CLOSE WINDOW

Gdg014.2: rdo rje gzi ldan 'bar ba'i rgyud
Wyliee-texts produced with BDRC’s OCR application

རྨཱ་གར་སྐད་དུ། བཛྲ་ཏ་ཛ་སཱིན་དྲཱ་ལ་ཏནྟ། བོད་སྐད་དུ། རྡོ་རྗེ་གཟི་ལྡན་འབར་བའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོབ་པའི་དུས་གཅིག་ན། བཅོམ་ལྡན་འདས ་ཆུབ་ཀྱི་སེམས་རྡོ་རྗེ་ཡུམ་གྱི་བྷ་ག་ལཱ། འཁོར་བྱང་ཆུབ་སེམས་དཔའ་རྣམས་དང་། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དགྱེས་པ་ཆེན་པོ་ལ་དབྱེར་མེད་པར་བཞུགས་སོ།། དེ་ནས་འཇིག་རྟེན་གྱི་ཁམས་འདི་དག་ཐམས་ཅད་ན་བར་དུ་གཅོད་པའི ་བསམ་སྦྱོར་ངན་པ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། གང་ཟག་གི་མི་ལ་ལོག་པར་སྤྱོད་པ་དང་། བདུད་དང་བགེགས་ལ་ལོག་པར་སྤྱོད་པ་ཕྱོགས་གཅིག་ཏུ་གྱུར་ཏེ། དེ་ལ་མི་ལ་ལོགས་པར་སྤྱོད་པ་ནི། མི་དགེ་བ་བཅུ་དང་། མཚམས་མེད་པ་ལྔ་དང་། ་ནས་ན་ང ་ལ་བཙོངས། བསམ་པ་མ་དག་པའི་གཏི་མུག་གིས་སེམས་ལ་བཙལ། ཕྲིན་ལས་མ་དག་པའི་བབཅོལ་གྱིས་བསླུས། གསང་སྒོ་མེད་པའི་སྤྱོད་པས་བཀའ་ཉམས་ཏེ་འཆལ་བས། ཡིད་རྐུན་དང་ལོག་པའི་སྲིན་པོའམ་དམྱལ་བ་ཉིད་དུ་གྱུར་པས་ཕྱི་མའི ་འབྲས་བུ་མེད་པའི་ཕྱིར་དུས་འདིར་ཅུང་ཟད་ཀྱི་བསམ་པ་མི་འགྲུབ་ཅིང་། ལོག་པའི་བདུད་དེ་དག་ཀྱང་དེའི་གྲོགས་བྱེད་པ་དང་། བགེགས་དང་བར་ཆོད་བྱེད་པའི་རིགས་ལས་ཀྱང་གཞི་བྱ་བར་བྱས་ནས་འབྱུང་པོ་ཕྱིར་ཤ་ཟན་དང་། འབྱུང་པོ་ཁྲག་འཐུང་མང་པོའི ་ཚོགས་བརྒྱད་ཁྲི་བཞི་སྟོང་གི་ཚོགས་དང་བཅས་ནས། རྒྱབ་བརྟེན་དང་འཕྲལ་གྱི་དེད་དཔོན་དུ་འཇིག་རྟེན་གྱི་ང་རྒྱལ་དང་དྲེགས་པའི་བསོད་ནམས་སྤྱོད་པས་གྲུབ་པའི་དབང་ལྡན་བགེགས་ཀྱི་གཙོ་བོ་དང་། ཆུང་མ་དབང་ལྡན་དྲག་མོ་དང་བཅས་པ་བཟུང་ནས་བྱང་ཤར ་ཀྱིགྱི་མཚམས་ནས་སེམས་ཅན་ཐམས་ཅད་ཀྱི་བདུད་གཅོད་པ་དང་། ཚེ་དང་བསོད་ནམས་དང་སྲོག་ལ་བརྐུ་བ་དང་། རྣལ་འབྱོར་པ་ཆོས་གཞུང་བཞིན་དུ་སྤྱོད་པ་ལ་གནས་འཕྲོག་པ་དང་། དམ་སྲི་དང་། བར་ཆོད་དང་། བསམ་སྦྱོར་ངན་པ་བྱེད་པ་དང་། དེ་དག་ཀྱང ་ཤིན་ཏུ་འདུལ་དཀའ་བ་མི་ཐུལ་ཏེ་གདུལ་དཀའ་བར་གནས་སོ།། དེ་བཞིན་དུ་ལྷ་གདོན་དང་དྲི་ཟའི་གདོན་གྱི་རིགས་བསམ་གྱིས་མི་ཁྱབ་པའི་རྒྱབ་བརྟེན་དང་། དཀར་པོའི་ཕྱོགས་ལ་དྲེགས་པས་སྤྱོད་པ་བསམ་གྱིས་མི་ཁྱབ་པའི་གདོན་གྱི་རིགས་མང་པོ་དང་། ་དཔོན་དུ་ཕྱོགས་སྐྱོང་པའི་བརྒྱ་བྱིན་དང་། ཆུང་མ་ཨི་ནཱི་བཟུང་ནས་ཤར་ནས་གོང་མ་བཞིན་དུ་བར་གཅོད་བྱེད་དོ།། དེ་བཞིན་དུ་ཤར་ལྷོ་མཚམས་ནས་ཐབ་གདོན་དང་། མེ་ལས་གྱུར་པའི་གདོན་རིགས་མང་པོ་དང་། དེད་དཔོན་དུ་མཚན་མའི་སྦྱིན་སྲེག་གི་ལས ་ས ་གཤིན་རྗེ་ཡ་མ་ནི། ཆུང་མ་གཤིན་རྗེ་འཇོམས་མ་ལ་སྦུབས་བཙལ་ཏེ། ལྷོ་ནས་གནོད་པ་བྱེད་པ་གོང་བཞིན་ནོ།། ལྷོ་ནུབ་ནས་སྲིན་པོའི་གདོན་བརྗེད་བྱེད་ཀྱི་གདོན་བསམ་གྱིས་མི་ཁྱབ་པ་བསོད་ནམས་མཚན་མར་སྤྱད་པ་ལས་གྲུབ་པའི་བདེན་བྲལ་དང ་ཆུང་མ་སྲིན་མོ་རྐུན་མོ་ལ་སྐྱབས་དང་དགུང་བཙལ་ནས་གནོད་པ་གོང་མ་བཞིན་ནོ།། ནུབ་ནས་ཀླུ་གདོན་དང་ཆུ་གདོན་ལ་སོགས་རིགས་བསམ་གྱིས་མི་ཁྱབ་པ་བསོད་ནམས་དངོས་པོར་སྤྱད་པའི་ཆུ་ལྷ་ཝ་རུ་ན་དང་། ཆུང་མ་ཆུ་མོ་སྟག་རིས་ལ་སོགས་པ་ལ་སྐྱབ ་བཙལ་ནས་ནུབ་ནས་གནོད་པ་བྱེད་པ་གོང་བཞིན་ནོ།། ནུབ་བྱང་གི་མཚམས་ནས་རླུང་གདོན་སྐྱོ་བྱེད་དང་། རིག་སྔགས་འཆང་གིས་དོན་བསམ་གྱིས་མི་ཁྱབ་པ་རླུང་ལྷ་བ་ཡ་བེ་དང་ཆུང་མ་རླུང་ལྷ་བ་དན་མོ་ལ་སྐྱབས་བཙལ་ནས་ནུབ་བྱང་ནས་གནོད་པ་བྱེད་པ་གོང་མ ་བཞིན་ནོ།། བྱང་ནས་གནོད་སྦྱིན་དང་མིའམ་ཅིའི་གདོན་ལ་སོགས་པ་གནོད་སྦྱིན་ཀུ་བེ་ར་དང་། ཆུང་མ་གནོད་སྦྱིན་སྒྲོ་མོ་ལ་སྐྱབས་བཙལ་ནས་བྱང་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ།། འོག་ནས་ས་བདག་དང་གཏན་དང་སྲིན་པོ ་ཕོ་མོ་མང་པོས་བདག་ཕག་ཆེན་པོ་དང་། ཆུང་མ་སའི་ལྷ་མོ་བརྟན་མ་ལ་སྐྱབས་བཙལ་ནས་འོག་ནས་གནོད་པ་བྱེད་པ་གོང་མ་བཞིན་ནོ། སྟེང་གི་ཕྱོགས་ནས་གཟའ་སྐར་གྱི་གདོན་མང་པོ་དང་ཡ་བདུད་ཕོ་མོ་འཇིག་རྟེན་གྱི་བསོད་ནམས་ཕྱོགས་རིས་ལ་སྦེད ་པའི་ཉི་མ་དང་ཟླ་བ་དང་། ཆུང་མ་ཉི་མོ་དང་ཟླ་མོ་སྐྱབས་དང་རྒྱ་བ་བརྟེན་དང་རྗེ་བོར་བཟུང་ནས་སྟེང་གི་ཕྱོགས་ནས་སེམས་ཅན་ཐམས་ཅད་འཇོམས་ཤིང་འཚེ་བ་དང་གནོད་ཅིང་འཚེ་བ་དང་རྣལ་འབྱོར་པ་ཐམས་ཅད་ལ་ཉམས་ལེན་ཅིང་བར་དུ་གཅོད་པ་དང་། གནས་འཕྲོག་པ་དང་། ་བསམ་པ་མི་འགྲུབ་པར་བྱེད་ཅིང་འཁོད་པ་ལས། བྱང་ཆུབ་ཆེན་པོ་དག་གི་དབང་ཕྱུག་གིས་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ལ་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས། ཕྱི་ནང་གསང་བའི་མཆོད་པས་མཆོད་ནས་འདི་སྐད་གསོལ་ཏོ།། ཨེ་མ་ཧོ་བཅོ ་ལྡན་འདས། འཇིག་རྟེན་གྱི་ཁམས་འདི་དག་ན། བགེགས་དང་ཕྱོགས་སྐྱོང་བ་རྣམས་རྣལ་འབྱོར་པ་དང་སེམས་ཅན་རྣམས་ལ་མ་རུངས་པར་བགྱིད་ན། དེ་དག་གང་གིས་གདུལ་བའི་དུས་ལ་བབ་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི ་ནི་བསོད་ནམས་དྲེགས་ཤིང་ལོག་པར་སྤྱོད་པའི་མཐུ་བརྟས་པས། རབ་ཏུ་གདུལ་དཀའ་བ་ལས། གང་གིས་ཀྱང་མི་ཐུབ་པས་འདི་འདུལ་བའི་ཐབས་ནི། སྟོན་པ་ཞེ་སྡང་རྡོ་རྗེ་འཛིན་གྱི་ཐུགས་ལ་ཁྲོ་བོ་ཡབ་ཡུམ་བཅུ་མདུགས་ཏེ། དེའི་མཐུ་དང་རྫུ་འཕྲུལ ་གྱི་དཔུང་ནི་གང་གིས་ཀྱང་བསྐྱོད་དུ་མེད་དེ། འདི་རྣམས་སྔོན་བསྐལ་པ་གྲངས་མེད་པའི་དུས་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་ཙ་ན། ཡུལ་གྱི་མིང་དུར་ཁྲོད་ཤིང་གཅིག་ན། ཡབ་བྲམ་ཟེ་ཀེའུ་ཤུ་དང་། ཡུམ་བྲམ་ཟེ་མོ་དབྱིངས་མ་གཉིས་ལ། སྲས ་མཐེ་མང་ནས། དེ་ས་ཐགས་ས་ན།། ང་བནས་ད་པ་པས། དུརྣམས་རབ་ཏུ་ས།། དུག་། ངྒཱས་པདུ། ཤུབ་སྨོན་པོ་དང་། སྒོམ་ཡོན་དདུ། སྨྲས་། ་སྤྱང་བྲམ་ཆུ་རིང་དང་། ཏྲཻ་ལ་ཏ་ལ་སོགས་པའི་གནས་ན་ཉོན་མོངས་པ་ལས་དེ་རྣམས་ཀྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། ནམ་མཁའི་དཀྱིལ་མཛོད་ནས་བྱུང་བའི་ཡི་གེ་བཎྜ་ཐམ་པར་སྨོན་ལམ་བཏབ་པ། བདག་ཅག་སྲིད་སྲང་བཅུ་འབྲན ་པོ་འདི། ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། མངོན་པར་སངས་རྒྱས་པར་གྱུར་ནས་ཀྱང་། དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་གི་ཕྱིའི་སྒོ་དང་ཕྱིའི་སྲུང་མར་གྱུར་ཅིག། རྣལ་འབྱོར་པ་ཐམས་ཅད་ཀྱི་སྟོངས་དང ་གྲོགས་སུ་གྱུར་ཅིག། ཆོས་གཞུང་བཞིན་དུ་བྱེད་པ་དང་། རྣལ་འབྱོར་དགོངས་སྤྱོད་ལ་གནས་པ་རྣམས་ཀྱི་དཔལ་དུ་གྱུར་ཅིག། དེ་རྣམས་ལ་གནོད་ཅིང་བར་གཅོད་བྱེད་པ་རྣམས་ཀྱི་གཉེན་པོར་གྱུར་ཅིག། སེམས་ཅན་ན་ཞེང་ཚ་བ་རྣམས་དང་། སེམས་ཅན་ལག ་ཅིང་ཉམས་ཐུག་པ་རྣམས་ཀྱི་མགོན་དུ་གྱུར་ནས། བདུད་དང་བགེགས་རྣམས་འདུལ་ཞིང་ཚར་གཅོད་པར་གྱུར་ཅིག། རྣལ་འབྱོར་གང་ཞིག་གིས་གཞུང་བཞིན་མི་ཤེས་ན་ཡང་། གསང་བའི་དོན་ལ་མོས་པ་དང་། ཡི་རང་བས་བདག་ཅག་གི་སྙིང་པོ་བཟླས་པའམ། ་བསྐུལ་ཚིག་གིས་དྲན་ཚིག་གཅིག་ཙམ་འཛིན་པས་ཀྱང་། དེའི་མཐུ་དང་གྲོགས་སུ་གྱུར་ནས་ཀྱང་། དེའི་སྟོངས་བྱེད་པར་གྱུར་ཅིག། སེམས་ཅན་གང་དག་དང་གནོད་པས་ཉེན་ཏེ། ཉམ་ཐག་ཅིང་ཕོངས་པས། བདག་གི་དོན་མ་ནོར་བར་ཤེས་པ་ལྟ་ཅི་སྨོས་ཀྱི། མཚན ་ཙམ་བརྗོད་པས་ཀྱང་། གང་ལ་བྱ་བ་འགྲུབ་པར་གྱུར་ཅིག། རྣལ་འབྱོར་བ་ཤེས་རབ་ཞེན་པ་ལ་ལས་མཆོད་པ་དང་ཡོ་བྱད་ཕུང་ལ་རློམ་པ་ལ། བདག་ཅག་གི་བཀའ་བདེན་པ་བདར་བ་ཙམ་གྱིས་དངས་པར་གྱུར་ཅིག། རྣལ་འབྱོར་བའི་བཀའ་མེ་ཉན་ཅིང་། དམ་ལས་རློག་པའི ་མ་མོ་དང་མཁའ་འགྲོ་མ་དང་སྲིན་མོ་ཤས་ཆེ་བ་བདག་ཅག་གི་ཟབ་ཅིང་རྒྱ་ཆེ་བ་འདི་ལྟ་ཅི་སྨོས་ཏེ་འཛིན་པའི་གྲོགས་སུ་ཡང་འཁུ་ལྡོག་མེད་པར་གྱུར་ཅིག། གང་སྡིག་པ་འབའ་ཞིག་ཅན་དམྱལ་བར་སྐྱེ་བར་ངེས་པ་དང་། ངན་པའི་ངང་ཚུལ་ཅན ་ཐུགས་རྗེའི་དཔྱང་ཐག་ཆད་པ་རྣམས་བདག་ཅག་གི་འདུག་བཞིན་དུ་བསྒྲལ་ནས། བླ་ན་མེད་པའི་ལམ་ལ་འགོད་པར་གྱུར་ཅིག་ཅེས་སྨོན་ལམ་ཆེར་བཏབ་བོ།། བྲམ་ཟེ་ཀེའུ་ཤུས་བདག་ནམ་ཞིག་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་པ་ན། དེ་བཞིན་གཤེགས། ་པའི་བཞུགས་གནས་གཞལ་ཡས་ཁང་དང་། དེ་ལྟར་བསྒོམ་པའི་གཞལ་ཡས་ཁང་གི་སྟེང་ཕྱོགས་ནས་ཁྲོ་བོ་ཧཱུཾ་ཀཱ་རར་གྱུར་ཏེ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་དང་། ཆོས་ཉིད་ཀྱི་ཐབས་དང་ཤེས་རབ་ཟུང་དུ་འབྲེལ ་སྟེང་གི་གདོན་བགེགས་འདུལ་ཞིང་ཚར་གཅོད་པ་དང་། བར་གཅོད་ནང་དུ་མི་ཐར་པ་དང་དངོས་གྲུབ་ཕྱིར་མི་འབྱུང་བར་བྱེད་པའི་ཁྲོ་བོ་ཆེན་པོར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ།། བྲམ་ཟེ་མོ་དབྱིངས་མས་བདག་ཅག་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས ་ནས་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག། ནམ་ཞིག་དེ་ལྟར་གྱུར་ནས་ཀྱང་། དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དང་། རྣལ་འབྱོར་གྱི་གནས་ཁང་གི་འོག་ཕྱོགས་ནས་བདག་མོ་ལས་ཕོར་གྱུར་ཏེ། ཤེས་རབ་ཀྱི་ཁྲོ་བོའི་མཚན ་གྱི་རྣམ་པ་མང་པོར་གྱུར་ཏེ། སྐུ་ལས་ཡེ་ཤེས་ཀྱི་འོད་ཟེར་འབུམ་གྱི་གཟི་དང་ལྡན་ཏེ། ཐབས་དང་ཤེས་རབ་དབྱེར་མེད་པས། འོག་གི་གདོན་བགེགས་འདུལ་བ་གོང་མ་བཞིན་དུ་གྱུར་ཅིག་ཅེས་སྨོན་ལམ་དེ་ལྟ་བུ་བཏབ་བོ།། དེ་བཞིན་དུ་སྲས་ཐུ་བོ་ཀ་ཡས། ་ཤར་གྱི་ཁྲོ་བོ་གཟི་ལྡན་གྱི་སྐུར་བསྒྱུར་ནས། ཤར་གྱི་གདོན་བགེགས་འདུལ་བར་སྨོན་ལམ་བཏབ་པོ།། དེའི་ཆུང་མས་ཁྲོ་བོ་དེའི་ཡུམ་དུ་སྨོན་ལམ་བཏབ་པོ།། དེའི་འོག་མ་བྲམ་ཟེ་སི་ཧས། ལྷོའི་གདོན་འདུལ་བ་དང་། ཆུང་མས་དེའི་ཡུམ་དུ་སེམས་བསྐྱེད་པ ་བྲམ་ཟེ་འདི་རྣམས་ཀྱི་མཚན་དོན་མངས་ཀྱང་སོང་ཞག་རྒྱས། ་ཡང་དབཀོནན།། དང་ཏནག། བྲམ་ཟེ་མ་ཀླངས་བྱུང། བྲམ་ཟེ་སངས་ཤར་བྷ། བྲམ་པོ་རྒྱུན་ཐོས་ཀྱིས་ལྟོ་ནུབ། ཟླུམ་ཟེ་བ་ཟླས་ནུབ་བྱུང་། དེ་བཞིན་དུ་བ་རླུང་བམ་ནམ་གཏས། བདག་ནམ་ཞིག་གསང་སྔགས་ཀྱི་གོ་ནས་མངོན་པར་སངས་ནུས་པར་བྱུ་། ་ཅིག། སངས་རྒྱས་པར་སྦྱར་ནས་ཀྱང་ཁྲུ་ཆེན་པ་ཁམསུ་གསུམ་ནམ་རྒྱལ་ལོ་ཤེས་ཀྱི་འད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པར་གྱུར་ཅིག།། དེ་བཞིན་གཤེགས་པའི་བཞུགས་གནས་གཞལ་ཡས་ཁང་དང་། ནབ་འབྱོར་བའི་གནས་ཡང་གི་བྱང་ཤཱ ་མཚམས་གནོད་ཅིང་བར་གཅོད་བྱེད་པའི་གདོན་བགེགས་གཙོ་དང་གཡོག་དང་འཁོར་དང་བཅས་པ་འདུལ་ཞིང་ཚྭར་བཅད་ནས་བསྐལ་ཏེ་རྣམ་པར་ཤེས་པ་གནས་སྦར་ཏེ། གནས་ཀྱི་བྱང་ཤར་ནུས་གདོན་བགེགས་ནུང་དུ་མི་གཏོང་བ། དངོས་གྲུབ་ཕྱིར ་ཤོར་བར་བྱེད་པའི་ཁྲོ་བོའི་རྒྱལ་པོར་གྱུར་ཅིག་གི་སྨོན་ལམ་བཏང་པོ།། དེ་རྣམས་ཀྱི་ཆུང་མས་ཁྲོ་བ་རྣམས་ཀྱི་ཡུམ་དུ་སྨོན་ལམ་བཏབ་པ། ཐབས་དང་ཤེས་རབ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་གྱུར་ཅིག་པར་སྨོན་ལམ་བཏབ་པོ།། དེ་ནས ་བྲམ་ཟེ་ཁྱོ་དང་ཆུང་མ་དང་བཅས་པས་བདག་ཅག་གི་ཡུལ་དང་། གནས་དང་ནོར་དང་ལོངས་སྤྱོད་དང་། ལུས་དང་སྲོག་དང་ཚེ་དང་ཤ་ཁྲག་ལ་སོགས་པ་འདི་དག་ཐམས་ཅད་ཀྱང་། མི་དང་མྱི་མ་ཡིན་པ་དང་། ལྷ་དང་ལྷ་མ་ཡིན་ལ་སོགས་པའི་རིགས ་བསམ་གྱིས་མི་ཁྱབ་པ་དང་། གོང་མ་དེ་དག་ལ་སོགས་པ་རྣམས་ཡོངས་ཤེག་གྱུར་ཅིག། སོས་ཅི་ལྟར་འདོད་པ་བཞིན་དུ་ཟོའཚྭའཐུང་ལོངས་སྤྱོད་ཅིག། ཞེས་སྨྲས་ནས་དེ་དག་ལ་བགྱིའོ།། དེ་དག་གིས་ཀྱང་ཟོས་འཆོས་ཏེ། རྡུལ་ཙ་བ་ཡང་མེད ་པར་བྱས་པར།། དེ་ནས་བྲམ་ཟེ་པོ་མོ་དེ་དག་གིས་ཀྱང་། རྣམ་པར་ཤེས་པའི་སེམས་ལྷའི་སྲས་སུ་བསྐྱེད་ནས། ལཱ་མ་ཡིན་གྱི་དཔུང་བཟློག་གོ།། ལྷའི་རྒྱལ་པོའི་སྲས་དེ་ལས་ཀྱང་གནས་འཕས་ནས། འོད་ཀྱི་འོད་ཕུང་བཀྱིལ་བར་གྱུར་ནས། ་འོག་མིན་གྱི་གནས་རིགས་ལྔ་ཡབ་ཡུམ་སྦྱོར་བའི་མཚམས་སུ་ཞུགས་ནས། རིགས་ལྔས་ཐབས་དང་ཤེས་རབ་ཏུ་རོལ་པ་ལས། ཐུགས་ཀྱི་དཔལ་བེའུར་གྱུར་ནས་དབུའི་རྒྱན་དུ་བྱིན་ནས། རིན་པོ་ཆེ་བསྟར་ལ་བརྒྱུས་ད། ་གསང་བའི་མཁའ་གཉིས་ལས་ལམ་དུ་ཕྱུང་སྟེ། གཉིས་སུ་མེད་པའི་སྲས་སུ་གྱུར་ཏེ། གཉིས་ནི་བྱང་ཆུབ་ཀྱི་སེམས་རྣམ་གཉིས་སུ་གྱུར། བརྒྱད་ནི་བྱང་ཆུབ་སེམས་དཔའ་བརྒྱད་དུ་གྱུར་ཏེ། ཕྱོགས་བཅུའི་འཕགས་པ་ཐམས་ཅད་ཀྱང་རེ་ངོམས ་བལྡག་པ་མཛད་ཅིང་དབང་བསྐུར་ནས་རྒྱལ་བའི་གདུང་རྒྱུད་འཛིན་པའི་སྲས་སུ་གྱུར་ཏེ། བྱིན་གྱིས་བརླབས་ཏེ་ཚད་མེད་པ་བཞིའི་སྒོ་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་དོན་མཛད་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམ་གཉིས་དང་། འཁོར་ཉེ་བའི ་བརྒྱད་དང་མཆོད་པའི་ལྷ་མོ་བརྒྱད་ལ་སོགས་པར་ཕྱུང་ནས། འགྲོ་བའི་དོན་མཛད་པའི་ཞི་བས་འདུལ་བའི་སྐལ་བ་དང་མི་ལྡན་པའི་བདུད་དང་སྲིན་པོ་དང་། དགྲ་དང་བགེགས་འདུལ་ཞིང་ཚར་གཅོད་པར་མཛད་ཙམ་ན། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད ་པའི་བྱང་ཆུབ་སེམས་ལས་རྡོ་རྗེ་འཛིན་པ་མཐུ་སྟོབས་ཀྱི་མངའ་བདག་ཞེ་སྡང་གི་སྐུར་གྱུར་ནས། ཉི་མའི་གདན་ལ་སོ་སོར་བཀོད་པའི་ཞི་ཁྲོ་ཕྱེད་མའི་ཐུགས་ཀ་ནས། ཁྲོ་བོ་བཅུ་ཕྱུང་། ཁྲོ་བོ་བཅུའི་སྐུ་མི་མངོན་ནམ་མཁའི་དབྱིངས་དེ་བཞུགས་ནས་ཐུགས་གསང ་པའི་མཁའ་ཉི་མའི་དཀྱིལ་འཁོར་དུ་བྱུང་ནས། ཡབ་ཡུམ་ཐབས་དང་ཤེས་རབ་ལས། འཇིག་རྟེན་གྱི་ཁམས་བསྲེག་སྦྱང་ཚུལ་བཞིན་དུ་མཛད། བདུད་དང་དགྲ་བགེགས་བཏུལ་ཞིང་ཚར་བཅད་ནས། མིང་ཡང་མི་གྲགས་པར་གྱུར་ནས། དེ་ནས་དངོས ་པོའི་ཆོས་རྟག་པ་ཐེར་ཟུག་ཡིན་པའི་ཕྱིར་རིམ་གྱིས་བསྡུས་ནས་ཐུགས་ཀར་ཐིམ་སྟེ། ཐུགས་མི་གནས་པའི་དབྱིངས་སུ་བསྡུས་ཏེ་བཞུགས་པའི་སངས་རྒྱས་འདུལ་བའི་དུས་ལ་བབ་པོ་ཞེས་བཀའ་སྩལ་པས། བྱང་ཆུབ་སེམས་དཔའ་ངག་གི་དབང་ཕྱུག་གིས། སྟོན ་བཟུང་ཆུབ་ཀྱིས་མས་རྡོ་རྗེ་ལ་འདི་སྐད་ཅེས་གསོཔ་ཏོ།། ཀྱེ་ཀྱེ་དིའི་དུས་ལ་བབ་བཞེས་པ་དང་། དེ་ནས་རྒྱལ་བའི་བྱང་ཆུབ་སེམས་རྡོ་རྗེས་ཧཱུ~ཾ་ཧྲཱི་རླུ་ཛྲ་རྫུན་ཧཱུ~ཾ་ཞེས་བསྐུལ་བས། ཆོས་ཉིད་ཀྱི་དང་བླ་ཏི་ངེ་འཛིན་ནམ་གསུམ་གྱིས་ཀྱང་དབྱུང་ས་པས། བཅོམ་ལྡན་འདས་མ ་སྤང་ཐམས་ཅད་འདུས་པའི་ནས་རྡོ་རྗེ་འཛིན། ཞལ་གསུམ་ཕྱག་དྲུག། ཞབས་སེམས་དཔའི་སྐྱིར་མོ་ཐུང་དང་བཐུགས་པ། ཕྱག་གསས་རྡོ་རྗེ་དང་རིན་པ་ཚེ་དང་འཁོར་ལོ་བ་རྣམས་པ། གཡོན་དྲིལ་བུ་དང་པངྐཱ་ལ་གྲི་བརྣམས་པ། གཡས་དཀང་གཱ་ན་པང ་དབུས་མཐིང་། སྐུ་ཞི་ཁྲོ་ཕྱེད་མ་ལས་ཡིད་ཙམ་ཁྲོ་བག་ཏུ་བཞུགས་པ། སྐུ་གསུང་ཐུགས་རྡོ་རྗེ་ལྟ་བུའི་བྱིན་གྱི་བརླབས་དང་ལྡན་པ། ཆེ་བའི་ཡོན་ཏན་ལ་སོགས་པའི་མགྲོན་མང་པོས་བརྒྱན་ཏེ། དང་པོ་རེ་ཡཾ་ཁཾ་གིས་བསྲེགས་སྦྱངས་བྱས་ཏེ། ཉིད་ལ་ཉིད་ཀྱི ་ལ་ན ་འཇུག་ནས་ནི།། ཞེ་ནའི་དི་ངང་ཏིང་འཛིན་གྱིས།། གནས་རྣམས་བསྲུང་བྱེར་རྣམ་པར་བརྗིད།། ཅེས་བརྗོད་པས་དེའི་ལུག་ཟི་བརྗིད་དང་ལྡན་པ་འཇིག་རྟེན་པའི་ཕྱོགས་སྐྱོང་དང་བདུད་དང་བགེགས་རྣམས་ཀྱིས་མཐོང་ནས། དེ་རྣམས་རི་དྭགས་ཀྱི་ཚོང་བ་བཞིན་དུ་རྣཾས ་རོང་གནས་སོ།། དེ་ནས་ཞེ་སྡང་འདུལ་བའི་ཁྲོ་བོས་ཐུགས་ཀ་ནས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཙུཾ་ཟུག་ནག་འབར་བ་གཅིག་ཙར་རེ་འཐོན་པ་ལས། ཤྲཱི་བཛྲ་དྷུ་ཀཱར་ཧཱུཾ་ཞེས་བརྗོད་པས། ཁྲོ་བོ་ཧཱུཾ་ཀཱར་མདོག་དམར་ནག་དབྱར་གྱི་སྤྲིན་དམར་འདྲ་བ། སྲེ ་ཁམ་པ་གྱེན་དུ་བརྫེས་པ། མིག་དམར་བ། ཁ་བགྲད་པ། མཆེ་བ་གཙིགས་པ། ཞལ་གསུམ་ཕྱེག་དྲུག་པ། གཡས་དཀར་བ་གཡོན་སྔོབ་དབུས་དམར་བ། ཕྱག་གཡས་གཡོན་དང་པོ་གཉིས་ཧཱུཾ་གི་ཕྱག་རྒྱ་བཅིངས་པ་གཡས་རྡོ་རྩེ་དགུ་པ། གཡོན ་དྲིལ་བུ་གཡས་པར་མ་སྔགས་ཀྱུ། ཐ་མ་རལ་གྱི།། གཡོན་པར་མ་དགྶ་སྟེ། ཐ་མ་ཞགས་པ་འཛིན་པ། ཞབས་ཀྱད་ཀྱི་དོར་སྒྲུབས་ནན། ལྦ་སྣོད་ཀྲུང་ཆེན་གྱིགནོན་དང་། མིའི་གཡང་གཞི་དང་། ཨུ་སྐད་སྟག་ན ་པགས་པ་དང་པོ་ཏི་ཙི་ཏིའི་ཤམ་ཐབས་དང་། རྡོ་རྗེ་ཡེ་ཤེས་ཀྱི་གཤོག་པ་དང་། སྦྲུལ་དམར་བཀྲ་དང་། སེར་བཀྲ་དང་། སྔོ་བཀྲ་དང་། ལྗང་བཀྲ་དག་གིས་དབུ་རྒྱན་དང་སྙན་ཆ་མགུར་ཆུ་དང་སྐྲ་ཆིངས་དང་། ཕྱག་ཞབས་ཀྱི་གདུ་བུ་བྱས་པ། ་ཐོད་པ་སྐམ་པོའི་ཕྲེང་བས་དབུ་བརྒྱན་པ། ཐོད་པ་རློན་པའི་ཕྲེང་བས་དོ་ཤལ་སེ་རལ་ཁར་བརྒྱན་པ། སྤྱན་བཟློག་པ་བྷྲི་ཀུ་ཊི་གཉེར་མ་གྱིགྱེན་དུ་བསྒྲེང་བ། སྙན་ལ་དུང་གི་ཁོང་སེང་ཅན། སྐུ་ཆེ་ལ་ཡན་ལག་རགས་པ། ཤིན་ཏུ་རྔམས་ལ་རབ་ཏུ ་བརྗིད་པ་ཞིག་རྒྱལ་པོ་ཆེན་པོའི་བཀའ་བསྒོ་བ་བློན་པོས་བཀའ་ནོད་པའི་ཚུལ་དུ་དམའ་བྲེང་དེ། རྡོ་རྗེ་འཛིན་ཆེན་པོ་ཅི་བཀའ་སྩལ་ཞེས་གནས་པ་ལས། རྡོ་རྗེ་འཛིན་པས་ཕྱོགས་བཅུའི་ཁྲོ་བོ་བཅུ་རྣམས་སྔོན་གྱི་སྨོན་ལམ་གྱི་དབང་གིས་སེམས་ཅན་གྱི་དོན་ལ ་པས། དེའི་གདན་ཤོམས་ཤིག་ཅེས་བཀའ་སྩལ་ནས། དེ་ནས་དབང་དང་གཟི་བྱིན་བསྐྱེད་པ་འདི་སྐད་ཅེས་བསྒོ་བའོ།། ཧཱུཾ། ཉི་མའི་དཀྱིལ་འཁོར་དབུས་གནས་པར།། ཁྲོ་བོ་ཆེན་པོ་ཧཱུཾ་ཀཱ་ར།། སྐུ་ཆེ་ཡན་ལག་རགས་པ་ནི།། དབྱར་གྱི་སྤྲིན ་ཕུང་ལྟ་བུའོ།། བསྐལ་པའི་མེ་དཔུང་ཇི་བཞིན་དུ།། འོད་ཟེར་དང་ལྡན་རབ་ཏུ་འབར།། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ།། དང་པོའི་ཕྱག་གཉིས་ཧཱུཾ་རྒྱ་བཅིངས།། གཡས་གཉིས་ལྕགས་ཀྱུ་རལ་གྲི་བསྡམས།། གཡོན་གཉིས་ཞགས་པ་དགྲ ་འཛིན།། གཡས་བརྐྱང་གཡོན་བསྐུམ་རབ་ཏུ་གནས།། སྨིན་མཚམས་ཁྲོ་གཉེར་དམར་བའི་སྤྱན།། ཞལ་གསུམ་མཆེ་བ་གཙིགས་ནས་ནི།། རྡོ་རྗེའི་འགྲོས་ཀྱིས་རྣམ་པར་བསྒྱུར།། ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང་།། འདི་འདྲའི་གཟུགས་ནི་བསྐུལ་བྱས ་ན།། ཡིད་དེ་ལ་བཀའ་སྩལ་ལོ།། ཨོཾ་སུམ་བྷ་ནི་སུམ་བྷ་དྷྭཾ། གྲྀཧྞ་གྲྀཧྞ་ཥྐཾ། གྲྀཧྞཱ་པ་ཡ་ཀྲྀཧྞཱ་པ་ཡ་ཧཱུ~ཾ། ཨཱ་ན་ཡ་ཧོ་དྷ་ག་བཱན། བིཛྲ་རཱ་ཛ་ཧཱུ~ཾ་ཕཊ་ཞེས་གཟི་བྱིན་བསྐྱེད་ནས་དབང་རྟགས་ཐོ་བ་ལྕགས་ཀྱུ་གཏད་པ་དང་། ཧཱུཾ་ཀཱ་རས་ཐོ་བ་དང་ལྗགས་ཀྱུ ་སྤངས་ཏེ། རང་གི་སྙིང་ག་ན་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་སྙིང་པོ་འདི་ཕྱུང་ངོ་།། ཧཱུ~ཾ། དེ་ལས་ནཱ~ཾ་ཤྲཱི་རཱ་ཛ་སུ་མ་བྷ་རཱི་ཛེ་ཧཱུཾ་ཕཊ་ལས་ཁྲོ་བོ་ཊྭཱ~ཾ་ཀི་རཱི་ཛ་སྐུ་མདོག་སྔོ་ནག། གཡས་དཀར་གཡོན་དམར་དབུས་མཛོང་། ཕྱག་གཡས་གཡོན་དང་ངོགཉི་ཏུ ་ཕྱག་རྒྱ་བཅས་པ། ཕྱག་མཚན་མི་འཛིན་པ་གཞན་ཕྱག་མཚན་ཧཱུཾ་ཀཱ་ར་འདྲ་བ་གཅིག་ཐོན་ནས། དེའི་མདུན་དུ་ཇོ་བོ་ལ་བཀའ་ནོད་པ་འདྲ་བ་གཅིག་དབང་ཆེན་པོ་ཅི་བཀའ་སྩལ་ཞེས་སྔོ་ཕྲེང་ངེ་འདུག་པ་ལས། ཧཱུཾ་ཀཱ་རས་གོང་མ་བཞིན་དུ་བསྐོས་ནས། ་མ་བྱེ་འདིན་བབྱེད་དེ། དང་བདྲུག་ཐ་མི་གརྣམས་པའི་ཟུམ་ས།། མེད་པ་གེ་པ་སན་པར་རུང་།། གས་པ་ལ་སྟརྣམས་པར་གྱུད་མ། མསྦྱིན་ལ་ལགས་རྗོ་། ་རས་ཐོ་བ་དང་ལྕགས་ཀྱུ་ཊཱཀྐི་རཱ་ཛ་ལ་གཏད་པ་དང་། ཊཱཀྐི་རཱ་ཛས་ཐོ་བ་དང་ལྕགས་ཀྱུ་བླངས་ནས། སྤྱན་འབར་བ་ཉི་ཟླའི་འོད་པས་འཚེར་བ། ཞལ་འབར་བའི་ར་རོས་དྲག་པོའི་སྔགས་བརྗོད་པ། སྐུ་འབར་བའི་ཆ་ལུགས་དྲི་རབ་ལྟར་བརྗིད་ཆེ་བ། བསྐས ་པའི་མེ་དང་ཉི་མ་འབུམ་གྱི་གཟི་དང་ལྡན་པས། ཞབས་འབར་བའི་ཆ་ལུགས་རྡོ་རྗེ་འགྲོས་ཀྱི་ཞབས་གར་བོར་བར་རྡོ་རྗེའི་ར་བ་དང་། བརྩིགས་པར་གྱུར་པ་དང་སྤུན་འབར་བའི་གར་གློག་ལྟར་འགྱུ་བ། ནིར་ཡང་བརྙེས་པའི་གཟུགས་དང་ཆས་ཏེ་གཤེགས ་པས་བགེགས་དང་ཕྱོགས་སྐྱོང་ཐམས་ཅད་འདི་སྐད་ཅེས་འཁམས་ཏེ་ཚིག་སྨྲའོ།། ཨེ་མ་ལྷའམ་ཀླུའམ་འོན་ཏེ་སངས་རྒྱས་སམ་ཆོས་སམ་དགེ་འདུན་ནམ་ཐུགས་རྗེའི་བདག་པོ་ཅི་མཛད་པ་ལགས་ཞེས་ཊཱ་ཀྐི་རཱ་ཙ་ཐོ་བོ་འཛུམ་གྱི་ཕྱག་རྒྱ་བཅས་ཏེ། ཧཱུཾ་ཧཱུཾ་ཞེས་བྱ་བ ་བའི་སྒྲ་བརྗོད་ནས། རྣམ་པ་ཚུལ་གྲུལ་པ་བཞིན་དུ་སུམ་ཉན་དང་ཐོར་མའི་ལགས་བརྗོད་པས་ལྕགས་ཀྱུས་དབང་ལྡན་པོ་མོའི་སྐྱེང་གནས་བཟུང་ནས་ཐོ་བས་འབྲས་མ་ཐོས་པར་སྨྱན་ན་ལྡན་ན་བཏངས་པས་འཁོར་གྱི་བགནས ་ཐམས་ཅད་ཧད་སྐྲག་སྟེ། དུས་ཆེན་པོ་བྱུང་བ་ཡིན་ནོ་ཞེས་འཛེར་ཞིང་གཅེར་བུ་ལོ་འཕོས་པའི་ལྷ་རྒོད་དྲག་པོ་བཞིན་དུ་འདར་ཧད་དེ་གནས་པ་ལས། གྱང་ཆེན་པོས་སྡོང་རོ་མང་པོ་བསྒྱུར་བ་བཞིན་དུ། འཁོར་གྱི་བགེགས་མང་པོ་ཐམས་ཅད་འགྱེལ་ཏེ། ་གཡས་ནས་ཀྱང་ལིང་ལིང་གཡོན་ནས་ཀྱང་ལིང་ལིང་མང་པོ་སྤུངས་ཏེ། དཔེར་ན་རྒས་པའི་སྡོང་རོ་མང་པོ་སྤུངས་པ་བཞིན་དུའོ།། དེའི་སྟེང་དུ་བཤན་པས་ཁོག་པ་བརྩེགས་པ་བཞིན་དུ། བགེགས་ཀྱི་རོ་མང་པོ་སྲུངས་པའི་སྟེང་དུ། དབང་ལྡན་པོ་མོ ་བཅིངས་སུ་བྱས་ཏེ་ཕྱག་རྒྱ་ཆེན་པོ་བཞིས་མི་ཤོང་བར་དམ་དུ་བཅིངས་ཏེ། སྔོན་གྱི་དམ་ཚིག་རྗེས་སུ་དྲན། འགྱོད་གནོང་གི་སྨྲེ་སྔགས་འདོན། ཕྱིས་བཀའ་མི་བསླུ་བར་དམ་དང་དམོད་བཅས་ཤིང་གནས་སོ།། དེ་བཞིན་དུ་ཕྱོགས་བཞི་མཚམས་བརྒྱད་ལྟེང་འོག ་གི། ཕྱོགས་སྐྱོང་བཅུའི་འཁོར་གྱི་གདོན་ཐམས་ཅད་སྤུངས་པའི་སྟེང་དུ། ཕྱོགས་སྐྱོང་ཕོ་མོ་སྐྱེ་བཅིངས་སུ་བགྱེལ་ནས། གོང་མ་དེ་ཁོ་ན་བཞིན་བཀོད་ནས། ཐོ་བ་ལྕགས་ཀྱུ་སླར་ཧཱུཾ་ཀཱ་ར་ལ་གཏད་ནས། འབྱུང་བ་ལྔ་ཡི་མཁའ་ཀློང་དག་པ་འདིར།། ལོགས ་པར་འཛིན་པའི་ཕྱོགས་སྐྱོང་བགེགས་འཁོར་འདུལ།། དྲེགས་པ་བཏུལ་ནས་རིམ་བཞིན་བཏིང་ལགས་པས།། འབང་བའི་སྐུ་ལས་དཀྱིལ་འཁོར་བསྐྱེད་དུ་གསོལ།། ཞེས་བརྗོད་ནས་བྷུ་ཀཱ་རའི་ཐུགས་ཀར་ཐི་མ་མོ།། ཧཱུཾ་ཀཱ་རས་ཀྱང་ཐོ་བ་དང་ལྕགས་ཀྱུ་ཞེ་སྡ ་རྡོ་རྗེ་ལ་ཕུལ་ཏེ། གང་ན་བཏིང་ལགས་སོ་ཞེ་སྡང་རྡོ་རྗེ་ཁྲོ་རྒྱལ་གཙོ།། ཞེ་སྡང་རྡོ་རྗེ་ཐུགས་ཀྱི་དཀྱིལ་འཁོར་ནས།། ཁྲོ་བོ་རྔམ་ཆེན་དྲག་པོ་སྤྲུལ་པའི་སྐུ།། ཤིན་ཏུ་མི་བཟད་འཇིགས་པའི་མཚོན་ཆ་ཅན།། འཇིགས་བྱེད་ཡུམ་རྣམས་མི་མངོན་སྦས་པ་ནི།། ་ཀུ་ན་སུ་ཏུ་ན་སུ་། ་ས་ཡིན་སློ་ནི་མ་ས་མ་མས་མ་ས ་ས་སཤཱ ་ནས་པས། པའི་སྲིད་པ་ཐམས་ཅད་དུས་གཅིགཏུགས་ཏེ། ཡེཤེསགས་པ་པའི་འདགས་པ་རྒྱགས་བཙུད་པ་དས་འོ།། དེ་ནས་སློང་ངམ་ངས་པའི་ཐུགས་སནས། སྨོན་ལམ་ལས་གྲུབ་པའི་མ་པོ་སས ་སྐད་ཅེས་བཀན་ཀྱིམ་ཧཱ།། གཟུགས་ཆེན་འབར་བས་འཇིགས་བྱེད་པའི།། ཐབ་བཅུ་དག་བྱུང་ནུས་མེ།། རྣམས་བསྲུད་པའི་ཉི་མའི་སྣང་།། མ་སྟོད་ཞལ་གསུམ་ཕྱག་ཀྱང་དྲུག། ཞྭ་སྲང་ལྗགས་སུར་དཐ་གས་དེ་ས། སྦྱིན ་ནམ་རྫོ་རྣམས་པ།། རིམ་པ་པན་དབ་ཅུགནས།། དགགས་རྣམས་ཐམས་ཅད་པ་ཤེས་པའི་རྐྱེ། ད་པ་ས་པཀ་ས་མ་ཐང་པམ་གྲང་།། བརྗོད་པའི་རྣམ་ཀྱིས་བསྲུང་པ་སྟེ།། འབྱུ་ལ་པ་ཅན ་ད་ས་བུ་གསུ་འདྲེག་ན་ན་ས། བརྩུས་པའི་ཆགསས་མྱོད། བམ་བ་ཏུ་འགས་པརྒྱད་པ་རྒྱན་གྱིས་ཐུགས་ཀྱིས་བཅཝག་དས། གགས་རྒྱ་མྱི་བྱས ་གཤད་པ། སྱཱད་ཁྲོ་བོ་འུ་ལགས་མ་ཕྱག་དྲུག་པ། ད་ལྕགས་ཀྱི་ཕུར་བཱ་ཟུང་ག་སྨྲས་པ། དུས་གསུམ་ལ་ཐུགས་ཀྱི་གས་པ་དང་། ཟུ་གས་པ་ལ་དྲུག་པོས་འཇོམས་པའི་ཕཌྒགས་མ་ད་ནམ། ་དང་ཕྱག་མཚན་ཇི་ལྟར་མཛད་ཀྱི་ཏནྟྲ་ལས་འབྱུང་བ་བཞིན་དུ་གྱུར་ཏོ།། ཨཱ~ཾ་པྲཛྙནྟ་ཀྲྀཏ་བཛྲ་མ་ཌཱ་ཤོ་དྷི་ཧཱུ~ཾ་ཕཊ། ཨོཾ་པདྨཱ་དྷ་ཀྲྀཏྟ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཨཱ~ཾ་ཡ་མཱནྟཀྵིཏ་བཛྲ་མ་ཧཱ་ཀྲོ་དྷ་ཧཱུ~ཾ་ཕཊ། ཨོཾ་བིགྷྣཱནྟ་ཀྲྀཏ་བཛྲ་མ་ཧཱ་ཀྲོ་ནཱ་ཧཱུ~ཾ་ཕཊ། ་ཧཱུཾ་ཕཊ། ཨཱ་རཱྀ་ལ་དཎྜ་བཛྲ་དྷཱ་ཕཊི། ཨཱ~ཾ་ཥྚདི་རཱང་བཛྲ་མ་ཀྲོཿཧཱུ~ཾ་ཕཊ། ཨཱ~ཾ་མ་ཧཱ་བ་ལ་བཛྲ་ཧཱུ~ཾ་ཀྲོ་དྷ་ཧཱུ~ཾ་ཕཊ། ཨཱི་ཀ་པོ་ལ་ཀུན་ལ~ཾ་བཛྲ་མ~ཾ་དཱ་ཀྲོ་དྷ་བྷྲཱུཾ་ཕཊ། ཨཱ~ཾ་ཤྲཱི་བཛྲ་ཊཱིཀྵི་ར་བདྷྭ~ཾ་མ་དྷ་ཀྲོ་དྷ་གྲཱྀ་པནྟུས་པ་པྱིད་བྱ་བྱེད་གས ་བསྐུལ་ནས། ཤར་དུ་རྣམ་པར་རྒྱལ་བའི་མི་དཔལ་ལྡན་གཞན་གྱིས་མི་ཐུབ་པ། ལྷོར་གཤིན་རྗེའི་གཤེད་། ནུབ་ཏུ་རྟ་མགྲིན། བྱང་དུ་བདུད་རྩི་འཁྱིལ་པ། ཤར་ལྷོར་དབྱུག་པ་ཐོན་པོ། ལྷོ་ནུབ་ཏུ་མི་གཡོ་མཐུན་པ། ་འདོད་པའི་རྒྱལ་པོ། ཐུང་ཤར་དྲོ་ཐོབས་པརྩེ། ཟློག་ཏུ་ལམས་གསུམ་རྣམ་པར་ལ་ས་པཛྲ་འཁྱིལ་བ། སྨྱུང་གི་ཙོག་སྱས་ཏྭཱཾ་ཀྵ་སྟེ། ཆུབ་ཆེན་པོ་བཛྲ་པོ་འདི་དག་ཀྱང་། ཞལ་གསུམ་ཕྱག་དྲུག་པ། སྐུ་མདོག་དང ་ལྕགས་ལ་སོགས་པ། ཇི་ལྟར་མཛོད་ལས་བྱུང་བ་བཞིན་འཐོན་ཏེ་ཕྱོགས་སྐྱོང་བཅུ་འབྱོར་དད་པ་ངས་པའི་སྟེང་ན་སེང་གི་རྣམ་པར་རོལ་པའི་ཚུལ་གྱིས་བཞུགས་པ་ལས། ཞེ་སྡང་རྒྱལ་པོས་ཡང་སྟེང་གོ་ཕྱོགས་ནས་ནརྀཀྵ་ར་ལ་བ་། ་བ་དང་ལྤགས་སུ་གཏད་ནས་ཕྱོགས་འདྲུག་ཁྲི་རྣམས་ལ་ཕྲ་པོ་ཐོ་ཅིགངས་བཅཝོའོ།། རྒྱངས་བརྒྱ་གྱི་ཚུལ་པ་མེ་བཞིན་དུ་བནས། བདུད་ཅི་འབྲེལ་པས་ད་བཞིན་བ་དང་གྲགས་ཀྱི་བླངས་ཏེ། བཀའ་ཆག་འདུན་བརྗོ ་དྷཱི། ཁྲོ་བའི་རྒྱལ་པོ་འདི་དག་གིས།། བགགས་ཀུན་བཀྲག་ནས་རྣམ་པར་འདག། བློ་ལྡན་རབ་ཏུ་འབྱོད་པ་ལས།། ཆོག་བཞིན་དུ་གྱུར་ཀུན་བཏག།། རྡོ་རྗེ་བདུད་ཀྱི་ཁྲུལ་བ་ཡིས།། རྡོ་རྗེ་ཐུར་བ་ཉིད་གནས་པ།། ཨུཏྤ་ལ་ལྡན་པའི་མདག་འདུག། ་འ་བའི་ཕྲེང་བ་འཇིགས་པའི་འོད།། ལྟེ་བ་མར་ཆང་རྒྱས་རྣམས་ནི།། ཕུར་རྩེ་ལྟ་བུར་རྣམ་པར་བསྒོམ།། རོ་སྟོད་ཁྲོ་བོ་ལྟ་བུ་ཉིད།། ཞལ་གསུམ་ཕྱག་ཀྱང་དྲུག་པ་སྟེ།། བགགས་ཀྱི་ཚོགས་ལེ་འོག་ཏུ་གཟུག། དེ་ཡི་སྔགས་ནི་བརྗོད་བྱ་སྟེ།། རྡོ་རྗེ ་དེས་བཏབ་ནས།། བགེགས་ལུས་གཞན་དུ་མི་གཡོ་བའོ།། གྷ་བྷ་བཱ་ཏ་ཡ་སརྦ་དུཥྚི་ཧཱུཾ་ཕཊ། ཀཱི་ལ་ཡ་ཀཱི་ལ་ཡ་སརྦ་བི་སྟྭ~ཾ་ཧཱུ~ཾ་ཕཊ། གྲཱྀ་ཧཱུ~ཾ་ཧཱུ~ཾ་བཛྲ་ཀཱ་ལ་ཡ་བཛྲཱ་ནར་ཨཱ་ཛྙཱ་བ་ཡ་ཏི་ཏཱ་ཡ་ཝཱ་ཀ་ཙི་དྷ་བཛྲ་ཀཱི་ལ་ཡ་ཧཱུ~ཾ་ཕཿ། ཞེས་བརྗོད་ནས། བོ་གཤིན་རྗེའི་ག ་ལྤགས་ཀྱུས་སྐེད་པ་ནས་བཟུང་ནས། ཐོར་ཚུགས་ཀྱི་སྟེང་དུ་ཐོབ་པརྒྱབ་པས་སླད་ལྗགས་ཀྱི་ཕུར་པ་ཉི་མའི་སྟེང་དུ་ཐལ་བྱུད་ནས། བརྒྱ་བྱིན་ཕོ་མོ་དང་དྲི་ཟ་ལ་སོགས་པའི་བགེགས་ཐམས་ཅད་ཀྱི་སྟོང་ལ་ཟུག་པར་གྱུར་ཏོ།། དེ་བཞིན་དུ་ཕྱོགས་མཚམས ་སྟེང་འོག་བཅུར་བཏབ་ནས་ཐོ་བ་དང་ལྕགས་ཀྱུ་ཞེ་སྡང་རྡོ་ཛྭ་ལ་གཏད། སྐར་ཡང་བྱང་གི་ཕྱོགས་སུ་གོང་བཞིན་དུ་འཁོད་པ་ལསཾ། ཡང་ཞེ་སྡང་རྡོ་རྗེས་ཧཱུ~ཾ་ཀཱ་ར་ལ་བཀའ་སྩལ་བ། སྟེང་གི་གྱོག་སུ་ཧཱུཾ་ཞེས་བསྒྲེད་པས། དྭེ་བཱར་སྟེང་གི་ཕྱོགས་ནས་བབས་ཏེ་ཐོབ ་དང་ལྕགས་ཀྱུ་བླངས་ཏེ་བྱང་དུ་བདུད་རྩི་འཁྱིལ་བ་ལ་གོང་བཞིན་དུ་གཏད་ནས་སྟོན་པ་ལ་ཐོབ་དང་ལྕགས་བུ་སླར་ཕུལ་ཏེ། སྟེང་གི་ཕྱོགས་ན་གོང་དུ་བཏབ་པ་བཞིན་དུ་འཁོད་དོ།། དེ་ནས་ཞེ་སྡང་རྡོ་རྗེ་སེམས་དཔའི་སྐྱིལ་མོ་ཀྲུང་ལེ་བཞུགས་ཏེ་རྡོ་རྗེ་ཐོ་བཟློགས་ནས་དང། ་སྐད་དོ།། རྡོ་རྗེ་ཐོབ་ཕྱག་བསྣམས་མཆོག། གནོད་མངས་རྒྱལ་པོ་རྣམ་པར་བསྒོམ།། ཧཱུ~ཾ་བརྗིད་འབར་བ་བལྟ་བ་ཡིན།། བགགས་རྣམས་ཐམས་ཅད་ཕུང་པོས་བཏབ།། བཛྲ་རྦཀྲ་ཛིན་ཏཱིཥྛ་ཀྲོ་དྷ་ཧན་ཧཱུཾ་ཕཊ་ཞེས་བརྗོད་ནས། ཞབས་རྡོ་རྗེ་འགྲོས་ཀྱིས ་རྣམས་མཛད་ནས། ཐུགས་ཀ་ནས་ཁྲོ་ཆུང་མང་པོ་མཚོན་ཆ་འབར་བ་སྐར་མདའ་འཁྲུགས་པ་བཞིན་དུ་བྱུང་བས་ཁྲོ་བཅུའི་བར་དང་གོ་མཚམས་དང་གོ་དམིགས་ཐམས་ཅད་ཁྲོ་ཆུང་ཞལ་གསུམ་ཕྱག་དྲུག་ཕྱག་ན་མཚོན་ཆ་མང་པོ་བསྣམས་པ། ་ཆེ་བ་དང་ཆུང་བ་གྲངས་བསམ་གྱིས་མི་ཁྱབ་པ། བར་མཚམས་དང་གོ་དམིགས་ཐམས་ཅད་བཀང་སྟེ། ཐ་ན་ཁབ་ཀྱི་རྩེ་མོ་ཙམ་ཡང་གཟུག་པའི་ས་མེད་པར་གྱུར་ཏེ། དེ་ཡང་ཁྲོ་བོ་གནོད་མཛེས་ཀྱི་ཤངས་འབར་བ་དང་། བ་སྤུའི་བུ་ག་ནས་རཾ་དམར་པོ་འབར་བའི ་ཚ་ཚ་མགལ་བུ་དུམ་བུ་ཚིག་པ་ལྟར་བབས་ནས་འདི་སྐད་དོ།། ཕྱོགས་མཚམས་ཀུན་ཏུ་རྡོ་རྗེའི་མེ།། རྣམ་པར་འཕྲོ་བ་རབ་བསམས་ཏེ།། མ་རུངས་པ་དག་ཚིག་བྱས་ནས།། ཕྱོགས་བཅུར་རབ་ཏུ་འཕྲོ་བར་འགྱུར།། ཕྱོགས་མཚམས་ཕུར་པས་བཏབ་ནས་ནི།། ་སྟེང་འོག་ཡང་དག་བྱིན་གྱིས་བརླབས།། འབར་བའི་འཕྲོ་འདུ་འཁྲུགས་པ་ཡིས།། རྡུལ་ཆ་ཙམ་ཡང་མེད་པར་བསྲེག། ཛྭ་ལ་རཾ་ཛྭ་ལ་རཾ་ཞེས་བརྗོད་པས། ཁྲོ་བོ་ཐམས་ཅད་ཀྱི་སྐུ་ལས་མེ་དཔུང་ཆེན་པོ་དུས་ཐ་མའི་བསྐལ་པའི་མེ་འབར་བ་ལྟར་ཤིན་ཏུ་མཆེད་པས ་ཁྱུང་གི་སྒོ་ངའི་སྦུབས་སུ་ཞུགས་པའམ། རྡོ་རྗེའི་གུར་ཐབས་སུ་ཕུབ་པ་ལས། མེ་རི་འདབ་འབྱོར་དུ་གྱུར་པས། སྲིད་པ་གསུམ་གྱི་དངོས་པོ་ཡང་དུས་གཅིག་ཏུ་ཚིག་ན་གཞན་བར་དུ་གཅོད་པའི་བགེགས་ལྟ་ཅི་སྨོས་ཀྱི་རབ་ཏུ་འབར་བའི་སྲེག་པའི་མེ་དཔུང་དུ་གྱུར ་ཏོ།། དེ་ནས་ཞེ་སྡང་རྡོ་རྗེ་འཛིན་པས་ཉིད་ལ་ཉིད་དམ་པའི་ཚིག་འདི་སྐད་དོ།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི།། སྐུ་ཡི་སྲས་སུ་བདག་བསྐྱེད་ནས།། གསུང་མཆོག་ཡིག་འབྲུར་དབང་བསྐུར་ཏེ།། ཐུགས་ཀྱི་དབྱིག་ཏུ་བདག་བསྐྱེད་པས།། རྣམ ་རྟོག་བདུད་ནི་མིང་ཡང་མེད།། རྒྱལ་བའི་དཀྱིལ་འཁོར་ཆེན་པོ་འདིར།། དུས་གསུམ་རྒྱལ་བ་བཞུགས་པའི་གནས།། རྣལ་འབྱོར་དགོངས་པ་མཐར་ཕྱིན་པའོ།། ཞེས་རོལ་པ་བསྐྱེད་དོ།། དེ་ལྟར་བསྟན་པས་ཕྱི་ནང་གི་ཆོས་ཐམས་ཅད་དང་སེམས་ཅན ་ཐམས་ཅད་ཁྲོབ་བཅུ་ཡིས་ངན་མ་མཛད་པ་དང་ཁྲོ་བོ་བཅུའི་རང་བཞིན་དུ་སངས་མ་རྒྱས་པ་གང་ཡང་མདན།། དེ་ནས་གདོན་གྱི་རིགས་བརྒྱད་ཁྲི་བཞི་སྟོང་དང་། སུམ་བརྒྱ་དྲུག་ཅུ་དང་། གདོན་ཆེན་པོ་བཅཝོ་བརྒྱད་དང་། ཕལ་པ་བཅུ་དང་། རིགས་ཆེན་མ་པ ་སོགས་པའི་གདོན་ཐམས་ཅད་དམ་ལ་ཐོགས་པ་ལས། ངག་གི་དབང་ཕྱུག་གིས་བཅོམ་ལྡན་འདས་ཞེ་སྡང་འཛིན་པ་ལ་བགེགས་འདི་རྣམས་མ་ཁྲོམ་པས། ཁྲོ་བོ་བཅུའི་དགོངས་པ་དང་མི་ལྡན་པས་རྣལ་འབྱོར་ལ་བར་དུ་གཅོད་པས་དེའི་དགྲ་བགེགས་ལ་ཐབས་ཀྱི ་པ་བསྟན་དུ་གསོལ་པ་ལ། ཞེ་སྡང་རྡོ་རྗེ་འཛིན་པས་བཀའ་སྩལ་པ། བགེགས་འདི་དག་ནི་རྣམ་པར་སྨིན་པའི་བགེགས་ཡིན་ཏེ་དེ་ནི་སོ་སོའི་ལས་མ་ཏོགས་པ་ཡིན། གསང་བའི་དགོངས་པ་ཆེན་པོ་འདིར་ནི་ལས་དང་རྣམ་པར་སྨིན་པ་ཡང་ག་ལ་འབྱུང་གི། ་ཐབས་ཆེན་བླ་ན་མེད་པའི་ལམ་རྙེད་པས་འཇིགས་ཤིང་འཛེམ་དགོས་མེད་པའི་ཕྱིར་དཔེར་ན་གངས་ཀྱི་སེང་ཕྲག་སྐྱེས་པ་གཅན་གཟན་གྱིས་མི་འཇིགས་པ་བཞིན་ནོ།། གོང་མ་ལྟར་མ་གྲུབ་པས་ཀྱང་དོན་འདི་ལྟར་མ་གྱུར་ན་ཡང་མཚོན་ཆ་འབར་བའི་མཚམས་འདིས ་ཀྱང་གང་ཡང་མི་ཆོད་པ་མེད་དེ་བདག་ཉིད་ཆེན་པོ་བརྗིད་པ་དང་ཆས་པས་འདི་སྐད་གསུངས་སོ།། ཧཱུཾ། ཡང་དག་གསང་བའི་དཀྱིལ་འཁོར་དུ།། སྤྱན་དྲངས་གཤེགས་སུ་གསོལ་བ་དང་།། རྣལ་འབྱོར་དམ་ཅན་སོ་སོར་གནས།། འདུས་པའི་འཁོར་ལས ་མ་གཏོགས་པ།། ཀུན་ཀྱང་རེ་བ་བསྐངས་ཟིན་པས།། ད་ལྟ་ཉིད་དུ་སོ་སོར་དེངས།། གལ་ཏེ་བཀའ་ལས་འདས་གྱུར་ན།། རྡོ་རྗེ་འཆང་གི་རྒྱལ་ཁྲོས་པས།། མཁར་ལ་ཆར་བཞིན་ཕབ་པས་ནི།། བརྒྱད་ཁྲི་བཞི་སྟོང་གདོན་རྣམས་ཀུན།། ལུས་ཀྱང་དུ ་བུ་བརྒྱ་རགས་ནས།། མགོ་ཡང་ཚལ་པ་ཚལ་པར་གཤོག། སྙིང་ཡང་ཆུ་སེར་ཕྱེ་མ་བཞིན།། ཞིག་པར་གྱུར་ཡང་གདོན་མི་ཟ།། སྐྱེ་བ་རྣམ་བཞི་ལྷན་ཅིག་ཀྱང་།། འགྲོ་རིས་དྲུག་པོ་སོ་སོར་སྒྲོལ།། མི་མ་ཡིན་ལ་སོགས་པ་ཡང་།། རང་ར ་གནས་སུ་བདེ་བར་དེངས།། དུས་གསུམ་རྒྱལ་བའི་བཀའ་ལས་མ་འདའ་ཞིང་།། ཞེས་སུམ་བྷ་ནིའི་སྔགས་བརྗོད་པས།། བགེགས་ཐམས་ཅད་རས་བལ་རླུང་གིས་གཏོར་བ་བཞིན་དུ་གྱུར་ཏོ།། དེ་ནས་རྡོ་རྗེ་འཛིན་པས་འཇིགས ་པའི་མཚོན་ཆ་རྣམ་པ་སྣ་ཚོགས་པ་ལས་ཐོ་བ་དང་ཚ་ཚ་དང་། མེ་རི་འབར་བའི་གུར་ཐབས་སུ་གྱུར་ནས་རླུང་ཙམ་ཡང་རྒྱུ་བའི་སྐབས་མེད་པས་འདི་སྐད་དོ།། ར་ཡི་དཀྱིལ་འཁོར་བརྟན་བྱའི་ཕྱིར།། ཁྲོ་རྒྱལ་བྱིན་གྱིས་རླབས་ལས་བྱུང་།། མཚོན་ཆ་རྣམ་པ་སྣ ་ཚོགས་ཀྱིས།། དཀྱིལ་འཁོར་རིམ་པའི་ཚུལ་བཞིན་སྲུང་།། སྟེང་ཡང་རྡོ་རྗེའི་བླ་རེ་སྟེ།། རྡོ་རྗེའི་ཐོག་ཟོག་སེར་ལྟར་འགྲེལ།། འོག་ཀྱང་རྡོ་རྗེའི་ས་གཞི་སྟེ།། ས་གཞི་རྡོ་རྗེས་གཅལ་དུ་བཀྲམ།། བར་ལྗང་རྡོ་རྗེས་སྤྲིན་ལྟར་གཏི་ངས།། རྡོ ་འཁྲུགས།། ཕྱོགས་མཚམས་རྡོ་རྗེས་གཏམས་པ་ལས།། རྡོ་རྗེའི་བསྐལ་པའི་མེཚོན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་པས།། རྡོ་རྗེའི་མཚམས་ལས་མ་འདའ་ཞིག། འདས་ན་ཁྲུ་ཡང་བཅུག་འགྱུར་ན།། གདོད་བགེགས་འདས་པ་སྒོས ་ཨོཾབཛྲ་བཛྲ་ཧཱུཾ་ཕཊ། སྟེང་ཡང་འཁོར་ལོའི་བླ་རེ་སྟེ།། འཁོར་ལོའི་ཐོག་ཟོག་སེར་ལྟར་འགྲིལ།། འོག་ཀྱང་འཁོར་ལོའི་ས་གཞི་སྟེ།། ས་གཞི་འཁོར་ལོའི་གཅལ་དུ་བཀྲམ།། བར་སྣང་འཁོར་ལོའི་སྤྲིན་ཕུང་གཏིབས།། འཁོར་ལོའི་ཚེ་ཚ་སྐར་ལྟར་འཁྲུག ་ཕྱོགས་མཚམས་འཁོར་ལོས་གཏམས་པ་ལ།། འཁོར་ལོའི་བསྐལ་པའི་མེ་ཆེན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་ན།། འཁོར་པོའི་མཚམས་ལས་མ་འདའ་ཞིང་། འདས་ན་ལྷ་ཡང་བརླག་འགྱུར་ན།། གདོན་བགེགས་འདས་པ་སྨོས་ཅི་དགོས།། ཨོཾ་བ ་ཙཀྲ་ཙཀྲ་ཧཱུ~ཾ་ཕཊ། སྟེང་ཡང་རལ་གྲིའི་བླ་རེ་སྟེ།། རལ་གྲིའི་ཐོག་ཟོག་སེར་ལྷར་འགྲིལ།། འོག་ཀྱང་རལ་གྲིའི་ས་གཞི་སྟེ།། ས་གཞི་རལ་གྲིའི་གཅལ་དུ་བཀྲམ།། བར་སྣང་རལ་གྲིས་སྤྲིན་ལྟར་གཏིབས།། རལ་གྲིའི་ཚ་ཚ་སྐར་ལྟར་འཁྲུགས།། ཕྱོགས་མཚམས ་དྲལ་གྲིའི་གཏམས་པ་ལ།། རབ་ཟེའི་བསྐལ་པ་རིམཆེན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་པས།། རལ་གྲིའི་མཚམས་ལས་མ་འདའ་ཞིག། འདས་ན་ལྷ་ཡང་བརླག་འགྱུར་ན།། གདོན་བགགས་འདས་པ་སྤོས་ཅི་དགོས། ་ཨོཾ་ཧྲཱིཏྟ་ཧཱུཾ་ཕཊ། སྟེང་ཡང་རྒྱ་གྲམ་ཟླ་རེ་སྟེ།། རྒྱ་བྲམ་ཐོག་ཐོག་སེར་ལྟར་འགྲིལ།། འོག་ཀྱང་རྒྱ་ཐམས་གཞི་སྟེ།། ས་གཞི་རྒྱ་གྲམ་གཅལ་དུ་བཀྲམ།། བར་སྣང་གྱ་གྲམ་སྤྲིན་ཕུང་གཏིབས།། རྒྱག་མཚཚ་སྐར་ལྟར་འགྲོ།། ཕྱོགས་མ ་རྒྱ་བྲན་གཽ་ཏམས་པ་ལ།། རྒྱ་གྲམ་བསྐལ་པའི་མེ་ཆེན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་པས།། རྒྱ་གྲམ་མཚམས་ལས་མ་འདའ་ཞིག། འདས་ན་ལྷ་ཡང་བརླག་འགྱུར་ཏེ།། གདོན་བཤེགས་འདས་པ་སྨོས་ཅི་དགོས།། ཨོཾ་ཛི་ན་བཟ་ཛིན ་ཙུན། གླེང་ཡང་དརྫུག་ཐུ་ས།། དབུག་ཏུ་རྟོག་དང་ས་ར་འཕྲུལ།། འོག་ཀྱང་དབྱུག་ཏིའི་སགཞིལ།། ས་གསེང་དྲུག་ཏུ་གཅལ་དུ་བསས།། བར་ཐ~ཾང་དག་ན་སྟེར་གཏབས།། དཔག་ཏོ་མ་འཇུགས ་ཕྱོགས་མཚམས་དབྱུ་ག་ཏོས་གཏམས་པ་ལ།། དབྲོག་ཏོའི་བསྐལ་པའི་མེ་ཆེན་འབར།། རླུང་ཡང་རྒྱུ་བའི་སྐབས་མེད་ན།། དབྱུག་ཏོའི་མཚམས་ལས་མ་འདའ་ཞིག། འདིས་ནལླ་ཡང་བརླག་པར་འགྱུར།། གདོན་བགེགས་འདས་པ ་སྤོས་ཅེ་དགོས།། ཨོཾ་བཛྲ་རྨ་ཏ་བོ་ཧཱུ~ཾ་ཕཊ། ཞེས་ཕུར་པ་དང་མཚོན་ཆའི་ཚོགས་གྲངས་མེད་པ་འཕྲོས་པས། བར་དུ་གཙད་པའི་བདུད་དེ་དག་ཐམས་ཅད་ཨཱཛ་ཀའི་དོག་བུལ། ཏིལ་མོར་གྱིས་བརྒྱབ་པ་བཞིན་དུ། མགོ་ཚལ་པ་བཅུ་གས ་པར་གྱུར་ཏོ།། དེ་ནས་ཡང་རྡོ་རྗེ་འཛིན་པས་སྡང་བའི་དགྲ་བསྤེལ་བ་དང་། ཐུགས་རྗེས་སེམས་ཅན་གསོ་བའི་ཕྱིར།། ཁྲོ་བོ་རྡོ་རྗེ་གུ་ལང་གི་བསད་གསོ་འདི་སྐད་གསུངས་སོ།། ཡ་ཐ་ཚངས་པའི་གནས་བཞི་དང་།། སྲེད་པའི ་མོ་མན་ཆད་ནས།། མ་ཐ་དམྱལ་བའི་ས་གཞི་དང་།། རྡོ་རྗེ་གཏམས་པ་ཡན་ཆད་དུ།། འཁོར་ལོ་འབར་བ་ཀུན་བཏང་སྟེ།། ཕྱོགས་མཚམས་ཁོར་འཁོར་ཡུག་ཏུ།། དཔག་ཚད ་བརྒྱད་ཁྲི་བཞི་སྟོང་ནས།། ཉེ་རིང་མེད་པ་ཚུན་ཆད་དུ།། ལོག་པར་ལྟ་བའི་དགྲ་དང་བགེགས།། ཀུན་ཀྱང་གསོད་པར་བྱེད་པ་རུ།། རྡོ་རྗེ་འཁོར་ལོས་གཏུབས་ནས་ཀྱང་།། རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ།། ཨོཾ་བཛྲ་ཙཀྲ་ཙཀྲ་ཧཱུཾ་ཕཊ། ཛྙཱ་ན་ཙཀྲ་ཧཱུཾ ་ཕཊ། ཧ་ནཱ་ཙཀྲ་ཧཱུཾ་ཕཊ། ཏིཔྟ་ཙཀྲ་ཧཱུཾ་ཕཊ། པ་ཙ་ཙཀྲ་ཧཱུཾ་ཕཊ། ཞེས་གསུངས་པ་ཙམ་གྱིས། མགོ་ལུས་དུམ་བུ་ལྔ་ལྔར་གཏུབས། གཞོབ་སྒོག་རྡོག་པས་བརྫིས་པ་བཞིན་དུ་གྱུར། དེར་ལྷུན་མིག་གཡས་པ་ཞོག་སྟེ། འདི་སྐད་གསུངས་། ་གཡས་ཀྱི་སྤྱན་བུར་ལྡོག་པ་ཡིས།། ཉི་མའི་དཀྱིལ་འཁོར་འབར་བ་ལས།། ཡེ་ཤེས་འོད་ཟེར་འབར་བ་ཡིས།། ཤིན་ཏུ་དྲག་ཅིང་རབ་གཏུམ་པས།། གུལ་དབང་ཆེན་ཉེ་དབང་བཅས།། ཉི་ཟླ་གཤིན་རྗེ་ཚངས་པར་བཅས།། གདུག་པར་གྱུར་པའི ་མཚན་མ་ཀུན།། ཐམས་ཅད་མ་ལུས་བསྲེག་པར་བྱའོ།། མ་སཱུརྱ་མཎྜ་ལ་ཧཱུཾ་གིས་དངོས་པོ་ཐམས་ཅད་བསྲེག་གོ།། དེ་ནས་ཀླུ་དང་སེམས་ཅན་སྔགས་ཟེར་གྱིས་ཕོག་ནས། འགྱོད་པ་སྐྱེས་པ་རྣམས་སླར་གསོ་བའི་ཕྱིར། གཡོན་པའི་སྤྱན་འབར་བ་ལས ་བདུད་རྩི་བྱུང་སྟེ། འདི་སྐད་དོ།། གཡོན་པའི་སྤྱན་ཟུར་ལྡོག་པ་ཡིས།། ཟླ་བའི་དཀྱིལ་འཁོར་ཆེན་པོ་ལས།། བདུད་རྩི་བསིལ་བའི་ཆུ་བླུགས་པས།། དྲག་པོའི་སྔགས་ཀྱིས་སྐྲག་དངངས་པས།། རུལ་ལྕགས་ཚིག་ནས་བརྒྱལ་བ་རྣམས།། གུ་ལང་དབང ་ཆེན་ཉེ་དབང་དང་།། ཉི་ཟླ་གཤིན་རྗེ་ཚངས་བཅས་པ།། ཐལ་བར་གྱུར་པ་གསོ་བར་བྱའོ།། ཨ་ཙནྡྲ་མཎྜ་ལ་ཧཱུཾ་གིས་བདུད་རྩིའི་ཆུ་རྒྱུན་གྱིས་སླར་གསོས། དྲན་པ་རྙེད་པར་གྱུར་ནས། ཐུགས་རྗེའི་སྲས་སུ་བྱིན་གྱིས་བརླབས་ནས་བཞག་གོ།། དེ་ནས་ངག ་གི་དབང་ཕྱུག་གིས་ཐབས་མཁས་པ་ས་ནས། དེ་ཙམ་དུབས་པ་ལགས་སམ་ཞེས་གསོལ་པ་དང་། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། ཐབས་མཁས་པའི་གྲོབསམ་གྱིས་མི་ཁྱབ་པ་མང་ཡང་། རྒྱུད་འདི་ལས་ཆེར་མ་གསུངས་ཀྱང་འདི་དག་གི་ནང ་དུ་མ་གཏོགས་པའི་གང་ཟག་ཆོས་སྤྱོད་པ་ཡིན་ན་ཡང་། མཁན་པོ་དང་རྡོ་རྗེ་སློབ་དཔོན་ལ་ཡང་བསླབས་པ་དང་གུས་པའི་ཚུལ་མ་བྱས་པར། གསང་སྔགས་ལ་རྒྱབ་ཉན་དང་ཀུན་བུ་དང་། ཆོས་ལ་ཐབས་དང་ཟིལ་དང་། གསོག་དང་སྒྲས་འཚོ་བ་རྣམས་དང་། ་གལ་ཏེ་གསང་བའི་སྒོར་ཞུགས་ནས། གསང་བའི་དོན་བསྟན་ཅིང་ཕོགས་ནས། མན་ངག་བསྟན་པར་བྱས་ཀྱང་དེ་ཉིད་ལ་ཟུངས་སུ་དར་ཅིག་ཀྱང་མི་འཛིན་ཏེ། བརྒྱུད་ཅིང་མི་གཉན་པར་བྱས་ཏེ། ཀུན་ལ་སྲེལ་ཞིང་བསྒྲགས་དང་སྟོན་པ་དང་། མུ་སྟེགས ་དང་། སྐྱེ་བོ་ཕལ་པ་ལ་སོགས་པས་གསང་སྔགས་པ་ལྟ་ཞིང་ཉན་པ་ལས་སྤྱོད་པའི་དོན་དང་སྦར་ནས། ཉེས་པཙུམ་པོ་ཆེ་བ་དང་། ཆུ་འཕྲོག་དང་བརྙས་ཚད་ཐ་ནི་ཡི་གེ་དང་། དམ་ཚིག་ལ་སོགས་པ་ལ་དཔྱ་བའི་སྨོན་མ་པ་སྣ་ཚོགས་པར་འདོགས་པ ་རྣམས་ནི་བསལ་ཞིང་གྲང་བར་ལུང་ལས་གསུངས་ཏེ། དེའི་ཕྱིར་ཆོས་སྐྱེ་བ་མེད་པ་ཡིན་ཀྱང་། གྲོང་དང་འདུ་འཛི་ལས་དཔག་ཚད་དང་ཀྱར་གྲགས་ཐག་རིང་བ་བཙལ་བ་དང་། དབེན་ཞིང་འགོལ་བའི་གནས་བཙལ་བ་དང་། ཐུགས་ཡེ་ཤེས་ལ་རྣམ ་རྟོག་མེད་ཀྱང་ལོག་པ་ལུང་དུམ་བསྟན་པས། བཀྲ་ཤིས་པའི་གནས་གཞུང་ལས་འབྱུང་བ་བཞིན་དུ་བཙལ་བ་དང་། ཆོས་མཉན་པ་ལ་རིས་མེད་ན་ཡང་། བླུན་པོ་ཐོག་རྫིས་དང་བཀྲེས་ཕོངས་ཀྱི་ནང་ཚངས་འབྱུང་བས་ཐོ་དང་མཚམས་བཅད་པ་དང་དུས་དང་གནས ་ཀྱིསང་བ་དང་། དོན་རྣཔ་མོ་ཀུན་གྱིས་ཐུན་མོང་ས་ཡིན་པས་གཞུང་དང་མི་ཐུན་པ་དང་། རིགས་རྒྱུད་བཟང་བ་དང་སྤྱོད་དང་ལྡན་པའི་གྲོགས་བཙལ་བ་དང་། ནང་རྟགས་དང་མཚན་མ་མཐོབ་ཀྱི་བར་མི་གཏང་བའི་ཕྱིར། དད་པ་དང་འབྱོར་པ་ཆེད་དཔག་ད་། ་བར་མད་དང་པོ་འདུག་གིས་མཚུགས་པར་བྱ་བའི་ཕྱིར། སྐྱོན་དང་མི་མཐུན་པའི་འམ་བ་སྲུངས་ཧཱ། ངང་འདོན་པར་བཅད་ན་ལམ་མེད་པ་བ་ཅན་འགྲུས་ཀྱིས་ཐང་ཆོས་གསངས་ཏེ་འདོག་དོ། རྣ་ད་། ་དོན་མཆོག་འདི།། སྐལ་ལྡན་རྣམས་ལས་མ་གཏོགས་པར།། སྐལ་མེད་ཤེས་རབ་ཞན་པ་དང་།། སྣོད་ངན་ཐོས་ན་འཇིགས་ཤིང་སྐྲག། ངེས་པའི་དོན་ལས་གང་ལོག་པར།། ན་པ་ཡོད་ན་རྣ་བ་བཅད།། བལྟ་བ་འདུག་ན་མིག་བྱུང་ངོ་།། ག ་པ་ཡོད་ན་བསྐུལ་བར་བྱ།། སྤྱོད་པ་བརླང་པོ་བརྩམ་པར་བྱ།། རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངས་སོ།། ཨོཾ་ནཱ་ཤཱ་ཡ་མཱ་ར་ཡ་ཕཊ། ཏ་རྦན་ཙེཏྟ་པཾ་རིལ་མཱ་ར་ཡ་ཛ། ཞེས་པས་བར་དུ་གཅོད་པ་སྒྲ་མ་གྲགས་པར་གྱུར་ཏོ།། ངག་གི་དབང་པོ་དེ་ལྟ་བུའི་ག ་འདི་ནི། ཐུན་མོང་མ་ཡིན་པའི་ཕྱིར། དང་པོ་སངས་རྒྱས་ཉིད་ཀྱི་བསྒྲུབ་པཱ་ལ། དེ་ནས་སྒྲ་རྣམས་ཀྱི་བསྒྲུབ་པ་ལ་རིམ་གྱིས་སྤྱོད་ཡུལ་དུ་བཀའ་སྩལ་པ། མི་ཕལ་རིགས་སུ་སྡང་ན་ཡང་། མི་ཕེལ་པ་དག་ལྷ་དང་འདྲ་བའི་སྤྱོད་ཡུལ་མ་ཡིན་པས། ་བཅད་ཅིང་། མ་འདྲེས་པ་གསལ་བར་བྱ་བ་ནི་གསང་སྔགས་ཀྱི་ཡང་སྙིང་ཡིན་པར་གསུངས་སོ།། ངག་གི་དབང་པོ་ཕྱོགས་བཅུའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཡང་སྨོན་ལམ་གྱི་སངས་རྒྱས་དང་། སྨོན་ལམ་གྱི་བྱང་ཆུབ ་སེམས་དཔའ་རྣམས་ཐུགས་རྗེ་ཆེའོ།། ཡེ་ཤེས་ཀྱི་ལྷའི་ནང་ནས་ཀྱང་བསྐུབ་ཐག་ཉེ་བའི་སྲས་བརྒྱད་དང་། ཡབ་ཡུམ་སེམས་དཔའ་རྣམ་གཉིས་ཀྱི་སྤྲུལ་པ་ཁྲོ་བོ་བཅུ་ཉེ་སྟེ། གང་ཞིག་ཁྲོ་བོ་བཅུའི་རུས་དང་། མིང་དང་། སྔགས་དང་། ཕྱག་རྒྱ་ཅི ་ཁྲོ་བོ་གཅིག་གི་རྗེས་སུ་གཞོལ་ན་ཡང་བཅུ་པོ་ཀུན་བསྒོམ་ཞིང་བསྒྲུབ་པ་དང་འདྲ་བར་དེའི་རེ་བ་སྐོང་བར་མཛད་དོ།། ཁྲོ་བོ་འདི་རྣམས་འཕགས་པ་ཐམས་ཅད་ཀྱི་ནང་ནས་ཐུགས་རྗེ་ཆེན་པོས་བསྟོད། སེམས་ཅན་ཐམས་ཅད་བུ་གཅིག་པ་དང་འདྲ་བར ་ཛ་ན་ཡང་། རྣལ་ཁྱོར་པ་དང་སྦྱིནན་པ་དང་། འདོད་པ། དུས་ཐམས་ཅད་དུ་ག་པའི་དུས་མེད་པ་དང་། སེར་སྣ་དང་ཆགས་པས་བཅིངས་པ་དང་། བཀའ་གཉན་པར་མི་སེམས་ཞིང་། བདག་ཉིད་ཆེ་ཞིང་བཙན་པ་དང་། ཐུགས ་གསང་བགབ་པ་ལས། སྦས་པའི་དོན་མ་ཐོས་པ་དང་། རྟེན་དང་མོས་ཚད་དུ་བྱས་པའི་དབང་གིས་གང་ཡང་ཡིད་མཆེས་ཏེ། འདི་དག་དོན་གྱི་ཐོག་ཏུ་མ་ཕེབས་པ། མཁས་ཤིང་རྟོགས་པའི་མན་ངག་ཅན་ལ། དེད་པ་དང་དམ་ཚིག་ཏུ་འབྲེལ་བས ་བརྩེ་བ་གུས་པའི་སེམས་ཀྱིས་སྒྲ་མེད་པས་ཕངས་པ་མེད་པར་མི་འབུལ་བར། སྐྱེས་ལེན་ཅིང་ནན་ཏན་དང་ཟོལ་གྱིས་བླངས་ཏེ། བཀའ་གཞན་ནས་ཁྲུངས་ཕྱུང་སྟེ། དེ་ཉིད་སྲུང་སྨོད་ཅིང་ཆེ་བ་འབྱིན་པ་དང་། གསང་བའི་བཀའ་ངེས་པ་འདོད་པ་ཚིལ་པའི ་དོན་དུ་འཚོང་བ་དང་། སོ་སོའི་དོན་ཀུན་ལ་འདུག་པར་འདོད་ཅིང་། དེའི་ཚུལ་བཞིན་དུ་གང་ཡང་མི་བྱེད་པ་དང་། ཕལ་ཆེར་ཆོས་ལོག་པ་དང་།། བོག་ཤོང་དང་སྡེབ་སྦྱོར་ལ་མོས་པ་དང་། རྩ་བ་དང་ཡན་ལག་གི་དམ་ཚིག་ལ་མི་གནས་ཤིང་། ཕྱི་ནང ་གསང་བའི་དབང་ལྕགས་བཞིན་མ་ནོས་པ་དང་། སྤྱོད་པ་གསང་བའི་དོན་འདི་དག་གསང་མཚམས་མེད་པར་སྟོན་པ་དང་། གསང་བ་ངེས་པའི་དོན་ལྟོས་པས་རྣམས་ཀྱང་ཉམས་པར་གྱུར་པ་རྣམས་ལ་ཇི་ལྟར་བསྒྲུབས་ཀྱང་དེའི་འབྲས་བུ་མི་འང་སྟེ་སླར་དེ་ཉིད ་འཆི་བའི་བདུད་ལ་སོགས་པའི་གེགས་སུ་འགྱུར་རོ།། རྡོ་རྗེའི་ཕྱིར་རྗེན། དེ་དག་ཐུགས་རྗེ་དབྲི་བཀོལ་མི་མཛད་ཀྱང་། དཔེར་ན་ཟས་བརྒྱད་ཅན་སེམས་ཅན་རིད་པས་མི་འདྲ་སྟེ། འཆི་བའི་དུག་ཏུ་འགྱུར་བ་བཞིན། འཕག་པའི་ཐུགས་རྗེ་ཆེན་པོ ་དམཚིག་ཉམས་པའི་བདུད་དུ་འབབ་སྟེ། གང་དེ་ཉིད་ཀྱིས་དེ་བཞིན་དུ་དམ་བཙང་ཁས་འཆེས་ནས། དེ་ཉིད་ཀྱིས་དེ་བཞིན་དུ་མ་བྱས་པས་དེ་ཉིད་ཀྱི་བདུན་དུ་བྱུང་བ་ལ། ཉམས་པའི་འབྲས་བུ་རྡོ་རྗེབས་སྲ་བས། གཉེན་བཅོས་ཀྱང་བཅས་པན། ་ཐབས་མེད་པའོ།། དེ་བས་ན་དམྱལ་བའི་སྡུག་བསྔལ་ལས་འཕགས་པའི་ཐུགས་རྗེས་མི་འགྱུར་བ་མེད་ན། དམཆོག་ཉམས་པའི་དམྱལ་བ་ལས་འཕགས་པའི་ཐུགས་རྗེས་དེར་བདྲུག་གོ།། དེ་བར་ནར་པ་ལ་འགྱོད་པས ་ན་པ་ཡོད་ན་ཆོས་ནོར་བའི་ལས་སྨིན་པའི་འབྲས་བུ་ལ་འགྱོད་པས་ཕན་པ་མེད་དོ།། ཅི་ལ་ཡང་ཅུང་ཟད་ཙམ་སྡོད་ལོང་ཡོད་ཀྱང་རྡོ་རྗེ་དམྱལ་བའི་སྡུག་བསྔལ་ལ་སྐད་ཅིག་ཙམ་ཡང་བསྡད་ལོང་མེད་དོ།། དེའི་ཕྱིར་སྡིག་པ་ཐམས་ཅད་ཀྱི་ནང་ནས་སྲོག་གཅོད ་པ་ཆེའོ།། དེ་ཡང་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲོག་བཅད་པ་བས། མཚམས་མེད་པ་ལྔའི་ལས་བྱེད་པ་ཆེའོ།། མཚམས་མེད་པའི་ལས་བསྡོམས་པ་ལས། ཆོས་ལོག་པར་སྤྱོད་པ་སྡིག་ཆེའོ།། དེ་གང་ཞེ་ན། གོང་མ་དེས ་པའོ།། དེ་བས་ན་རྣ་བས་ཐོས་པ་ལ་སྡིག་ཆེ་བ་ནི། གསང་སྔགས་ལ་རྒྱབ་ཉན་བྱེད་པ་དང་། རྐུན་བུ་བསྟེན་པ་དང་། འོག་འབྲུ་བྱེད་པའོ།། དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ལས་བཀའ་མཐོབ་ཅིང་། སངས་རྒྱས་ལ་ཐག་ཟླབ་བྱས་པས། མིག་གས ་མཐོང་བ་ལ་སྡིག་འགོ་བ་ནི། སྔགས་ཀྱི་སྤྱོད་པ་བརླང་པོ་དང་། གསང་བར་སྤྱད་པ་བླང་བ་དང་། གསང་བར་སྤྱད་པའི་དཀྱིལ་འཁོར་ལ་མི་གཏོགས་པར་བལྟ་བའོ།། དྲི་དང་བྲོ་བ་ལ་སྡོམ་པ་ལ་སྡིག་ཆེ་བ་ནི། རྣལ་འབྱོར་གྱི་ཚོགས་ཀྱི་ལོངས་སྤྱོད་ལ ་ཐོམ་པའོ།། བཀའ་བཅག་པ་སྡིག་ཆེ་བ། སློབ་དཔོན་གྱིས་བསྒོ་བ་མི་ཉན་པའོ།། ངས་བླངས་པ་ལ་སྡིག་ཆེ་བ། གཡར་གྱིས་བླངས་པ་ལྟར་མ་བྱས་པའོ།། བསླུས་པ་ཡིན་པའི་ཕྱིར་དེ་དག་གིས་དོན་དུ་འདི་གསུངས་ཏེ། མཐའ་ཡས ་སེམས་ཅན་ཐམས་ཅད་ཀུན།། བྲལ་སྲས་མ་ཡིན་གང་བྱེད་ཀྱང་།། མཉམ་པ་སངས་རྒྱས་སྲས་མེད་དེ།། ཅིའི་བྱེར་ཞེན་མརྟོགས་པས།། རང་གིས་ལོག་པར་སྤྱོད་པས་སོ།། བདེ་གཤེགས་ཏེ་རིང་མེ་མཇེད་ཀྱང་།། འཕགས་པའི་བཀའ་ཆང ་བྱུང་བ་ཡང་།། གང་ཟག་ཉིད་ཀྱིས་རང་ཕུང་བསྒྲུབས།། ཐར་པའི་དུས་མེད་འཆིང་བའི་གླུ།། དོན་ལ་ཉན་པར་མི་སེམས་པར། ཕན་པར་འདོད་ནས་དོན་ལ་འཇུག། མ་རྟོགས་དབང་གིས་སྨྲང་གྱུར་པས།། ཡ་ནས་མ་བཙལ་ཤིན་ཏུ་དགྱེས། ་ཞེས་གསུངས་པས། དེའི་ཕྱིར་གསང་ཚིག་མི་ཐུབ་པ་དང་།། གོལ་བ་སྡིག་ཏུ་འགྱུར་བའི་ཕྱིར།། མཚམས་ཆོད་པར་བྱ་དགོས་པས་གཟི་ལྡན་འབར་བའི་རྒྱུད་འདི་ནི། ཞལ་ནས་གསུངས་པའི་རྒྱུད་ཐམས་ཅད་ཀྱི་ནང་ནས། ཡང་ཤིན་ཏུ་ཡང་ཐུགས ་རྗེས་གཅེས་ལ་གལ་ཆེ་སྟེ། དཔེར་ན་ནང་ཚ་གྲང་ལ་མཁས་པའི་སྨན་པས། མི་དེང་ནང་དུ་བྱེད་པ་བཞིན། བཀའ་དང་མི་མཐུན་པ་སྤོང་བར་བྱེད་དོ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི། སངས་ཀྱིས་སཱ་ལ་ཞུགས་ཀྱང་མི་ཆོས་གདམས་ངག་དང ་ཕན་པའི་སྒོ་ནས། སེམས་ཅན་ལ་ངེས་པའི་སྟངས་གཅོད་པས་ཕན་འདོགས་པ་དང་འདྲ་བར་ཚྭ་དྷི་ལམ་གྱི་ཁྲོ་བོ་འདི་རྣམས་ཉིད་ཀྱིས་ཆེ་བའི་མཆོག་བརྙེས་ཀྱང་། སྔོན་གྱི་ཐུགས་ངམ་གྱིས་སྐུ་ཡེ་ཤེས་ཀྱི་འོད་ཟེར་འབུམ་གྱི་གཟི་དང་ལྡན་པས་འཁོར་བ་མཐོང ་བཱར་དུ། གཞུང་དང་ལྡན་པས་བསྒྲུབ་ངེས་པ་རྣམས་ཀྱི་སྟོངས་དང་གྲོགས་མཛད། མི་ལྡན་ཞིང་གོལ་པ་རྣམས་ཀྱི་བར་གཅོད་དང་། ལོག་པར་སྤྱོད་པའི་ཉེས་པ་འགོག་པའི་ཕྱིར་བཙལ་བ་དང་། སྐྲོད་པ་དང་། བཅོས་པ་དང་། འགྲོ་གཅོད་པ་དང་། བྱར ་མི་ལྷུང་བའི་དོན་དུ། ཐུགས་ཡེ་ཤེས་ཀྱི་གཟི་མདངས་ལྡན་པར་མཛད་པས། གཟི་ལྡན་འབར་བའི་རྒྱུད་ཅེས་འདི་ལ་བཏགས་སོ།། དེ་ལྟར་གསང་སྔགས་འདི་གསང་བ་ཐམས་ཅད་ཀྱི་ནང་ནས་གསང་བ་སྟེ། དེ་ཅིའི་ཕྱིར་ཞེ་ན། གསང་སྔགས་པར་ཁས ་འཚོས་ནས་གསང་སྒོ་མི་སྡོམ་ན། གསང་བ་མེད་ན་སྔགས་པ་ཕུང་བར་འོང་སྟེ། སྡིག་ཀྱང་དེ་ལས་ཆེ་བ་མེད་ཅིང་། ཁྲོ་བོ་དང་ཁྲོ་མོ་དང་། ཕོ་ཉ་དང་ཕྱག་བརྙན་གྱི་བཀང་ཆད་ཀྱི་གནས་སུ་འགྱུར་རོ།། གསར་པའི་དམ་ཆོ་གནོས་ནས་དམ་ཚིག་ཅན ་ཞེས་དམ་བཅས་ནས། བཀའ་དམ་པ་དང་། སྔགས་དམ་པ་དང་། གསང་བ་དམ་པ་དང་། དབང་དམ་པ་དང་། སྤྱོད་པ་དམ་པ་དང་། ཕྲིན་ལས་དམ་པ་དང་། དམ་ཚིག་རྣམ་པ་དང་། མན་ངག་དམ་པ་དང་། རྫས་དམ་པ ་སྦེད་པར་ཞབས་རྡོལ་དུ་སྤྱད་ན། ངེས་ཚིག་ཚུ་ལ་སྦྱར། གཏན་ཚིག་རླུང་ལ་ཕྱར། ལུས་ངག་ཡིད་གསུམ་ཤིན་ཏུ་རུ་ལ་ཚིག་ཉམས་ཏེ། མནར་མེད་པར་སྐྱེས་པ་ལ་ཁྲོ་བོ་འདི་དག་དམ་ཆེན་དང་ཐུགས་རྗེ་ཅན་དུ་འོང་སྟེ། སྡུག་ཀྱང་དེ་ལས་སྡུག་པ་མེད་ལ། སྙིང་ཡ ་དེ་ལས་རྡེ་བ་མེད་དོ།། འདིར་ཡང་མ་མོ་དང་མཁའ་འགྲོ་སྒྲོལ་བའི་ཞིང་བཅུར་གྱུར་ནས། ཕྱི་མ་ལ་ཐར་པའི་དུས་མེད་པར་འགྱུར་བས། འཇིག་རྟེན་རྩལ་འཆང་རྣམས་ཀྱིས་དཔྱས་ཤིང་དབང་མི་བསྒྱུར་ཏེ། རྒྱལ་བ་རྣམས་ཀྱིས་ཀྱང་དེ་ལ་སྐབས་བྱེད ་དུས་ཏེ། ཤིན་ཏུ་སྡུག་བསྔལ་བ་མི་བཟོད་པ་མྱོང་ངོ་།། འདི་དག་གསང་ཞིང་སྦྱང་ལེགས་ན། བསྒྲུབ་པའི་འབྲས་བུ་ཇི་ལྟར་ཡང་འགྲུབ་བོ།། ངག་གི་དབང་པོ། དཔེར་ན་སྨན་པས་རྩ་དཔྱད་ཀྱིས་འདུ་བ་རྣམ་བཞི་ངོས་མ་ཟིན་པས། ཚ་གྲང་གི ་ལོག་པར་སྦྱར་ན། འཆི་བར་བྱེད་པར་འགྱུར་བ་བཞིན། གསང་སྔགས་འདི་སྤྱང་ཉེས་ན་མ་རུང་བར་འགྱུར་ཏེ། གསང་སྔགས་དང་དྲགས་ནས་སྤྱད་ཉེས་པའོ།། དེ་ཅིའི་ཕྱིར་ཞེ་ན། དར་བའི་དབང་གིས་བསྲུང་བའི་རིམ་པ་མེད་པར། བརྩེ་གདུང་ཆུང་ཞིང ་འདོད་པའི་དབང་གིས་སྤྱོད་པས་ཉམས་སོ།། སྔགས་འདུ་བྱེད་ཀྱི་དམ་པས་ན་ཡང་ཉམས་སོ།། དེ་ཅིའི་ཕྱིར་ཞེ་ན། མི་ཤེས་པའི་དབང་གིས།། བེ་གྲགས་དང་། སྒོ་སྐུར་དང་། བཞེད་པར་གྱུར་པས་ཉམས་སོ།། གསང་སྔགས་འཕྱར་ཞིང་ངོམ ་ས་མྱང་ན་ཡང་ཉམས་སོ།། དེ་ཅིའི་ཕྱིར་ཞེ་ན། བཀའ་སྨོད་ཅིང་གདེང་མ་ཟིན་པས་དངོས་གྲུབ་ཡལ་བས་ཉམས་སོ།། གསང་སྔགས་སྤྱོད་པ་མི་གཟོབ་པར་སྤྱད་ན་ཡང་ཉམས་སོ།། དེ་ཙེའི་ཕྱིར་ཞེ་ན། འཕྱ་སླབ་དང་འཆལ་རྒོད་དུ་གྱུར་པས་ཉམས ་གསང་སྔགས་གསང་སྒོ་མེད་པར་སྤྲད་ན་དེ་བས་ཀྱང་ཉམས་ཏེ། ཡག་དང་སྒོ་སླར་དང་། མཚང་མག་ཏུ་གྱུར་པས་ཉམས་སོ།། སྔགས་ཤེས་རབ་བརྟུལ་ཞིང་མ་ཤེས་པས་སྤྱད་ན་ཉམས་སོ།། དེ་ཅིའི་ཕྱིར་ན་དོན་མ་ཁྲོལ་བར་ཐེ་ཚོམ་དང་རྟོག་པ་སྐྱེ་བའི་རྒྱ ་པས་ཉམས་སོ།། གསང་སྔགས་རྒྱ་ལེ་ལོ་དང་སྒྱུ་སྙོམས་ཅན་གྱིས་སྤྱད་ན་ཡང་ཉམས་ཏེ། དེ་ཅིའི་ཕྱིར་ཞེ་ན། ལས་སུ་མ་རུང་བས་སྒྲོ་སུར་འདེབས་ཤིང་རྫུན་པར་སྤྱོད་པས་ཉམས་སོ།། དེ་བས་ན་སྨན་པ་མཁས་པ་འདྲ་བའི། ས་ར་ས་དང་ཏྲ་དང་། པྲ ་དངས་མ་ཡ་དང་། ཛྙཱ་ན་དང་། གྷུ་ཧྱཾ་དང་སེན་དུ་མ་དང་། དྷ་མ་ཏལ་དང་ལྡན་པ་རྣམས་ཀྱིས་མྱོང་བ་གསུངས་སོ།། དེ་ཡང་འདི་སྐད་དོ།། གསང་བ་བས་ཀྱང་ཆེས་གསང་བ།། ཡང་གསང་ཐུགས་ཀྱི་དཀྱིལ་འཁོར་འདིར།། ཉན་ཅིང་བསྔལ་མེ་དབང ་བའི།། བསྒྲལ་བའི་ཞིང་བཅུའི་སེམས་ཅན་ལ།། རྣལ་འབྱོར་བདུད་རྩིའི་དམ་ཆུ་འདིས།། ལུས་སེམས་རྒྱུད་ལ་ཕོག་པས་ཀྱང་།། ཐལ་བ་རྡུལ་བཞིན་བརླག་འགྱུར་ཞིང་།། བལྟ་བའི་རྡོ་རྗེ་དུག་ཆེན་པོ།། གཞན་ཡང་མི་བཟད་པ་ཡི་དུག། དུག་ཀྱང་དུག། ་སྟེ་སྨྱན་ཀྱང་སྨན།། རྟོགས་པ་རྣམས་ལ་སྨན་ཡིན་ཀྱང་།། མ་རྟོགས་པ་ལ་དུག་ཏུ་འགྱུར།། ཁུ་བ་ཁྲག་ཏུ་དམིགས་ནས་ཀྱང་།། རང་སེམས་དཔང་དུ་བཙུགས་ནས་ཀྱང་།། ཐ་ཚིག་གཉེན་པོ་སྲོག་བསྲུང་ཕྱིར།། གཞན་གྱི་དྲིན་ལ་མི་གནས་པར།། ་ཨོཾ་རྡོ་རྗེ་གཏོ་བའོ།། ཨོཾ་བཛྲ་མ་ཐས་རྦ་ཧཱུ~ཾ་ཧཱུ~ཾ་ཥ་ཐཱབ་ཀུཎྜ་ལེ་ཧན་ཏ་ན་ཛྙཱ་ཕཊ། ཞེས་ལྡན་གྱི་སྒོ་ནས་མཚམས་བཅད་།། དེ་ནས་རྣལ་འབྱོར་ཆེན་པོ་ཕྲིན་ལས་རྫོགས་མཛད་ནས། རྣལ་འབྱོར་ཚོགས་པ་ལོངས་སྤྱོད་ཅིང་། མཆོད་པ་དག་པར་འདུལ་བ ་ཡང་ཀུན་གྱི་ཐུན་མོང་མ་ཡིན་ཏེ། གནས་ཡིད་དུ་འོང་བར་ཚོགས་འདུས་པའི་གནས་རུང་བར། སློབ་དཔོན་དགོས་ཆེད་ཀྱི་ཐབས་ལྔ་དང་ལྡན་པས། མཆེད་ལྕམ་དྲན་པའི་སྣོད་དྲུག་ཡོད་པ་དང་། གཟུངས་མ་ཕ་རོལ་ཏུ་ཕྱིན་པའི་ཐབས་རྒྱུད་དང་ལྡན་པ་དང་། ་རྒྱལ་ཚབ་ཀར་མ་ཕྱི་ནང་ལ་བརྡ་མཇལ་བ་དང་། ཡོན་བདག་བསམ་པ་དག་པའི་སྟོབས་གསུམ་དང་ལྡན་པ་དང་། མཆོད་པོ་བཤམས་སྦྱར་གཙང་སྦྲའི་ཚུལ་ཤིས་པས། གང་མང་མ་སྤ་པའི་ལོངས་སྤྱོད་ཆེན་པོས་རྒྱལ ་མཆོད་པས་སྐད་སྐོང་དགྱེས་དགྱེས་ཤིང་དགོངས་པ་འཕེལ་དངོས་གྲུབ་ཐོབ་པའི་རྒྱུར་འགྱུར། གཞུང་འདི་ཡང་གར་སོང་སོང་བབ་ཅོལ་དུ་མ་ཡིན་ཏེ། རྡོ་རྗེ་སློབ་དཔོན་རིམ་གྱིས་སྣང་བའི་དབང་མ་ནོས་པ། ཆགས་ཤིང་འཇུངས་པས་དད་པ་ཆུང་པས། ་ང་རྒྱལ་དང་ཁེངས་པས་དམ་ལ་མི་གནས་པ། ཤེས་རྒྱ་དང་ཐོས་པ་ཆུང་བས་གཏན་ཚིག་ཉུང་ཞིང་དོན་མ་ཁྲོལ་བ། ཅི་ལ་ཡང་ཡིད་མ་ཆེས་པས། རས་ཆོད་དང་སྨྱོན་ཐབས་བྱེད་པ། སེམས་ཀྲུང་དུ་མ་ཕེབས་པས་ཕྱོགས་རིས་དང་རྟོག་པ་ཅན་མ་ཡིན་པ ་དང་། གསུངས་མ་ཐོབ་པས་གཡེམ་ཞིང་ངོ་ཚ་དང་བྲལ་བས། གསང་མེད་ཅིང་དཔྲལ་བ་འཐུག་པའི་འཕྱར་ཤམ་ལྟར་སོང་བ། རྒྱལ་ཐེབ་དང་ཀར་མས་བྱེད་པོའི་བརྡལ་ཤེད་མ་བྱེ་བ་དང་འདྲ་བ་དང་། མཆེད་ལ་མཁོན་བརྙས་དང་། ལྐོག་འཕྱས་དང ་ད་པ་རུང་གི་ང་རྩེ་གདུང་མེད་པ་དང་། མཆོད་པའི་རྒྱ་མཚོགས་པར་ཕུད་ཉམས་གྲངས་ཉུང་ཞིང་ཚོར་ཤོར་བ་དང་། མཆོད་པ་བྱིན་གྱིས་མ་རློབས་ཞིང་ཆད་དབང་དང་གཉིད་དབང་དུ་གཏད་པ་དང་། གནས་གྲོང་དབུས་དང་འདུ་འཛི་ཅན་དུ་མཆོད་ཅིང་བསྒྲུབས་ཀྱང ་བསྟོད་ནམས་དང་གྲུབ་པ་ཐོབ་པར་མི་འགྱུར་ཏེ། སླར་བར་ཆད་དང་ལུས་ངག་ཡིད་གསུམ་གྱི་སྒྲིབ་པར་འགྱུར་བས། ཚེ་སྲོག་ལ་གནོད་པ་འདི་སྐད་དོ།། མ་དག་པ་ནི་མཚམས་བཅད་དོ།། ལས་ཀྱི་གཙོང་ནི་བསྐང་བཤགས་བྱ།། ཐང་ལྷོད་མེད་པས་བརྩོན་འགྲུས ་འབྱིན།། རྣལ་འབྱོར་མཁའ་ལ་འགྲོ་བར་འགྱུར།། ང་ནི་རྡོ་རྗེ་འཛིན་པ་སྟེ།། སངས་རྒྱས་ཀུན་གྱི་མཐུ་དབང་བདག། ང་ཡི་བཀའ་ལས་འདའ་བྱེད་པ།། དེ་མ་ཐག་ཏུ་བརླག་པར་འགྱུར།། ལྷའམ་འོན་ཏེ་བདུད་ཀྱང་རུང་།། གནོད་པར་བྱེད་པ་གང་ཡིན་པ། ་རྡུལ་ཕྲན་བཞིན་དུ་བརླགས་ནས་ཀྱང་།། ཟག་རྟེན་ལ་ཡང་དགོད་པར་བྱུང་།། ཨོཾ་བཛྲ་བནྡྷ་ཐ་ཙམ་པ་བཊ། ཞེས་པས། ཚོགས་ཀྱི་བར་ཆད་དྲལ་ཚྭ་ཙམ་ཡང་མེད་པར་གྱུར་ཏུ།། དེ་ནས་ཡང་གསུང་གི་དབང་ཕྱུག་གིས་གསོལ་པ། གསང་བའི་ཐེག་པ་མཐར། ་མཛེགས་པར་བྱེད་པའི་མཚམས་བཅད་མཚམས་འཚལ་ལམ་མི་འཚལ་ཞེས་གསལ་པ་དང་། རྡོ་རྗེ་འཆང་ཆེན་པོས་བཀའ་སྩལ་པ། གང་ལ་ཡང་མི་ཏོག་མཆགས་པ་ནི། ཅི་ལ་ཡང་མཚམས་པ་ཅད་དུ་མེད་ན། དེ་ན་གནས་པའི་ཉུང་གིས། དེ་ལྟ་བུ་དང་མི ་ལྡན་པ་ཤ་ལྷག་མང་བར་གནས་ཏེ། རྟོགས་པ་ཆུང་ཞིང་ཤེས་རབ་ཞན་པས་ཅི་སྤྱོད་ཅིང་བརྩམ་ཡང་། དྲང་པོར་མཚམས་བཅད་པ་དང་། བར་བར་རྫོགས་རྫོགས་ཀྱི་སྐབས་སྒྲ། སྨོན་ལམ་གྱིས་སངས་རྒྱས་རྣམས་ཀྱི་རྩལ་བགོས་ཏེ། གདོད་ཅི་བྱ་བ་ལ ་པ་མེད་ཅིང་མཐར་ཕྱིན་པར་གྱུར་ཏེ། དེ་ནི་དཔེར་ན་བཤན་ཐོག་དང་། སྲུ་འཚོ་བ་དང་ལྡན་པའི་རྒྱལ་པོ་ནི། ཅིས་ཀྱང་མི་འཇིགས་ཤིང་བག་ཚ་བ་མད་ལ། དེ་དང་མི་ལྡན་པའི་རྒྱལ་པོ་ནི། སྐུ་ལ་བསྔོ་བས་དུས་ཐམས་ཅད་དུ་བག་ཚ་བ་བཞིན་དུ། ཁྲོ་བོ་འདི ་དག་ནི་རྣལ་འབྱོར་དང་། སེམས་ཅན་གང་ཕོར་བའི་སྐྱབས་དང་དཔུང་མཛད་པས། ཇི་ལྟར་བཅོལ་བའི་དོན་མཛད་དེ། རྣལ་འབྱོར་པ་གཞུང་དང་མཐུན་ཞིང་ཀློང་དུ་གྱུར་པ་རྣམས་ནི། འདི་ལྟར་བསྐུལ་ཀྱང་མི་གཡེལ་ལ་མ་བསྐུལ་ཀྱང་དེ་ཉིད་ལ་འདྲིས་པས་བཀྲ ་པ་མེད་ལ། ཕལ་ཆེར་དང་དུ་མ་བླངས་ན་བར་ཆད་དུ་འགྱུར་བས་ནན་ཏན་དུ་བྱ་བའི་ཕྱིར་རོ།། དེ་བས་ན་འདི་སྐད་དོ།། བགེགས་ཞེས་བྱ་བ་གཞན་ན་མེད།། བགེགས་ནི་རང་གི་སེམས་ལས་བྱུང་།། རྣམ་རྟོག་མ་ཡིན་མཚན་མ་ནི།། རྒྱལ་བས་བལྟས་ཀྱང་མི ་གཟིགས་སོ།། དངོས་གྲུབ་པར་ཆོད་གང་ཡིན་པ།། ནོར་བས་གཉིས་སུ་བཟུང་བས་ཏེ།། དོན་གྱིས་ཀུན་ནི་མ་ཕྱིན་པས།། བསོད་ནམས་ཕྲལ་བར་བྱེད་པ་ཡིན།། དེ་བས་འདི་རྣམས་སུན་དབྱུང་ཞིང་།། རང་བྱུང་དངོས་གྲུབ་བསྒྲུབ་པའི་ཕྱིར།། ལྷས ་ཀྱང་ལྷ་ཡི་གཤང་གཅི་ཟ།། མིས་ཀྱང་མ་རིག་དྲི་མ་སྤུངས།། རྣམ་རྟོག་མེད་པའི་ཡེ་ཤེས་ཀྱིས།། དུག་ནི་བདུད་རྩིར་འགྱུར་བར་བཤད།། ཕལ་པས་སྤྱོད་པའི་རྫས་མིན་པས།། གསང་བས་སྤྱད་ལ་སྦ་བར་བྱ།། འདི ་ནི་རྒྱལ་བ་ཐམས་ཅད་ཀྱི།། གསང་ཆེན་བསྒྲུབ་པའི་རྫས་ཡིན་པས།། ཇི་ལྟར་དམིགས་པ་བཞིན་དུ་འགྲུབ།། ལྷ་ལ་གཏོར་བས་ཐུགས་དམ་བསྐང་།། བགེགས་ལ་སོགས་པས་ཐལ་བར་རློག། མི་ལ་བབས་པས་དངོས་གྲུབ་འབེབས།། ཡ་མཚན་རྨད་དུ ་བྱུང་བ་ཡི།། རྫས་འདིས་བར་ཆད་བརླག་པར་འགྱུར།། ཨོཾ་བཛྲ་ཨ་མ~ཾ་ཏ་ས་མ་ཡ་ཧཱུ~ཾ་ཕཊ། ཞེས་དངོས་གྲུབ་བསྒྲུབ་ལ་བར་དུ་གཅོད་པའི་མཚམས་བཅད་དོ།། ངག་གི་དབང་པོ། མཁས་པར་མ་སྦྱངས་པས་དངོས་གྲུབ་མི་འཐོབ་བོ།། སློབ་དཔོན་གྱི་བསྒོ་བ ་མི་ཉན་པས་དངོས་གྲུབ་མི་འཐོབ་བོ།། ཟོལ་ཟོག་གིས་དངོས་གྲུབ་མ་འཐོབ་པོ།། གསང་འཆོལ་བས་དངོས་གྲུབ་མི་འཐོབ་བོ།། དབང་མ་ཐོབ་པས་དངོས་གྲུབ་མི་འཐོབ་བོ།། ཚེ་བྱུང་བར་འགྱུར་རོ།། དེ་དག་ཀྱང་ཅི་ཕྱིར་ཞེ་ན། སྣོད་དྲི་མ་ཅན་གྱི་རྫས་དང ་འདྲ་སྟེ། ཅིར་ཡང་སྤྱད་དུ་མི་འདོད་པའི་ཕྱིར་རོ།། ངག་གི་དབང་པོ། དུས་ནམ་ཞིག་གི་ཚེ་གསང་བ་འདི་དག་གསང་མཚམས་མེད་པར་བལྟ་སྟེ། དར་བར་བྱེད་པའི་དུས་བྱུང་བའི་ཚེ། གསང་བའི་སྒོར་ཞུགས་ནས་གསང་བའི་དོན་བཞིན་མ་སྤྱད་པས་གསང ་བའི་བསྒྲུབ་རྟགས་ཀྱི་འབྲས་བུ་མ་ཐོབ་ཙ་ན། དེ་ལ་རྒྱུད་ལུང་ནས་སྔགས་འདི་དག་ཚིག་གཅིག་ཙམ་དུ་སྟོན་པ་ལས། དེ་བཞིན་དུ་མ་གྲུབ་པས་བཙུན་ཏོ་ཞེས་སྐུར་པ་བཏབ་ནས། རྒྱུའི་ཆོས་ལ་འཇུག་ཅིང་། སྔགས་ཀྱི་མཚང་འབྲུ་ཞིང་སྨད་པར་འགྱུར་བས། ་རྡོའི་ཕྱི་ཡང་གསང་ཞིང་མཚམས་བཅད་པའི་རྒྱུད་འདི་རབ་ཏུ་ཟུངས་སུ་བཟུང་ངོ་།། ངག་གི་དབང་པོ། བུས་ནམ་ཞིག་ཙན། སྔགས་བརྡལ་བ་ཆེན་པོར་བྱུང་བས། ཏན་ལ་སོགས་པའི་སྤྱོད་པ་དང་། ཕྲིན་ལས་ཐམས་ཅད་མ་གསང་བར་སྐྱེ་བོ་མིན ་ཀུན་ལ་ཆ་ཡོད་པར་བྱས་པས། སྨན་ཆུས་མནའ་དགག་པ་བཟུང་ཞིང་གཏག་པ་དང་། བསྐལ་ཞིང་དམོད་བྱེད་ལ་སོགས་པ་བརྩམས། མི་ནག་ལ་སོགས་པ་རྣམས་ཀྱང་འདི་ལྟར་སྤྱོད་པ་དང་གནོད་པ་དང་ངེས་པ་འདི་སྤྱོད་པས། འདི་དག་གི་སྲོག ་ལ་མ་ཕབ་ན། མཐའ་ཕུང་བར་འགྱུར་ཞེས་སེམས་ནས། རྣལ་འབྱོར་པ་སྲོག་དང་ཕྲལ་ནས། རྣལ་འབྱོར་པའི་སྐུ་དག་འབྱུང་བས། དེའི་བར་ཆད་གདུལ་ཞིང་བསྒྲལ་བའོ།། དེའི་དོན་དུ་ཡང་ཁྲོ་བོ་བཅུ་པོ་འདི་མེད་དུ་མི་རུང་བས། འདིའི་དོན་ལ་རབ་ཏུ ་བརྩོན་པར་བཟུང་ངོ་།། ངག་གི་དབང་པོ། དུས་གཞན་ཞིག་གི་ཚེ་ན། རྣལ་འབྱོར་གྱི་ཆོས་དབང་མ་ཐོབ་པར་ལ་ལས་བཤད། ལ་ལས་བསྟན། ལ་ལས་བསྟབས། བསྒྲུབ་པའི་མཐུ་རྩལ་དང་བྲལ་ཏེ། འཁོར་གྱི་དབང་ཕྱུག་ཐམས་ཅད་བྲོས ་བྱེར་དུ་མ་བརྫོབས་པས། མུ་སྟེགས་དང་ལོག་པའི་ཕྱོགས་མཐའ་དག་གིས་བསྟན་པ་ལ་དགྲ་དར་བར་བྱེད་དེ། རྒྱུ་འབྲས་ཀྱི་ཐེག་པ་ལ་སོགས་པ་མ་རུངས་པར་བྱེད་ཅིང་། སངས་རྒྱས་ཀྱི་བསྟན་པ་ནུབ་པར་གྱུར་པའི་ཚེ། ཁྲོ་བོ་བཅུ་པོ་འདིས་འདུལ་ཞིང་། ་ཟུཐུགས་རྗེ་དང་ཐུགས་དམ་དུ་ལྡན་པས་ཐབས་མཁས་པའི་དབང་ཕྱུག་ཡིན་པས་ཁྱད་པར་གྱི་དམ་ཚིག་ཏུ་ཡང་བཀའ་འདི་གཟུང་ངོ་།། ངག་གི་དབང་པོ་དུས་ཡན་འགའི་ཚེ། སངས་རྒྱས་བཀའ་ལ་དམ་མི་སྲུང་བ་དང་། ལུས་དང་སྲོག་དང་ཚེ་དང་། ནོར་དང་ལོངས ་ཁྱོད་ལ་བཅུ་ཞིང་རློམ་པ་མང་བའི་ཕྱིར། རྣལ་འབྱོར་ཐབས་མེད་ཅིང་མི་མཁས་པས། མུ་སྟེགས་ལོག་ཆོས་ལ་སོགས་པ་སྤྱད་དེ། ཤ་ཟ་གཤིན་རྗེ་དང་། མ་མོ་དང་། བདུད་དང་། བྱད་སྙེམས་དང་། ཀྵ་མི་བསྲུན་པ་ལ་སོགས་པ་དང་། ཡི་དྭགས ་འབྱུང་པོ་ལ་སོགས་པའི་དམ་རྫས་དང་། བསྐུལ་བ་དང་། ཟོད་གཏོང་གི་ལས་བྱས་པས། ལོ་ཉེས་དང་། སད་དང་། སེར་བ་དང་། བཙའ་དང་། མུ་གེ་དང་། མཛེ་དང་། འབྲུམ་བུ་དང་། ནད་ངན་པ་དང་། རིམས་སྣ་ཚོགས་དང་། སྐྱོ་འབོག་ལ་སོགས་པ ་འཕེལ་བས། བགགས་དང་དྲི་དང་། དགྲ་སུ་ང་རབས་སྐྲག་དུས་ངན་པལ་བབ་པའི་ཚེ་ཐུགས་རྔ་ཅན་གྱི་ལྷ་མ་བ་བཅུལས་གཞན་མེད་པས། ལོག་པར་བལྟ་བ་འདུལ་བ་དང་། སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་ནི་བྱི་ནབ་འདི་འདུ་ཡི་མ་དང་ཅ་ན ་གི་དབང་པོ། དུས་དང་ཕལ་པའི་གང་ཟག་རྣལ་འབྱོར་པ་ཡང་དག་པའི་དོན་མི་འཚོལ་བས། རས་ཆོད་དང་གཟུ་ལུམས་དང་། ཐེ་ཅོ་དང་སྐྱོ་ཐབས་ཀྱི་ལས་བྱས་ཏེ། ཤེས་མི་ཤེས་མེད་པར་སློབ་དཔོན་ནི་ཀུན་བྱེད། མཁས་མི་མཁས་མེད་པར་རིས་རིས་སུ་བཟུང་ནས་ཀུན་འཆང་བས་དབང་དང་དས་མི ་ཕྲིན་ལས་དང་། གཏན་ཚིག་ནི་སློབ་དཔོན་ལ་ཡང་མེད། ང་རྒྱལ་ཚ་བ་དང་། ཁེ་དང་དྲེགས་པ་ནི་འཁོར་ཡིན་ཆད་འཛིན་པས། མན་ངག་ཅན་གྱི་མཁས་པ་རྣམས་ཀྱང་ཐུགས་མ་མཉེས་པས། ཐུགས་ཀྱི་མན་ངག་བཀའི་ཐིགས་པ་གསང་བ་ངེས་པའི་དོན་ཟབ་མོ་སྦས་ཏེ། དམོད་པ་གཙུང ་སོ།། རྣལ་འབྱོར་པ་ཕལ་ཆེར་རས་ཆོད་ཅན་མགོ་རྨོངས་པར་བྱ་བའི་ཕྱིར། དཀྲུགས་འཚོལ་བས། གསང་བའི་དོན་དག་བོན་སྤང་ངམ་གཙུག་ལག་བཞིན་དུ་བརྗོད་པས། བཀའ་ལས་མ་བྱུང་བའི་ཆོས་ཡིན་པར་རྒྱས་བཏབ་པའི་ལས་རྩིང་ངོ་།། སྲོག་གཅོད་པ་ལ་སོགས་པ་རུ ་རྒྱང་འཛིན་བཞིན་དུ་སྤྱད་པས། འཕྲལ་གྱི་གྲཝ་ཡོན་དང་། གང་ཟག་གི་བཀུར་ཀྐི་ཙ་མ་ལ་ཆགས་པས། བདག་དང་གཞན་གཉིས་ཀའི་འབྲས་བུ་ཆུས་ཁྱེར་ཏེ། འབྲས་བུ་ངན་སོང་གསུམ་དུ་ཀྱེ་ངེས་པའོ།། གང་ཟག་གདོན་གྱིས་བསླུས་པ་དང་འདྲ་བ་ལ་ཡང་། ག ་བསྟན་པའི་སྨོན་ལམ་གྱི་དབང་གིས། སྐྱབས་དང་དཔུང་མགོན་ཁྲོ་བོ་བཅུ་ཡིན་ངེས་པས། གཉེན་དུ་བླངས་ཏེ། རྒྱུད་འདི་ལྟར་ཤེས་པར་བྱ་ཞིང་ཡིད་ལ་གཟུང་ངོ་།། ངག་གི་དབང་པོ། རྣལ་འབྱོར་པས་ཆོས་ཟབ་མོའི་སྣོད་དང་མི་ལྡན་པའི་ཚེ། ཡིན་རུང་མིན་རུང་བཀའ་ལ ་འདོགས་སོ།། དེའི་ཚེ་སྣོད་དང་ལྡན་པ་རྣམས་ནི་ཉུང་སྟེ། བཀའ་བཙན་པར་སེམས་ནས་དོན་གསང་ཞིང་གསངས་ནས་བ་སྒྲུབས་པས། གྲུབ་པ་ཐོབས་སྲིད་པ་ཙམ་གནས་སོ།། སྣོད་མི་ལྡན་པར་ཕལ་ཆེར་གྱིས་སྤྱད་པས། དོན་གྱི་བདེན་པ་མ་རིག་པར་གསང་སྔགས་ལ་བརྟེན་ནས།། ་བྲས་བུ་བདེ་བ་འཚོལ་ཞེས་པ་ལས་གོལ་ཏེ། སྙིང་རྗེ་ཕར་མི་གཏང་བར་ཞེ་སྡང་ཕར་གཏད་། བྱམས་སེམས་ཕར་ལ་མི་བསྒོམ་པར་བཀུར་སྟི་ཚུར་འདོད། མཁས་པ་རང་གིས་མ་སྦྱངས་པར་དཔོན་པོར་ཕར་འཆོལ། སྦྱིན་པ་རང་གིས་མི་གཏང་བར་བཟའ་ཞིང་སྤྱད་པར་ཕར་དགའ་བས་བདེན་པའི ་ཆོས་ལུགས་ནཱི་རྒོར། མི་བདེན་པའི་དརྒྱལ་ན་ནི། གཉེན་པའི་དམཆོག་ནི་མེད། མི་གཉེན་པའི་རང་མཐོང་ནི་ཆེ། དོན་གྱི་མན་དག་ནི་ནུག། མེ་དགོས་པའི་རྩིང་ཆོས་མ་སྤད་པ་པས། སྟོན་པའི་བཀའ་ནི་ནུབ། རྩ་བའི་དམ་ཆོག་ནི་གཏིང་ནས་ཉམས་ཏེ་འཕགས་པའི་ཞབས་འདིད། ་སངས་རྒྱས་ཀྱི་བཀའ་ནི་བསྐྱས་པར་འགྱུར་ཙ་ན། ཉེས་པ་ཅི་བྱས་ན་བརྗོད་མི་རུང་པའི་སྡུག་བསྔལ་མྱོང་བས། སྒྲོ་སྦྱར་རང་གི་ཆོས་ལ་བཏབ། དཔེ་ངན་བྱེད་ལ་རུང་བ་ཡོད་པར་སྨོས། སྤྱི་དོན་ལས་མེད་ཀྱི་ཟེར་ཏེ་ངན་པར་བརྟག་ཅིང་བྱས་སྔོན་ནས་སྡོད། རྟག་ཏུ་རེ་བ་རླུང ་འཁོར་ལོས་དེད་ཙན། ཉོན་མོངས་པའི་དགྲ་མེ་མ་མུར་གྱི་ངོབས་སྟེང་ན། ཁྲས་ཉེན་པའི་བྱེའུ་མང་པོ་འཕུར་བ་ལ། ཐོག་དང་གློག་གི་རྒྱས་བསྐོར་ནས། ཁྲོ་ཆུ་ལོལ་མའི་ཆུ་བབ་སྟེ། སྡུག་བསྔལ་ལྡོག་པའི་འབྲས་བུ་དུས་གཅིག་ཏུ་སྲིན་ཅན་ཡང་། བསྐྱབ་པར་བྱ་བའི་ཐིབས་དང་ཀྱིང་རྟེན་དུང ་དཔུང་གཉེན་དུ་སྨོན་ལམ་དུ་བཏབ་པའི་ཁྲོ་བོ་བཅུ་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཀྱང་སྐབས་དབྱེ་མི་ནུས་པས། རྒྱུད་འདི་དམ་ཚིག་ཉམས་པ་སྐོང་བར་གསུངས་པའོ།། ངག་གི་དབང་པོ། དུས་ལྔ་བརྒྱ་པའི་ཚེ་རྣལ་འབྱོར་པ་ཐོས་པ་ཆུང་ཞིང་། དད་པ་མོད་པས་སེམས་ཅན་གྱི་ན ་མོངས་པའི་ནད་ཀྱི་དབྱིངས་རྒྱ་མཚོ་ཙམ་གནས་པ་ལ།། དེ་འདུལ་བའི་སེམས་ཅན་དེ་བཞིན་གཤེག་པའི་བཀའ་བདུད་རྩིའི་རྒྱ་མཆོ་གསུངས་པ་བཞིན་དུ། ཆོས་ཉུང་བར་དགོས་པས། ཕྱི་ནང་གི་བཀའ་འདི་དག་གང་ཟག་གི་སྣོད་ཀྱི་རིམ་པ་དང་སྦྱར་ནས། འདྲེར་མི་གནང་བ་ནི་བཛྲ་སྦྱོར་ཚང་མང་དུ ་སྡེ་ཐུགས་པ་བཞིན་དུ་ཐོས་པ་མ། གང་ན་ཕྲིན་པས་ཐམས་ཅད་བྱེས་མི་ཤེས་པའི་ཟབ་ཐེབས་པ་བཞིན་དུ་ལས་བྱུག་པ་གཐམས་ཅད་གས་ཀྱི་བགནག་ཅུ་དུན་རྗེས་པར་འདབ། མིནས་པའི་བྱར་བདྲུག། རྡུམ་ཛ་བྱེ་པ་ཡིནང།། གསང་བ་ཡིན་ནོ།། ག་ན ་ནས་བྲན་ལ་སྦེང། དང་ན་འདག་ཅེས་ནས་མཉམ་ཉིད་ཀྱི་ཆོས་ལ་ཁྲད་འདུད། གང་དྲུག་གི་སྦྱིན་རྩེག་དང་ཐུབ་པ་མཐོབ་པའི་རང་ཞེས་དང་མངོན་ཤེས་མེད་པའི་བཅོས་མང་བས། དེ་བཞིན་གཤེགས་པའི་བཀའ་ལ་ཐུག་ཟུང་སྤྱད་པ་སྡེ་མནངོས་དཀའ་ཟད་ཀྱི་གནས་སུ་གང་དག ་མོ་བ་དང་ལྷ་ཇི་བྱེད་པོའི་ལྕེ་དངང་ཚིག་ལ་སྡུག་བསྔལ་མྱོང་བ་ཡང་། བཤགས་པ་དང་སྦྱོང་བ་དང་སྒྲོལ་བའི་སྨོན་ལམ་གྱིས།། ཁྲོ་བོ་བཅུ་ལས་ཐུགས་རྗེ་ཆེ་བ་མེད་པས་ཕམ་ལྟར་ཆུད་འདི་གཟུང་ངོ་།། ངག་གི་དབང་པོ། རྣལ་འབྱོར་བ་ཆོས་ལམས་ཤིང་རྗེས་སུ་འབྲེང་བ། བཀའ་ང་ནི་དངུའབྱེད་རྗེ་དུས ་ལ་ཡང་མི་འིལྟ་བར་རྡོ་རྗེ་ཐེག་པ་ལ་མོམ། མཆོད་སྒྲུབ་བསྲུང་བ་ལས། ཤེས་རབ་ཀྱི་རྒྱུད་མེད་པས་གོང་མ་འབྱོང་སྟེ། ལོང་བ་གྲོགས་ཤོར་བ་དང་འདྲ་བ་ལ་ཡང་བྱང་ཆུབ་སེམས་དཔའ་སྨོན་ལམ་གྱི་ཇོ་བོ་འདི་རྣམས་མ་བསྒོམས། སྤྱན་མདྲངས་མཆོད་པ་མ་བྱས་ཀྱང་དོ། གཤེགས་ཀྱི ་ས་དབང་བསྐུར་དངོས་གྲུབ་གསོལ་བར་མཛད་པས། མིག་གི་འབྲས་བུ་དང་འདྲ་བར་ཁྲོ་བོ་བཅུ་གཟུང་བར་བྱའོ།། ཞེས་བཀའ་སྩལ་བ་དང་། བྱང་ཆུབ་སེམས་དཔའ་ངག་གི་དབང་པོས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་དག་པ་ཤིན་ཏུ་ཐབ་མཁས་ལ་ཐུག་རྗེ་ཆེ་བའི་རྒྱུད་འདི། སྟོན་པ་བྱང་ཆུབ་ཀྱི་སེམས ་དང་དེ་དང་མི་གཉིས་པའི་སྲས་ཞིང་ཁམས་ཐམས་ཅད་འདུལ་བའི་གཙོ་བོ་ལག་ན་རྡོ་རྗེས་བཀའ་སྩལ་པ་འདི། མ་རིག་པའི་སེམས་ཅན་རྣམས་ལ་ཉི་མ་འབུམ་གྱི་གཟི་དང་ལྡན་པ་རྣལ་འབྱོར་པ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ། བུ་གཅིག་པ་འམ་བྱམས་པ་ལྟར་མཛད་པ་ཇི་ལྟར་དེ་བལྟར་ཡིད་བཞིན ་བྱང་ཆུང་སེམས་དཔའི་ཚེ་བྱ་དང་ལྡན་པ། ནམ་འཁོར་བ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པས། སྲུ་ཁྲོ་བོའི་ཆ་ལུག་སུ་བཞུགས་པས། ང་རྒྱལ་དྲེགས་པ་ཅན་དང་། གཏི་མུག་རང་ཤེས་ཅན་དང་། གོལ་ཞིང་ཆོས་སྤྱོད་པ་ལ་རྒོལ་ཞིང་གནོད་པ་རྣམས་ཚར་གཅོད་པར་མཛད་པའོ།། གཟི་ལྡན་འདང་བ ་རིམ་གྱི་རྒྱུད་འདི་རྣལ་འབྱོར་པ་དང་སེམས་ཅན་ཐམས་ཅད་ཀྱི་དོན་དུ། སངས་རྒྱས་ཞིང་ཀུན་སྤྱོད་པར་གྱུར་ཅིག་པར་སྨོན་ལམ་བཏང་།། འཁོར་རྣལ་འབྱོར་ཀྱི་དབང་ཕྱུག་རྣམས་ཀྱང་དགའ་ནས་དོང་ངོ་།། ཁྲོ་བོ་བཅུའི་སྨོན་ལམ་གཟི་ལྡན་འབར་བའི་མཚམས་ཀྱི་རྒྱུད་རྫོགས་སོ།། ་