| Wylie | e-texts produced with BDRC’s OCR application |
པ་འདྲ།། ཞེས་གསུངས་སོ།། བྱེ་བྲག་འབྱེད་པའི་མདོ་ལས། ཡོ་ག་རྣམ་པ་བཞིའི་དོན་གྱི་འགྲེལ་པ་བྱེ་བྲག་འབྱེད་པའི་མདོ་རྫོགས་སོ།། །། དེ་ནས་ཡང་སེམས་དཔའ་ཆེན་པོ་དེས། འདུས་པའི་ཚོགས་ལ་ཁྱད་པར་འཕགས ་པའི་མདོ་འདི་བསྟན་ཏོ།། ཀྱེ་འདུས་པའི་ཚོགས་ཆེན་དེ་ཉོན་ཅིག། ཁྱད་པར་འཕགས་པའི་དོན་འདི་ལས།། ཁྱད་པར་འཕགས་པའི་ཚེ་ལྔ་རུ།། ཆོས་རྣམས་ཐམས་ཅད་འདུས་པར་བཤད།། ཁྱད་པར་འཕགས་པའི་ཚེ་ལྔ་ནི།། མངོན ་པར་སངས་རྒྱས་ཆེ་བ་དང་།། ཆོས་དབྱིངས་སངས་རྒྱས་ཆེ་བ་དང་།། བདག་ཉིད་སངས་རྒྱས་ཆབ་དང་།། དེ་ཡིན་སངས་རྒྱས་ཆེ་བ་དང་།། ཐམས་ཅད་སངས་རྒྱས་ཆ་བའོ།། དེ་ཡང་ཇི་ལྟར་འཕགས་ཞན།། ཆབ་ལྔ་ལ་བྱང་ཆུབ་སེམས།། སེམས ་ས་འཕྲུགས།། ། མདདཔ་།། འདུ་བྱས་པའི་ཟུང་གྲ་སེམས། ཡང་བྱེདག་ན་ས་བྱེད་པར་ཞུགས་པར་བབྱུ་ངས་། ཨཱ་དུ ་སེམས།། འབྱུང་གནས་ཀུན་ལས་ཁྱད་པར་འཕགས།། ཨཱ་ནུ་ཡོ་གའི་ཆེ་བར་བཤད།། བདག་ཉིད་སངས་རྒྱས་ཆེ་བ་ནི།། ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས།། རྩོལ་ཞིང་བསྒྲུབ་ལས་ཁྱད་པར་འཕགས།། མ་ཧཱ་ཡོ་གའི་ཆེ་བར་བཤད།། དེ་ཡིན ་སངས་རྒྱས་ཆེ་བ་ནི།། མ་ནོར་བ་ཡི་བྱང་ཆུབ་སེམས།། གཏན་ཚིགས་ཀུན་ལས་ཁྱད་པར་འཕགས།། ཡོ་ག་དག་གིས་ཆེ་བར་བཤད།། ཐམས་ཅད་སངས་རྒྱས་ཆེ་བ་ནི།། སྒོ་སྐུར་འདས་པའི་བྱང་ཆུབ་སེམས།། བསམ་སྐྱོད་ཀུན་ལས་ཁྱད་པར ་འཕགས།། ལ་ཟློས་པ་ཡི་ཆེ་བར་བཤད།། ཁྱད་པར་འཕགས་པ་རྣམ་པ་ལྔ།། ཆེ་བ་རྣམ་པ་ལྔ་བསྟན་ཏེ།། སྟོན་པ་བསྟན་པ་འཁོར་གནས་དུས།། ཕུན་སུམ་ཚོགས་པ་རྣམ་པ་ལྔས།། སྐྱེ་འགག་མེད་པའི་ཁྱད་པར་གྱིས།། སྣང་སྲིད་ཀུན་ལས ་ཁྱད་པར་འཕགས།། མངོན་པར་སངས་རྒྱས་ཡིནྡ་པར་བཤད།། བྱང་ཆུབ་སེམས་པའི་འབྱུང་ཆེན་ལྔ།། ནམ་མཁའ་ས་ཆུ་མེ་རླུང་སེམས།། ཐམས་ཅད་འབྱུང་བའི་རང་བཞིན་གྱིས།། འབྱུང་གནས་ཀུན་ལས་ཁྱད་པར་འཕགས།། ཆོས་དབྱིངས་སངས ་རྒྱས་ཡིན་པར་བཤད།། བདག་ཉིད་སངས་རྒྱས་ཆེ་བ་ནི།། ཕུང་པོ་འབྱུང་བའི་རྣམ་ཤེས་ཡུལ།། དེང་ལས་བྱུང་བའི་ཆོས་ཡིན་ཏེ།། གཞན་ལ་མི་ལྟོས་རང་བཞིན་གྱིས།། རྩོལ་བཅུ་བཀུན་ལས་ཁྱད་པར་འཕགས།། བདག་ཉིད་སངས་རྒྱས་ཆེ་བར་བཤད།། ་དེ་ཡིན་སངས་རྒྱས་ཆེ་བ་ནི།། དཔེ་དང་དོན་དང་རྟགས་དང་ན།། ངེས་པ་དང་ན་གཏན་ཆགས་ལྔས།། མནར་པ་ཡི་རང་བཞིན་གྱིས།། གཏན་ཚིགས་ཀུན་ལས་ཁྱད་པར་འཕགས།། དེ་ཡིན་སངས་རྒྱས་ཆེ་བར་བཤད། ་ཐམས་ཅད་སངས་རྒྱས་ཆེ་བ་ནི།། འདུས་མ་བྱས་དང་དམིགས་སུ་མེད།། བསམ་དུ་མེད་དང་སྤོས་དང་བྲལ།། མཚོན་དུ་མེད་པའི་བྱང་ཆུབ་སེམས།། གཟུང་འཛིན་བྲལ་བའི་རང་བཞིན་གྱིས།། བསམ་སྐྲོད་ཀུན་ལས་ཁྱད་པར་འཕག་པ།། ཐམས ་ཅད་སངས་རྒྱས་ཆེ་བར་བཤད།། མངོན་པར་སངས་རྒྱས་ཆེ་བ་ནི།། ཕུན་སུམ་ཚོགས་པ་རྣམ་ལྟ་སྟེ།། སྟོན་པ་ཀུན་ཏུ་བཟང་པོ་ནི།། སངས་རྒྱས་ཀུན་གྱི་སྤྱི་མེས་པོ།། གླང་དོར་མེད་པའི་རང་བཞིན་གྱིས།། སྟོན་པ་ཀུན་ལས་ཁྱད་པར་འཕགས།། དེས ་ན་མངོན་པར་ཆེ་བར་བཤད།། སྡུད་པ་སེམས་དཔའ་ཆེན་པོ་ནི།། སངས་རྒྱས་སེམས་ཅན་འཁོར་རྣམས་ལ།། སྐྱེ་འཇིག་མེད་པས་ཁྱད་པར་འཁོར།། སྡུད་པ་ཀུན་ལས་ཁྱད་པར་འཕགས།། འཁོར་དེ་མངོན་པར་ཆེ་བར་བཤད།། བསྟན་པ་བལྟ་བ ་ཆེན་འདི།། ཆོས་ཉིད་ཀུན་གྱི་སྙིང་པོ་སྟེ།། ཐམས་ཅད་ཀུན་གྱི་རང་བཞིན་གྱིས།། ཐེག་པ་ཀུན་ལས་ཁྱད་པར་འཕགས།། དེས་ན་བསྟན་པ་མངོན་པར་ཆེ།། དུས་ནི་དུས་གསུམ་ཁྱད་པར་གཅིག། དུས་ལ་སྐྱེ་འཇིག་མེད་པས་ན།། གཅིག་ཏུ་གསའི ་བའི་རང་བཞིན་གྱིས།། སྔ་ཕྱི་ཀུན་ལས་ཁྱད་པར་འཕགས།། དུས་དེ་མངོན་པར་ཆེ་བ་བཤད།། ཡངས་པ་ཆོས་དབྱིངས་ཀུན་གཟང་གནས།། ཐམས་ཅད་འདུས་པའི་གནས་ཆེན་དེ།། མཐའ་དབུས་མེད་པའི་རང་བཞིན་གྱིས།། བཞུག ་གནས་ཀུན་ལས་ཁྱད་པར་འཕགས།། གནས་དེ་མངོན་པར་ཆེ་བ་བཤད།། དེས་ན་ཕུན་སུམ་ཚོགས་པ་ལྔས།། མངོན་པར་སངས་རྒྱས་ཆེ་བར་བཤད།། ཆོས་དབྱིངས་སངས་རྒྱས་ཆེ་བ་ནི།། བྱང་ཆུབ་སེམས་ལྔ་འབྲང་བ་ཆེན་པོ་ལྔ།། ཆོས ་ཉིད་ལྔ་རུ་སངས་རྒྱས་ཏེ།། ནམ་མཁའ་སྣང་བྱེད་ཁྱབ་པའི་དབྱིངས།། མ་བསྒྲིབས་པ་ཡི་བྱང་ཆུབ་སེམས།། སྒྲིབ་པ་མེད་པའི་ཁྱད་པར་གྱིས།། ཀུན་ལ་ཁྱབ་པའི་བདག་ཉིད་དོ།། ས་ནིས་བྱེད་རྡོ་རྗེ་དབྱར།། སྐྱེས་མེད་པའི་བྱང་ཆུབ་སེམས།། འཇིག ་པ་མེད་པའི་ཁྱད་པར་གྱིས།། འགྱུར་བ་མེད་པའི་ཆོས་ཉིད་དོ།། ཆུ་ནི་རིན་ཆེན་གཏེར་གྱི་དབྱིངས།། ཐམས་ཅད་སྡུམ་པའི་བྱང་ཆུབ་སེམས།། ཐམས་ཅད་སྡུད་པའི་ཁྱད་པར་གྱིས།། འབྱེད་པར་བྱེད་པའི་ཆོས་ཉིད་དོ།། མེ་ནི་རྣམ་དག་པདྨའི་དབྱིངས། ་གཟུང་འཛིན་དག་པའི་བྱང་ཆུབ་སེམས།། རྣམ་པར་དག་པའི་རང་བཞིན་གྱིས།། སྐྱོན་དང་བྲལ་བའི་ཆོས་ཉིད་དོ།། རླུང་ནི་བརྩོན་འགྲུས་ཡངས་པའི་དབྱིངས།། ཐོགས་པ་མེད་པའི་བྱང་ཆུབ་སེམས།། ཡང་ཞིང་གཡོ་བའི་ཁྱད་པར་གྱིས།། འགག ་པ་མེད་པའི་ཆོས་ཉིད་དོ།། ས་ཆུ་མེ་རླུང་ནམ་མཁའ་ལྔས།། ཐམས་ཅད་སྦེད་པར་བྱེད་པས་ན།། འབྱུང་གནས་ཀུན་ལས་ཁྱད་པར་འཕགས།། དེས་ན་ཆོས་དབྱིངས་ཆེ་བར་བསྟན།། བདག་ཉིད་སངས་རྒྱས་ཚ་བ་ནི།། བདག་ཉིད་ལྔ་རུ་ཤེས་པར ་བྱ།། ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ།། རང་ལས་འབྱུང་བའི་ཆོས་ཡིན་ཏེ།། རྩོལ་བསྒྲུབ་འདས་ཏེ་རང་ལ་རྫོགས།། འབྱུང་བ་ལྔ་ཡི་སངས་རྒྱས་ནི།། ཆོས་ཉིད་རང་གི་བྱང་ཆུབ་སེམས།། གཟུང་འཛིན་བྲལ་བའི་ཁྱད་པར་གྱིས།། བཙལ ་དུ་མེད་པའི་བདག་ཉིད་ཆེ།། གླང་པོ་ལྔ་ནི་རིགས་ལྔ་རུ།། རྩོགས་སྒྲུབ་འདྲས་ཏེ་རང་ལ་རྫོགས།། ལྷུན་གྱིས་གྲུབ་པའི་ཁྱད་ཀར་གྱིས།། བཙལ་དུ་མེད་པའི་བདག་ཉིད་ཆེ།། རྣམ་ཤེས་བརྒྱད་ནི་སེམས་དཔའ་རུ།། རྩོལ་བ་སྲུབ་འདས་ཏེ་རང་ལ ་རྫོགས།། སེམས་སུ་འདུས་པ་དམ་པ་སྟེ།། བཙལ་དུ་མེད་པའི་ཁྱད་པར་གྱིས།། བསྒྲུབ་ཏུ་མེད་པས་བདག་ཉིད་ཆེ།། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་ནི།། སེམས་མ་བརྒྱད་དུ་རང་ལ་རྫོགས།། རྟོག་དང་བྲལ་བའི་ཁྱན་པར་གྱིས།། སྲུང་དུ ་མེད་པས་བདག་ཉིད་ཆེ།། རང་ལས་བྱུང་བའི་ཆོས་རྣམས་ནི།། དམིགས་པ་མེད་པའི་བྱང་ཆུབ་སེམས།། མི་དམིགས་པ་ཡིས་ཁྱད་པར་གྱིས།། བགྲོད་དུ་མེད་པའི་བདག་ཉིད་ཆེ།། དེས་ན་བདག་ཉིད་ཆེ་བར་བཤད ་དེ་ཡིན་སངས་རྒྱས་ཆེ་བ་ནི།། དཔེ་དང་དོན་དང་རྟགས་དང་ནི།། ངེས་པ་དང་ནི་གཏན་ཚིགས་ལྔ།། ཁྱད་པར་ལྔ་ཡི་ཡིན་པ་ལྟའོ།། ཆོས་རྣམས་ཐམས་ཅད་མ་ལུས་པའི།། དཔེ་ནི་ནམ་མཁའ་ཡིན་པ་སྟེ།། ནམ་མཁའ་སྤྱོད་ཡུལ ་ཀུན་ལས་འདས།། མཚོན་དུ་མེད་པའི་ཁྱད་པར་གྱིས།། ནམ་མཁའི་དཔེ་ནི་ཁྱད་པར་ཆེ།། དོན་ནི་ཆོས་ཉིད་ཡིན་པ་སྟེ།། ཆོས་ཉིད་དོན་ནི་སྐྱེ་མེད་ལས།། སྐྱེ་བའི་ཆོ་འཕྲུལ་སངས་རྒྱས་ཀྱི།། དོན་ནི་ཆོས་ཉིད་དེ་ཡིན་ཏེ།། རྟགས་ནི་སེམས་ཉིད ་འགག་མེད་ཡིན།། འགག་པ་མེད་པའི་བྱང་ཆུབ་སེམས།། མི་འགག་པ་ཡིས་ཁྱད་པར་གྱིས།། རྟགས་ནི་ཆེ་བ་ཡིན་པར་བཤད།། ངེས་པ་དག་ལ་རྣམ་པ་གསུམ།། དཔེ་ནི་ནམ་མཁའ་ཡིན་པར་ངེས།། དོན་ནི་ཆོས་ཉིད་ཡིན་པར ་ངེས།། རྟགས་ནི་སེམས་ཉིད་ཡིན་པར་ངེས།། ངེས་པ་དག་གིས་ཆེ་བར་བཤད།། གཏན་ཚིགས་དག་གིས་ཆེ་བ་ནི།། རྣམ་པ་ལྔ་རུ་ཤེས་པར་བྱ།། ཕུན་སུམ་ཚོགས་པ་རྣམ་པ་ལྔ།། མངོན་པར་ཆེ་བའི་གཏན་ཚིགས་སོ།། འབྱུང་ཆེན་ལྔ ་དང་བྱང་ཆུབ་སེམས།། ཆོས་ཉིད་ཆེ་བའི་གཏན་ཚིགས་སོ།། ཕུང་པོ་འགྱུར་བ་རྣམ་ཤེས་ཡུལ།། གཞན་ལ་རག་མ་ལས་པ་ཡིན།། བདག་ཉིད་ཆེ་བའི་གཏན་ཚིགས་སོ།། དཔེ་དོན་རྟགས་དང་ངེས་པ་ནི།། ཡིན་པ་དག་གིས་གཏན་ཚིགས་སོ།། བསམ ་མེད་དམིགས་མེད་སྤྲོས་པ་མེད།། འདུས་མ་བྱས་པས་མཚོན་མེད་པས།། ཐམས་ཅད་སངས་རྒྱས་གཏན་ཚིགས་སོ།། གཏན་ཚིགས་ཆེ་བ་ཡིན་པར་བཤད།། ཐམས་ཅད་སངས་རྒྱས་ཆེ་བ་ཡང་།། བསམ་མེད་དམིགས་མེད་སྤྲོས་པ་མེད།། མཚོན་དུ ་མ་དང་འདུས་པ་མེད།། རྣམ་པ་ལྔ་དུ་ཤེས་པར་བྱ།། ཆོས་ཉིད་བྱང་ཆུབ་སམས་དེལ།། གཟུང་འཛིན་མེད་པས་བསམ་མེད།། བསམ་མེད་ཁྱད་པར་དཕགསན་དྷ།། ཚམ་ཉིད་བྱང་ཆུབ་སེམས་དུབ།། ཡུལ་མ་མཆིས་པས་དམྱིགས་སུ་མེད། ་དམིགས་མེད་ཁྱད་པར་འཕགས་ཏེ་མཆི།། ཆོས་ཉིད་བྱང་ཆུབ་སེམས་དེ་ལ།། མཚན་མ་མེད་པས་སྤྲོས་པ་མེད།། སྤོས་མེད་ཁྱད་པར་འཕགས་ཏེ་ཆེ།། ཆོས་ཉིད་བྱང་ཆུབ་སེམས་དེ་ལ།། དཔེ་མ་མཆིས་པས་མཚོན་དུ་མེད།། མཚོན་མེད་ཁྱད་པར ་འཕགས་ཏེ་ཆེ།། ཆོས་ཉིད་བྱང་ཆུབ་སེམས་དེ་ལ།། གཉིས་སུ་མེད་པས་འདུས་བྱས་མྱེད།། འདུས་མེད་ཁྱད་པར་འཕགས་ཏེ་མཆི།། ཐམས་ཅད་སངས་རྒྱས་ཆེ་བར་བཤད།། ཅེས་གསུངས་སོ།། ཁྱད་པར་འཕགས་པའི་མདོ་ལས། ཁྱད་པར ་འཕགས་པའི་ཆེ་བ་ལྔ་བསྟན་པའི་མད་དོ།། ། དེ་ནས་ཡང་འདུས་པའི་ཚོགས་ལ། ལྡད་པར་དུ་འཕགས་པའི་མདོའི་འགྲེལ་པ་འདི་བསན་ཏེ།། ཀྱེ་འདུས་པའི་ཚོགས་ཆེན་ད་ཉོན་ཅིག། རྡོ་རྗེ་སེམས་དཔའ་མངོན་པར་སངས་རྒྱས ་སེམས་ཀྱིས་ཀུན་ལ་ཁྱབ་པས་བྱམས་པའི་ས།། ཆོས་ཉིད་སྐྱེ་བ་མེད་པར་སྦྱངས་པའི་ཕྱིར།། ཐུགས་རྗེའི་རང་བཞིན་ཆོས་ཉིད་སྟོན་པའི་བཀའ།། འགྲོ་ལ་དམིགས་ནས་ཐུགས་རྗེས་དོན་མི་མཛད།། རང་བྱུང་ཡེ་ཤེས་གཉེན་པོ་མེད་པས་ཚེ།། ཆེ་བའི ་ཟབ་མོ་གཟུང་འཛིན་བྲལ་བས་ཟབ།། ཟབ་མོ་དམིགས་སུ་མེད་པ་དེ་ལ་ནི།། སྐྱོན་ལ་དེར་དུ་མེད་ལ་ཡོན་ཏན་བསྔགས་སུ་མེད།། ཅེས་བྱ། རྡོ་རྗེ་སེམས་དཔའ་ཆོས་ཉིད་བྱང་ཆུབ་སེམས།། བྱང་ཆུབ་སེམས་ཀྱི་སྐུ་གསུང་ཞུགས།། སྙིང་པོ་བྱང་ཆུབ ་སེམས་ཀྱི་ལམ་ལས་བྱུང་།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ཀུན།། འདོད་པའི་ཡོན་ཏན་ལྔ་ལ་ཀུན་སྤྱོད་ཀྱང་།། སངས་རྒྱས་སྐུ་དང་ཡེ་ཤེས་ལྔ་རུ་སྤྱོད།། སེམས་ཅན་ཆགས་སྔར་ལྔ་ལ་རང་ཁང་སྤྱོད།། ཆོས་ཉིད ་དབྱིངས་ཀྱི་རྒྱུད་ནི་འདོད་ཡོན་ལྔ།། བྱང་ཆུབ་སེམས་ཀྱི་རྒྱན་དུ་སེམས་དཔས་གསུངས།། དེས་ན་ཆོས་ཉིད་དབྱིངས་ཀྱི་ཆ་བར་བཤད།། བྱང་ཆུབ་སེམས་ཀྱི་རང་བཞིན་བདག་ཉིད་རྗེ།། སངས་རྒྱས་སེམས་ཅན་མཐརས ་ངན་སོང་གང་།། གང་གི་ལས་དང་གང་གི་གནས་སྐྱེས་ནས།། ཆུད་དྲུག་འཁོར་ཞིང་ལས་དྲུག་སྨོད་པ་ནི།། བདག་ཉིད་བྱང་ཆུབ་སེམས་ལས་འབྱུང་བར་ངེས།། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ལ།། འདི་ནི་སྐྱེས་པ་ཡིན་ལ་འདི་ན་བུད་མེད་ཅེས ་ཀུན་བྱེད་མཉམ་པའི་རྒྱལ་པོས་ཡོངས་མ་གསུངས།། དེས་ན་བདག་ཉིད་ཆེན་པོ་ཡིན་པར་བཤད།། བྱང་ཆུབ་སེམས་འདི་ཡིན་པའི་ཆེ་བ་སྟེ།། བློ་སླར་འདས་པའི་ཆོས་ཉིད་བྱང་ཆུབ་སེམས།། བརྗོད་མེད་གླེང་བྲལ་འདི་ལ་གནས་པ་ལས།། ་བཅོས་ཆོས་ཉིད་རྟོགས་པའི་རྣལ་འབྱོར་དེ།། ལས་དང་ཐུགས་རྗེ་འདུས་པས་སྐལ་བ་བཟང་།། གླེང་བྲལ་བརྗོད་མེད་དོན་ལ་གནས་པ་ཡིས།། སྐྱེ་བ་མེད་པས་བདག་དོན་བྱ་མི་དགོས།། བརྗོད་དུ་མེད་པས་གཞན་དོན་མེ་བྱེད་ཅིང་།། ཆོས་ཉིད་སྒྱུ་མ་མ ་བཙལ་ལྷན་གྲུབ་པས།། རང་བཞིན་གནས་པའི་ཆོས་ཉིད་ཡུལ་ལ་རོལ།། དེས་ན་དེ་ཡིན་ཆེ་བའི་གཏན་ཚིགས་སོ།། སངས་རྒྱས་ཞེས་བྱ་མེད་པའི་ཆེ་བ་ནི།། དུས་གསུམ་སངས་རྒྱས་ཁམས་གསུམ་སེམས་ཅན་ལ།། མ་བསྟན་མཆོག་ཏུ་གསར་བ ་བྱང་ཆུབ་སེམས།། བདེ་གཤེགས་ཡེ་ཤེས་སྙན་གྱིས་སྔར་མ་གསན།། སེམས་ཅད་རྣ་བའི་དབང་པོས་སྔར་མཐོས།། དེ་བཞིན་སྟོན་པའི་ལྗགས་ཀྱི་དབང་པོས་ཀྱང་།། བདེར་གཤེགས་རྣམས་ལ་གསུང་གིས་བསྒྲགས་པ་མེད།། དེ་བཞིན་གང་ཟག་རྩེ་མི ་དབང་པོས་ཀྱང་། སེམས་ཅན་རྣམས་ལ་ཚིག་ཏུ་བརྗོད་པ་མེད།། དེས་ན་སངས་རྒྱས་མེད་པའི་ཆེ་བར་བཤད།། ཅེས་གསུངས་སོ།། ཁྱད་པར་འཕགས་པའི་མདོ་ལས། དོན་གྱི་འབྲེལ་པ་བསྟན་པ་སྟེ་ཁྱད་པར་འཕགས་པའི་མདོ་རྫོགས་སོ།། ་