CLOSE WINDOW

Gdg013.6: 'phags pa thabs kyi zhags pa pad+mo'i phreng zhes bya ba
Wyliee-texts produced with BDRC’s OCR application

འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་ཞེས་བྱ་བ། དབུ་ལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་གི་དོན་བསྡུས་པ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་རིག་རྣམ་པར་སྣང་མཛོད་ལ་བཅོམ་ལྡན་འདས་དཔའ ་སེམས་དཔས་རིག་པའི་བྱིན་བརླབས་ལས་བྱུང་བའི་མཆོད་པ་རྒྱ་ཡོངས་སུ་མ་ཆད་པའི་གཞལ་ཡས་ཁང་དང་། བླ་དང་། རྒྱལ་མཚོན་དང་། བ་དན་དང་། གདུགས་དང་། སྒེག་མོ་ལ་སོགས་པ་ནང་གི་མ་ཆོད་པ་བཞི་དང་། བདུན་སྤོས་ལ་སོགས་པའི་ཕྱིའི་མཆོད་པ་བཞིས་མཆོད ་དེ།། ལྡན་གསུམ་དུ་བསྐོར་བ་བྱས་ནས་སོ་སོ་མ་ཡིན་པའི་རིག་པའི་འདུད་པས་ཕྱག་འཚལ་ཏེ་སྤྱན་ལྔར་འདུག་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དུས་གསུམ་དུ་གཤེགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན་པའི་སངས་རྒྱས་བཅོམ་ལྡན་འདས ་རྣམས་ཀྱི་སྤྱོད་ཡུལ་ཉན་ཐོས་དང་ཐུན་མོང་མ་ལྤགས་པ་ཐབས་གང་གིས་སོགས་པ་དེ་ཚེ་འདི་ཉིད་ལ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དོན་དུ་བཤད་དུ་གསོལ།། དེ་སྐད་ཅེས་གསོལ་པ་དང་། ཅང་མི་གསུང་བར་འཛུམ་པ་མཛད་དེ། འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས ་དཔའ་ཆེན་པོ་ཉོན་ཅིག། དོན་འདི་དང་ཕྱི་ནང་གི་ཆོས་ཐམས་ཅད་འདྲ་སྟེ་བདེན་པ་གཉིས་སུ་འདུས་སོ།། བདེན་པ་གཉིས་ལ་ཡང་ཚུལ་འདི་ལྟར་ཤེས་པར་བྱའོ།། བདེན་གཉིས་རྒྱུ་དང་འབྲས་བུའི་ཚུལ།། དེ་བཞིན་ཉིད་ལ་གནས་བཅས་ན།། ཕྱི་ནང་སྣོད་བཅུད་རྣམ་པར་དག། བྱེད ་སྤྱོད་ཐམས་ཅད་ཚོགས་གཉིས་འགྱུར།། ཕ་རོལ་ཕྱིན་བཅུ་རྫོགས་པ་སྟེ།། ས་བཅུ་རིམ་གྱིས་བགྲོད་པ་ལ།། མཉམ་ཉིད་རིག་པའི་རྡོ་རྗེ་ཡིས།། ས་རྣམས་མཉམ་པོ་ཉིད་དུ་སྦྱོར།། རྡོ་རྗེ་ལྟ་བུའི་ཡེ་ཤེས་ཀྱིས།། ཆོས་ཀུན་སྒྱུ་མར་རིག་པའི་ཕྱིར།། དངོས་དང་དངོས་མེད་བག་ཆགས ་བཕྲིགས།། ཡང་ན་ཡེ་ཤེས་མེ་དེ་པ་བྱེ།། སྤྱ་དང་འབྲས་བུའི་རྣམ་སྨིན་ནོ།། སེད་མན་སྐྱ་འབྲས་མཐུན་པས་འགྲུབ།། དེ་བཞིན་མནམ་ཉིད་ལ་ཞེས་ཀྱིས།། རིག་པས་ཚོགས་སུ་འགྱུར་བ་པོ།། ལམ་གྱི་ནང་ན་ཉེ་ལོ་མངར་རྫོགས་པ།། རྔམས་ཀྱི་ནང་ནམནར་དམ་པ ་བསྒྲུབས་ནས་འདིས་སངས་རྒྱས་ཆེ་བ་ཡང་།། ང་དེར་མེད་པའི་སྔགས་མརྡོ་རྗེས་འཐོབ།། འདུགས་པ་ཐབས་ཀྱི་འགས་པ་འདྨོ་ནང་ལས་བདེན་པགཉིས་བསྟན་པའི་ལེའུ་སྟེ་དང་མལ།། ཐམས་དཔ་འ་རྟན་པ་དམཆོག་འདི་དག་ནི་བདག་དང་གཞན་ལ་ཕན ་པའི་ཕྱིར་ངས་པ་ཤད་དོ།། གཏེསག་ཀྵེ་སྡང་རྒྱལ་དང་།། འདུད་ཆགས་ཐེག་དོག་ཆེན་པོ་ནི།། བཟུང་བ་མེད་པའི་རྣམ་བ་ཅན།། རྡོ་མཆོག་རྡོ་རྗེ་པར།། འཕགས་པ་ཐབས་ཀྱི་ཞགས་པ་བདྨོ་ཕྲེང་ལས་དམཆོག་བསྟན་པའི་འའུ་གྱི་གཉིམ་པའོ།། མ ་དཔའ་ཆེན་པོ་དབང་འདི་དག་ནི།། རང་རིག་པའི་རྩལ་གྱིས་འཐོབ་བོ།། ཐབས་དང་ཤེས་རབ་དབང་ཆེན་ཏེ།། རྡོ་རྡོརྗེ་དྲིལ་བུ་རིག་པས་འཛིན།། མྱ་ངན་འདས་དང་འཁོར་བ་ཡི།། ཆོས་ལ་འདོད་བཞིན་དབང་བྱེད་དོ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དང ་གི་ལེའུ་སྟེ་གསུམ་པའོ།། །། སེམས་དཔའ་ཆེན་པོ་མཆོད་པའི་མཆོག་ནི་འདི་ལྟར་རིག་པར་བྱའོ།། བདག་མཆོད་ཀུན་མཉེས་ཐམས་ཅད་འདྲངས།། ཀུན་ལ་ཕན་པའི་སྤྱན་ཡིན་ཏེ།། རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས།། ཐམས་ཅད་བཟའ་ཞིང་བརླན་པར་བྱ།། ཕགས ་པཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་མཆོད་པའི་ལེའུ་སྟེ་བཞི་པའོ།། །། ཀུན་དུ་འོད་ཀྱིས་ལུས་འདས།། བདྨའི་སྤྱན་དུ་གྱུར་པ་ན།། རིག་པའི་བྱིན་བརླབས་ཆེན་པོ་ལིས།། རང་འབྱུང་དཀྱིལ་འདུ་འཕྲོ་ལ་ཚུལ།། ཡི་གེ་འཁོར་ལ་ཚོགས་ཆེན་ཏེ།། མཚན་དང ་བྱད་ཀུན་ལས་གྲོལ།། རྔམ་ཞིང་གཏུམ་པའི་གཟུགས་ཅན་དང་།། མགྱོགས་མ་མགྱོགས་མའི་ཕོ་ཉར་ལྡན།། དེ་ནི་ཐིག་ལེརྗེ་དྷ་ཡིན།། འདི་ཞེས་གང་ཟག་བདག་མེད་པར།། རྟོགས་པར་བྱ་ཕྱིར་ངས་བཤད་དེ།། མཁས་པས་དེ་ལ་འབྱོར་པར་གྱིས།། འཕགས ་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་ལྔ་པའོ།། །། དེ་ན་སེམས་དཔའ་ཆེན་པོ་སྤྱོད་ཡུལ་ཐམས་ཅད་ནི་འདི་ལྟར་རིག་པར་བྱའོ།། ཆེན་པོ་ལྔ་ཡང་དེ་བཞིན་གཤེགས།། གཅིག་ལའང་ལྔ་ལྔར་རིག་པར་གྱིས། ་བཟླས་གསུས་བདག་ཉིད་ཡིན་པ་སྟེ། མུགསུས་ཞེས་གང་དེ་ལབུ།། སྨྱེ་ཤེས་སྣ་དང་འཐོབ་པ།། མཉམ་པསམ་པ་དབང་མེད་།། སྔགས་དང་ཐུག་ཏུ་བྱུང་བྱུ་ན།། གྲོད་སུམ་ཅན་དུསནས།། འཕགས་པ་ཟངས་ཀྱི་གགས་པཔ་རྗོ་ང་ལས ་ཟུགས་བརྙན་གྱི་དཀྱིལ་འཁོར་གྱི་ལེའུ་སྟེ་དྲུག་པའོ།། ། སེམས་དཔའ་ཆེན་པོ་ཞེས་རྡོ་རྗེ་སེམས་དཔའ་ཐོས་ནས་བཤད་དོ།། རྒྱལ་བའི་རྒྱལ་བ་རྣམས་ཀྱི་སྐུ།། སྣ་ཚོགས་ཅིར་ཡང་སྡང་མོད་ཀྱི།། ཀུན་དུ་རིན་ཆེན་ལྟ་བུ་སྟེ།། དོན་དང་ལས་ཡིན་བསྒོམས་པས་འབྲུ ་དབུ་མིག་རྣ་བ་སྨེ་སྱེ་ལ།། ཨོཾ་ཞེས་བྱ་བ་ལྔ་བཞག་སྟེ།། གཙོ་བོ་ལྔ་དང་གཙོ་མོ་ལྔ།། སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ།། ལག་པ་གཡས་པའི་སོར་མོ་ལ།། ཧཱུ~ཾ་ཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔའ་ལྔ་དང་སེམས་མ་ལྔ།། སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ།། ལག་པ་གཡོན་པའི ་ལ།། ཧཱུཾ་ཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔའ་ལྔ་དང་སེམས་མ་ལྔ།། སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ།། རྐང་པ་གཡོན་པའི་སོར་མོ་ལ།། ཧྲཱིཿཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔའ་ལྔ་དང་སེམས་མ་ལྔ།། སྤོང་བའི་ཚུལ་དུ་བསྒོམ་པར་བྱ།། རྐང་པ་གཡས་པའི་སོངས ་ལ།། ཨཱཿཞེས་བྱ་བ་ལྔ་བཞག་སྟེ།། སེམས་དཔའ་ལྷ་དང་སེམས་མ་ལྔ།། སྦྱོར་བའི་ཚུལ་དུ་བསྒོམ་པར་བྱ།། འཕགས་པ་ཐབས་ཀྱི་ཞུགས་པ་བཛྲཱི་ཐང་ལུས་ལྷའི་མཚན་ཉིད་དང་དཀྱིལ་འཁོར་དགོན་པའི་རིམ་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། སེམས་དཔའ་ཆེན་པོ ་ཉོན་ཅིག་ཅེས་རྡོ་རྗེ་སེམས་དཔའ་ལ་བོས་ནས་བཤད་དོ།། རྣལ་འབྱོར་རིག་འཛིན་མར་ལྡན་པས།། ལྔ་ཞིང་ལྔ་དང་འབྱོར་པ་ཡི།། ཆོམ་བུ་ལྔ་ཡི་ལྷ་བསྒོམས་ན།། ཐམས་ཅད་བདག་ཉིད་ཆེན་པོར་འགྱུར།། རིན་ཆེན་པདྨའི་དཀྱིལ་འཇམ་འདི།། འཛུམ་པའི་མདངས་ཀྱིས་འབུལ ་གས་ཀྱིས། དགྱེས་པའི་རྡོ་རྗེ་རབ་གསོར་ནས།། བྱང་ཆུབ་སེམས་སྨིན་དབབ་པར་གས་སོ།། རྡོ་རྗེ་གསེར་བའི་དགའ་མཆོག་འདི།། འཛུམ་ཞིང་འཁྱིལ་བའི་གནས་སུ་གསོར།། རི་དམིགས་པད་དང་འགྲོ་བ་ནི། རྡོ་རྗེ་འཛི་མར་ལྡན་ལས་བྱུང་།། རལ་འབྱོང་རིག་འཛིན ་པར་ལྡན་པས།། ན་བཟའ་དང་ནི་ཞལ་ཟས་རྣམས།། གྲུབ་པའི་རྫས་སུ་དབང་བསྐུར་ནས།། གསོལ་ན་དངོས་གྲུབ་མཆོག་ཏུ་འགྱུར།། རྣལ་འབྱོར་རིག་འཛིན་མར་ལྡན་པས།། གྲཝ་དང་ཚིག་གི་སྒྲ་རྣམས་ཡིན།། གསུང་གི་ངོ་བོར་བྱིན་བརླབས་ཏེ།། བསྒྲགས་ནས་དངོས་གྲུབ་མཆོག ་ཏུ་འགྱུར།། རྣལ་འབྱོར་རིག་འཛིན་མར་ལྡན་པས།། བྲོ་དང་གར་གྱིས་བསྐྱོད་བྱས་ཏེ།། འོད་ཀྱི་འདུ་འཕྲོ་བྱིན་གྱིས་བརླབ།། དངོས་གྲུབ་མཆོག་ཀྱང་འཐོབ་པར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དངོས་གྲུབ་སྲུབ་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་བཅོམ ་ལྡན་འདས་དེ་དག་གི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལུས་འདི་བྱུང་ངོ་།། ཨོཾ་བཛྲ་བཻར་ཙནྡ་ཡ~ཾ། ཨོཾ་སཏྨ་བཛྲརྠ། ཨོཾ་རཏྣ་བཛྲ་ཏྲཱ~ཾ། ཨོཾ་དྷི་མ་བཛྲ་ཧྲཱིཿ། ཨོཾ་ཀཿ་བཛྲ་ཨཱཿ། ཨོཾ་བཛྲ་ཨཱཙྪ་བྷྱཿཏྲཱཾ། ཨོཾ་བཱཛྙཱ་སཏ་ཏྲཱཾ། ཨོཾ་བཛྙཱ་དྷཱཛྙཱ་ཛྫ། ཨོཾ་བདྱཱ་རཱ་ག་ཏྲཱ~ཾ། ཨོཾ་བཛྲ་པཱ་དྷཱ་དྷྭཾ། ཨོཾ་བཛྲ་རཱཏྟ་སུ་དྷ་བ་ཏ~ཾ ་བཛྲ་རཏྣ་ཏཱཾ། ཨོཾ་བཛྲ་སཱུརྱ་ཏྲཱཾ། ཨོཾ་བཛྲ་དྷཱ་ཛ་ཏྲཱཾ། ཨོཾ་བཛྲ་ཧཱ་ས་ཏྲཱཾ། ཨོཾ་བཛྲ་ཨ་མི་ཏཱ་བྷ་ཧྲཱིཿ། ཨོཾ་བཛྲ་ཏཱིཥྛ་ཧྲཱིཿ། ཨོཾ་བཛྲ་ཙཀྲ་དྷཱིཿ། ཨོཾ་བཛྲ་བཱ་ཤ་ཧྲཱིཿ། ཨོཾ་བཛྲ་ཨ་མེ་གྷ་སིདྡྷི་ཧཱ། ཨོཾ་བཛྲ་ཀརྨ་ཧཱ། ཨོཾ་བཛྲ་རཀྵ་ཧཱ། ཨོཾ་བཛྲ་ཡཀྵ་ཧཱ། ཨོཾ་བཛྲ་མུཥྚི་ཧཱ། ཧོཿབཛྲཱི་ཤྭ་ར་དྷ་ཏུ་ཨོཾ། ཨོཾ་བཛྲ་པུཿ ་ཨོཾ་ཙཱནྡ་ཏྲཱ~ཾ། ཨཱ~ཾ་ཧྲཱི་ཧཱུ~ཾ་ཏྲཾ། ཨོཾ་བཛྲ་བ་བ་སྨིནཱིཿ། ཨོཾ་བཛྲ་པམྦྷ་ཡ་ཏྟྭ་རྨཱ། ཨོཾ་ཛྫ་ཛཱལྤཱཙྪ་ཧཱུ~ཾ། ཨོཾ་བཛྲ་དྷཱདྷཱུ་བ~ཾཥྐཾ། ཨོཾབྷྱཿཱཏྨ་ཤྭཱ་ཧཱུ~ཾ། ཨོཾ་བཛྲ་ཐཱ་བྷྱོཧཱུ~ཾ། ཨོཾ་བཛྲ་མཱ་ཥི་ཏྟེ། ཨོཾ་བཛྲ་ཙྪི་དྷེ། ཨོཾ་བཛྲ་གྷཱ་ན་ཏི། ཨོཾ་བཛྲ་ཛཱ་ར་ཏི་ཏྲཱཾ། ཨོཾ་བཛྲ་ག་ཏུཧྲཱི། ཨོཾ་བ ་ལོ་ཀེ་ཧྲཱིཿ། ཨོཾ་བཛྲ་སྥོ&་ཧྲཱིཿ། ཨོཾ་བཛྲ་ནརྀ་དྷ་ཧྲཱ། ཨོཾ་བིཛྲ་གརྦྷེ་ཧཱ། ཨོཾ་བཛྲ་གྷིརྟྟི་ཧྲཱི། ཨོཾ་བཛྲ་རྀ་ཏི་ཐཱ། ཨོཾ་བཛྲ་མྲྀཛྷཻཾ་ཀྵུ~ཾ། ཨོཾ་བཛྲ་མྲྀཥྚྲིརྦྷུ། ཨོཾ་བཛྲ་མུཥྚི་ཧྲཱིཿ། ཨོཾ་བཛྲ་མུཤྨི་ཧཱ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་སྔགས་ཀྱི་ལེའུ་སྟེ་དགུ་པའོ།། །། སེམས ་ཆེན་པོ་ཉོན་ཅིག་ཅེས་རྡོ་རྗེ་སེམས་དཔའ་ལ་བོས་ནས་བཤད་དོ།། ལྷ་དང་ལྷ་མོའི་ངང་ཉིད་དུ།། ཡན་ལག་ལྔལ་འབྱོར་བས་ན།། བསྐྱོད་པ་ཐམས་ཅད་ཕྱག་རྒྱ་ཡིན།། དེ་སྐད་དཔའ་བོས་བཀའ་སྩལ་ཏོ།། དེ་ལ་ཕྱག་རྒྱའི་མཚན་ཉིད་ནི།། ཐབས་དང་ཤེས་རབ་དང་ཉིད་དུ།། ལག་གི། ་འ་ན་སྷོ།། ས་དུས་ས་། ད་ག་།། ར་ན་ག། ང་ས།། ཏུད་བྱུང་ཅ་ང།། ད་འགན་གནས་བབྱུ་ས་ག། ་གཔག་ཀྱིས་གཡོན་པ་མནན།། ལག་མ་ཐིལ་གཡས་ཀྱིས་ག་སྐྱོན་དུ་མིནན།། མྱེཐེ་བོ་ཅི་སྙེད་བང་དུ་ཟང་།། རྣམ་པར་སྣང་མད་ཙ་ལྗིན་ཡིན།། དོ་ཊྚ་བཅངས་པལས།། གལས་ཀྱི་མཛུབ་མོགསན་ཐོས་བདུད་།། ཚོགས་པས་གཅིག་ལ་གཅིག་བབྱུང་\ུ0f7f།། འདན ་བའི་རྒྱ་མཆོག་གོ།། མཐེ་བོ་གཉིས་དང་མཐེབ་ཆུང་གཉིས།། སོ་སོར་རྩེ་སྦྲད་ཟླུམ་པོ་སྟེ།། ལྷག་མ་འོད་འགྲོ་ཏིང་ཕྱེ་བ།། མི་བསྐྱོད་པ་ཡི་ཕྱག་རྒྱ་ཡིན།། ཏིང་སྐད་གུང་མོ་རྩེ་སྦྱར་ཏེ།། མཛུབ་མོ་ཆགས་བཅག་གུང་ལ་སྦྱར།། སྨིན་མཐེབ་རྩེ་སྤྱད་མཐེ་ཆུང་སྟེ།། རིན་ཆེན་འབྱུང་བ ་ཕྲག་རྒྱ་ཡིན།། གུང་མཛུབ་སྨིནཱི་ལག་རྗེ་སྤྲད་དེ།། མཐེ་ཆུང་ངོས་ལ་སྦྱར་བར་བྱ།། མཐེ་བོ་རྩ་སྐད་ཟླུམ་པོ་སྟེ།། སྣང་བ་མཐའ་ཡས་ཕྱག་རྒྱ་ཡིན།། ཐལ་མོ་སྦྱང་ནས་སོ་སོར་བགྲད།། བསྐྱོད་ནས་འཁོར་ལོ་ལྟར་བྱས་ཏེ།། གློག་གི་ཕྲེང་བས་འཁོར་བར་བྱ།། དོན་ཡོད་ཐུབ་པའི་ཕྱག་རྒྱ ་ཡིན།། ཕྱག་རྒྱའི་རྒྱལ་པོ་འདི་དག་ནི།། ཐུགས་ཀར་བཅིང་རྙིང་ཉྀད་དུ་མས།། འདུ་འདྲ་མྦྷལ་ང་མཁའ་ལ་དགྲོལ།། མམ་དྲང་ཆུ་མོང་ཉིད་དུ་བཤད།། རྡོ་རྗེ་དྲིལ་བུ་བཐུང་ནས་ནི།། ཐུགས་ཀུར་རང་ནི་དཀུར་བརྟེན་ནས།། ག་ཅུ་ཐབས་བུད་ཀྱིས་ལྦ་བ་ནི།། རྡོ་རྗེ་སེམས་དཔའི་རྩ ་ཆེན་ཡིན།། ལག་པ་བསྣོལ་ནས་ཁུ་ཚུར་བཅང་།། གུང་མོ་གཉིས་ནི་བརྐྱང་བར་བྱ།། མཛུབ་མོ་སྐྱུགས་ཀྱུ་ལྟར་བྱས་པ།། རྡོ་རྗེ་རྒྱལ་པོ་རྒྱ་ཆེན་ཡིན།། ལག་པ་ཁུ་ཚུར་བཅངས་པ་ལས།། གཡོན་གྱི་མཐོབ་མཛུབ་རྩེ་སྤྲད་དེ།། གཡས་ཀྱི་གུང་མོ་བརྐྱང་ནས་གདེང་།། ་འདོད་པའི་རྒྱ་ཆེན་ཡིན།། ལག་པ་གཉིས་ཀྱི་སོར་མོ་རྣམས།། སོ་སོའི་གུང་མོ་ཚོགས་དང་པོར།། ངོས་བཞི་ནས་ནི་རྩེ་མོ་གཟུགས།། རྡོ་རྗེ་ལེགས་པའི་རྒྱ་ཆེན་ཡིན།། ཏིང་སྦྱར་གུང་མོའི་རྩ་སྤྲད་དེ།། མཐེབ་མཛུབ་སྲིན་ལག་ཆགས་བཅག་སྟེ།། དྲུག་ཆར་རྩེ་སྤྲིད། ་མཐེ་ཆུང་སྦས།། རྡོ་རྗེ་རིན་ཆེན་རྒྱ་ཆེན་ཡིན།། མཐེ་བོ་མཐེ་ཆུང་རྩེ་སྤྲད་ནས།། ལུ་གུ་རྒྱུད་དུ་སྦྲེལ་བར་བྱ།། ལྷག་མ་འོད་ལྟར་བྱས་ན་ནི།། རྡོ་རྗེ་ཉི་མའི་རྒྱ་ཆེན་ཡིན།། ལག་ངར་གཡོན་པ་བསྒྲེང་ནས་ནི།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། གཡས་པ་གྲུ་མོར ་གཟུང་བར་བྱ།། རྡོ་རྗེ་རྒྱལ་མཚན་རྒྱ་ཆེན་ཡིན།། གཡོན་གྱི་སྟེང་དུ་གཡས་བཞག་ནས།། སོར་མོའི་ཚིགས་བཅག་སྤྲད་བྱས་ཏེ།། ཁ་ཡི་ཐད་ཀར་གཟུང་བར་བྱ།། རྡོ་རྗེ་བཞད་པའི་རྒྱ་ཆེན་ཡིན།། གཡོན་གྱི་སོར་མོའི་རྩེ་རྣམས་ཡིན།། མ་ཕྲད་ཙམ་དུ་བསྡུས ་པ་ལས།། གཡས་ཀྱིས་འབྱེད་པ་ལྟར་བྱས་པ།། རྡོ་རྗེ་ཆོས་ཀྱི་རྒྱ་ཆེན་ཡིན།། གཡས་ཀྱི་ལག་ངར་སྒྲེང་བ་ལ།། མཐེ་བོ་མཉྫུ་རླུང་རྩེ་སྤྲད་དེ།། ལྷག་མ་གསུམ་ཡང་བསྒྲེང་བར་བྱ།། གཡོན་པའི་ཁུ་ཚུར་དཀུར་བརྟེན་པ།། རྡོ་རྗེ་རྣོན་པོའི་རྒྱ་ཆེན་ཡིན།། ལག་པ ་རྒྱ་གྲམ་རྩེ་བསྣོལ་ནས།། མཐེ་བོ་གཉིས་ཀྱི་རྩེ་སྤྲད་དེ།། བསྐོར་བ་ལྟ་བུར་བྱས་པ་ནི།། རྡོ་རྗེ་འཁོར་ལོའི་རྒྱ་ཆེན་ཡིན།། སོར་མོ་ནང་དུ་བསྣོལ་བ་ལས།། གུང་མོ་རྩེ་སྤྲད་མཛུབ་སྦྱར་ཏེ།། མཐེ་བོས་གུང་མོ་མནན་པ་ནི།། རྡོ་རྗེ་སྨྲ་བའི་རྒྱ་ཆེན་ཡིན།། ་ལག་པའི་མཁྲིག་མ་བསྣོལ་བ་ལས།། གུང་མོ་གཉིས་ཀྱི་ཚིགས་དང་པོར།། ངོས་བཞིར་ས་ཡི་སོར་མོ་བརྟེན།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་ཡིན།། ལག་པ་གཉིས་ཀྱི་སོར་མོ་རྣམས།། ཕན་ཚུན་ཐགས་སུ་བཏགས་པ་ལས།། མཐེ་བོ་གཉིས་ནི་བསྒྲེང་བར ་བྱ།། རྡོ་རྗེ་བསྲུང་བའི་ཕྱག་རྒྱ་ཡིན།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། མཛུབ་མོ་གཉིས་ནི་བསྒྲེང་ནས་ཀྱང་།། ཁ་འགྲམ་གཉིས་སུ་གཟུང་བར་བྱ།། རྡོ་རྗེ་གནོད་སྦྱིན་རྒྱ་ཆེན་ཡིན།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། བསྣོལ་ཏེ་ཁ་ནི་སྦྱར་ནས་ཀྱང་།། ། ་ཐུགས་ཀར་དམ་དུ་གཟུང་བར་བྱ།། རྡོ་རྗེ་ཁུ་ཚུར་རྒྱ་ཆེན་ཡིན།། རིགས་ཀྱི་ཕྱག་རྒྱ་བསྒོམ་ནས་ནི།། ལག་གི་འདུ་ཤེས་འདི་དག་གིས།། འདུ་འཕྲོ་མོས་པ་བསྐྱེད་ནས་ནི།། བཅིང་ཞིང་མཁའ་ལ་དགྲོལ་བར་བྱ།། མཐེ་བོ་མཐེ་ཆུང་ནང་དུ་སྤང་།། ་གྲངམ་མཐར་བཞི་ཡང་བཟླག།། ན་འདྲིན་སྦྱར་ཏེང་བླང་བ།། དོན་འཛིན་པའི་ཕྱག་རྒྱ་ཡིས།། ཏད་ཀྱད་མ་ཐ་བ་མྱུང་བ་རྒྱ་སྦྱར་ཏེ།། མཛུམམ་ཐམག་ཏུ་མབ་ཅུང་དྲུང་།། ལྷག་སརྩེ་གསུས་ལྟར་བྱས་པ།། ཛརྗེ་ན་ཅི་ཕྱུག་ཏུ ་ཡིན།། ལག་ངར་གཡོན་པ་བསྒྲེང་ནས་ཀྱང་།། སོར་མོ་ཨུཏྤལ་ལྟར་བྱས་པ།། གཡས་ཀྱི་སོར་ལོ་གཟུང་བར་བྱ།། རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན།། ནང་པ་གཉིས་ཀྱི་པུས་མོ་དང་།། ལག་པ་གཉིས་ཀྱི་གྲུ་མོ་རྣམས།། སྦེད་ནས་ལག་པ ་གདེངས་པ་ནི།། ཀུན་དུ་བཟང་མོའི་ཕྱག་རྒྱ་ཡིན།། རྡོ་རྗེ་ཁུ་ཚུར་དཀུར་བརྟེན་ནས།། ལྡན་པ་གཡས་སུ་སྐྱོ་བ་ལས།། ཆགས་པའི་མིག་གིས་ལྟ་བ་ནི།། རྡོ་རྗེ་སྒེག་མོའི་ཕྱག་རྒྱ་ཡིན།། གཡོན་པ་སྐོད་སྐོང་པོ་བྱས་ཏེ།། གཡས་པས་ཀྱུ ་མོ་བཟུང་ནས་ཀྱང་།། བསྐོར་ཞིང་སོར་མོ་འཕྲོ་བ་ནི།། རྡོ་རྗེ་བདུག་པའི་ཕྱག་རྒྱ་ཡིན།། ལག་པ་གཉིས་ནི་རྒྱབ་སྦྱར་ནས།། རྡོ་རྗེ་ཁུ་ཚུར་བཅངས་པ་ལས།། མཐེ་ཆུང་སྤེལ་ནས་མཛུབ་མོ་བསྒྲེང་།། རྡོ་རྗེ་ལྕགས་ཀྱུ་མ་ཡི་རྒྱ།། མཐེ་ཆུང ་ལུ་གུ་རྒྱུད་དུ་སྦྲེལ།། སོར་མོ་རྣམས་ནི་སོ་སོར་བསྒྲེང་།། ཐལ་མོ་བཀན་ཏེ་ལྟ་བ་ནི།། རྡོ་རྗེ་སྒྲོལ་མའི་ཕྱག་རྒྱ་ཡིན།། སྲིན་ལག་དང་ནི་མཐེ་བོ་གཉིས།། སོ་སོར་རྩེ་མོ་སྤྲད་པ་ལས།། འཕྲལ་བའི་ཐད་ཀར་དྲངས་པ་ཡི།། རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ཡིན།། ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཕྱག་རྒྱའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་དཀྱིལ་འཁོར་གྱི་ལྷ་དང་ལྷ་མོ་རྣམས་ལ་ཕྱག་ན་རྡོ་རྗེ་ལ་སོགས་པ་བྱང་ཆུབ་སེམས་དཔའ་བརྒྱད་དང་འཁོར་ཕལ་མོ་ཆེས་དབྱངས་མཐུན་པར་བསྟོད་པ། ་ཨོཾ་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམ་ན།། རྒྱལ་བ་གང་བཞུགས་འཁོར་དང་བཅས།། བླ་ཡིད་ལྷ་དང་ལྷ་མོ་ཡི།། ཐུབ་པའི་བྱིན་བརླབས་བསམ་མི་ཁྱབ།། སེམས་དཔའ་བཅུ་དྲུག་རིགས་ཀྱི་གཙོ།། སེམས་མ་བཅུ་དྲུག་རིགས་ཀྱི་ཡུམ།། མདྲུ ་ནུ་ཁྲོ་བོ་ཁྲོ་མོ་དང་།། ཕོ་ཉྫར་འཇིག་རྟེན་སྐྱོང་བར་ལྡན།། ཨོཾ་སྔོན་གྱི་ཐུགས་དམ་ཆེན་པོ་ནི།། འཇིག་རྟེན་མ་ལུས་ཐམས་ཅད་ཀུན།། རྒྱལ་བའི་ཞིང་དུ་སྦྱོར་བས་ན།། ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག། ཨོཾ་དཔའ་བོ་ཆེན་པོ་མཐུ་ལྡན་རྣམས།། ཐུགས་རྗེ་ཆེན ་པོའི་བྱིན་བརླབས་ཀྱིས།། བདག་གི་ལྷག་པའི་བསམ་པ་རྣམས།། གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ།། ཨོཾ་ཁམས་གསུམ་ཞིང་དུ་སྦྱོར་ལ་ཕྱག་འཚལ་ལོ།། དམིགས་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ།། ལོངས་སྤྱོད་རྫོགས་པའི་སྤུ་ལ་ཕྱག་འཚལ་ལོ།། ཅིར་ཡང་སྤྲུལ་པའི ་སྐུ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་ནས་ཉིད་ཀྱི་ཐུགས་ཀར་ཞུགས་ཏེ།། རོལ་པར་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཁྲོ་བོའི་རྟོག་པ་བཤད་དོ།། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོར། ་ཏོ།། བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་ན། གཅེར་བུ་པ་དང་ཀུན་དུ་རྒྱ་ལ་སོགས་པས་སོ་སོའི་རིག་སྔགས་ཀྱི་ལས་ཀྱིས་མ་ཧཱ་དྲེ་བ་ལ་སོགས་པ་འཇིག་རྟེན་གྱི་ལྷ་དང་། གནོད་སྦྱིན་མཐུ་བོ་ཆེ་དང་། ཕྲ་མེན་མ་ཐམས་ཅད་བསྐུལ ་ནས་སེམས་ཅན་རྣམས་ཀྱི་སྲོག་གི་བར་ཆད་བགྱིད། འཚེ་བར་བགྱིད། ཤིན་ཏུ་སྡུག་བསྔལ་བར་བགྱིད།། དེ་ལ་ཐབས་གང་གིས་བཟློག་པར་བགྱི། སྦྱོར་བ་གཅད་པར་བགྱི། བཀའ་སྩལ་པ། ལག་ན་རྡོ་རྗེ་ཉོན་ཅིག། འདི་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདགྲ་པོས་སྔོན་ཆད་བཤད་དེ། ལག་ན་རྡོ་རྗེ་ཁྱོད་ཉིད་ཀྱིས་བྱས་པའི་གསང་སྔགས་དང་། སྲིད་པ་ཟད་པར་བྱས་པའི་གསང་སྔགས་ཐམས་ཅད་ཀྱང་ཟློག་པར་བྱེད་དོ།། གནོན་པར་བྱེད ་སྦྱོར་བ་གཅོད་པར་བྱེད་པ་ཀུན་དུ་ཆུ་ལ་སོགས་པ་གཞན་ལྟ་ཅི་སྤོས།། དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་མཚོན་ཆའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསང་སྔགས་ཀློག་ཅིང་གནོན་པ་དང་།། སྦྱོར་བ ་ད་པ་ཞེས་བྱབ་དོགས་། པ་མ་ན་ན་ན་ས་སས་ས་མ ་ཁས་སྲུབ་ཏུ་འགྱེལ་ནས་ཁྲག་སྐྱུག་པར་གྱུར་ཏོ།། ལྷ་དང་གནོད་སྦྱིན་ཐམས་ཅད་ཀྱང་བརྒྱལ་ཏི་ལུས་དུམ་བུ་དུམ་ངུར་ཆད་པར་གྱུརོ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་གི་སྤོང་བ་ཆད་པར་རིག་ནས་སླར་བསླངས། ཨོཾ་བཛྲ་ས་ཏྭ་ཛ་དྷེ། ་ན་ང་བྱེ་ལག་ལ་དགེ་འཕྲུལ་པ་གནི་མེ་འངས་ང་མ་བདང་ལཔ་འདང་བ་བྱེད་ཐམས་ཅད་པ་མ་ར་འགྱུར་།། དབཞིནས་པ ་ཀྱིས་ཅང་ལྷ་དང་གནོད་སྦྱིན་ཐམས་ཅད་ལ་བསྒོ་ཤིག། དེ་ནས་ལག་ན་རྡོ་རྗེས་གསོལ་པ། བཅོམ་ལྡན་འདས་འདྲིན་སྲིད་པ་གསུམ་ཐམས་ཅད་འདུལ་བར་བགྱིད་པ། མཛུ་བོ་ཆ་ཐམས་ཅད་འདུལ་བར་བཞི་བ། མཐུ་བ་རྩ་ཐམས་ཅད་ཀྱི་ང་རྒྱལ་གས ་པ་བདག་ལགས་ཏེ། ཇི་ལྟར་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་མཐུ་སྟོབས་དང་ལྡན་པའི་སླད་དུ་བདག་གི་མིང་ཡང་ལག་ན་རྡོ་རྗེ་ཞེས་བཏགས་ན་འདིར་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་བྱིན་གྱིས་བརླབས་ཀྱིས་སྔགས་འདི་སྨྲས་པས་བདག ་ཀྱང་ཁྲག་ཏུ་སྐྲག་ཅིང་འགྲེལ་བར་གྱུར་ན་གཞན་ལྟ་ཅི་སྤོས།། འདི་ནི་འདའ་བར་དཀའོ།། དེ་བཞིན་དུ་ལྷ་དང་གནོད་སྦྱིན་རྣམས་ལ་ཡང་བསྒོའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་མ་འོངས་པའི་དུས་ན་གསང་སྔགས་འདི་སྒྲུབ་པའི་ཆོ་ག་བཤད་དེ། ་མེ་ལས་ཉི་མའི་དཀྱིལ་འཁོར་དུ།། དཔལ་ཆེན་ཁྲག་འཐུང་སྤྱན་དྲང་ངོ་།། སྨ་ནི་དུད་ཀ་ཆེན་པོ་ལ།། དབུ་སྒྲ་ཁ་མ་ནག་རལ་པ་ཅན།། དབུ་གསུམ་པ་ལ་ཕྱག་དྲུག་སྟེ།། དམར་དང་དུང་ཀ་གནག་པ་ཡིན།། གཡས་ཀྱི་གསུམ་ན་ཐོགས་པ་ནི།། ་རའི་དབྱུག་པ་ཆེན་པོ་དང་།། དུང་ཆེན་དམར་གྱིས་བཀང་བ་ལ།། རྡོ་རྗེས་དཀྲུག་ཅིག་འཐུང་བར་བརྟག། གཡོན་གྱི་གསུམ་ན་ཐོགས་པ་ནི།། སྟི་རའི་རྒྱུ་མའི་ཞགས་པ་དང་།། ཁྱུང་གི་ཁྲག་ཆེན་ཐོགས་པ་དང་།། སྟི་ར་ཕྲ་མོའི་གསུས་པ་ནས།། ་གློ་སྟེང་ནང་གྲོལ་འདྲེན་ཅིང་ཟ།། གཙུག་ཏུ་རྣམ་པར་སྣང་མཛད་ཉིད།། ཨོཾ་ཕྲག་གཡས་ལ་ཨཀྵ་བྷྱཿཧཱུཾ།། གཡོན་རཏྣ་སམྦྷ་བ་ཏཱཾ།། རྐང་གཡས་ཨ་མོ་གྷ་སིདྡྷི་ཨཱཿ།། གཡོན་ན་ཨ་མི་ཏཱ་བྷ་སྟེ།། ཧྲཱིཿབྷྲཱུཾ་ལས་རྡོ་རྗེ་འཁོར་ལོ་ལ།། རྡོ་རྗེ་རྣམས ་ནི་རིག་སྔགས་བརྟག། ཀཽ་རི་དང་ནི་ཙེ་རི་དང་།། པྲ་མོ་ཧ་དང་བཻཥྚཱ་ལི།། གཞན་ཡང་བྱཱ་གྷྲྀ་མུ་ཁཱ་དང་།། སིདྷ་ལ་སོགས་མགྱོགས་མ་རྣམས།། སྟི་ར་ལ་ནི་འབྲི་ཚུགས་སུ།། བལྟ་ཞིང་རྟོད་པའི་ཚུལ་བཞིན་གནས།། ཧ་ཧ་དེ་ནས་སྐད ་ཅིག་ལ།། རིག་སྔགས་ཉིད་དང་སྦོད་གཏོང་བཅས།། དགུག་པའི་ཕོ་ཉར་བརྟག་པར་བྱ།། རས་སམ་གྲོ་ག་འམ་རྩ་རྣམས་ལ།། ཁྲོ་བོའི་གཟུགས་སུ་བྲིས་པ་འམ།། ཡང་ན་སྡུད་པ་ནག་པོས་བཅིང་།། ཧ་ཧ་གད་མོ་ཆེན་པོ་དང་།། རྡོ་རྗེ ་སྤྲུལ་བའི་གླུ་བླངས་ཏེ།། ཕོ་ཉ་རྣམས་ལ་མངག་པར་བྱ།། དེ་ནས་རིག་སྔགས་བཟུང་ནས་ཀྱང་།། རྩ་ཡི་གཟུགས་ལ་གནས་པ་དང་།། འཁོར་ལོ་ལ་སོགས་མཚོན་ཆ་ཡིས།། དེ་དག་ཕྱེ་མར་བརླག་པར་བྱ།། བཛྲ་ཙ་ཀ་ཧཱི། ཕྱེ་མར ་དེ་དག་གཉུབས་ནས་ནི།། ཐོད་པ་གཞུ་དང་བཅས་པ་ཡིས།། ཧོམ་ཁུང་གྲུ་གསུམ་སྒྲོ་ཅན་དུ།། རཾ་ཞེས་བྱ་བའི་མེ་སྦར་ཏེ།། དྲང་སྲོང་འཁོར་བཅས་གཡབ་མོས་བོད།། དེ་ནས་རིག་སྔགས་བསྲེག་པར་བྷ།། དེ་ལྟར་ལྷ་དང་བདག་སྦྱར་ན།། ་རྣམ་ལྔའི་ཆས་དང་ལྡན་པར་བྱ།། མ་མོ་ཆེན་མོ་ཤ་ལ་སྤྱོན།། འབྱུང་པོའི་ཤ་ནི་ཟན་པས་ཞིམ།། འབྱུང་པོའི་ཁྲག་ནི་ཆང་བས་ཞིམ།། མ་མོ་ཆེན་མོ་ཁྲག་ལ་སྤྱོན།། ཀླུ་དང་གར་དང་གད་མྱངས་ཀྱིས།། སོ་སེར་མཆོད་དེ་བསྒྲུབ་པར། ་ཟིན་པའི་སེམས་ཅན་གང་ཡང་རུང་།། དེ་དག་སྐུད་པ་ནག་པས་བཅིང་།། དེ་ཡང་དུམ་ཐུང་བཅད་པར་བྱར།། དེན་པ་མདེ་སྔམ་བཞིན།། ཚེ་གནས་བྱམྦྷི་འབྲུ་ལྔ་ཡོས།། གནས་ལྷ་དག་ཏུཿས་བཀ་ར། ་འི་སེམས་ཅན་བསྲུང་བར་བྱ།། ཚྭ་ཞིང་རྩུབ་པའི་ཤིང་དང་ནི།། ཤ་དང་ཆང་དང་ཡོ་བྱད་ནམས།། གནག་ཅིང་ཚ་བར་རྣམ་སྦྱར་ཏེ།། ལྷ་ཆེན་རྣམས་ལ་མཆོད་པར་བྱ།། དེ་ནས་ལས་རྣམས་གྲུབ་པ་དང་།། ཧ་ཧ་ལ་སོགས་གང་མ ་ང།། གྲཝ་དང་རྡོ་རྗེ་དབྱུག་པ་ཡིས།། ལྷ་རྣམས་བདག་ལ་ཐིམ་པར་བྱ།། འདི་ནི་བདག་ཉིད་བསྲུང་བ་དང་།། ལས་རྣམས་ཐམས་ཅད་གྲུབ་པར་བྱེད།། ཤར་ཕྱོགས་ན་ཕྲ་མིན་མ་ཀོ་རི་ཁ་དོག་སྟོན་མོ་ཕྱག་གཉིས་པ་སྟེ།། གཡོན་བྷན ་ནྡན་དམར་གྱིས་བཀང་བ་ཐོགས་པ།། གཡས་ན་ཞིང་ཆུང་ངུའི་དབྱུག་པ་ཐོགས་པ། ཨོཾ་བཛྲ་ག་རཱི་ཛཿཛཿཧཱུ~ཾ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་སངས་རྒྱས་ཀྱང་དགུག་ནུས་ན་གཞན་ལྟ་ཅི་ས། ཆེ་གེ་མོ་ཞིག་ཁུ་ག་ཅིག་ཅེས་བཙལ ་ས་གཏོར་མ་དང་ཙནྡན་དམར་ཆེན་ཨརྒྷ་ལ་ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཞེས་བརྗོད་ཅིང་ཨརྒྷ་ལན་གསུམ་དུ་བསྒྲེང་ངོ་།། ལྷོ་ཕྱོགས་ན་ཙཽ་རི་ཁ་དོག་སྟེར་མོ་ཕྱག་ན་མདའ་གཞུ་འགེངས་པ། ཨོཾ་བཛྲ་ཙཽ་རཱི་ཧཱུཾ་ཛཿཞེས་སྟོང་རྩ་བརྒྱད་བཅོལ་ན་ཕྱག་ན་རྡོ ་འི་མཐུ་ཡང་རྡུལ་ཙམ་ཡང་མེད་པར་རྐུ་ནུས་ན་གཞན་ལྟ་ཅི་སྨོས། ནུབ་ཕྱོགས་ན་པྲ་མོ་ཧ་དམར་མོ་ཕྱག་ན་ཆུ་སྲིན་གྱི་རྒྱལ་མཚན་ཐོགས་པ།། ཨོཾ་བཛྲ་པྲ་མོ་ཧ་ཧཱུཾ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་རང་གི་མད་བཞག་ནས་དབང ་ན་གཞན་ལྟ་ཅི་སྨོས།། བྱང་ཕྱོགས་ན་བིཏྟཾ་ལི་ཁ་དོག་ནག་མོ་ཕྱག་གཡོན་ཞིང་ཆུང་ངུ་འཛིན་ཅིང་ཟ་བ། གཡས་ན་རྡོ་རྗེ་འཕྱར་བ། ཨོཾ་བཛྲ་བེ་ཏྟ་ལི་ཧཱུཾ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཐམས་ཅད ་ཀྱང་འགྲུབ་ན་འཇིག་རྟེན་གྱི་བསྒྲུབ་བ་ཕྲན་ཚོགས་ལྷ་ཙཱ་སྨོས། ཤར་ལྷོའི་མཚམས་ན་པཀྐ་སེ་ཁ་དོག་དམར་སེར་ཕྱག་གཉིས་ཞིང་ཆུང་ངུའི་བ་སུཏྟ་འདྲེན་ཅིང་ཟ་བ། ཨོཾ་བཛྲ་པྲཀྐ་ས་རྦྦ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན་རྡོ་རྗེ་ཡང་འཆིང་ཞིང ་འདྲེན་པར་ནུས་ན་གཞན་བཅིང་ཞིང་ཟ་བ་ལྟ་ཅི་སྨོས། ལྷོ་ནུབ་ཀྱི་མཚམས་ན་གྷསྨ་རི་ཁ་དོག་ལྗང་གུ་ཕྱག་གཡོན་ན་བྷན་དྷ་ཙིནྡན་དམར་པོས་བཀང་བ་རྡོ་རྗེས་དཀྲུག་ཅིང་གསོལ་བ། ཨོཾ་བཛྲ་གྷམྦ་རི་ཧཱུཾ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཕྱག་ན ་རྡོརྗེ་ཡང་མྱོས་པར་ནུས་ན་གཞན་ལྷ་སྨོས་ཀྱང་ཅི་དགོས། ནུབ་བྱང་གི་མཚམས་ན་བཛྲ་ཀརྨ་ཁ་དོག་ལྗང་གུ་ཞིང་ཆུང་ངུ་ལག་པ་གཉིས་ཀྱིས་བཟུང་སྟེ་སྙིང་ག་ནས་ཟ་བ། ཨོཾ་བཛྲ་ཀརྨ་ཧཱུཾ་ཛཿཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ལས་གང་བྱ་བ་ཐམས་ཅད ་འགྲུབ་བོ།། བྱང་ཤར་གྱི་མཚམས་ན་ཙཎྜ་ལི་ཁ་དོག་སེར་སྐྱ་ཕྱག་གཡས་ན་ཞིང་ཆུང་ངུའི་བྷནྡྷ་འཛིན་པ། གཡོན་གྱིས་ཞིང་དབྱུག་འཛིན་པ། ཨོཾ་བཛྲ་ཙཎྜ་ལི་ཧཱུཾ་ཛ་ཞེས་སྟོང་རྩ་བརྒྱད་བཟླས་ཏེ་བཅོལ་ན་ཟ་མ་དང་མ་ནིང་ཡང་རྒྱུད་འཕེལ་བར་བྱེད་ན་དབང་པོ ་ཚང་ཞིང་ཉམས་པ་མེད་པ་ལ་རྒྱུད་འཕེལ་ཞིང་ཚེ་དང་དབང་ཐང་འཕེལ་བར་བྱ་བ་ལྟ་ཅི་སྨོས་ཏེ། ཕྲ་མེན་མ་འདི་རྣམས་ཕྲིན་ལས་སྐུལ་བའི་ཚེ་ཨརྒྷ་དང་གཏོར་མ་དབུལ་བ་ནི་གོང་དུ་སྨོས་པ་བཞིན་དུ་བགྱིའོ།། ཁྲོས་ན་ཐམས་ཅད་ཕྲག་ན་ཏྲི་ཤཱུ་ལ་འབར་བ། གཡོན ་ཟེའུ་ཆུང་བསྣམས་པ། གདན་མེ་སྨུག་ནག།། སྐུའི་ཁ་དོག་ནག་མོ་ལ་ཁྲག་དང་ཞག་དང་ཐལ་བའི་ཐིག་ལེས་ཚོམ་བུར་བྱས་ཤིང་བ་སུ་ཏས་རྐེད་པ་བཅིངས་པ། གསེར་གྱི་པགས་པ་གོ་ཟུར་བགོས་པ་སྲོད་ཏ་ཨ་ཛ་ནས་ལུས་བརྒྱན་ཏེ་གཙོར་བུའི་ཚོགས་སྒྲུབ། ་གནག་འབར་བ། གཡོན་རྔེའུ་ཆུང་བསྣམས་པ། གཡས་མེ་སྐྲག་ཀུན་ཀ་ཁ་དོག་ནག་མོ་ལ་འཇིག་རྟེན་གྱི་ཁམས་བསྲེགས་ཤིང་། ཟད་པར་བྱས་ནས་སླར་དཔལ་ཆེན་པོའི་སྐུ་ལ་ཐིམ་པར་བྱའོ།། དེ་ནི་ཕྱི་རིམ་བཤད་པར་བྱའོ།། ཤར་ཕྱོགས་སུ་སིདྷ་མུ་ཁ་ཁ ་དོག་སེར་མོ་ཞིང་ཆུང་ཁ་ན་ཐོགས་པ། ལག་པ་གཡས་གཡོན་བསྣོལ་བ། སེང་གེའི་མགོ་ཅན། ལྷོ་ཕྱོགས་ན་བྷཱ་གྷྲི་མུ་ཁ་ཁ་དོག་དམར་མོ་ལག་པ་གཉིས་བསྣོལ་ཏེ་མདུན་ན་ཞིང་གནས་པ་ལ་ལྟ་བ། སྟག་གི་མགོ་ཅན་ནུབ ་ཕྱོགས་སུ་སྲིན་གླ་མུ་ཁ་ཁ་དོག་ནག་མོ་ལག་པ་གཉིས་ཞིང་ཆུང་ངུ་འཛིན་ཅིང་ལྕེས་ལྡག་པ་ཝ་མགོ་ཅན། བྱང་ཕྱོགས་ན་ཤཱ་ན་མུ་ཁ་ཁ་དོག་མཐིང་ག་ཞིང་ལག་པ་གཉིས་ཀྱིས་ཁོང་དྲལ་ཏེ་ལྟ་བ་ཁྱི་མགོ་ཅན། ཤར་ལྷོའི་མཚམས་སུ་ཀྲྀ་ཌྷ་མུ་ཁ་ཁ ་དོག་དམར་གནག་ཞིང་ཆུང་ངུའི་བ་སུ་ཏ་ཁ་ན་ཐོགས་པ། ལག་པ་གཡས་བྷ་ན་དྷི་གཡོན་གྲི་ཐོགས་པ་བྱ་རྒོད་ཀྱི་མགོ་ཅན། ལྷོ་ནུབ་མཚམས་ན་ཀངྐ་མུ་ཁ་ཁ་དོག་དཀར་དམར་ཕྲག་པ་གཡོན་པ་ལ་ཞིང་ཁེ་ལ་ཞིང་རྐང་པ་ནས་བཟུང་བ། གཡས་པ ་མགོ་འཛིན་པ། བྱ་ཀངྐའི་མགོ་ཅན་མཆུ་རིང་ཐོར་ཏོ་གུག་ཟེ་བ་དམར་མོ།། ནུབ་བྱང་མཚམས་ན་ཀཱ་ཀ་མཱ་ཁ་ཁ་དོག་ནག་མོ།། བྱ་རོག་གི་མགོ་ཅན་མཆུས་ཞིང་ཐོགས་པ། ལག་པ་གཡོན་པས་པདྨ་བྷན་དྷ་འཛིན་པ། བྱང་ཤཱར་མཚམས་སུ་ཨཱུལྤཱ་ཀ ་མུ་ཁ་ཁ་དོག་སྣ་ཚོགས་ལག་པ་གཡོན་པ་དུང་ཆེན་ཁྲག་གིས་བཀང་བ་ལ་འཐུང་བ་ལ་གཡས་པ་རྡོ་རྗེ་ལྗགས་ཀྱུ་འཛིན་པ། འུག་པའི་མགོ་ཅན། ནང་རིམ་འུག་པའི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་རོག་གི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་ཀང་ཀ་མ་ཆུ ་རིངས་ཀྱི་འཁོར་གྱིས་བསྐོར། དེའི་ཕྱི་རིམ་བྱ་རྒོད་ཀྱི་འཁོར་གྱིས་བསྐོར། དེ་དག་ཐམས་ཅད་ཀྱང་ཞིང་མང་པོ་གསར་རྙིང་སྤངས་པའི་སྟེང་ན་ཞིང་ལ་རྟོད་པའི་ཕྱིར་འཐབ་པའི་ཚུལ་སྟོན་པ་ཤ་སྟག་གོ།། དེ་དག་གི་སྙིང་པོ་འདི་རྣམས་སོ།། ཧཱུ~ཾ་ཧ་ཧེ་ཕཊ་ཧཱུཾ། འདི ་ཀུན་འབྲུ་རེ་རེ་ཡང་ལན་བཞི་བཞི་བརྗོད་དོ།། ཧཱུ~ཾ་གིས་གཙོ་བོ་བསྐྱེད། ཧ་ས་ནང་གི་ལྷ་མོ་བསྐྱེད། ཉེས་ཕྱིའི་ལྷ་མོ་བསྐྱེད། ཕཊ་ཀྱིས་ཐམས་ཅད་ཁྲོས་པར་བསྒྲལ། ཧཱུ~ཾ་གིས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་འབར་བས་ཕྱོགས་བཅུར་ཁྱབ་པར་བགྱིའོ།། ལྷ་མོ་ཟླ ་ལྡན་ཚོགས་ཀྱི་བདག། ཧེ་རུ་དཔལ་ལ་ཕྱག་འཚལ་ལ།། སློབ་དཔོན་ལ་ནི་བརྙས་བྱད་དང་། རྣལ་འབྱོར་བར་དུ་གཅོད་པ་དང་།། དམ་ཚིག་གཉེན་པོ་དལ་བ་དང་།། རྡོ་རྗེ་སྤྱན་ལ་ལཁུ་བྱེད་རྣམས།། ཁྱེད་ཀྱིས་རྡུལ་དྲ་བརླགས་ནས་ནི།། གནོད་སམས་མ་ལུས་གཏན་ནས། ་སྦྲེང་།། དཔལ་ཆེན་པོ་སྟན་དང་ག་ནའི་གནས་སུ་ཚོགས་ཆེན་པོ་ལ་གཤེགས་པའི་རྩེ་སྐུ་གསུང་ཐུགས་ཀྱི་ཁྲོ་བོའི་གཟི་བྱིན་གྱིས་གདུག་པ་ཐམས་ཅད་གཏན་ནས་འབྱིན་ཅིང་ལོངས་སྤྱོད་ཆེན་པོ་འབྲིང་ཞིང་འབྲིང་བའི་བླ་ངས་ཏེ་ཐམས་ཅད་དགྱེས་པར་མཛད་པར་དབུ ་འདིས་དགྱེས་པར་མཛད་དོ།། རྡོ་རྗེ་པངྒཱའི་ཐག་རྒྱ་དཔྲལ་བར་བཅིངས་ཏེ། ཕྱར་ནས་མཆོང་ཞིང་འཁོར་ཐམས་ཅད་གཅེར་བུར་བྱུང་ནས་སླ་པྲ་ཤིག་ཅིང་བརྒྱགས་ཏེ། སྔགས་འདི་གསུངས་སོ།། ཨོཾ་ཨོཾ་ཨཱ་རའི་ཧོཿ(་ཛ་ཧྲིཾ། དེ་ནས་ཚོགས་སུ་གཤེགས་ནས་འ ་ཐམས་ཅད་ལ་སྤྱན་བགྲང་པས་གཟིགས་ཤིང་འཛུམ་པའི་བརྡ་ཧ་ཧ་སཽ་སཽ་སྒྲ་ཕྱུང་སྟེ། འཁོར་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་དབྱངས་འདིས་གཙོ་བོ་ལ་བསྟོད་དོ།། ཨེ་མའོ་ཆོས་ཀྱི་དོན་བྱུང་བ།། ཆོས་དོན་དག་པ་བདག་མེད་པ།། ནམ་མཁའ་དང་ནི་མཉམ་པའི ་གནས།། རྡོ་རྗེ་རྒྱལ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་པས་གཙོ་བོ་མཉེས་ནས་འཁོར་ཐམས་ཅད་ལ་གཟིགས་ཤིང་དམ་སྩལ་བའི་དབྱངས་འདི་གསུངས་སོ།། ཁ་གཱ་ལྱ་ཤ་ཏ་བཀ། ཨ་ལཾ་ལ་ཧོཿ། མ་ཧཱ་བཉྩ་ཨ་མྲྀ་ཏ། ཁ་རྀ་ཡོ་གི་ནི། ཁ་ར~ཾ་ནཱ་ཀི་ནི། ཨ་ལ་ལ་ཧོཿ། ་བྷ་ག་བཱན་ཁ་ཁ་ཁཱ། ལྷ་མོ་རྣམས་རྔུ་རྡུང་། དབྱངས་ལྡན། རྒྱུད་གསུམ་གྱི་ཚིག། རྟ་སྐྲྀ་ཏེ་སྟྭ~ཾ། ཏེ་སྟྭ~ཾ། དྷི་གྷྲཾ། ཏཽ་གྷོ་ཏ་སྟྭ~ཾ། གྷ~ཾ་གྷོ་གྷི། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རིག་སྔགས་གཅོད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། སེམས ་ཆེན་པོ་ཉོན་ཅིག། བསྐལ་པའི་མེ་ལྟར་འབར་བ་ཡི།། འོད་ཟེར་འདུ་འཕྲོའི་ཀློང་དཀྱིལ་ན།། ཁྲོ་བོ་ཆེན་པོ་རྣམས་བཞུགས་པ།། བརྐྱང་བསྐུམ་ཚལ་གྱིས་གནས་པ་སྟེ།། དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི།། དབུ་དགུ་ཕྱག་ཀྱང་བཅཝ་བརྒྱད་དེ།། གཤོག་བརྡོ་རྗེ་གཏམས ་བགྲ་ངས།། ཞབས་ཀྱང་བརྒྱད་དུ་རྣམ་པར་བསྟན།། དཔེ་དཀྱིལ་ལ་ཁོར་ཁྲོ་བ་འོ།། དབུགས་མ་ཕྱག་དག་གཤོག་པ་རྒྱ།། ཟླབས་བྱུང་དྷ་བྲག་སྤྱདན།། འདག་ཏན་ཀྱང་བ་འདྲང་ཚུལ་ན།། དུའ་བྱཱཏྟ་ན།། རྡོ་རྗེ་མ་ས་པ ་ཅན།། འཇིགས་པའི་གཟུགས་ཅན་ལང་པོ་སྟེ།། དེ་དག་ཅིང་ཡང་འགྲུབ་པར་བྱེད།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། །། རྡོ་རྗེ་སྲིན་མོ་ཆེན་མོ་ནི།། འཇིགས་བྱེད་ཆེན་མོར་སྣང ་བསྟེ།། ཕྱག་ཀྱང་སྲིན་མོ་ཆེན་པོ་ལྟར།། མཐུན་ཏེ་ཞབས་ཀྱང་ད་དང་འདྲ།། དེ་ལྟ་བུ་ཡི་དཀྱིལ་འཁོར་དུ།། རིན་ཆེན་མ་ཏོག་པོར་ནས་ནི།། ལྕགས་ལ་བབ་པའི་ལྷ་དེ་ནི།། གཏོར་ན་འགྲུབ་པར་ཐེ་ཚོམ་མེད།། དགེ་དང་མི་དགེ་འ་ཆོས་རྣམས་ལ།། ལྷག ་བརྩོན་པར་མི་རྦ་སྟེ།། མཉམ་ཉིད་རིག་པའི་ཀླུང་ཞུགས་ནས།། ཅི་ག་ཐོགས་པ་མེད་པར་སྤྱོད།། རྡོ་རྗེ་དབྱུག་པ་བླངས་ནས་སྭ།། གསབ་པོ་ལྔ་ཡང་གཱ་ཡབ་པར་བྷ།། དེ་ནས་དཀྱིལ་འཁོར་བཞུགས་པར་བརྟག། མཆོད་པ་ཆེན་པོ་དཔྲལ་བར་བྱ།། སེ་གོལ་གཏོས ་བཅོཾམ་མིས་ཅང་།། མགྱོགས་མས་ཕྱོགས་བཻ་རྠ་གར་ཡང་བྱིན།། དེ་ལ་ཞོན་ནུས་འགྲོ་བྱུང་བ།། བྱི་གི་མགོ་ཅན་ལ་སོགས་ཀུན།། སྦེང་བྱེད་མ་གྱིས་སྦས་པ་ནི།། མཐེ་ཆེན་ལྷ་སྲི་གང་གིས་བྱུང་།། དེ་ལ་མཐོང་བར་མི་ནུས་ན།། གཞན་གྱིས་མཐོང་བར་ག་ལ ་ཚུལ་བྱེད་ལས་ནི་གཞན་འདེབས་ཡིན།། མགྷ་གྷས་མའི་ལས་ནི་སྦྱིན་པར་འགྲོ།། གསོད་མའི་ལུས་ནི་གྲུབ་པ་ཡིན།། སོ་སོར་མ་བསྒྲུབས་ཉིད་འགྲོ་ས།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྡོ་རྗེ་སྲིན་མོའི་ལྕེ་འུ་སྟེ་བཅུ་གསུམ་པའོ།། ཨོཾ ་ས་མཧཱུ~ཾ། ཨོཾ་བརྠམ་རྗེས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷས་མ་ཡ་ཧཱུ~ཾ། ཨུཙྪ་ཧ~ཾ་བྷག་པར་\ུ0f7f། ཧྲ་ལུ་ཁཱ་དྲུ་ལུནྟུ། ཨོཾ་ཏུ་ཧཱུ~ཾ་། དྷཱུཿ། ཨོཾ་ནྡས་ཏུ་ཛྙཱ་ད~ཾ་ཊྚེ། རྗེ་ག་གང་ཧཱུ~ཾ་ཝ~ཾ་ཀྲོ་དྷ་བཛྲ་ཡ་ཧཱུཾ། ཧ་ཧྲ ་དྷས། མ་པ་ནནལ་། ད་ཧ་ཏཱ་ངན་། ། མ་། ནལ་བྷྱོ། བྷྱ་བྷྱས། སློབ་ས་བ་། ཐས་ས་ནས། བ་དྷཱ་ཨཱ ་བའི་རྫུ ་འདུས་པའི་ལེའུ་སྟེ་བཅུ་བཞི་པའོ།། ། ཨོཾ་བཛྲ་ཀྲོ་དྷི་ཛྷཻཾ། ཧ་ལ་ཧ་ལ་ཧཱ་ལ་ཧ་ལ་ཧ་ཧཱུ~ཾ། ཨོཾ་བཛྲ་ཀྲོ་དྷི་ཧཱུ~ཾ། རུ་ལུ་རུ་ལུ་རུ་ལུ་རུ་ལུ་རུ་ལུ་ཧཱུ~ཾ། མ་མ་མ་མ་མ་སྟྲཻ། དྷུ་ཊྱ་ཌྜྷྱ་བྷྱོ་བྷྱོ་ཧཱུཾ། ཛཿཛཿཛཿཧྲཱི་ཧཱུཾ་ཧཱུ~ཾཧཱུཾ། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྡོ་རྗེ་སྲིན་མོའི་སྔགས ་ག་། ང། ན་ཡི་རྒྱལ་པ་སྒྲུབ་ག་མ་ཙླི་ག། དྲུག་པ་ཐོའི་ཐར་བྱེ་དྲུ་དུ།། བ་བྱེར་བ་དུ་གདུགས ་ཆེན་བཞི་ཡང་གཅིག་པར་བྱ།། མགོ་དང་མཚན་ཡང་སྙིང་པོར་བརྟག། རྡོ་རྗེ་རྩེ་གཅིག་རྩེ་དགུ་དང་།། བཅུ་གཅིག་ཏུ་ཡང་རྣམ་བརྟགས་ཏེ།། འདི་ནི་ཁྲག་འཐུང་ཆེན་པོ་ཡི།། ཕྱག་རྒྱ་ཡིན་པར་དཔའ་བོས་བཤད།། ལག་པ་ཐལ་སྦྱར་གྱེན་དུ་བསྒྲེང་།། རྐང་པ་ཕྲལ་ནས ་བརྟང་བསྐུམ་ཞིང་།། གོམ་པའི་སྟབས་ཀྱིས་གར་བྱེད་པ།། འདི་ནི་ཧཱུ~ཾ་གི་རྒྱ་ཆེན་ཡིན།། རྐང་པ་ཕྲལ་མཐིལ་ཐུར་དུ་གཟུགས།། ལག་པ་ཕྲལ་ནས་གར་བྱེད་ཅིང་།། སྟབས་སུ་མཆོད་པར་བྱེད་པ་ནི།། འདི་ནི་སྟོབས་ཆེན་ཕྱག་རྒྱ་ཡིན།། རྐང་པ་གཡོན་གྱིས་གཡས་ལ་འཁྱུད། ་ངག་པ་གོར་ཐབས་བསྐོར་ནས་ཀྱང་།། ཐལ་མོ་དྲག་ཏུ་བརྡབས་པ་ནི།། རྣམ་པར་རྒྱལ་བའི་ཕྱག་རྒྱ་ཡིན།། ལག་པ་གཡས་གཡོན་མཐེ་བོ་ཡིས།། མཐེའུ་ཆུང་སེན་མོའི་མཐིལ་དུ་གནོན།། གདངས་པའི་ཐབས་སུ་བསྒྲེང་བ་ནི།། དབྱུག་སྔོན་ཅན་གྱི་ཕྱག་རྒྱ་ཡིན།། ་རག་པ་ཀྟ། ས་པའི་འན་མས།། དག་པའི་བབསས་སདངས་པདང་།། གསུད་པ་དག་པ་པ་དུ་།། གཤིན་རྣམས་པ་མྱུག་སྨྲ་།། སྡུག་ཟུགགས་པའི་བགྲམ་གྱིས།། པ་གས་སགསས་པ་དང་། ་ག་།། ལ་ས། མ་། །། ང། ། གས་། ་ནང་པ་ལས་ཀྱ་བྱའོ།། གན་ཀྱིས་མི་ཐ་ཕྱུག་ན་ཡིན།། ག་པ་ལས་པརྗོད་དབང་ག་ཏེ།། རྐང་པ་གཤིབས་ཉི་ངས་པ་འི།། འདུད་ཀྱི་འཁྱིལ་བའི་ཕྱག་རྒྱངས།། དཔའ་བཆེ་པས་ཡང་དུབ་ཤིང་།། བསྒྲུཔ་གལས་གཡོན་པ་རྣལ་པ་དང་། ་བྱུང་ཐུམ་དའོ།། རླུངས་སསུམརྣལ་པ་རྣག་ན་། ན་པོ་པོ་ད་པ་ཤིང་།། འདུ་ག་དང་།། ལུམ་པ་དདག་ཏུགསོལ་པ།། ད་མ་།། ག་ཡིན་པར་འཛི་པས་བཤད། ་པ་ནི། དག་བྱས་ན།། ལ་སྩག་མི་དཀྱི་སུས་ས་ས་འིསྟེ། གཞན་ཡང་གའི་བ་ཐམས་དུན།། ར་གྱུར་ཐ་མ་། ག་པའི་ས་བཛིན་པ་ང།། འཕགས་པ་ས་ཀྱི ་ཤིང་ལས་དྲུག་ཏུའི་ཝཱ་སྟེ་བཅུ་གཔའོ།། འཁོར་མིསྦྱིན་པའི་རྫོབས་བརྒྱད་པའོ།། དཀྱིལ་དུ་ཁྲག་འབང་སྤྱན་ངས་ཏེ།། མང་དུ་མྱང་ཀུན་དྲངད་ང་།། ནུབ་ཏུ་རྩུབས་ཆེན་ལྡན་དངས་ནསྟེ།། འཁོར་མ་མས་བྱེ་ག་དྷ།། བན་པོརྗོ ་མས་བའིན། མ་ཀྱི་ནས་སུ་སྐྱེ་ངས་ཏེ།། ང་གྱི་སྨྱིག་པ་འདུ་། ན་སྲིན་གའན་དེ་དབལ་བར་གྱི།། ཀྱིས་སྤྱོ་བྱུ་ཏེ།། པའི་མ་རྣཾམས་བཅུ་ཡོ་བྱ།། ང་རྡོ་རྗེལ་པར་བཏུ་བས།། འཛི་འདུ་ས་ཁམས ་འབྱམ་ཀུན།། ཐོས་པས་ཡུད་ཙམ་རླག་མཛད་དེ།། བརྟག་པར་མ་གྷར་གང་ཡང་མེད།། འཕགས་པ་ཐབས་ཀྱི་ཞགས་པ་པདྨ་ཕྲེང་ལས་ལས་ཀྱི་ལེའུ་སྐུ་བཅུ་བདུན་པའོ།། །། རྡོ་རྗེ་ཕྲ་མེན་སྐོར་བ་ཡིཡས།། ཡུད་ཙམ་གྱིས་ནི་དེངཀྲ་ཀྲ་ནས།། སྐྲོད་པའི་ཚབ་ངར་བ ་ན།། ལྷ་ཡང་རུང་སྟེ་བརླག་པར་འགྱུར།། བུག་པའི་མགོ་ཅན་ལ་སོགས་པའི།། ཕྲ་མེན་མ་རྣམས་སྤང་བྱས་ཏེ།། མིག་དང་རྔུ་བསྣུ་དངདུ་ལྕེ།། དེ་ཡི་སེམས་འཕྲོགས་བསྒོམ་ཉམས་འགྱུར།། པྲ་མེན་རྣམས་ནི་སྤད་བྱས་ཏེ།། དེ་ཡི་སྒྲུབ་པའི་བར་གཅོད་ཅིང་།། ག ་སྐྱེ་འཁྲུག་པར་བསྒོམ་བྱས་ན།། སྐབ་གཉམས་ཤིང་འབྱེ་བར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པཛྲ་ཕྲེང་ལས་དྲག་པོའི་ལས་ཚེ་ལེའུ་སྟེ་བརྡ་བརྦང་པའོ།། །། ཏོ་མ་ཁུང་ཟུར་གསུམ་གདེངས་པ་ལ།། རྡོ་རྗེ་མདའ་གཞུ་ལྡན་བྱས་ཏེ།། ཐོད་པ་དག་གིས་རྣམ་པར ་བརྒྱན།། སྤྱན་དྲངས་བསྲེགས་ན་ལྷོ་ཡང་འཆི།། ཕྲ་མེན་མངགས་ཏེ་བཀུག་ནས་ནི།། ཐབ་ཀུན་བསྲེགས་ན་ལིང་ལ་འཆི།། བསུང་དང་བསྲེས་པའི་ཤ་རྣམས་ཀྱིས།། ལྷ་རྣམས་ཐམས་ཅད་མཆོད་པར་བྱ།། རྡོ་རྗེ་གླུ་ནི་བླངས་ནས་སུ།། འབྱུང་པོའི་ཤ་ནི་ཤིན་ཏུ་ཞིམ།། འབྱུང་བ ་ག་ནི་ཤིན་ཏུ་ནམ།། འབྱུང་པོའི་རུས་བཞིས་པ་སྟེ།། གསོག་ཏེ་ཐམས་ཅད་དཀྲིས་པར་མཛོད།། འཕགས་པ་ཐབས་ཀྱི་དགས་པ་པདྨོ་བྱུང་ལས་དྲུག་པོ་ཧོམ་གྱི་ལེའུ་སྟེ་བཅུ་དགུ་པའོ།། །། ལྕགས་ས་མ་ནག་པོའི་ཤིང་རྣམས་ལ།། མགོ་བ་རྒྱ་མདུང་རྩི་བླར་གསུམ།། 9། ་བ་ཁྲོ་མོ་རྣམས་བསྒོམས་ཏེ།། བཏབ་ན་ཝཱ་ཡང་བརྟག་པར་འགྱུར།། འཕགས་པ་ཐབས་ཀྱི་ཞུགས་པ་པ་དྨ་ཕྲེང་ལས་དྲུག་པོའི་གྲཝར་པའི་ལེ་སྐྲྀ་ཉི་ཤུ་པའོ།། ལྕགས་བྱེ་དྲུག་དང་རྡོ་རྒྱ་དང་།། ཁྲག་ལས་སྦས་ཏེ་བསྲེས་པ་དང་།། མྱང་གའི་ཚན་དེང་སྦྱོར་བདག། ་བས་གཏར་ན་དེ་བརྙ་འགྱུར།། བཔགས་པ་བས་ཀྱི་དགས་པ་པདྨོ་གྲང་པས་དྲུག་པའི་གཏར་བའི་མ་གྱི་སྐྱེ་ཉི་ཤུ་གཅིག་གྲོ། མེ་དཀྱིལ་འ་ཁོར་གདུན་ལུང་དུ།། ཁྲེ་པོའི་ཐཁྲིས་བརྡུངས་པའོ།། རྡོ་རྗེས་ན་ཐུགས་པཞིས་ཐསས།། སྤྱི་མིང་ང་ཆུ་ཧཱུ~ཾ། ་པར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དྲག་པོའི་སྦྱོར་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དྲག་པོའི་ལས་ཀྱིས་བསླབས་པའི་རྣམས།། འཁོར་བའི་ལམ་ལྷ་སྒྲོ་བཅད་ནས།། རྣམ་ཤེས་ཧཱུཾ་གིས་བསྡུས་གཏུམས་ཏེ།། རྫོག ་རྣ་མེད་གནས་མཆོག་ན།། གཙོ་བོ་ལྔ་དང་གཙོ་མོ་ལྔ།། སེམས་དཔའ་དང་ནི་སེམས་མ་དང་།། ཁྲོ་བོ་དང་ནི་ཁྲོ་མོ་རྣམས།། སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང་།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་གནས་བསྒྲུབས་པའི་ལི་རུ་ཊེ་ཉི་ཤུ་གསུམ་པའོ།། ་གས་དཀྱིལ་འ་ད་པ།། ཐུག་མ་མེ་པ་ཏེ། རྣས་རྣམ་ད། ས་པར་།། རྨུགས་པ་ཀྱིལ་བར་བངས་པ།། ང་གནས་པ་འདི་སུ་ས། ཞུགས་པས་ཟད་པ་དང་མ་ད་། ་དུས་གྱུང་གང་ཡང་མེད།། རྡོ་ཀྵ་མེན་མང་གས་ནས་ས།། བཀྲུག་ནས། བ་རྫུན་པ་ཡིས།། ཆགས་པའི་ཚུལ་གྷཱི་ས་དེ་ལུས་ལས།། དཔའ་དྲུངག་རྗི་བརྗི་བསུས་ནས་འགྲུབ།། ཕྲ་མེན་རྣམ་པ་ནི་ཡང་གས་ནས་སུ།། དེ་ཡི་མས་རྦ་སྭཱ་དང་ལྕེ།། ལུས་གི་སེམས་བསྒྱུར་རྣམས ་བསྒོམས་ན།། ཀུན་ལ་མཛེས་ཤིང་དགའ་བར་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དབང་གི་ལས་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། ཧོམ་ཁུང་ཟླ་གམ་གདེངས་པ་ལ།། རྡོ་རྗེ་ཞགས་པས་བརྒྱན་པར་བྱ།། དེ་ནས་ལྷ་རྣམས་སྤྱན་དྲངས་ཏེ།། མི ་པན་རྣམ་རྟོག་བསྲེགས་ན་འགྲུབ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དབང་གི་ཧོམ་གྱི་ལེའུ་སྟེ་ཉི་ཤུ་ལྔ་པའོ།། །། ཟངས་སམ་ཁ་དོག་དམར་པོའི་ཤིང་།། མགོ་བོ་རྒྱ་མདུད་རྩེ་ཟླ་གམ།། མགོ་ལ་ཁྲོ་བོའི་འཁོར་བསྒོམས་ཏེ།། བཏབ་ན་ངེས་པར་དེ་དབང ་འགྱུར།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དབང་གི་ཕུར་པའི་ལས་བཤད་པའི་ལེའུ་ལྕེ་ཉི་ཤུ་དྲུག་པའོ།། །། ཟངས་ཕྱེ་དང་ནི་བུ་རམ་དང་།། དམར་པོའི་འབྲས་ཅན་ལ་སོགས་པ།། སྦྱར་བས་གཏོར་མ་གཏང་བར་བྱ།། མཐོང་བས ་ངེས་པར་དེ་དབང་འགྱུར།། འཕགས་པ་ཟབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དབང་གི་གཏོར་མའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། ། ཁྲོ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། ཁྲོ་བོའི་དཀྱིལ་འཁོར་བསྒོམས་བྱས་ན།། ལྷ་ཡང་ར་སྟེ་དབང་དུ་འགྱུར།། དེ་ནི་བད ་བ་ཆེན་པོ་ཡིན།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་དབང་གི་སྦྱོར་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །། གྲུ་བཞི་དཀྱིལ་འཁོར་རྩིབས་བརྒྱད་པར།། ལྷ་རྣམས་འཁོར་བཅས་སྤྱན་དྲངས་ཏེ།། མཆོད་པ་གླུ་ལ་སོགས་པས་མཆོད།། དེ་ནས་ལས ་རྣམས་བརྩམ་པར་བྱ།། ང་རྒྱལ་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན།། དཔལ་དང་གཟི་བརྗིད་ཆེན་པོ་རྣམས།། ཡུད་ཙམ་གྱིས་ནི་རྒྱས་པར་མཛོད།། ཁྲོ་བོ་ཁྲོ་མོ་འཁོར་བཅས་དང་།། རྡོ་རྗེ་ཕྲ་མེན་འཁོར་བཅས་པས།། དཔལ ་དང་གཟི་བརྗིད་འཕེལ་བསྒོམས་ན།། བདག་ཉིད་ཆེན་པོར་དེ་འགྱུར་རོ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྒྱས་པའི་ལས་ཀྱི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །། ཧོ་མ་ཁུང་གླུ་བཞི་གདེངས་པ་ལ།། རྡོ་རྗེ་འཁོར་ལོས་བརྒྱན་པར་བྱ།། དེ་ནས་ལྷ ་རྣམས་སྤྱན་དྲངས་ཏེ།། བསྲེགས་པས་མཆོད་ཅིང་དཔལ་འཕེལ་བསྒོམ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྒྱས་པའི་ཧོམ་གྱི་ལེའུ་སྟེ་སུམ་ཅུ་པའོ།། །། གསེར་རམ་སེར་པོའི་ཤིང་རྣམས་ལ།། མགོ་བོ་རྒྱ་མདུང་རྩེ་ཟུར་བཞི།། ལྷ་རྣམས་བསྒོམས ་ཏེ་གདབ་པར་བྱ།། འདི་ནི་རྒྱས་པའི་ལས་ལ་ཤིས།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྒྱས་པའི་ཕུར་པའི་ལེའུ་སྟེ་སུམ་ཅུ་གཅིག་པའོ།། །། གསེར་ཕྱེ་འབྲས་ཆེན་སེར་པོ་རྣམས།། འོ་མ་སྦྲང་རྩེ་གཏོར་མ་ནི།། རྒྱས་པར་འགྱུར་བའི་གཏོར་མུ་སྱེ། ་མཁས་པས་རྒྱས་པར་བསྒོམ་ཞིང་སྦྱིན།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་རྒྱས་པའི་གཏོར་མའི་ལེའུ་སྟེ་སུམ་ཅུ་གཉིས་པའོ།། ། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། ལྷ་ཡི་དཀྱིལ་འཁོར་རྫོགས་པར་བསྒོམ།། བྱང་ཆུབ་སེམས་ནི་འཕྲ ་བསྒོམས་ན།། འདི་ནི་རྒྱས་པའི་ལས་འགྲུབ་བོ།། འཕགས་པ་ཐབས་ཀྱི་ཞུགས་པ་པདྨོ་ཕྲེང་ལས་རྒྱས་པའི་སྦྱོར་བའི་ལེའུ་སྐྱེ་སུམ་ཅུ་གསུམ་པའོ།། ། ཐུལ་པོའི་དཀྱིལ་འཁོར་རྩིབས་བརྒྱད་པར།། ལྷ་རྣམས་འཁོར་བཅ ་སྤྱན་དྲངས་ཆེ།། དཀར་པོའི་ཡོན་གྱིས་མཆོད་པ་བྱ།། དེ་ནས་ལས་རྣམས་བརྩམ་པར་བྱ།། གཏི་མུག་རྡོ་རྗེ་འཁོར་བཅས་པས།། འཇིག་རྟེན་ཁམས་ནཱི་རབ་འབྱམ་ཀུན།། ཡུད་ཙམ་ཉིད་ལ་ཞི་མཛད་དེ།། ཞི་བར་གྲུབ་ལ་ཕྱག་འཚལ་ལོ།། ལྷ་རྣམས་འཁོར་བཅས་ཐམས་ད ་ཀྱིས།། འལྡག་པ་ཐམས་ཅད་འི་མཛད་པར།། བསྒོམས་ན་ཐམས་ཅད་ཡུད་ཙམ་གྱིས།། ཞི་བར་འགྱུར་ཏེ་ཐེ་ཚོམ་མེད།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཞི་བའི་ལས་ཀྱི་ལེའུ་སྟེ་སུམ་ཅུ་བཞི་པའོ།། །། ཧོམ་ཁུང་ཟླུམ་པོ་གདེངས་པ་པ།། རྡོ་རྗེ་བཅྡོཾམ་བརྟན་པར ་ཕུར་པ་དཀར་པོ་དྲུག་བཏབ་སྟེ།། སྤྱན་དངས་རྡུལ་ཕྱི་སོགས་པས་མཆོད།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཞི་བའི་ཧོམ་གྱི་ལེའུ་སྟེ་སུམ་ཅུ་ལྔ་པའོ།། །། ཕུར་པ་ཁ་དོག་དཀར་པོ་ལ།། མགོ་བོ་རྒྱ་མདུད་རྩེ་ཟླུམ་པོར།། ལྷ་རྣམས་བསྒོམས་ལ་གདབ་པར་བྱ།། 2ང ་ནི་ཞི་བའི་ལས་ལ་ཤིས།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཞི་བའི་ཕུར་པའི་ལེའུ་སྟེ་སུམ་ཅུ་དྲུག་པའོ།། །། དངུལ་དང་འབྲས་ཆེན་དཀར་པོ་རྣམས།། འོ་མར་སྦྱར་བའི་གཏོར་མ་ནི།། ཞི་བར་འགྱུར་བའི་གཏོར་མ་སྟེ།། མཁས་པས་ཞི་བར་བསྒོམས་ཤིང ་གཏོར།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཞི་བའི་གཏོར་མའི་ལེའུ་སྟེ་སུམ་དུ་བདུན་པའོ།། ། ལྷ་མོ་རྣམས་ཀྱི་དཀྱིལ་འཁོར་དུ།། ལྷ་ཡི་སྒྲུབ་པ་བསྒོམ་པར་བྱ།། བྱིན་གྱིས་ཐམས་ཅད་གི་བསྒོམས་ན།། ལྷ་རྣམས་ཀུན་ཀྱང་ཞི་བར་འགྱུར།། འཕགས ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ཞི་བའི་སྤྱོད་པ་ལས་ཀྱི་ལེའུ་སྟེ་སུམ་ཅུ་བརྒྱང་པའོ།། ། མཚན་ཉིད་མེད་པའི་ཕྱག་རྒྱ་དང་།། དེ་ལས་དངོས་བྱུང་ཕྱག་རྒྱ་རྣམས།། ངེས་པ་མེད་པར་དཔའ་བོས་བཤད།། མཁས་པས་ཅི་དགར་བསྒྱུར་ན་འགུད།། ་འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ལས་བསྡུས་པའི་ལེའུ་སྟེ་སུམ་ཅུ་དགྲ་པའོ།། །། དྲག་པོས་ཐམས་ཅད་འདུལ་བར་འགྱུར།། དབང་གིས་འབྱོར་པ་མཆོག་ཀྱང་འགྲུབ།། རྒྱས་པས་གཟི་བརྗིད་རྣམ་པར་འཕེལ།། ཞི་བས་བདེ་བའི་མཆོག་ཀྱང ་འགྲུབ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་ལས་ལས་སྒྲུབ་པའི་ཕན་ཡོན་གྱི་ལེའུ་སྟེ་བཞི་བཅུ་པའོ།། །། དཀྱིལ་འཁོར་འདིའི་མཚན་ནི་དབང་ཆེན་བསྡུས་པའི་དཀྱིལ་འཁོར་ཏེ། དེ་ལ་དཀྱིལ་འཁོར་གྱི་གཞི་ཟླུམ་པོར་བྱ་བ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་མེད། ་པའི་དོད་ནོ།། འཁོར་ལོ་རྩི་པས་ཟུར་ཅན་དུ་བྱ་བ་གི་ནི་ཟླུམ་པོའི་ནང་ནི་གནས་པ་ནི་ཆོས་ཀྱི་དབྱིངས་སྤྲོས་པ་མེད་བཞིན་དུ་བྱིན་གྱིས་བརླབས་ཀྱི་ལྷ་དང་། ལྷ་མོ་དང་། ཁྲོ་བོ་དང་། ཁྲོ་མོ་དང་། ཕོ་ཉ་ལ་སོགས་པ་དེ་ཉིད་ཀྱིས་འགྲོ་བའི་དོན་ནོ།། རྣམ་པ་གཅིག་ཏུ་ཆོས་ཀྱི་དབྱིངས་རྣམ་པར ་རྟོག་པ་མེད་བཞིན་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཡང་མཁྱེན་པ་ལྷུན་གྱིས་གྲུབ་པའི་དོན་ནོ།། མཐའ་གྲུ་བཞི་བྱ་བ་ནི། ཕྱོགས་བཅུའི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ལ་དབང་བསྒྱུར་བས་བདེ་བ་ཆེན་པོ་རྒྱས་པའི་དོན། དཀྱིལ་ནས་ལྷ་མོ་ལྔ་ཕྱིར་ལྟ་བ། ལྷ་མོ་ནི་དབྱིངས ་ཉིད་ཉེ་བའི་བྱིན་བརླབས་ཏེ། སེམས་དཔས་དབྱིངས་ཉིད་དང་ཉེ་བ་མཐོང་བའི་དོན་ནོ།། སེམས་དཔའ་ལྔ་ནང་དུ་ལྟ་བ་ནི་དབྱིངས་ཉིད་ཉེ་བ་ལ་ལྟ་བའི་དོན་ནོ།། སེམས་དཔའ་གཞན་ཕྱིར་ལྟ་བ་ནི། དབྱིངས་ཉིད་ཐམས་ཅད་དུས་རྡོ་ལྟ་བུ་བེམས་པོ་མ་ཡིན་གྱི་མཁྱེན་པའི་ཡེ་ཤེས་དང ་ལྡན་ཞིང་སེམས་དཔའ་ཉིད་དབྱིངས་ལས་མི་གཞན་པའི་ཐ་ཚིག་གོ།། སེམས་མ་གཞན་ནང་དུ་ལྟ་བ་ནི་མཁྱེན་པའི་ཡེ་ཤེས་དངོས་པོ་ལ་སོགས་པ་ཐམས་ཅད་དུ་རྣམ་པར་རྟོག་པ་མ་ཡིན་གྱི་དབྱིངས་ཉིད་དང་ལྡན་ཞིང་དབྱིངས་ཉིད་ཀྱང་མཁྱེན་པའི་ཡེ་ཤེས་ལས་མི ་གཞན་པའི་ཐ་ཚིག་གོ།། རྣམ་གཅིག་ཏུ་སེམས་དཔའ་ཕྱིར་ལྟ་བ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་བསྒྱུར་བའི་དོན། སེམས་མ་ནང་དུ་ལྟ་བ་ནི་སྣོད་དང་བཅུད་ཀྱི་འཇིག་རྟེན་ཐམས་ཅད་དབང་དུ་འདུས་པའི་དོན། སེམས་དཔའ་དང་སེམས་མ་གྱི་ནང ་དྲུགཅིག་ལ་གཅིག་ག་གས་པ་ན་མཉེས་པར་བྱེད་པའིའཆོགས།། ནབ་དང་ཟླས་ལ་ན་ངན་སྐྱེ་དངས་པ་དང་ནལ་བུ་ལྤ་སགས་པའང་ས་གང་འདུལ་བུ་འདན། དྲུང་བྱ་ས་དཀྱིས་ལ་།། ཟུགགས་རློན་ཇིམ་ན ་ཉི་མའི་འོད་སྣང་ཞིང་གསལ་པ་ལྟ་བུའོ།། དེའི་བྱིན་བརླབས་ནི་དྲོ་ཞིང་འཇམ་པ་ལྟ་བུའོ།། ཕྱིའི་དངོས་པོ་ལ་སོགས་པ་འཇོམས་ཤིང་འདུལ་བ་ནི་རྩི་ཤིང་བསྐམས་པ་དང་ཚིག་པ་ལྟ་བུ་སྟེ།། ལྷ་མོ་དང་སེམས་མ་ནི་ཆོས་ཀྱི་དབྱིངས་རིག་པའི་དོན་སེམས་ལ་སྣང་བའོ།། བྷ་དང་སེམ ་དཔའ་ནི་དདྷི་ངས་ལ་སྣང་བའི་དོན་མཐོང་བའོ།། དབྱིངས་ཉིད་ལྔ་སྡང་བ་དང་མཐོང་བའི་བྱིན་བརླབས་ཀྱི་རང་གིས་དངོས་པོ་དང་རྒོལ་བའི་རང་བཞིན་ལྷུན་གྱིས་འཇོམས་ཤིང་དབྱིངས་སུ་སྦྱོར་བར་འདུལ་བ་ནི།། ཁྲོ་བོ་དང་ཁྲོ་མོ་ལས་རྣམ་བཞི་རང་བཞིན་དུ་མཛད་ཅིང་ཐུགས་རྗེས་འཇིག ་རྟེན་སྟོང་བའི་དོན་ནོ།། འཇིག་རྟེན་སྟོང་བ་ལ་སོགས་པ་ནི་བྱིན་གྱིས་བརླབས་ལས་པྲོ་ཏ་ལྕེར་གནས་པ་ཡིན། རྣམ་གཅིག་ཏུ་འཇིག་རྟེན་རྫི་ལྷ་མཱ་ཐུ་བོ་ཆེ་འཁོར་དུ་འདུས་པར་བསྟན་པའི་དོན་ནོ།། བཀྲ་ཤྲཱིས་བརྒྱད་ནི་ཐམས་ཅད་ལ་དབང་བསྒྱུར་ཞིང་འཁོར་བ་ལ་སྤྱོད་ཀྱང་ཉོན་མོངས ་ཅིང་བར་འི་འགྱུར་བ་དང་། དྷན་དུས་ལ་སྟོད་བྱུ་ཐོས་ཀྱི་བརྩིགས་གཅིག་པར་མི་འབྱེར་།། གླེང་གི་ང་བྱེས་གྱིས་མདན་པའི་བྱུ་ཤེས་སོ།། དེ་འི་དཔེ་ལ་བྱེང་ནི་འབྱེད་པའི་ཡེ་ཤེས་དང་ལྡན་གྶ་ག་ཤིས་སོ།། མམ་མན་ཐམས་ད ་ལྷ་དབང་བ་མྱུར་བྱ་དང་། མྱོས་ཀྱི་འཁོར་ལོ་བསྦྱོར་བའི་བཀྲ་ཤིས་ས།། རིན་པོ་རྐྱེན་ཟད་མི་ཤེས་པ་དང་ལྡན་པའི་བཀྲ་ཤིས་སོ།། བདྨོ་ནི་འཁོར་བས་མ་ཟིན་པའི་བགྶ་ཤེས་སོ།། གདུགས་སྨིན་ནི་མོངས་པས་མ་གདུདུས་པའི་བཀྲི་ཤིས་སྷོ།། ཐམ་པ་ནི་བདུད་རྩི་མ་ཀ་དཔྱ། ན ་ཤོས་སོ། ནི་ཐོབམས་ཅང་སུ་རུང་བར་རྒྱགས་པ་གྱིས་སོ། ཁྱིའི་ལབརྒྱང་ལྔའི་བའི་ས་པ་བྱོ་པ་བྱ་མིང་མིང་བྱས་། ཁྱོང་བ་གས་འི་བྱེད་པ་གྱི་ཡི་བ་ག། ཡང་རྒྱད་ཀྱི་ས་པ་འ་གཞི་ས་བཞིན་མ་། ་བསྟན་པའམ། ཐུགས་རྗེས་དེ་དག་གི་དོན་མཛད་པའི་བཚིག་གོ།། རྣམ་གཅིག་ཏུ་ཐམས་ཅད་དབང་དུ་འདུས་པའི་དོན། དེ་ལག་ཙ་མོ་འཁོར་ལྔ་ལྔ་དང་བཅས་པ་ནི་ཅི་ཡང་མི་མཛད་དོ།། སེམས་དཔའ་སེམས་མ་ཉི་ཤུ་ནཱི་ཀུན་ལ་པླ་གཅིག་བཞིན་ནོ།། དེ་ལྟར་བྱས་པའི་ཤུགས་ཀྱིས་ཁྲོ་བོ་དང་། ་ཁྲོ་མོ་འཁོར་དང་བཅས་པ་ནི་གྱི་ནང་ཐམས་ཅད་ཀྱི་དངོས་པོ་ལ་རྔོན་པས་རི་དགས་མཐོང་བ་བཞིན་ནོ།། དེ་ལྟར་ཞེ་སྡང་གི་ཤུགས་ཀྱིས་ཐམས་ཅད་དབྱིངས་ཉིད་ལ་སྦྱར་རོ།། འབྱོར་ན་འཁོར་བའི་ཆོས་ལ་སྤྱོད་ཀྱང་ལོངས་སྤྱོད་ཆེན་པོ་སྟེ། ཉོན་མོངས་པའི་འཆིང་བར་མི་འགྱུར་བས ་དེ་ལྟར་སྒྲུབ་པ་ནི་འདོད་ཆགས་སོ།། ཆོས་ཀྱི་དབྱིངས་ངང་གིས་གསང་བ་ཕྲག་དོག་གོ།། ཆོས་ཉིད་སྤྲོས་པ་མེད་པས་གཏི་མུག་གོ།། ཆོས་ཉིད་དེ་ལྟ་བུ་ཁམས་གསུམ་ལས་རྒྱལ་བས་ང་རྒྱལ་ལོ།། དེ་ལ་གཙོ་བོ་ནི་འཁོར་ལྔའི་བྱིན་བརླབས་ནི་ཐམས་ཅད་ལ་ཁྱབ་མོད་ཀྱི་ཉེ ་དེ་སྦྱི་། ཡང་དུ།། པ་། དུ། ས་། ས་པ་མ་ས་གས་པ་གྱི་སུགསུས་སོ།། ཀྱིན་འཇུ་ལྡན་པ་འི་བྱིན་པ་གྲུས་དེ་བྱུག་པད་ཀྱི་བ་མི་གས་གས་ནོ།། དེ་བེན་ན ་འཁོར་ལྕིའི་བྱིན་པ་རླབས་ནི། ཞབས་གཡོན་ནས་རྙེད་པ་གཡོན་མནི་མེད་དོ།། དོན་ཡང་རྔུབ་པ་ལ་ཁོར་ལྔའི་བྱིན་བརླབས་ནི་ཞབས་གཡས་རྙེད་པ་གཡེན་མན་ཟད་དོ།། ཁྲོ་བོ་དང་ཁྲོ་མོ་ཐམས་ཅད་ནི་རིགས་སོ་སོའི་བྱིན་བརླངས་བཞིན་ནོ།། དེ་ལྟར་འཁོར་ལ་པོགཅིག་ལ་ཡང་ལྔ་ཝཱ་འགྱུར་ཏེ། ་བའི་བྷ་བ་བྱེད་པ་ཐམས་ཅད་ནི་རྡོ་རྗེའི་རིགས་སོ།། དྲོ་བའི་བྱ་བ་བྱེད་པ་ཐམས་ཅད་ནི་རིན་པོ་ཆེའི་རིགས་སོ།། གཤེར་བའི་བྱ་བ་བྱེད་པ་ཐམས་ཅད་ནི་པདྨའི་རིགས་སོ།། བསྐྱོད་པའི་བྱ་བ་བྱེད་པ་ཐམས་ཅད་ནི་ལས་ཀྱི་རིགས་སོ།། དེ་རྣམས་ཆ་མཉམ་པ་ལས་སྤྱིར་གྲུབ་པ་ནི་དངོས་སུ་བཞུགས་པ། དེ་བཞིན ་གཤེགས་པའི་རིགས་སོ།། ཐམས་ཅད་བདག་ཉིད་མའི་འཁོར་ལྔའི་བྱིན་བརླབས་ནི་དབུས་སུ་གྱུར་པ་ཐམས་ཅད་དོ།། སྲ་བའི་རང་བཞིན་མེད་པ་ནི་ཡངས་པའི་སྤྱན་འཁོར་ལྔའི་བྱིན་བརླབས་སོ།། དྲོ་བའི་རང་བཞིན་མེད་པ་ནི་མཱ་མ་ཀཱི་འཁོར་ལྔའི་བྱིན་བརླབས་སོ།། གཤེར་བའི་རང་བཞིན་མེད་པ། ་ནི་གོས་དཀར་མོ་ཁོར་ལྔའི་བྱིན་བརླབས་སོ།། བསྐྱོད་པའི་རང་བཞིན་མེད་པ་ནི་སྒྲོལ་མའི་འཁོར་ལྔའི་བྱིན་བརླབས་སོ།། དོན་དུ་བྱ་བ་བྱེད་ནུས་པ་སེམས་དཔའོ།། དེ་བཞིན་དུ་རང་བཞིན་མེད་པ་ནི་སེམས་མའོ།། དེ་ལྟར་རིག་པ་ནི་ཁྲོ་བོ་དང་ཁྲ་མོའོ།། དེ་ལ་བསུ་ཥཱ ་སློབ་ཡང་ཐམས་ཅད་དེ་ལྟར་བྱའོ།། ཕྱི་ནང་གི་ཆོས་ཐམས་ཅད་ལ་ཡང་དེ་ལྟར་བལྟའོ།། དེ་སྐད་ཅེས་དཔལ་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ་ལ་རྡོ་རྗེ་གཞོན་ནུ་སྡེ་འབུམ་ཕྲག་དུ་མ་ཡཱི་རངས་ཏེ་འདི་སྐད་ཅེས་བསྟོད་དོ།། ཧཱུ~ཾ། བསྐལ་པའི་མེ་ལྟར་འབར་བ་ཡི།། འོད་ཟེར་འདྲེ་འགྲོ ་རྨོང་དཀྱིལ་ན།། ཁྲོ་བོ་ཁྲོ་མོ་རྣམས་བཞུགས་པ།། སྐུ་ནི་ཅིར་ཡང་སྦྱར་པའི་གཟུགས།། ཧཱུ~ཾ། དབུ་སྐྲ་ཁམ་གནག་རལ་པ་ཅན།། གྱེན་དུ་འཁྱིལ་བ་སྲིད་རྩེང་འབར།། མི་མཉམ་ཁྲོ་གཉེར་སྡང་མིག་ནི།། ལོག་པར་ལྟ་བ་འདུལ་བའི་མཚན།། ཧཾ། མཆེ་བཟང་ཡག་གཙིགས་པས་ནི།། སྐྱེ་ཤི་རྦྷུ་པ ་གཅོད་པའི་ཚུལ།། སྐུ་གསུང་ཐུགས་ཀྱི་ཕྲིན་བརླབས་ནི།། ཕྱག་རྒྱ་སྣ་ཚོགས་ཅིར་ཡང་ལྡང་།། ཧཱུ~ཾ། ཐུགས་རྗེའི་བྱིན་བརླབས་སྦྱིན་ལྟར་འཁྲིགས།། བླམས་པའི་འོད་ཟེར་གློག་བཞིན་འགྱུ།། རྣམ་པའི་སྒྲ་སྐད་འབྲུག་ལྟར་སྒྲོགས།། སྤྲུལ་པའི་ཐོག་ཐོག་ཆར་བཞིན་འབེབས། ཛྫ། སྔོན་གྱི ་ས་ས་ཅི་པ་ནི་ག་ཅིན་པསྣ་མཅོལ་ལ་ན་པ་གགསལ་མང་ད་ཚིག་ཅན་ལ་ས་སློབ་ཐུགས་ཚོན་པ་བྱིན་པ་ན་སམྱོ། བ་སིལ་གྱིན་ཅིག་རྒྱོ་མ་ཅི་།། བདེག་གིས་ཀྱིག་པའི་བས་མ་པརྣམས་གྲུབ་ས་ཀྱིད་ཀྱིས་པརྣའོ་། ་གསོལ།། འཁྱིལ་ཅིང་རྒྱན་ཡང་འཁྱིལ་པ་ལ།། སེམས་ཀྱི་ཆོས་པས་སྒྱུ་མི་མངར།། སྒྲ་ལས་འདས་པའི་སྦྱོར་བ་སྟེ།། བསམ་དང་བྲལ་བའི་ཡེ་ཤེས་ལགས།། ཧཱུ~ཾ། སྲིད་གསུམ་འཇོམས་པའི་ལྷ་ལ་ཕྱག་འཚལ་ལོ།། མཉམ་ཉིད་ངང་གིས་ཁྲོ་ལ་ཕྱག་འཚལ་ལོ།། ་ཁྲོས་པས་ལོངས་སྤྱོད་མཛད་ལ་ཕྱག་འཚལ་ལོ།། རྡོ་རྗེ་འདུ་འཕྲོ་ཁྲོ་ལ་ཕྱག་འཚལ་ལོ།། ཞེས་བསྟོད་དེ། ཉིད་ཀྱི་ཐུགས་ཀར་ཞུགས་ནས་མི་སྣང་བར་གྱུར་ཏོ།། འཕགས་པ་ཐབས་ཀྱི་ཞགས་པ་པདྨོ་ཕྲེང་རྫོགས་སྷོ།།་