ལྷོ་ནུབ་མཚམས་སུ་ཧོ་མ་ཁུང་རྒྱར་གུ་གང་པ། ཟབས་སུ་ཁཱ་དོ། ལོགས་གསུམ་དུ་མདའ་གཞུ་བཀང་བ་གསུམ་བྲིས་ལ། ཟུར་གསུམ་ལ་ཟ་བྱེད་ཀྱི་ཞལ་དང་བཅས་པ་དྲི། བར་རིམ་པར ་མ་ལ་རྩད་དྲུག་ཅུ་རྩ་གཉིས་སྲིན་མོ་འགྲོས་སུ་འཁོར་བར་གཟུག། བང་རིམ་ཐ་མལ་མཚོན་ཆ་ལྔ་དགོད་པའོ།། བཅོམ་ལྡན་འདས་དཀྱིལ་འཁོར་དེ་ལྟར་ལགས་ན། དེ་བསྒྲལ་བའི་ལེངྒའི་རྒྱུ་གང་ལགས་བཤད་དུ་གསོལ། སེམས་དཔའ་ཆེན་པོ ་ཉོན་ཅིག། དེ་དྲི་བ་ལེགས་སོ།། རྒྱུ་ནི་ཁྲི་དང་ཆུ་ཅོའི་ཕུབ་མ་དང་། གངས་ཀྱིས་རེག་པའི་ས་རྣམས་དང་།། འབྱུང་བ་ཆུ་ཡི་ཐལ་བ་དང་།། ཏིལ་ནག་པོ་ལ་གཞི་བླང་སྟེ།། གཟུགས་ནི་ཡང་དག་རྫོགས་པར་བྱའོ།། དུག་གི་ཆུ་ཡི་ཟུག་པ་ཡིས། ་ནི་ལྐུག་ནག་པརན།། མི་ཤེས་རྟེན་ཡིན་ཏེ།། ཆ་དང་དྲང་པོ་སྤྱད་པའོ།། དོན་འདིའ་མས། གས་ཀྱི་ལ་པོ་འི་ཅི་སྦྱར་དྷ།། སེམས་དཔོན་ན་པས་བཤིད་ད་གསོལ།། སྦྱིན་པས་ཀྱིསེམས་དཔ ་འཁོར་ལ་འགོད་པ་ནི།། དཔལ་བཀླང་རྒྱས་འཁོར་ལོ་ནི།། ལྷ་རྣམས་བསྲུངས་པའི་འཁོར་མོ་སྲ།། མདོག་ནག་ཟླ་བ་བམ་པ་ལ།། ལྷ་དང་དཔྲལ་བའི་སྙིང་པོ་དགོད་པའོ།། ཁྲག་ཆེན་འཁོར་ལོ་རྩིབས་བཞི་བྲི།། སྨྱུག་གུ་དང་ཆེན་མཆོག་གས་། ་སྡུག་ཅན་མ་པ་ཀ་ཡི་ཞབས་བྱ།། ཧཱས་ཡརང་དགོ་པ་ཡིན།། དལ་སྐྱོབ་པའི་ལྷ་དང་འབྲལ།། དཐུན་པ་མ་མགཡབ།། རྩཝ་དང་དཔྲལ་བར་བཤད་པ་ཡིན།། གཟུགས་ལ་གང་པོ་བསྒྲུ་བར་བ་ཤད་འ།། ལྷྭམ་ཁྲོ་གས་ཐའི་བུ་རབ་རྒྱ ་ལི།། རྩ་ཡི་དངས་མ་བཞི་གནས་ཏེ།། ཀུན་གཞིའི་རྣམ་ཤེས་རྟེན་ཡིན་པས།། གཟུགས་ལ་དབབ་པའི་སྙིང་པོ་དགོད།། ཨཱ་བེ་ཤ་ཡི་སྔགས་དགོད་པས།། གཟུགས་ལ་དབབ་པའི་ལས་ཀུ་འགྱུར།། ཉ་ཡི་དབྱིངས་འདྲ་བཞི་པོ་ལ།། དར་དཀར ་སྤྱད་པ་ལྔ་ཡོད་དེ།། དབྱིབས་ནི་པདྨ་རྒྱས་འདྲལ། བཱི་ཟན་ཨཱ་ན་ཡ་ཡི་སྔགས་བཀོད་པས།། བྱང་དུ་གཞུག་པའི་ལས་སུ་འགྱུར།། དར་ལྕེ་བཀུག་པའི་དབྱིབས་འདྲ་དང་།། དྲིན་ཆེན་པདྨ་བཞི་པོ་ལ།། སྤ་བྱེད་སྙིང་པོའི་མཚན་བཀོད་ཅིང་།། ་ཛྭ་ལ་ལ་ཡི་སྔགས་དགོད་པས།། སྤྲོ་བར་གཞུག་པའི་ལས་སུ་འགྱུར།། གྲོག་གི་རྫས་པ་འདྲ་བ་དང་།། ཟངས་སྟྲཱི་མོ་ཁབ་འདྲ་བ་དང་།། ཟར་མའི་མེ་ཏོག་དབྱིབས་བཛྲ་དང་།། ཚེས་གཅིག་ཟླ་བའི་དབྱིབས་འདྲལ།། ཏཱ་ཐ་ཡ་ཡི་སྔགས་བཀོད་པས། ་རྫམ་རྔོན་པའི་ལས་སུ་འགྱུར།། རྡོ་རྗེའི་དེ་ཐབས་འདའི་འཁོར་ལོ་ལ།། བྱང་ཆུབ་སེམས་ཀྱི་རྒྱ་སྲང་ལ།། བྷིནྡ་ལ་ཡི་སྔགས་བཀོད་པས།། ཞལ་དུ་སྟོབ་པའི་ལས་སུ་འགྱུར།། སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་བཀོད་པ་དེ་ལྟར་ལགས ་ན།། གང་ཟག་ཇི་ལྟ་བུ་ཞིག་གིས་བྲི་བར་བ་གྱི།། ཞེ་སྡང་རྡོ་རྗེའི་རིགས་ཀྱིས་བྲི་བར་བྱའོ།། དེའི་ཁ་དོག་དང་དབྱིབས་ནི་ནག་ལ་བླ་གྱེན་དུ་འཁྱིལ་བ། མིག་སྤྲིན་དམར་བ། སྨིན་མའི་དབུས་ན་ཁྲོ་གཉེར་གསུམ་ཡོད་པ། མཆེ་བ་གཙིགས་པ། ལག་པ ་ཆུ་བྱ་ལག་ཏུ་འདུག་པ།། ཐེག་པ་མཆོག་ལ་དད་པ། མངོན་པར་ཤེས་པ་དེས་བྲི་བར་བྱའོ།། སྔགས་ཀྱི་འཁོར་ལོ་བྲི་བའི་དུས་གང་ལགས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག། དུས་ནི་གསུམ་སྟེ། སྨྱུག་གུ་བཙལ་བའི་དུས་དང་། ཕྲེཾ ་ན། དུམ་དང་། སྐྲག་མ་བརྒྱལ་བའི་དུས་དང་གསུམ་མ།། བྲེ་བའི་དུས་ནི་ཉན་ག་དམར་གྱིངས་སོ།། སྨྱུག་གྲུབཙལ་བའི་དུས་ནི། སྲིན་དྲགས་འོག་ཅ་མྱོང་བའི་དུས་སོ།། སྡུག་ཆ་བརྟུལ་བའི་དུས་ནི། ད་འངབ ་མདོ་ལཱི་གསང་བའི་མཁར་འཆར་བའི་དུས་སོ།། བཅོམ་ལྡན་འདས་ཕྱག་གྲ་དང་འཁོར་ལོ་དེ་ལྟར་ལགས་ན། འཁོར་ལོ་ཆེན་པོ་བཅའ་བའི་དུས་གང་ལགས། དུས་ནི་བསྙེན་པ་རྫོགས་པའོ།། ལས་ནི་སྒྲུབ་པའོ།། རྒྱན་གྲོག་འཤོན་སྟེ། ་བའི་ཡན་ལག་རྫོགས་པར་བྲི། མདོག་ནི་སྨུག་ནཱག་དག་ཏུ་བྱའོ།། དྲུག་པོའི་ལས་ལ་འཁོར་ལོ་ནག། དབྱིབས་ནི་ཟླ་བ་ཁམ་པ་ལ།། མདོག་ནི་ནག་པོ་ལྕེ་བཞིར་བཅས། དབུས་སུ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། དབུས་སུ་ཆེ་གེ་མོ་མ་ར་ཡ་དགོད། ་བཞིར་ཧཱ་ས་ཡར་བཞི་དགོད། དབུས་ཀྱི་བཛྲ་ཀཱི་ལི་ཀཱི་ལ་ཡ་དང་པོས་ནི། བདག་ཉིད་ཕྱག་རྒྱ་ཆེན་པོར་གསལ་བའོ།། ཀཱི་ལ་ཡ་འོག་མས་ལྷ་ཚོགས་སྐུ་གསལ་ལོ།། ཆེ་གེ་མོ་ཡིས་དམིགས་པ་གསལ།། ཧ་ས་ཡུ་ར་ན་བཟླས་པའི་མཆོད།། ད ་བའི་འཁོར་ལོ་འདི་བསྐུར་རོ།། དབབ་པའི་འཁོར་ལོའི་དབྱིབས་རྣམས་ནི།། སྐུ་མ་གཞོགས་འདྲ་བའི་ཟླ་རབ་ཀྱད་ལ།། སྟེང་མ་པདྨ་འདབ་བརྒྱད་མངས།། འོག་ནི་རིན་ཆེན་ཟུར་བརྒྱད་དོ།། སྟེང་གྲི་པདྨའི་ལྟེ་བ་ལ།། དབུས་སུ་ཨོཾ་བཛྲ་ཧཱུ~ཾ་ལ~ཾ་ཀཱི་ལ་ཡ་ཆེ་གེ་མོ་སཱ ་ཡ་ཞེས་པ་འི།། འཁོར་ལོའི་འདབ་མང་ཆུ་རྣམས་ལ། ཨཱ་པ~ཾ་ཤཱ་ཡ་ཞེས་པའི་སྙིང་པོ་བྲི།། གཟུགས་ལ་དབབ་པའི་འཁོར་ལོའི་རིམ་པའོ།། 1ཡི་གཟུགས་འདྲ་བཞི་པོ་ལ།། འཁོར་ལོང་འདབ་མ་རེ་རེ་ལ།། དབུས་སུ་ཨོཾ་བཛྲ་ཙཱ་ལྀ་ལཱ~ཾ་པ་ཡ་རྒྷག་མ་མ ་ཡཞེས་པཟེ།། ཉ་འདྲ་བཞི་པོ་ལ། ཤཱིགླཻ་ཨཱ་ན་མ་མི་སྙིང་ང་བྲི། འདིས་ནི་འཆིང་པར་འགྱུར་བནི།། བྱང་དྲུ་གཟུག་པའི་འམམ་ལམ་མ་ནོ།། དེར་ཁྲིའི་ཁྲག་པ་འདྲ་བ་དང་།། རིན་ཆེན་པདྨའི་ལྔལ་པོ་འདྲབ་ལ།། དབུས་སུ་ཨོཾ་བ་ཥཱི ་ཀླུ་ས། གས་ལགས་པདྨོ། མབའ་མརྣམས་ན། དྲལ་པ་ལའི་སྔགས་བཀོད་པས།། ཐམས་ཀྱད་རྐྱོས་ང་སྨྲ་བུ་ཐར།། སྤྱོ་བའི་འབརྣམས་ས་བ་ནས། དགས་། ག། ། བླངས་སྷོམ ་ངས་འདྲ་དང་།། རར་མའི་མཏོག་པརྩེབ།། ཟླབཅས་པ་ནན་པངདྲ།། དེ་རྣམ་པ་མ་ལྡབར་ཡིན།། དབུས་སྲ་ས་བྷ་འི་ཀཱི་ལ་ཡྀ། ཆག་མིགས་པབྲི། ལང་པོང་འདབ་མ་ཅན་ལ། མི་སྔག་ས་རྣམས་པ། ་པའི་ལས་སུ་འགྱུར་རོ།། རྡུལ་དུ་རྫོག་པའི་འཛུ་འི་རིམ་པའོ།། རྡོ་རྗེ་དབྱིབས་འདྲའི་འདུན་མོལ།། དབུས་བུ་ཨོཾ་བཱི་མ~ཾ་གྣི་མ་ཡ་ཚིག་མ་ཞེས་པ་བྲི།། འཐོཁོར་བ་འདབ་ནའི་ཆ་རྣམས་ལ། ཧྲཱིརྣ་མ་ཡི་སྡུག་བཀོད་པ་སྟེ།། ཞལ་རྫོག ་པས་སུ་འགྱུར།། འམདུ་སྒྲུབ་པའིང་ཛེ་མ་འམ་པའོ།། རྒྱུ་རིལ་བསད་པའི་འའན་མའི་དམ་པ་བསྦྱིན་པ་དང་། འཁོ་མ་བཟའ་བའི་རིམ་པའི་ལེའུ་སྟེ་གཉིས་པར། སེམས་དཔེའི་ཆེན་པོ་མ་མ་པ་དང་། ར ་ཀྱིལ་དི་ལྟར་གིས་ན་གནས་པ་པོ་འཇིག་རྟེན་འདི་ནུས་ཕ་རོལ་དུ་བསྐལ་བ་ལ་སྔགས་ཀྱི་དན་དུམ་ཆིས་སེམས་དཔང་ཆེན་པོ་བཤུད་དྲུ་གཅོལ། ལས་ཀྱི་སེམས་དཔའ་ལེགས་སོ་ལྷགས་འདའ་ཛི་ན་རྟོགས་པར་དཀའ་བྱས་ཐུས་པ་ལ་ན་ས། ཧོ་པ། ་རྣས་ཡོང་བུ་ནི་སྟེ། ཀཱི་ལ་ཡ་སྔགས་ཀྱི་ཕྲེང་བ་དང་། ཀཱི་ལི་ཉི་ལ་ལ་སྔགས་ཀྱི་འཁོར་མོདང་། ཀྐོ་ལ་མ་ལྷའི་གྲཝ་ཕྱག་རྒྱ་ཆེན་པའི་རིམ་པ་དང་། སྒྲིལ་མཆོས་ཉིད་ལ་གནས་པའི་རིམ་པའོ།། སེམས་དཔའི་ཆེན་པ་ལགས་ས་མེང་པ་ལ་དན་དུ་མྱ་ས། ་འམ་བའ་ཉིད་ཅིག། ངལ་གཏིད་ཏེ། འདྲེན་པར་བྱེད་པ་དང་། ཐིག་ཀྱིས་གནོན་པའོ།། འདྲེན་པར་བྱེད་པ་ནི། སེམས་དཔའ་ཆེན་པོ་སྟེགས་ཀྱི་སེམས་དཔའི་ཐུགས་ཀནམ་སའིན་ཆེན་ཟ་བཏུམ་དེའི་ཀ་བ་ལ་ཟག་པ་མེད་པའི་གཟུགས ་བརྟན་གྱུར་པ་འརྡོ་རྗེ་ཆེ་དགྲཔ། དེའི་ལྟེ་བར་སྟྭ~ཾ། ཟུར་བསྡུད་ལ་ཀཱི་ལ་ཡ་འགྲུབ་ཀྱད། དེའི་སྔགས་ཀྱི་བདག་པོས། ཨོཾ་བཛྲ་ཀྵཱི་ལ་ཡ་\ུ0f7fརྩུབ་ཧོཿ།། ཞེས་བརྗོད་པས། ལྕགས་ཀྱི་དང་། ཞགས་པ་དང་། ལྕགས་ལྡན ་དང་། དྲིལ་བུ་བཞི་བྱུང་སྟེ། གཟས་པ་པོའི་གནས་མལ་དུ། ཡཾ་ལས་རླུང་གི་དེལ་དུ་གྱུར་ཏེ། གནས་མལ་དང་གཟས་པ་པོར་བཅས་པ་ལུགས་ཀྱུས་བཀུག། ཞགས་པས་བཅིང་། ལྤགས་སྒྲོག་གིས་བསྡམ། དྲིལ་བུས་དགྱེས་པར་བྱས་པ་ནི། འདྲེན ་པར་བྱེད་པའི་རིམ་པའོ།། ཟིལ་གྱིས་གནོན་པའི་སྔགས་ཀྱི་རིམ་པ་ནི། ཨོཾ་ལཾ་ཧཱུཾ་ལཾ། ཞེས་བརྗོད་པས། གཟས་པ་པོའི་ཀླད་རྒྱས་སུ། ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་གཅིག་ཏུ་གྱུར་ཏེ། སྟཾ་བྷ་ཡ་ནན་ཞེས་པས་གནོན་པའོ།། མོ་ཧཱ་བྷ་ཡ་ནི ་མིང་དང་རུས་སུ་བཅས་པའོ།། ཧྲཱིཿཤྲཱྀཿཝི་ཏྲི་ནི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་པའོ།། ལས་ཀྱི་སེམས་དཔའ་དེ་རུ་ཁྲུས་ལུང་ཇི་ལྟར་ལགས། ཉོན་ཅིག་ཁྲུས་ལུང་གི་རིམ་པ་ལ་ཡང་རྣམ་པ་གཉིས་ཏེ། སྙིང་པོ་སྔགས་ཀྱི་ཁུས་ལུང་དང་། སྲུ་ཕྱག་རྒྱ་ཆེན ་པོའི་ཁྲུས་ལུང་ངོ་།། སྙིང་པོ་སྔགས་ཀྱི་ཁྲིས་ལུང་ནི། ལས་ཀྱི་སེམས་དཔའི་དབུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། ཡི་གེ་ཨ་ཡི་ཕྲེང་བ་གསང་བའི་མགུལ་དུ་བཏབ་པའོ།། སྔགས་ཀྱི་བདག་པོ་ལ་ཡང་དེ་ལྟར་རོ།། སྤེལ་བའི་སྲས་མཆོག་སྟེ། ཐུགས ་ཡེ་ཤེས་རྩེ་གཅིག་པའི་རྩེ་མོ་ལ་ཨ་བཀོད་སྟེ། ལས་ཀྱི་སེམས་དཔས་དྲིལ་བས། འོད་དུ་ཞུ་སྟེ་འོད་ཟེར་ཆུ་རྒྱུན་དུ་བྱུང་བས། སྒྲོལ་བའི་བདག་པོ་ལ་ཐིམ་པས། སླར་གཟས་པ་པོ་ལ་ཐིམ་པས། ཀུན་གཞི་ལ་ཡོད་པའི་བག་ཆགས་བསྲེག་པ་ནི། སྙིང ་པོ་སྔགས་ཀྱི་ཁྲུས་ལུང་ངོ་།། སྐུ་ཕྱག་རྒྱ་ཆེན་པོའི་ཁྲུས་ལུང་ནི། བདེ་བར་གཤེགས་པ་རྣམས་ཀྱི་དགོངས་པ་ལ་གསལ་བར་འགྱུར་གྱི། ཕེལ་པ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།། སེམས་དཔའ་ཆེན་པོ་ངན་སྔགས་ཀྱི་འཁོར་ལོ་རང་ཤེས་པར་བྱ་བ་ལ། དོན ་མཆིས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག། དེ་ལ་རྣམ་པ་དྲུག་སྟེ།། དང་པོ་འཁོར་ལོ་ལྷ་དང་ཕྲལ་བ་དང་། འཁོར་ལོ་གཉིས་པས་གཟུགས་ལ་དབབ་པ་དང་། འཁོར་ལོ་གསུམ་པས་བྱད་དུ་བཟུག་པ་དང་། འཁོར་ལ་བཞི་པས་ལྷོ་རུ་གཞུག ་པ་དང་། འཁོར་ལོ་ལྔ་པས་རྡུལ་དུ་བརླག་པ་དང་། འཁོར་ལོ་དྲུག་པས་ཞལ་དུ་བསྒྲུབ་པའོ།། འདི་ནི་ངན་སྔགས་སུ་ཤེས་པའི་རིམ་པའོ།། སེམས་དཔའ་ཆེན་པོ་སྒྲ་ཕྱག་རྒྱ་ཆེན་པོར་ཤེས་པར་ཟླ་བ་ལ། དོན་དུ་མཆིས་བཤད་དུ་གསོལ། ལས་ཀྱི་སེམས ་དཔང་ཉོན་ཅིག། དོན་དེ་རྟོགས་པར་དཀའ་ཞིང་གོ་བར་དཀའ་བས་ཞུ་བ་ལེགས་སོ།། ཀཱི་ལ་ཡ་ལྷའི་སྐུ་ཕྱག་རྒྱ་ཆེན་པོར་ཤེས་པར་བྱ་བ་ནི། ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པའི་ཐུགས་ཀྱི་དཔལ་བེའུ་ལས་སྙིང་པོ་འབྲུ་དགུའི་ཚུལ་དུ་གནས ་པ་ནི། སྔགས་ཀྱི་སེམས་དཔའོ།། དེ་ལས་ཀྱི་སེམས་དཔའ་ཞལ་གསུམ་ཕྱག་དྲུག་པ། སྨད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པར་བྱུང་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པའི་སྤྱན་ལྡན་བཀའ་ནོད་པའི་ཚུལ་དུ་གནས་པ་ལ་ཕྱོགས་བཅུ་དུས ་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ལག་ཏུ་ཐུགས་ཡེ་ཤེས་རྩེ་གཅིག་པ་བྱིན་ནས་དབང་བསྐུར་ནས། ཨེ་མ་ཧོ།། ལས་ཀྱི་སེམས་དཔའ་ཆེན་པོ་མ་འོངས་པའི་དུས་ངན་གདུལ་དཀའ་བའི་གང་ཟག་གིས་ཞིང་ཁམས་རྣམས་སུ་བསྐལ་བའི་དོན་གྱིས་ཤིག། ཁྱོད ་ནི་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་གདུད་འཚོ་བ་པ་ཡིན་གྱིས། གང་ཞི་བས་མི་འདུལ་བ་དེ་ལ་མངོན་སྤྱོད་ཀྱི་ཕྲིན་ལས་བྱོས་ཤིག། སེམས་དཔའ་ཆེན་པོ་ཁྱོད་ནི་རྡོ་རྗེ་འཛིན་པའི་གདུང་འཚོ་བ་པ་ཡིན་ནོ།། ཞེས་གནང་བ་སྦྱི་ན་པ། ་ནོ།། སྣརེལ་ལོ་སྒྲའི་གྲཝ་ཕྱག་ཀྱི་ཆེན་པོར་ཤེས་པ་འོ།། སམས་དཔའ་ཆེན་པོ་ལྷའི་སྒྲ་ཕྱག་རྒྱ་ཆེན་པོར་གནས་པ་སྦྱ་ལགས་ན། ཀཱིས་ལཆིས་ཉིད་དུ་གནས་པའི་དོན་པ་ཤང་དྲུག་སོལ། སེམས་དཔའ་རྐྱེན་པ་ཉོན་པ།། ཆོས་ཉིད་ཀྱ་ན་འཛིན་པར་བྱོད། ་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས། མབྱོན་པའི་བདེ་བར་གཤེགས་པ་རྣམ་གྱིས་གསུང་བར་མི་འགྱུར། སེམས་དཔའ་ཆེན་པོ་ཉོན་ཅིག། སེམས་དཔའ་ཆེན་པོ་ང་ཉིད་ཀྱིས་ཀྱང་མ ་བཤད་པའི་དོན་དེ་ཞུ་བ་ལགས་སོ།། བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ།། ཀུན་རྫོབ་ལྷ་ཡི་དཀྱིལ་འཁོར་ཆེ།། དོན་དམ་སྙིང་པོ་སྔགས་ཀྱི་གཟུགས།། དེ་ལ་རྣམ་གཉིས་ཚུལ་དུ་གནས།། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད།། ཅེས་པའི་ཚིག ་འདིས་དོན་དམ་པའི་བདེན་པ་སྒྱུ་མ་ཙམ་དུ་བཞག་པ་ནི། ཆོས་ཉིད་ཀྱི་དོན་ཏོ།། ཨོཾ་བིཛྲ་ཀཱི་ལི་ཀཱི་ལ་ཡ་ཞེས་བརྗོད་པས། ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་ནས། རང་བཞིན་མེད་པ་སྒྱུ་མ་ཙམ་དུ་རྟོགས་པ་ནི་ཆོས་ཉིད་ཀྱི་དོན་ཏེ།། མཱ་ར་ཡ་བསད་པའི་དཀྱིལ ་འཁོར་བསྟན་པ་དང་། སྔགས་ཀྱི་འཁོར་ལོ་བཅང་གཞི་བསྟན་པ་དང་། ལྗགས་ཀྱི་ཕྲེང་བ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། སེམས་དཔའ་ཆེན་པོ་མཱ་ར་ཡ་བསད་པའི་དཀྱིལ་འཁོར་དང་། སྔགས་ཀྱི་འཁོར་ལོ་བཅའ་བའི་དོན་ད་ལྟར་ལགས་ན། ་ངན་སྔགས་ཀྱི་སྙིང་པོའི་དོན་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིང་།། ངན་སྔགས་ཀྱི་སྙིང་པོ་འདི། སྔར་དེ་བཞིན་གཤེགས་པ་རྣམས་ཀྱིས་མ་གསུངས་པའི་ངན་སྔགས་ཀྱི་འཁོར་ལོ་འདི། ངས་ལས་ཀྱི་སེམས་དཔའ་ཁྱོད་ཀྱི་དོན་དུ་བཤད་ཀྱི་ཏོན་ཅེ ་ཚེ་དེའི་དུས་སུ་བཅོམ་ལྡན་འདས་དཔུང་རྣམ་པར་འཇོམས་པའི་ཏིང་ངེ་འཛིན་པ་སྙོམས་པར་ཞུགས་ནས་དབུའི་འཁོར་ལོའི་གཙུག་ནས་དཔུང་རྣམ་པར་འཇོམས་པའི་ངན་སྔགས་ཀྱི་སྙིང་པོ་འདི་བྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ལ་ཆེ་གེ་མོ་མཱ་ར་ཡ་ཧ་ས་ཡ་ར་ན་ཧཱ་ད་ན་ཡ་ཧཱ ་ཕཊ། ངེས་པའི་སྙིང་པོ་འདི་ཕྱུང་བས། འཇིག་རྟེན་གྱི་ཁམས་འདི་རབ་ཏུ་གཡོས་སོ།། དེའི་ཚེ་བདུད་ཀྱི་དཔུང་རྣམས་རབ་ཏུ་ཕམ་པར་བྱས་སོ།། དེའི་ཚེ་སྙིང་པོ་འདིའི་སྔགས་འདི་ལ་ལྷ་དང་དཔྲལ་བའི་སྔགས་ཞེས་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ ་ནམས་ཀྱིས་དང་བསྲུང་།། དབས་ན་སྙིང་པོ་འདི་ནིང་བྲལ་བར་བྱེད་པའི་སྲིང་པ་མཆག་རྗེས་བྱུང་།། དེ་བཞིན་གཤེགས་པ་ཉིད་དུ་དཔུང་རྣམ་པར་སྤྱད་པ་ཞེས་བྱ་བ་ཏིང་འ་ཛིན་ལ་སྙོམས་པར་ཞུགས་ཏེ། ཐུགས་ཀྱི་དབུལ་བར་ནས་སྦྱང་བ་ན་ཅག་བྱ་། ་སེམས་ཅན་ཐམས་ཅད་དབང་དུསྲི་དཅིང་འགུགས་པར་བྱེད་པའི་སྙིང་པོ་འདི་བྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ལ་ཆོག་མ་མཱར་ཡ་ཨཱ་བཻ་ཤ་ཡ་ཨཱ་བེ་ཤ་ཡ་ཧཱུ~ཾ་ཕཊ། ཅེས་པའི་སྙིང་ཟེ་འདི་འརྗོད་པས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཀྱི་ཁམས་ཀྱི་བདུད་ད ་མྦྷ་སྟེགས་ལ་སོགས་པའི་ཤེས་པ་རྣམས་རང་རང་གི་གཟུགས་ལ་མི་གནས་ཤིང་། ཤེས་པ་དབང་དུ་བཀྲུས་ནས་ལུས་དྲོ་ཤིང་བཞིན་དུ་གྱུར། དེའི་ཚེ་སྙིང་པོ་འདི་ལ་ཕྱོགས་བབུ་ངས་གསམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲེག་ཞིང་དབང་དུ ་སྟོང་པོ་ཞེས་དབང་བསྦྱར་རོ།། དེབས་ན་སྐྱེང་པོ་འདི་ལ་འབབས་པར་བྱེད་པའི་སྙིང་པོ་ཞེས་བཤད་དོ།། དེའི་ཚེ་བཅོམ་ལྡན་ངས་ཀྱི་ཁྲིང་ཀྱིས་གནོན་པ་ཞེས་བྱ་བའི་ཏིང་ང་འངན་ལ་སྙོམས་པས་ཞུགས་པ། ཕྱག་དང་ཞབས་རྣམས་ལས་ངན་རྡེགས་རྒྱ ་འདི་ཉིད་བྱུང་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་ག་མོ་མཱ་ར་ཡ་ཤྲཱི་བྷྲཱུཾ་ཨཱ་ན་ཡ་ཧཱུཾ་ཕཊ། ཅེས་བརྗོད་པས་བདུད་དང་མུ་སྟེགས་ལ་སོགས་པ་ཐམས་ཅད་ལུས་དྲ་བུ་ཐུལ་དུ་བཅིངས་པར་གྱུར་ཏོ།། དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས ་པར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ།། དེ་བས་ན་སྙིང་པོ་འདི་བྱུང་དུ་གཞུག་ཅིང་འཆིང་བར་བྱེད་པའི་སྙིང་པོ་ཞེས་བཤད་དོ།། དེའི་ཚེ་བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་འཁོར་ལོ་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེའི་ཚེ་གསུང་གི ་པདྨ་ལ་ཐུགས་ཀྱི་དཔལ་བེཛྲ་དང་ལྗགས་ཀྱི་རྩེ་མོ་ནས་ངན་སྔགས་ཀྱི་སྙིང་པོ་འདི་བྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་ཛྭ་ལ་པ་ཡ་ཛྭ་ལ་པ་ཡ་དྷི་ཊ། ཅེས་བརྗོད་པས། སངས་རྒྱས་ཀྱི་ཞིང་ཁམས་ན་གནས་པའི་ལོག་པ་ཅན་གྱི་སེམས་ཅན་ཐམས་ཅད་ཅ ་སྨྲ་བར་གྱུར་ཏོ།། ངའི་ཚོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྙིང་པོ་འདི་ལ་སྨྲ་བར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ།། དེ་བས་ན་སྙིང་པོ་འདི་ལ་ཛྙཱ་ཞིང་སྨྲ་བར་བྱེད་པའི་སྙིང་པོ་ཞེས་བཤད ་དང་ཐོབཅོམ་ལྡན་ལ་སུ་ཀྱི་ཙུད་པ་ཞིས་ཀྱང་འཛིན་མ་སུ། དདཟུགས་ན་སརྣ། རྨིས་ཀྱི་ཅིག་མི་ས་དྷ་ཡ ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་གྱུར་ཏོ།། དེའི་ཚེ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞིག་པར་བྱེད་པའི་སྙིང་པོ་ཞེས་པའི་དབང་བསྐུར་རོ།། དེ་བས་ན་སྙིང་པོ་འདི་ལ་རྡུལ་དུ་བརླག་པའི་སྙིང་པོ་ཞེས་བཤད་དོ།། དེའི་མོ་བཅོམ་ལྡན་འ ་ཞལ་བཞད་ཅིང་མཆེ་བ་གཙིགས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེའི་ཚེ་གསང་བའི་སྦུབས་ནས། ངན་སྔགས་ཀྱི་སྙིང་པོ་འདི་ཕྱུང་ངོ་།། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་མཱ་ར་ཡ་བྷིན་དྷ་བྷིན་དྷ་ཀྶཾ་ཕཊ། ཅེས་བརྗོད་པས་སྡོད་བཅ ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་དུ་གསོལ་བར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་འཇིགས་པར་བྱེད་པ་ཟ་བར་བྱེད་པའི་སྙིང་པོ་ཞེས་དབང་བསྐུར་རོ།། དེ་བས་ན་སྙིང་པོ་འདི་ནི་ཞལ་དུ་སྟོབ་པ་ཞེས་བཤད་པ་ཡིན་ནོ།། སྙིང་པོ་ངན་སྔགས་ཀྱི ་སྟེ་བཞི་པའོ།། ། སེམས་དཔའ་ཆེན་པོ་སྙིང་པོ་ངན་སྔགས་ཀྱི་འཁོར་ལོ་དེ་ལྟར་ལེགས་ན། གསང་བའི་ཚིག་དྲུག་པོ་བཤད་དུ་གསོལ།། ལས་ཀྱི་སེམས་དཔའ་ཉོན་ཅིག། སྔར་མ་གསུང་པའི་ཚིག་འདི་རྣམས་ཡིན་ཏེ། གཏོགས་ཤིག་གྲོས ་དེང་བྲལ་བར་གྱིས།། ཐོབ་ཅིག་རྣམ་པར་གཟིར་བར་གྱིས། ཕྲེང་ཞིག་ཆིངས་ཤིག་རྣམ་པར་སྡོམས།། རིངས་པ་བཇུག་ལི་སྦྱར་ཚུག་ཅིག། ལུས་ངག་རྡུལ་ཕྲན་བཞིན་དུ་ཟློག། བཛྲ་ཡེ་ཀྵ་ཀྲོ་ཏ་བི་ཛ་ལ་ཁཱ་ཧི་ཞེས་བརྗོད་པས། ལས་ཀྱི་སེམས་དཔ ་ཆེར་སྐྲག་པར་གྱུར་ཏེས་ལ་འགྱེལ་བར་གྱུར་ཏེ།། བཅོམ་ལྡན་འདས་རྡོ་རྗེ་གསང་བ་བདེ་བས། ལས་ཀྱི་སེམས་དཔའ་ལགས་སོ།། དོན་དེ་ལ་སྐྲག་པར་མ་བྱེད་ཅིག། སྔོན་གྱི་དུས་གསང་བའི་ཆོ་ག་དྲུག་པོ་འདི།། འདས་པའི་དེ་བཞིན་གཤེགས་པ་རྣམས ་གྱིས་ཀྱང་གསུངས་པས། འཇིག་རྟེན་ཆེར་གཡོས་ཤིང་རབ་ཏུ་གཡོས་པར་གྱུར་ཏོ།། དེ་བས་ན་ཚིག་དྲུག་པོ་འདིའི་བྱིན་གྱིས་བརླབས་ཀྱིས་གཡོ་བར་བྱེད་པ་ཡིན་པས། དོན་དེ་ལ་མ་སྐྲག་པར་དོན་གཞན་ཞུས་ཤིག། དེའི་ཚེ་ལས་ཀྱི་སེམས་དཔའ་བཀའ་ན ་པའི་ཚུལ་དུ་གནས་ཏེ། དྲན་པ་རྙེད་ནས་སེམས་དཔའ་ཆེན་པོ།། སྔགས་ཀྱི་འཁོར་ལོའི་རྫས་སྔར་མ་གསུངསཔ་བཤད་དུ་གསོལ། ཨེ་མ་ཧོ།། ལས་ཀྱི་སེམས་དཔའ་ཉོན་ཅིག། དཔྲལ་བར་གུ་གུ་ལ་ཚིལ་ཆེན་འབོབ།། ཀུ་ཀུ་རཱ་ཙའི་དྲི་ཆེན་ཤེས་པར་བཤད། ་དབབ་ལ་ཉུང་དཀར་རྒྱལ་པོ་མཁར་ན་གསྲུད་པ་དང་། ཨཾ་ཀུ་ཤ་ནི་དཀར་ནག་གོ།། བྱང་དུ་གཞུག་པ་ཚོན་སྣ་སྔ་པོ་དང་།། པལ་ཚོན་དྲུ་བ་དང་བཅས་པའོ།། སྤྲོ་བ་ལ་དུག་གཏོར་སྡིགས་སྦྱར་རོ།། རྡུལ་དུ་བརླག་ན་ཉུང་དཀར་རྒྱལ་པོ་དང་།། མཚོན་ཆ་རྣམ་པ ་སྣ་ཚོགས་དང་།། སྐྱེ་ཆོ་གདབ་ཕུར་ཉི་ཤུ་རྩ་གཅིག། ལུགས་ཕྱེ་ཟངས་ཕྱེ་ཤིས་པར་བཤད།། བསྟབ་ལ་མེ་ཡི་སྦྱིན་བསྲེག་གོ།། ལས་ཀྱི་སེམས་དཔའ་རྫས་དེ་རྣམས་ནི་རང་བཞིན་གྱིས་བྱིན་རླབས་ཆེ་བའོ།། གནོད་སྦྱིན་རྒོད་མ་ཁ་ལ་སོགས་པས་ཀྱང་དབང་བསྐུར ་པའི་རྫས་སོ།། ངས་ཀྱང་བྱིན་གྱིས་བརླབས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་ཀྱིས་འཁོར་པོའི་རྒྱུ་རྒྱན་དུ་བཞིག་གོ།། སེམས་དཔའ་ཆེན་པོ་འཁོར་ལོའི་མརྒྱན་ད་ལྟར་ལགས་ན། དམོད་པའི་རྐྱེན་ཅེ་སྦྱར ་ལགས། ལས་ཀྱི་སེམས་དཔ་ནན་ཚྭ།། གྲ་བུལ་ལ་སོགས་པའི་རྫས་རྫོགས་པ། གཙོ་བ་ནས་དཀྱིལ་འཁོར་གྱི་ལྷ་རྣམས་སྨོས་ཏེ། ཆེག་མོ་འདི་ལྕེ་དང་བྲེལ་བར་གྱིས་ཤིག། མཁར་ནག་གི་ཕུད་པ་ཐོགས་པ། ཛཿ་རླུང་ཕྱག་རྒྱ་བྱས་ཏེ། དཀྱི ་འཁོར་གྱི་ལྷ་རྣམས་སྨོས་ཏེ། ཆེ་གེ་མོ་འདི་གཟུགས་ལ་ཕོབ་ཅིག་ཅེས་བརྗོད་ལ། ཚོན་སྣ་ལྔའི་སྐུད་པ་ཐོགས་ལ། བྱད་དུ་ཆུག་ཅིག་པ་དང་། དུག་གི་གཏོར་མ་ཐོགས་ལ། སྐྱོརུ་ཆུ་གཅིག་པ་དང་། ལུགས་ཀྱི་ཟངས་འཇོགས། ་ལ་རྡུལ་དུ་རློགས་ཤིག་པ་དང་མེའི་དཀྱིལ་འཁོར་ཞལ་དུ་བཞེས་ཤིག་པ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་རྗེའི་དམོད་པའོ།། དུག་གི་གཏོར་མ་ལ་རྨ་བྱའི་གདུགས་དང་བཅས་པ་ནི་ལས་ཀྱི་སྲིན་མོའི་དམོད་པའོ།། གསང་བའི་ཚིག་དྲུག་པའོ།། ལས ་དམོད་པའི་ལེའུ་སྟེ་ལྔ་པའོ།། ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལས་ཀྱི་འཁོར་ལོ་ཞི་བར་བྱེད་པའི་དོན་བཤད་དུ་གསོལ།། ལས་ཀྱི་སེམས་དཔའ་ཉོན་ཅིག། ཞི་བར་བྱེད་པའི་དོན་འདི་ཡིན་ཏེ། གནོད ་གྱི་ལག་པ་ལ་ཤིང་ཀ་ར་བཱི་རའི་མེ་ཏོག་གི་ཁུ་བ་ཉི་མ་གཟས་ཟིན་པའི་དུས་སུ་བྱུགས་ལ། ཀ་ར་ཏི་ཀའི་ཁུ་བས་ལྷ་དབང་ལྡན་གྱི་གཟུགས་ལ་འཁོར་ལོ་རྩིབས་བཅུ་གཉིས་པ་མངོན་པར་ལྡན་པ་བྲིའོ།། དེའི་དབུས་སུ་དམག་གི་དཔུང་དམ་གཏན་འཕོ་བར་བྱེད་པ་ཞི་བར ་འདོད་པའི་མིང་བྲིས་ལ། སྟེང་གི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ། ཤཱནྟིཾ་ཧ་ས་ཡ་ར་ཎ་ཧ་ད་ན་ཡ་ཧཱུཾ་ཕཊ། ཅེས་བྲིའོ།། འོག་གི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བྷི་ན་དྷ་ཡ་བྷིན་དྷ་ཡ་ཧཱུཾ་ཕཊ། ཅེས་བྲིའོ།། འདི་ཕུང་པོ་ཞི་བར་བྱེད་པའི་ལས་ཀྱི་མཆོ ་གོ། ཤར་ཕྱོགས་ཀྱི་འཁོར་ལོའི་རྩིབས་ཀྱི་ཆ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱིནྟིཾ་ཨཱ་བེ་ཤ་ཡ་ཨཱ་བེ་ཤཱ་ཡ་ཧཱུཾ་ཕཊ། ལྷོ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱིནྟི་ཤཱི་གྷྲཾ་ཨཱ་ནེ་ཡ་ཧཱུཾ་ཕཊ། ནུབ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལཾ་ཀཱི ་ལ་ཆེ་ག་མོ་ཤཱི་དྷི་ལ་པ་ཡ་ཛྭ་ལ་པ་ཡ་ཧཱུཾ་ཕཊ། བྱང་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་ཤཱནྟི་ཏཱ་ཐ་ཡ་ཏྲཱ་ཐ་ཡ་ཧཱུ~ཾ་ཕཊ། རྩིབས་བརྒྱད་ལ། རྡོ་རྗེ་སྲིན་མི་རྣམས་ཀྱི་སྙིང་པོ་དང་། གཏན་འཕོ་བའི་མིང་སྤེལ་བ་ནི། ཞི་བའི་འཁོར་ལོ་སྟེ། @ ་ཏེ་རཱ་ཡོ་མ་བྲལ་ལ་རྡོན་བུ་མོའི་ཐགགས་ནས་བཏབ་པ་ར།། འམ་འཛག་པའི་ཤིང་ལ་གྲཝ་གྲ་དུ་ཟླུམ་པ་དབྱབས་སུ་ཐས་པའི་ལྟེ་བ་ལ་སྔགས་ཀྱིའཚར་ལ་བདྲུག་ལ། དམག་གི་དཔུང་གིས་བརྟགས་པའི་ས་ལགང་ཞི་བར་འདོད་པའི་གཟུགས་བྱས་པ། ་རྩསྨུག་ནི་ཟུ་ཁ་དོག་དཀར་པོར་བྱས་ལ། ཞི་བའི་ཕུ་བུ་སྙིང་གར་བཏབ་ལ། རས་བལ་གྱི་སྐུད་པ་དཀར་པོས་བཏགས་ལ། ཁ་ཤར་ཕྱོགས་སུ་བལྟས་ཏེ། ཏི་ལ་ལ་སྔགས་བྱེ་བ་བདུན་འབུམ་དུ་བརྗོད་པས་གྲུབ་པའི་ཚད་ནི། ཕུར་བུ་ལྡེག་པའམ། ་འཔེར་བ་བྱུང་བའི་ཚེ། གྲུབ་པའི་ལས་དྲང་པ་ཡིན་ཏེ། མཆོད་པ་ཆེན་པོས་ཞལ་བཞད་པའི་ལི་དང་། ཕུང་བུ་བྱས་ལ་དམག་ཆེན་པོ་འདུ་བའི་བར་སྲས་དགར་འདྲའི་གནོད་པ་དེ་ཞི་བར་འགྱུར་རོ།། ལྟེ་བའི་ལས་ཀྱི་རིམ་པ་མ།། གང་ད ་བྱ་བར་འདོདུན། བྲམ་ཟེའི་པགས་པ་ལ་མི་རྒོད་ཀྱི་ཀྱུས་ཐུག་ལ། མངོས་ལྡན་མའི་གཟུགས་བྲིས་ལ། དེའི་ལྟེ་བར་འཁོར་ལོའི་ལྟེ་བ་དཟླ་ག་མརྩིབས་བརྒྱད་དང་ལྡན་པར་བྲིས་ལ། ལྟེ་བར་གང་དུ་བྱ་བའི་མེདྷ་བྲིས་ཏྭ། འཁོར་ལོའི་བྷ་ག་མ ་དུ།། ཨོཾ་བིཛ་ཀཱི་ལི་ཀཱི་ལ་ཡ་ཆེ་གེ་མོ་བ་ཤཾ་གྲ་མུ་ཨཱ~ཾ་བྲྀ་ཤ~ཾ་ཡ~ཾ་ཏྲཱ~ཾ་ཕཊ། ཅེས་པའཾ། བླགམ་གྱི་ཞབས་སུ། ཨོཾ་བཛྲ་ཀཱི་ལོ་ཀཱི་ལ་ཡ་ཆུག་མ་བཱ་རཎ་ཧཱ་ས་ཡ་ར་ཧཱ་ས་དྷ་ནེ་ཧཱུཾ་ཕཊ། ཤ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཆེག་མོ་བ་ཛྭ་ལ་བ ་ཡང་ལ་པ་ཡ་ཧཱུཾ་ཕཊ། ལྷོ་ཕྱོགས་ཀྱི་རྩིབས་ལ། ཨོཾ་བཛྲ་ཨཱ~ཾ་ལི་ཀཱི་ལ་ས་ཆེག་མོ་བཻ་ཤ~ཾ་ཙྪ་མྲྀ་ཨཱ་ན་ཡ་ཧཱུ~ཾ་ཕཊ། ནུབ་རྩི་བས་ལཾ། ཨོཾ་བཛྲ་ཀཱི་ལ~ཾ་ཧཱུ~ཾ་ལ་མཅིག་ས་བཀྲིས་རྱ་དྷ་དྷཱ་ཡེ་ཐཱ་ཡ་ཛྲིཾ་ཕཊ། བྱང་གི་འཁོར་ལོ་རྩིབས་ལ། ཨོཾ་བཛྲཀྵཱི་ལི་ཀཱི་ལ་ཡ ་བ་ཤེས་དྲཞིན་ནི་ཡེ་སྦྱིན་ཏུ་མི་བྷྱ་ཅེས་པཟློའོ།། འཁོར་མ་རྩིབས་པ་ནི་ལ་འི་རྒྱ་འི་བྲེའི་ལ་ལ་རྩེ། མམ་ཏ་ཉིས་ཤང་པའི་དུས་སྲང་པོའི་རྗེས་ན་ཀྱི་ཤིང་འདི་བ་ག་ཟུང་བ་བླགས་དུ་བྱས་ལ་གྲང་པའི་བར་འཐིར་ལ་བ་དྲུག་ལ། ་ས་ས་ག་ཆུ་ས་ན་ན། དམང་པོང་བྱས་པ་ཁྱ་དུ་བས། ས་པག་དང་པོས་པགས། ་ལ་གང་ཙུག་ཏ་ཤིང་བདུན་འདྲིམདུ་བཛིན། ཟབ་པ་མངོན་དུ་འབྱེད་སྷོ། ཞལ་བགད་པ་དང་ལུང་སྟོན་པ་ཕྲུ་།། དེ་པའི་ནི་དང་ཐང་བ་བཅས་པ་རྒྱ་གྱི་ཆེན་པོའི་འགྲིམ་ན་རྫྫ་བང་དྲུ་བྱ་བ་དེ་དབང་དུ་།། དང་གི ་འོ།། དྷས་པའི་འཁོ་འི་དམ་པ་ནི། པྱཱ་ཤཱཀྴཥྚི་བྷགྭ་པ་ལ་སྣོང་ངོས་ཀྱིས་བྱུགས་པ། རེ་མ་གྲངས་པལ་འབྱོར་ལོ་རྩིབས་བརྒྱད་དང་བཙུས་པ། རཾ་མིག་དགྲའི་དབུས་སུ། ཨཱ+ོཾ་བཛ་ཏྲཻ་ལི་ཀྐོ་ལ་ལ་ཚི་མོ་པྲྀ་ཥྚི་\ུ0f7f་སྭཱ་པ་བྲིས་པད་ཏྭ~ཾ་གིས ་པ། འཁོར་མོའི་རྩིབས་དམིག་བཞིབ། ཨཱ~ཾ་བཛྲ་ཀཱ་ལི་ཀཱི་ལ་མ་རྒྷ་ཀཻ་མྨེ་པྲ་མཱ་ཧཱ་ས~ཾ་ཡ་ར་ཧཱ་ད་ན་ཅེས་ཟེའོ།། གང་ཕྱོགས་སུ། ཨོཾ་བ~ཾཛྷཻཾ་ཀཱིའི་ཀཱི་ལཱ་ལ་ཆེན་མོ་ཧཱུ~ཾ་ཨོཾ་དྒྷ་ཤ་པ་ཧཱུ~ཾ་ས། ས་བྱ་བབྲི། ཧཱུ~ཾ་ཕྱོགས་སོ། ཨོཾ་བཛྲ་ལཱི་ལ~ཾ་ཀྵིཾ་ལྱལ ་ན་ས་། མི་མ་ནས ་ལྷགསར་གྱི་ཤིང་ལ་བྱས་པའི་ཕུང་བུ་ཟུར་བཅད་པ་བྱས་ལ་རྒྱས་པའི་འཁོར་ལོ་ལྟེ་བའི་དབུསུ་སུ་སྡེས་ལ་རྒྱས་བཏབ་ལ། ལམ་ཌྷ་གྲམ་གྱི་བུས་ནས་ས་བྱུང་ལ། ཡིན་པ་དོག་སེར་པོར་བྱས་ལ། རྗེས་པའི་ཕུང་བས་མགྲིན་པོར་བཏབ་ལ། གཟུངས་ཐག་ས་། ་བས་ཏགས་ལ་བ་ར་བསྡུ། ཡུངས་ཀར་རྒྱལ་པོ་ལ་བྱ་བ་བདུན་འགྲམ་པ་ཟླས་འོ། དེའི་ཚེཐུབ་པ་འཛད་ཚད་འབྱུང་བར་འགྱུར་ཏེ། འབར་བ་དང་འཕྲོག་པ་དང་། ལྡེག་པའོ།། དེའི་ཚེ་ལངྲ་དང་ཐུང་བ་ཅས་གགས་ལས་ཡང་ཆེན་པོའི་དབུས་སུ་མངན་གང ་ས་ས་པ་སསོ།། ལྡན་པ་འདུན་པ།། ན་མ་ས། ཐ་ཟླགས། ལདུ་བྱུང་ཅ་། ཨཱན་རྣ་བྱ་ཙྪ་། ་པའི་ཐེག་བཏབ་ལ། ཕྱི་རོལ་དུ་གད་པོ་རྩིབས་པསྟི་བདུ་མ་གཉིས་བཞི་ལྟ་བྱའོ།། ཐག་སུ་མདྲུག་པོའི་དབུས་ཀྱི་ལྟེ་བ་ལ། ཨོཾ་བཙཱ་ཎྜི་མཱ་ཀཱི་ལ་མ་ཆེགེ་མོ་ཕྱཝ་ཡ་ཏས་། ཉྀད་ནས་རྨྱིལས། གང་ཀྱི་བར་མའི་རྩིབས་ལ། སྲོ་བ་ཀྱི་ལ་ཏི ་ས་། ་ས་ད་བ~ཾ། སློ་ཡོན་བྱུང་པ་དི་མ་ལ་། ་ཤོག་པ་ས་བྱུ་ང།། ། མ་ད་ག་མ་ས། མ་མ་འ ་ཡོཛྭ་ལ། རོབཀྲུགས་པའི་སོལབས་རྒྱས་བཏཔ་ལ། དག་པོའི་ཕྱིར་བའི་ལྟེ་བར་ཟས་ལ་ཟློགམ་པར་གྱེ་སྩ་ལ་ལི་རྣ་བྱས་ལ། རྒྱ་སོ་ལ་གྱིས་མྱ་དགན་པ་པྱོང་བྱས། དྲག་པའི་སྤོང་བ་སྐྱེ་གར་བཏིབི་སྟེ། གཟུངས་ཅག་ནག་པས་བཏཟླས་ཏེ། རྒྱ ་བཞིས་ཏེ། ཏིལ་ཆེད་པོ་ལ་བདུད་འབྲམ་དུ་བཐོས་ནས་ཐབས་པས། གྲུབ་པོའི་བྱ་འ་བྱེ་ཀྱིལ་འཁོར་འབྱུང་བར་འགྱུར་ཏེ། ངའ་ཚོགནོད་སྦྱིན་གྱི་གྲོང་དུ་མས་ནགང་བསད་པར་འདོད་པ་དངས་པར་མར་།། ཕྲིན་ལས་རྣམ་པཞིག་པ་པའི ་མའིའིས་སྐྱེ་དྲུག་པའོ།། ། སེམས་དཔའ་ཆེན་པོ་འརྒྱང་འདི་ལྟུང་ལགསས། སྔར་མ་གསུངས་པའི་དེ་བཞིན་གཤེགས་པ་ཉིད་ཀྱི་ཡོན་དྷན་སྟེ་རྒྱར་སྣང་བྱའི་ཕུར་བ་ཞེས་གདགས་པ་པང་དྨ་མ་ཤེས། ་འ་ཉོན་ཅིག། དོན་དེ་སྔར་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མ་གསུངས་སོ།། གྱིས་འོང་བའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུང་བར་མི་འགྱུར་བས། ལས་ཀྱི་སེམས་དཔའ་ཁྱོད་ཉིད་ཀྱི་དོན་དུ་ངས་བཤད་པར་བྱའོ།། བསླང་པ ་མཚམས་ཀྱི་ཕུར་པ་དང་། བཀོད་པ་ལྷ་ཡི་ཕུར་པ་དང་། མངགས་པ་ཕོ་ཉའི་ཕུར་བ་དང་། དབང་དུ་སྡུད་པའི་ཕུར་པ་དང་། གདབ་པ་ཕྲིན་ལམ་ཀྱི་ཕུར་པ་དང་། འཛིན་ཅིང་མི་གཏང་བའི་ཕུར་པ་དང་། གནས་བསྲུང་བའི་ཕུར་པའོ།། བཅོམ་ལྡན་འད ་རྡོ་རྗེ་ཕུར་པའི་དོན་དེ་ལྟར་ལགས་ན། དེ་རྣམས་ཀྱི་གསང་བའི་སྙིང་པོའི་ལས་ལ་སྦྱར་བ་གང་ལགས་བཤད་དུ་གསོལ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཆེར་བཞད་ནས་ལེ་ལ་འཛུམ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཐུགས་ཀྱི་དཔལ ་བེའུ་ནས་ཀྱང་པ་ར་བི་དྷན་ཞེས་བྱ་བ་ཟོན་པར་གྱུར་ཏོ།། སྙན་གྱི་འཁོར་ལོ་ཡས་ཀྱང་ཧ་ན་ཏ་ན་ཞེས་བྱ་བ་ཐོན་པར་གྱུར་ཏོ།། ཤངས་ཀྱི་དབྱིངས་ནས་ཀྱང་ད་ཧ་ད་ཧ་ཞེས་བྱ་བར་ཐོན་པར་གྱུར་ཏོ།། སྔགས་ཀྱི་པདྨ་ལས་ཀྱང་པ་ཙ་པ་ཙ་ཞེས་བྱ་བ་ཟོན་པར་གྱུར།། ་མགུལ་གྱི་མགྲིན་པ་ནས་ཀྱང་བྷན་དྷ་བྷན་དྷ་ཞེས་བྱ་བར་ཐོན་པར་གྱུར་ཏོ།། ཕྱག་གི་དཔུང་པ་གཉིས་ལས་ཀྱང་གྲྀ་ཧྞ་བྷྲྀ་དྷ་ཞེས་བྷ་བ་ཟོན་ཏོ།། སྲུའི་ལྟེ་བ་ལས་ཀྱང་ཏཥྛ་ཏིཥྛ་ཞེས་བྱ་བ་ཟོན་པར་གྱུར་ཏོ།། ཞབས་ཀྱི་མཐི་ལ་གཉིས་ལས་ཀྱང་ཚོན་དྷ་ཚ་ན་དྷ་ཞེས་བྱ་བ ་དངུའི་དྲུག་ཚངས་པའི་བུག་ནས་ཀྱང་སྦྱིན་དྷ་ཉིན་ཏུ་ཞེས་བྱ་བཟོན་པར་གྱུར་ཏོ།། ཀྱི་ཕ་ལ་གཉིས་ལས་ཀྱང་སརྦ་ཨཱ་ན་ཡ་ཧཱུ~ཾ་ལཊ་ཙས་ཟ་བ་ཐོན་པར་གྱུར་ཏོ།། དེའི་ཚེ་འཁོར་མཆེ་བ་ཅན་རྣམས་ཀྱིས། སྲོག་གི་སྙིང་པོ་འདི་ཕུལ ་ཏེ།། སུ་རུ་སུ་རུ་བཛྲ། གཤོག་པ་ཅན་རྣམས་ཀྱིས། མུ་རུ་མུ་རུ་བཛྲ། ཞེས་མཐོང་བར་ཕུལ་ལོ།། འདིས་ནི་དཔྲལ་བའི་ལས་སུ་འགྱུར་རོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཟིལ་གྱིས་གནོན་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་ལ། དཔལ ་ལྷ་མོ་ནག་མོ་མདུན་དུ་འཁོད་པར་བྱས་སོ།། སེམས་དཔའ་ཆེན་པོ་བདག་གི་རིག་པ་འདི་བཞེས་སུ་གསོལ། ཞེས་ཕུལ་ཏེ། མ་ཐ་མ་ཐ་བཛྲ་ཞེས་ཕུལ་ནས། བདག་གི་རིག་པ་འདི་བཞེས་སུ་གསོལ། བདག་གིས་སངས་རྒྱས་ཀྱི་བསྟན་པ་འདི་བསྲུང་བར་བགྱིའོ།། ་ཞེས་ཕུ་ལཱ་ནས་མི་སྣང་བར་གྱུར་ཏོ།། དེ་ནས་གདུག་པ་ཅན་གྱི་བུ་མོ་བཞིས་ཀྱང་སྲོག་གི་སྙིང་པོ་ཕུལ་ཏེ། ཀ་ཏཾ་ཀ་ཡེ་བཛྲ། ཛ་ཡེ་བི་ཛ་ཡེ་བཛྲ། ཨ་ཛི་ཏེ་ཨ་པ་རཱ་ཛི་ཏེ་མཱ་རཱ་སེ་ནཱ་པྲ་མརྡ་ན་ཡེ་ཧཱུཾ་ཕཊ། ཅེས་ཕུལ་ནཱམ་མི་སྣང་བར་གྱུར་ཏོ།། དེའི་ཚེ་ཁྲོ་བོ་རྣམས ་མཚོན་ཆའི་ཆར་པ་ཕེབ་ནས། སྟོབས་ཀྱི་རྒྱལ་པོས་ཀྱང་སྲོག་གི་སྙིང་པོ་ཕུལ་བ། མྲ་མ་བ་ཤ་ཀུ་རུ་མ་ཏཾ་ཛཱ་ཀ་ར་ཨི་དན་དྷ་ཏི་མ་མ་ཤཱི་གྷྲི་ཀཱ་རཱ་ཡ་ཞེས་ཕུལ་ནས། མི་སྣང་བར་གྱུར་ཏོ། དེའི་ཚེ་ཁྲོ་བོ་དྲག་ཅིང་གཏུམ་པའི་ཐུགས་ཀ་ནས་སྙིང་པོ་འདི་ཐོན་པར ་གྱུར་ཏོ།། ཁ་ཐཾ་ཁ་ཐཱཾ་ཞེས་ཐོན་པར་གྱུར་ཏོ།། སེམས་དཔའ་ཆེན་པོ་རྣམས་ཀྱིས་གདབ་པའི་གནས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག། དཀར་ནག་མཚམས་དང་། རྣ་བ་དང་། སྭ་དང་། ལྕེ་དང་། ལྟོ་བ་དང་། མགྲིན་པ་དང་། དཔུང་པ་དང་། ་པོའི་གཙུག་དང་། རྐང་པའི་སཐིལ་གྱི་རྩཝ་རྣམས་སོ།། སེམས་དཔའ་ཆེན་པོ་གདབ་པ་ནི་དེ་རྣམས་ལགས་ན། སྙིང་པོའི་སྔགས་འདི་རྣམས་སེམས་དཔའ་ཆེན་པོ་ཉིད་ཀྱི་སྔགས་ལགས་སམ། འོན་ཏེ་འཁོར་རྣམས་ཀྱི་ལས་ཀྱི་སྔགས་ལགས། ལས་ཀྱི་སེམས ་ཐ་ཏོན་ཅིག། འཁོར་གང་ཡིན་པ་དེ་ངའི་ཡིན་ཏེ། ངའི་གང་ཡིན་པ་དེ་འཁོར་རྣམས་ཀྱིས་ཡིན་པར་འགྱུར་རོ།། སོ་སོ་མ་ཡིན་ཐ་མི་དང་ངོ་།། དེ་བས་ན་སྙིང་པོའི་སྔགས་འདི་ཡང་ཁྲོ་བོ་བཅུ་རྣམས་ཀྱི་ལས་ཀྱི་སྔགས་ཡིན་པར་འགྱུར་རོ།། ཡོན་ཏ ་གྱི་ཕུར་བུ་བདུན་བསྟན་པ་དང་། སྙིང་པོའི་སྔགས་བསྟན་པ་དང་། གདབ་པའི་གནས་བསྟན་པའི་ལེའུ་སྟེ་བདུན་པའོ།། ། ནུས་སེམས་དཔའ་རྗེན་པོ་སྐར་མ་གསུངས་པའི་འཁོར་ལོ་རྣམས་ནི། ལ། ་ཀྱི་གསང་བ་བཀོད་པ་ལས་ཀྱང་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ན། བསྲེགས་ཟིལ་གྱིས་མནན་ཅིང་དཔུང་གཞོམ་པའི་འཁོར་ལོ་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག། སྔར་དེ་བཞིན་གཤེགས་པ་མཱར་མེ་མཛད་ཀྱིས་ཀྱང་མ་གསུངས། ་གསུང་བར་མི་འགྱུར་རོ།། ལས་ཀྱི་སེམས་དཔའ་དེ་ཅིའི་ཕྱིར་ཞེ་ན། དོན་ཟབ་ཅིང་རྟོགས་པར་དཀའ་བའི་ཕྱིར་རོ།། དེ་བས་ན་ཁྱོད་ཞུ་བ་ལེགས་ཀྱི་ཉོན་ཅིག། གང་བགེགས་ཟིལ་གྱིས་གནོན་པའི་འཁོར་ལོ་ནི། རིགས་ཀྱིས་མ་ཟིན་པའི་ཐོད་པ་ལ་དེའི ་དཔུང་དང་ཕྲལ་བའི་ཕྱིར། དཔྲལ་བར་ཧཱ་ས་ཡ་ར་དན་ལ་སོགས་པ་བྲིའོ།། བགེགས་ཆེན་པོ་མངོན་པར་དབབ་པའི་ཕྱིར། སྤྱི་བོར་ཨཱ་བེ་ཤ་ལ་སོགས་པ་བྲིའོ།། བགེགས་མངོན་པར་བཅིང་བའི་ཕྱིར།། ལྷག་པ་རི་ཤཱི་ཀྵན་ཨཱ་ན་ཡ་ལ་སོགས་པ་པྲའོ།། ་བགེགས་མངོན་པར་སྐྱོ་རུ་གཞུག་པའི་ཕྱིར། ཡཱ་ར་རྐན་དང་ཀོས་ཀོ་ལ་ཛྭ་ལ་པ་ཡ་ལ་སོགས་པ་བྲིའོ།། བགེགས་མངོན་པར་རྡུལ་དུ་བརླག་པའི་ཕྱིར། མིག་ལ་སོགས་པའི་དབང་པོ་ལ་ཏ་ཐཱ་ཡ་ལ་སོགས་པ་བྲིའོ།། བགེགས་དེ་བཞིན་གཤེགས་པའི་ཞལ ་དུ་བསྟབ་པའི་ཕྱིར། སྲྀ་ལ་བྷེ་ད་ཡ་ལ་སོགས་པ་བྲི་ཞིང་འཟླས་སོ།། སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་དེ་ལྟར་ལེགས་ན།། བཅའ་བའི་དུས་གང་ལགས་བཤད་དུ་གསོལ། ལས་ཀྱི་སེམས་དཔའ་ཉོན་ཅིག། དྲས་ནི་ཀར་ཏི་ཀ་འདུས་ཀྱི་ཉམ་བ ་སོ།། སེམས་པའི་ཆེན་པོལ་བ་མ་བཅའདྲས་ས། ཁྲུལ་དུང་དྲུག་ཆ་གང་ལགས། བྲས་གྱི་མར་མེ་པའ་ཉོན་ཅི།། སྲམྲ་ནི་ན་ཐོངས་སོ།། དྲུག་ཙ་འི་མུག་ཐབས་ས།། ལས་ཀྱི་མམ་པའ་དག་ལ་བྲི་བ་འདས་ཀྱི ་བའི་སམས་དུང་ལྡན་པས་ཟེ་བར་བྱམ། གསམས་དཔའ་མ་པ། འཁར་ལ་བཅའ་བྲུ་དང་ལྡག་མད་ལྟར་ལགས་པ། གཟུགས་བརྟན་གྱི་ཚུལ་དུ་ཟ་བ་དཀྱིལ་འཁོར་དུཤིགས་ས། ལྷས་ཀྱི་སེམས་དཔའ་ཉོན་མོ།། གཟུགས་ད་ཏུ། ་དཀྱིལ་འཁོར་གཅིག་སྟེ། བའི་རྣམ་སྡེ་དང་། ཁྲག་ཆེན་ལས་བསྲེས་པ་འཕང་དུ་སོང་བྱའི། དབྱིབས་བྱར་གསུམ།། ཉིས་བརྩེགས་སུ་བྱའོ།། དབུས་ཀྱི་ཟུར་རྣམས་ལ་མངའ་ཡིས་བརྒྱན་པའོ།། བྱང་དྲུག་རྣམས་ལ་ཡང་ཀྱང་ཆེན་པོ་དྲུག་ས་རྣམ ་པར་སྦས་པའོ།། སེམས་དཔའ་ཆེན་པོ་དཀྱིལ་འཁོར་དེ་ལྟར་ལག་སྟན། དཀྱིལ་འཁོར་གྱི་ཆ་རྐྱེན་དུ་གསུངས་པའི་རྫས་དྲུག་པོ་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག། དཔྲལ་མ་འདྲེ་གསོད་ཤེས་པར་བཤད།། དབབ་པ་ལ ་དཀར་རྒྱལ།། བཅིངས་ལ་ཚོན་སྔ་ལྟ་ཡིས་སོ།། སཱ་ལ་ཇིག་ཉིད་ཤིས་པར་བཤད།། རྡུལ་དུ་བཟློག་ན་ཕྲག་མཚན་ནོ།། བརྟ་བ་ལ་ཧོམ་གཟུར་ཤེས་པར་བཤད།། སམམ་དཔའ་ཆེན་པོ་རྫས་དྲུག་པོ་དེ་ལགས་ན། གསང་བའི་ཚིག་རྣམས་ཀྱི ་ལགས།། ལས་ཀྱི་སེམས་དཔའ་ཉོན་ཅིག། གྲོལ་ཅིག་པ་དང་། ཕོ་བ་ཅིག་པ་དང་། ཆིངས་ཤིག་པ་དང་། སྔ་རུ་ཆུག་ཅིག་པ་དང་། གཏོགས་ཤིག་པ་དང་། རོལ་ཅིག་ལ་སོགས་པའི་ཚིག་རྣམས་སོ།། ལས་ཀྱི་སེམས་དཔའ་གང་བགགས་ཀྱི ་དཔུང་རྣམས་གཞོམ་པར་འདོད་པ་དེ། འཁོར་ལོ་ལ་གཟུངས་ཐག་ནག་པོ་བཏགས་ལ་དྲུང་ཁྲོད་ཀྱི་གཡམ་པཱ་ལ། རྡོ་རྗེ་རྩ་གྲམ་དུ་བྲིས་པའི་ལྟེ་བ་ནས་བརྟ་ལཱ་ནས།། གང་བགེགས་ཀྱིས་ཟིན་པའི་རྐང་པ་ནས་བཏགསལ། ལྕགས་རྩེ་ལ་བསྩགས་ཤིང་། བྱེ་བ ་ཛོ་འདྲེས་དུ་བཟླས་པ་བྱས་ནས། ཆོར་མ་ཅན་གྱི་ཤིང་རྣམས་ལ་མི་བཏང་ནས། སྔགས་དྲུག་པམ་སུན་སྲེག་བརྒྱ་རྩེ་བརྒྱང་བྱས་རྣམས།། བགགས་ཀྱི་དཔུང་རྣམས་འཇོམས་པར་གྱུར་།། དགེ་འ་བའི་འཁོར་མོའི་ལེཊ་སྡེ་བརྒྱད་པས། ་སེམས་དཔའ་ཆེན་པོ་དངོས་གྲུབ་ལ་བར་ཚད་བྱེད་པའི་བགེགས་ཞི་བར་བྱེད་པའི་འཁོར་ལོ་བཤད་དུ་གསོལ།། ཨེམ་ཧོ།། ལས་ཀྱི་སེམས་དཔའ་ཉོན་ག།། བགེགས་ནི་བར་བྱེད་པའི་འཁོད་པ་ནི། བརྒྱ་རྗོང་པ་ལ་ཀཱར ་ཏཱིཀས་བྱུགས་ལ་དཀར་པོར་བྱས་ལ། བསྒྲུབ་བྱ་བགེགས་དང་བྲལ་བར་བྱ་བའི་ཕྱིར། མཚུལ་པར་ཏ་ས་ཡཱ་ར་བྲི་བར་བྱའོ།། བགེགས་མངོན་པར་དབབ་པའི་ཕྱིར། སྨིན་མཚམས་སུ་ཨཱ་པྱེ་ཤྭ་ཡ་བྲི་བར་བྱའོ།། བགེགས་མངོན་དུ་དཅིང་བ ་མིག་ལྔ་སོགས་པའི་དབང་པོ་རྣམས་ལཱ་ཤཱི་མྦི་ནི་བྲི་བར་བྱའོ།། བགེགས་དེ་ཆེར་འགྱོད་པ་མཐོལ་དུ་གཞུག་པའི་ཕྱིར། སྱེ་ལཱ་ཛྭ་ལ་བ་ཡ་བྲི་བར་བྱའོ།། བགེགས་དེ་རྡུལ་ཕྲ་རབ་ཏུ་གདུལ་བའི་ཕྱིར། ལྷག་པར་ཏ་ཐཱ་ཡ་བི་བྱར་བྱའོ།། བགེགས་པ ་པོ་བཤིགས་ཤིང་བརླག་པར་བྱ་བའི་ཕྱིར། མ་མཐལ་ལ་བྷིན་དྷ་ཡ་བྲི་བར་བྱའོ།། བགེགས་དེ་གཞོག་ཅིང་སྟོངས་པར་བྱ་བའི་ཕྱིར། མཆེ་བ་རྣམས་ལ་ཁྲོ་བོ་བཅུའི་སྙིང་པོ་བྲི་བར་བྱའོ།། འཁོར་ལོ་འདིའི་སྦུ་བུ་འདི་ཉི་མས་འཇིགས་པའི་སོ་རྩས ་བྲི་བར་བྱའོ།། སྟག་ཚ་ནི་པདྨའི་རཀྟས་སོ།། བྲི་བའི་ཚེ་འདོད་ཆགས་དང་ལྡན་པའི་སེམས་ཀྱིས་སོ།། སེམས་དཔའ་ཆེན་པོ་སྔགས་ཀྱི་འཁོར་ལོ་དེ་ལྟར་ལགས་ན། ལས་ཀྱི་དཀྱིལ་འཁོར་ཇི་ལྟར་ལགས།། ལས་ཀྱི་སེམས་དཔའ་ཉོན་ཅིག། ་འདིའི་ལས་ཀྱི་དཀྱིལ་འཁོར་ནི།། ཀྱར་གྲུ་གྲང་ཟབས་སུ་བུ་བྱེད་ལ་དབྱིབས་སྟུག་གི་མཆེ་བ་ལྟར་བྱས་པའོ།། མཆེ་བ་རྣམས་ལ་གནོད་པར་བྱེད་པའི་སྙིང་པོ་བྲིའོ།། འཁོར་ལོ་དེ་ལྟར་ལགས་ན། དེ་དབྱེ་བའི་རྫས་རྣམས་ཅི་ལྟར་ལགས། དཔྲལ ་ལ་རྒྱ་ཚིལ་ཤིས་པར་བཤད།། དབབལ་ཁྲོ་ཡིས་བྱ་བའོ།། འཆིང་ལ་ཆུས་ཆེན་གྱི་སྐུད་པས་སོ།། སྦ་ལ་པདྨའི་རབྱས་སོ།། བརྡུང་ལ་ལྕགས་ཀྱེ་ནག་པོས་སོ།། གསོ་བ་ལས་ཀྱི་འཁོར་ལོ་བཤད།། སེམས་དཔའ་ཆེན་པོ་ལས་ཀྱི་འཁོར་ལོ་ད་ལྟར་ལགས་ན། ་དེའི་གསང་བའི་ཆོག་དྲུག་པོ་བཤད་དུ་གསོལ། ཞེས་ཞུས་པས། ལྗོན་ཅིག་ལས་ཀྱི་སེམས་དཔའ་ཆེ།། གསྡང་བའི་ཆོག་ནི་འདི་ཡིན་ཏེ། ཕོ་བ་ཊཱིག་པ་དང་།། ཁྱུ་གཅིག་པ་དང་། ཟུང་ཤིག་པ་དང་། ཆིངས་ཤིག་པ་དང་། རྡུངས་ཤིག་པ་དང་། གཏ ་ཤྲཱིག་པ་དང་། རེངས་པར་སྨ་རུ་ཆུ་ག་ཅིག་པ་དང་། མངོན་པར་གྱིས་ཤིག་པ་དང་། དེའི་ཚེ་མངར་བ་དང་ལྡན་པའི་ཤིང་བུ་དང་། ཀུ་ཀུ་རཱ་ཙའི་ཐོད་པའི་ཁར་ཧོམ་གྱི་ཤིང་བུ་བརྩིགས་ལ། རཀྟ་ཆེན་པོ་དང་བཅས་པས་གང་ལ་བར་ཆོད་བྱེད་པའི་ལུས་བསྐོར་ཞིང ་སྦྱིན་པ་སྲེག་བརྒྱ་རྩ་བརྒྱད་བྱས་ན་བགེགས་དེ་དག་གིས་གཏོང་བར་འགྱུར་རོ།། གབ་པའི་འཁོར་ལོའི་རྒྱུད་ལས། དབྱེ་བ་དང་མནན་པའི་འཁོར་ལོའི་ལེའུ་སྟེ་དབུ་པའོ།། ། སེམས་དཔའ་ཆེན་པོ་གཏན་འཕོ་བར་བྱེད་པའི་འཁོར་ལོ་བཤད་དུ ་གསོལ།། ལས་ཀྱི་སེམས་དཔའ་ཉོན་ཅིག། འཁོར་ལོས་དབྱེ་བ་དང་མནན་པ་གཉིས་ཏེ། དེ་ལ་དབྱེ་བའི་འཁོར་ལོ་ནི། གྲོ་ག་འམ་ཤིང་ཤུན་ལ། བུག་པའམ་ཕོ་རོག་གི་གཟུགས་བྲིས་ལ། ཕོ་རོག་གི་སྙིང་ཀར་འཁོར་ལོ་རྩིབས་བཞི་པ་གཅིག་བྲིས་ལ། ་དེའི་ལྟེ་བར་འདོད་པའི་མིང་དང་རུས་བྲིས་ལ། འུག་པའི་སྙིང་གར་འཁོར་ལོ་རྩི་བས་བཅུ་གཉིས་པ་བྲིས་ལ། སྔགས་དྲུག་གཡོན་སྐོར་དུ་བྲིས་ལ། ཡུངས་ཀར་རྒྱལ་པོས་བྱེ་བ་བདུན་འབུམ་ཧུ་བྷས་ཤིང་འུག་པ་དང་པོ་རྙོག་ལ་གཏོར་ན་གང་དབྱེ་བར་འདོད་པ་དེ་དཔྲལ་བར ་འགྱུར་རོ།། འདི་ནི་དབྱེ་བར་བྱེད་པ་འཁོར་ལོའི་རིམ་པའོ།། ལྡནན་པའི་འཁོར་ལྷོའི་རིམ་པ་ནི།། རྨཱ་སཱིན་གྱི་པགས་པཱ་ལ། ཤིང་ཀ་བི་རའི་ཁུ་བས་སེར་པོ་བྱུགས་ལ། རཱི་རབ་ཀྱི་དབྱིབས་སུ་བྱས་ལ། རི་རབ་ཀྱི་ལྟེ་བར་འཁོར་ལོ་རྩིབས་བཅུ་དྲུག་པ་བྱིས་ལ། ་ངའི་ལྟེ་བང་གནན་པར་བྱ་བའི་མིང་དུས་བྲིས། འཁོར་ལོའི་རྩིབས་རྣམས་ལ་ཨོཾ་ལི་ལ་སོགས་པའི་སྙིང་པོ་ངྒེ། རི་རབ་ཀྱི་སྟེག་དུ་རྗེ་རྩས་མ་ཁག་དེངས་པ་བྲིལ། འཇིམ་པ་ལས་བྱས་པའི་སྲིན་པའི་གཟུགས། མདོག་མི་སྡུག་པའི་ལྟ་བར་འ་བར་མོ ་བདུན་ལ། བབསྣས་ཀྱི་ལ་བད་གཏང་དམས་འཛ་པ། གཟུགས་དེ་སྦྱི་ན་ཕྲག་ཏུ་བཞུགཔ། དགསུས་བླ་གང་པ་སྙམ་བླང་བཟུང་དྲུག་པ་གཅོག་པ་ལ་གན་། དེའི་བྱེད་དུ་མོ་རྫོགས་སོད་། ་ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་གཅིག་ཏུ་གྱུར། སྟཾ་བྷ་ནན་ཞེས་པས་གཟིར། མོ་ཧ་བྷ་ཡ་ཞེས་པས་མིང་དང་རུས་སུ་བཅས་པ། བྷ་གཱ་བཱན་ཅེས་པ་ནི་ཧེ་རུ་ཀའོ།། དྷཱིཿདྷཱིཿབཻ་ཀྲི་ནི་ཐབས་དང་ཤེས་རབ་ཏུ་བཅས་པའོ།། ཡེ་ཤེས་ཀྱི་རི་རབ་རྩེ་མོ་བརྒྱད་པ་དང་བ ་པ། དཔལ་ཧེ་རུ་ཀས་འཁོར་བ་མ་སྟོངས་ཀྱི་བར་དུ་མནན་པར་འགྱུར་རོ།། གབ་པའི་ཁྲོ་བོར་ལོ་ལས་དབྱེ་བ་དང་བགེགས་མནན་པའི་ལེའུ་སྟེ་བཅུ་པའོ།། ། སེམས་དཔའ་ཆེན་པོ་ཕན་པའི་ལེའུ་བཅུ་གཅིག་པ་བཤད་དུ་གསོལ།། ལས་ཀྱིས ་དཔའ་ཉོན་ཅིག། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་སྔགས་འདི་བྱིན་གྱིས་བརླབས་ནས་གསུངས། ཨོཾ་བྷུ་ཧུ~ཾ་མ་ཧཱ་པྲཎཱ་ཡ་བྷུ་རྩི་བྷུ་ཏི་བི་མཱན་སེ་ཨཱ་སུཥྚ་མ་ཧཱ་ཀྲོ་དྷ་ཧཱུཾ་ཕཊ། ཨོཾ་ཤི་མ་གོ་ཁུང་ལིང་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བྷུ་ཁུང་ཧོ་ར་ཏེ་ནི ་ཧོ་ཡ་བྷོ། ར་རྨ་ཁཱ་ཧི་བྷི་བྷི་མོ་ན་ཡཾ་མོ། ཤི་མོ་ཀུ་ཀུ་ལུ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་པྲ་ཎཱ་དྷུ་རྩི་བྷུ་ཎི་བི་མཱ་ན་སེ་ཨུ་ཙུཥྤ་ཀྲོ་དྷ་སཱུ་ཕཊ། དེ་བཞིན་གཤེགས་པ་རྣམས་ཀྱིས་སྙིང་པོ་འདི་གསུངས་ནས་མི་སྣང་བར་གྱུར་ཏོ།། སེམས་དཔའ་ཆེན་པོ་རྐྱེན་བཟློག་པའི ་རྫས་གང་ལགས། ལས་ཀྱི་སེམས་དཔའ་ཉོན་ཅིག། རྫས་འདི་རྣམས་ལེགས་ཏེ། གལ་ཏེ་གསོ་བར་འདོད་ན། གུ་གུལ་ལ་སྔགས་ཀྱིས་བཏབ་སྟེ། བསྲེགས་ནས་བརྒྱ་རྩ་བརྒྱད་བཏབ་ན་སོས་པར་འགྱུར་རོ།། སེར་བ་འོད་ན། སྡིགས་མཛུབ་ཀྱི་ཕྱག ་རྒྱང་སྟན་ན་སེར་བ་ཆད་འབྲུག་བྲོས། ཐོག་ཆད་དོ།། རིམས་ན་ན་པའི་བྱ་མོ་ནག་མོའི་དང་དུ་དྲུང་བཏག་གོ།། ཀླུའི་རྟེན་ཡོད་ན་ཐལ་བ་གཙང་མ་ལ་སྔགས་བཏབ་ན། མི་དེའི་སེམས་མྱ་ངན་མེད་པར་འགྱུར་རོ།། མཆེ་བ་ཅན་ཟ་པ་ཡོད་ན། ཁམ་ཟན་ལ་སྔགས ་བཏབ་ལ་སྦྱིན་ནོ།། ཀླུ་པྱ་གཟེར་ན་གང་ན་པ་ལ་ཕུར་པ་ལ་སྔགས་བཏའ་པའམ། ཡང་ན་ཀུ་ནྱཱ་མ་མ་མཚན་ལ་སྔགས་བཏ་བ་ནས་བྱའོ།། བཱ་ལཱ་ནཱ་ད་ན་བ་ལ་ཕབླ་ཟན་ལ་བསྔགས་ཏེ་ཁུ་བ་བཙོད་ལ་བླུད་དོ།། མིག་ལོང་ནད་ཀྱིས་ན་བ་ལ། ནད་པའི་མིང་ཤོག་བུལ ་བྲྀ་ལ། ནད་པའི་ཁྲི་འོག་ཏུ་བཅུག་ལ་སྔགས་གདབ་པོ། སྤངས་པ་ལ་ཉིན་མཚན་དུ་གདབ་བོ།། ཕ་རོལ་སྒྲ་མི་ཤེས་པར་བྱ་ན། པོའི་མིང་རུས་ཁང་གཞུག་གོ།། ར་ལུཀ་ལ་སྦྱང་ཀི་འོ་ནི། དོན་པོ་དོན་མོའི་མྱེ་རུ་སྔགས་བྲིས་ལ་གདགས་སོ།། ་འདི་འབྲས་དང་། ལྷོག་པ་དེ་རྣམས་ལ། གུ་གུལ་བསྲེག་ཅིང་བདུག་གོ།། ལིང་ཏོག་ལ་སྔགས་འདིས་ཕུས་གདབ་པོ།། ཆུ་འགགས་ན་གླ་བ་དང་། བ་མར་ལ་གདབ། སྤོས་ནས་ནན། ཆང་དང་ཁྱེའུའི་དྲི་ཆུ་ལ་བསྲེས་ལ་གདབ་བོ།། དེ་ཉིད་ལ ་བསྔགས་ཏེ་བཏང་ངོ་།། འདྲེ་གནོད་ཆེན་ཆུ་དང་ཉུང་དཀར་ལ་སྔགས་ལ་བླུད་དོ།། ནད་པ་སྲུང་བར་བྱེད་ན། སྔགས་པར་མ་ཆད་པར་བཟླས་པས། གདོན་མི་འོང་བར་འགྱུར་རོ།། སྲོག་ཀ་དག་གི་དུས་སུ་ཉུང་དཀར་ལ་སྔགས་བཏབ་ན་ཆུང་རྔུབ་པར ་འགྱུར་རོ། དེས་ཞོ་ཡང་ཐུབ་པར་འགྱུར་རོ།། ལྷ་ཉེ་བར་བྱས་ན། སྤོས་བསྲེག་ཅིང་སྔགས་བཟླས་སོ།། བ་ལང་ཁོང་ལོག་ན་ཉུང་དཀར་ལ་བསྔགས་ཤིང་བཟླས་སོ།། ཞིང་ལཱ་འབུ་སྲིན་ཟ་ན་ཉུང་དཀར་དང་ཆན་བསྲེས་ཏེ་ཞིང་མཐའ་བསྐོར་ཞིང་བཏབ་ན ་ངོས་གཅིག་ཏུ་འགྲོའོ།། སོ་ལ་སྲིན་ཟ་ན་བཅར་ཏེ་ཐད་ཀར་གདབ་པོ།། མིག་ལ་སྲིན་ཟན་ཕུ་ཞིང་གདབ་པོ།། བང་མཛོད་ལ་གནོད་པ་བྱེད་ནཱ། ཙནྡན་ནམ་ཤུག་པའི་ཕུར་པ་སོར་བཅུ་གཉིས་པ་ལ་སྔགས་ལ། ཐོད་པ་མཚན་ངན་གྱི་ནང་དུ་འབྲུ་ནག་པོས་བཀང ་ལ་དང་ནག་པོའི་ཅོད་པན་དང་བཅས་པས། ཧཱུཾ་ཀཱ་ར་འམ་རྣམ་པར་རྒྱལ་བར་མངའ་གསོལ་ནས་དབུས་སུ་གཞག་པར་བྱའོ།། ཕན་བྱའི་ལེའུ་སྟེ་བཅུ་གཅིག་པའོ།། ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱི་སྙིང་པོ། ་བྷུནརྀ་གྱི་སྔགས་ཀྱི་ཕན་ཡོན་བཅུ་གཅིག་པ་གསུངས་སོ།། ཡང་དག་སྔགས་ཀྱི་རྒྱལ་པོའོ།། དེ་བཞིན་གཤེགས་པ་རྣམས་ཀྱིས་བྷུརྒྷཾ་གྱི་སྔགས་འདི་གསུངས་ནས་མི་སྣང་བར་གྱུར་ཏོ།། སེམས་དཔའ་ཆེན་པོ་རྒྱུང་འདི་གང་དུ་སྣང ་བར་འགྱུར། ལས་ཀྱི་སེམས་དཔའ་ཉོན་ཅིག། རྒྱུད་འདིས་ལེ་གསེད་ཀྱི་གླིང་ཀང་ཀང་པ་རྱ་སྣང་བར་འགྱུར་རོ།། ལས་ཀྱི་སེམས་དཔའ། རྒྱུད་འདི་ཁྱོད་ཀྱིས་ཀློགས་ཤིག་ཉོན་ཅིག། ཁྱོད་ཉིད་ལ་གཏད་དོ།། རྒྱུད་འདི་ལྟ་སྨོད་པ་ངེས་ནི། ་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤང་བར་འགྱུར་རོ།། ལས་ཀྱི་སེམས་དཔའ་ཁང་བུ་བརྩེགས་པའི་པ་ཊར་བཅུག་ལ་ཉིན་མཚན་དུ་ཉིན་ལན་གསུམ། མཚན་ལན་གསུམ་དུ་བསྐོར་བ་གྱིས་ཤིག། འདི་ལ་བསྐོར་ཞིང་མཆོད་པས་ནི། ཕྱོགས་བཅུ་དུས་བཞི ་དེ་བཞིན་གཤེགས་པ་ལ་མཆོད་པར་འགྱུར་རོ།། དེ་ལ་རྒྱུད་འདི་ནི་མི་ནུབ་པའི་རྒྱལ་མཚན་ཞེས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པས་དབང་བསྐུར་རོ།། གབ་པ་གསང་བའི་རྒྱུད་ལས། ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་གཉིས་པ ་རྡོ་རྗེ་ཕུར་པའི་ཕྲིན་ལས་འཁོར་ལོགཔ་པ་གསང་བ་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །། གྲུབ་པ་འཁོར་ལོའི་རྒྱུད་ཨུ་རྒྱན་གྱི་མཁན་པོ་རྡོ་རྗེ་ཐོང་ཕྲེང་དང་བོད་ཀྱི་ལོ་ཙྪ་བ་མང་ཡུལ་གྱི་ལྕེ་ཀུ་ཀུ་རཱ་ཛ་དང་བྲང་ཏཱི་ཛ་ཡ་རཱཀྵི་ཏས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ་