CLOSE WINDOW

Gdg005.14: rin po che gdams ngag sna tshogs 'khor lo'i rgyud phyi ma
Wyliee-texts produced with BDRC’s OCR application

གཏད་པ་དང་རྗེས་སུ་ཡི་རང་བ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ཀུན་ཏུ་བཟང་པོ་རེག་པ་རང་གི་རྩལ་ཤར་བའི་རྒྱུད་ལེའུ་བཅུ་བཞི་པ་རྫོགས་སོ།། ཤྲཱི་སིདྡྷ་དང་པོ་རོས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ར་ཛྙོ་བ་དེ་ཤ་བི་ཤྭ་ཙཀྲཏནྟ་པ་བྷཽ་མ~ཾ་ནཱ་མ། ་སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་སེམས་དཔའ་རྡོ་རྗེའི་བརྡའ་ཡོངས་སུ་གོ་བའི་དུས་འཚིག་ན།། སྟོན་པ་དཀའ་རབ་རྡོ་རྗེ་སྤྲུལ་པའི་སྐྱེས་བུ་ཆེན་པོ ་དེ་ཉིད་སྐྱེ་འགག་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། དེའི་ཚེ་ལྟ་བ་རགས་པར་རྟོགས་པའི་འཁོར་དུ་མ་འཁོད་དོ།། སྤྲུལ་པའི་བདག་ཉིད་འཇམ་དཔལ་བ་ཤེས་གཉེན་དང་། རྒྱལ་པོ་དྷན་ཏ་དང་། ཐུ་བོ་རཱ་ཛ་ཧ་སྟི་དང་། གཞན་ཡང་མཁས་པ་ཉི་ཤུ་རྩ ་བར་འདིར་རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོ་འཛུག། ་གཅིག་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་འཁོར་དང་། གཞན་ཡང་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁའ་འགྲོ་མ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཁོར་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཡང་འཇམ་དཔལ་བཤེས་གཉེན་གྱིས་འདི་སྐད་ཅེས ་གསོལ་ཏོ།། ཀྱེ་སྤྲུལ་པའི་སྐྱེས་ཆེན་དགའ་རབ་རྡོ་རྗེ་ཉིད།། མོས་གུས་དད་པས་འདུན་ཤིང་རང་སེམས་རྟོགས།། ལས་དང་སྐལ་པར་ལྡན་པའི་འཁོར་རྣམས་ལ།། སྡོང་ཆེན་བརྒྱད་ཀྱི་མན་ངག་དོན་བཀྲོལ་བཤད།། ལྷུན་གྲུབ་ལྟ་བའི་གདོང་ལྡན་གདར་ཤ་བཅ ་དུས་མསུམ་པ་ནིས་ནས་མྦུ་བྷཱུན་ལ་དྷ་།། དག་པའི་ལ་དུརྒྱས་རྣམས་མས་ཅད་བཟླས།། ལ་བཟླབ་མ་པ་ས་ཤེས་འ་བལ་ལ།། རྣག་ང་དྲུ་ཀྱིས་ད་ཉྀ།། མ་བསྒྲུབས་བས་ག་ག་བདག་འ་ས ་ས་། ས ་པས་མཁྱེན་ལྟར་བཤད་དུ་གསོལ།། ཞེས་ཞུས་པས།། དེ་ནས་དགའ་རབ་རྡོ་རྗེས་བཀའ་སྩལ་པ། འཇམ་དཔལ་བཤེས་གཉེན་ཉོན་ཅིག། དབང་པོ་རབ་དང་འབྲིང་གི་དོན།། མཐར་ཐུག་དོན་དུ་ང་ཡིས་བསྟན།། བློ་ན་ཤེས་རབ་ཞན་པ་ལ།། ཕན་གདགས་གྲོལ་བའི ་མན་དག་དང་།། རོ་སྙོམས་ཟག་བཅས་གདམས་ངག་དང་།། དེ་ལ་བརྟེན་འབྱུང་ཟག་མེད་ཀྱི།། གདམས་དགཅི་གསུངས་ངས་བཤད་ཀྱིས།། འཇམ་དཔལ་བཤེས་གཉེན་གཟུང་བར་གྱིས།། ཞེས་གསུངས་ནས། རོ་སྙོམས་བདེ་བ་དང་ཐིག་ལེ་འཁྱིལ་པ་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། གླེང་གཞི་ཞུབ་དང་བཅས་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར ་ན། རྣམས་ལ་བརྡའའམ་བྱོན་གྱིས་བརླབ་ཀྱི་ཚུལ་གྱིས་འདི།། དཅེས་བཀ་རྒམ་།། གང་དག་སྦྱོང་ན་ཤས་རླུང་གིས།། མཚན་མཚན་ལ་བརྟན་ནས་ན།། མཚན་མེད་ཡེ་ཤེས་འཆར་བ་ཡིན།། མཚན་མ་དག་གྲང་མ་ཡིན་ཏེ།། ་དང་ཁ་སྦྱོར་བདེ་བ་དང་།། སྐུ་ཚད་ཡིག་འབྲུའི་མཚན་མ་དང་།། གང་འཕྲོད་སྤྱོད་ཡུལ་མཐའ་དག་ཡིན།། དང་པོ་རླུང་འགྲོམ་མན་ངག་ནི།། རྣམ་པ་བདུན་དུ་ཤེས་པར་བྱ།། གཟུང་དང་བཅིང་དང་སྤྱང་དང་ཝང་།། གཡས་གཡོན་སྥོ་དང་ཥྛ་ཏིང་གཟུག། མཐར་ཕྱེན་དག ་དང་རྣམ་པ་བདུན།། འབྱུང་དང་འཇུག་དང་གནས་པ་གསུམ།། ཧཱུ~ཾ་དང་ཨོཾ་དང་ཨཱཿགསུམ་ནི།། བསྒོམ་པ་ཡང་ནི་དེ་ལྟར་བྱ།། རླུང་གི་དེ་ཉིད་བདག་ཉིད་དོ།། སྔགས་ཀྱི་དེ་ཉིད་དག་དང་གསུམ།། རྟོགས་ནས་རང་སེམས་གཟུང་བར་བྱ།། རླུང་ལ་སེམས་འཛིན་བྱེད་པའི ་ཆོ།། ཐུན་བཞིར་བཅད་ལ་བསྒོམ་པར་བྱ།། སྣ་སྒོ་དག་གི་བུ་ཀར་ནི།། རླུང་ནི་ཕར་འགྲོ་ཚུར་འོང་བར།། དེ་ཙམ་གཅིག་ལ་གཏད་ལ་བསྒོམ།། དེ་ལ་སེམས་ནི་ཟིན་གྱུར་ན།། ཁ་དོག་གཅིག་ལ་བསླབ་པ་ནི།། དཀར་པོ་དར་གྱི་སྲུང་པོ་ཙམ།། སྙིང་ག་རུ་ནི་བྱང ་ནས་ཀྱང་།། ཕྱི་རོལ་སོར་བརྒྱད་ཙམ་གྱི་བར།། དེ་ལ་སེམས་ནི་ཟིན་གྱུར་ན།། ལྟེ་བ་ཡིན་ཕྱི་རོལ་གྱི།། སོར་ནི་བཅུ་དུག་དག་ཏུ་བསྒོམ།། ཁ་དོག་ལྔ་ལ་བསླབ་པ་ཡང་།། ཤིན་ཏུ་ཕྲ་བ་དེ་བཞིན་བསླབ།། ཁོང་པ་ཁེངས་པར་བསྒོམ་པ་ཡང་།། ཁོང་པའི་ནང་དུ ་འཇུག་ཙམ་ན།། སྐུད་པ་ཁེངས་པའི་ཚུལ་དུ་བསྒོམ།། རླུང་ནི་ཕར་འགྲོའི་དུས་ཙམ་ན།། སྐུད་པ་སྟོང་པ་བཞིན་དུ་བསྒོམ།། རང་སེམས་གང་ལ་མི་འཕྲོ་བར།། རླུང་ལ་ཆགས་པར་གྱུར་པ་ན།། རླུང་ལ་སེམས་ནི་ཟིན་པའི་རྟགས།། རླུང་ནི་སྤང་བའི་རིམ་པ ་ཡང་།། ཁ་དོག་ཕྲ་ཚད་སྤངས་ནས་ཀྱང་།། ཕྱི་ནང་འབྱུང་འཇུག་རྣམ་གསུམ་པོ།། ཨོཾ་དང་ཨཱཿདའི་ཧཱུཾ་གསུམ་གྱིས།། སྒྲ་སྤྱིའི་རྣམ་པ་དག་ལ་བརྟེན།། འབྱུང་འཇུག་བྱེད་པརང་ཤུགས་ལས།། མ་བཅོས་པ་རུ་བསྒོམ་པ་ཡིན།། དང་པོར་ཐུན་བཞིར་བཅད་ལ་བསྒོམ།། ་དེ་ནས་ཐུན་གྱི་ཁྲག་པར་བསྐྲད།། མཇུག་ཏུཉིན་མཚན་བསླང་ལ་བསྒོམ།། ད་ཡང་འབྱུངས་པའི་རྟགས་རྣམས་ནི།། ཡང་བཟར་བ་ཞིང་ལུས་པ་ཡང་།། ཇི་ཙམ་བཀག་ཀྱང་ན་ཙ་མེད།། གང་རླུང་ག་རླུང་འདུས་པམན།། དྲུག་དྲུང་སྟོང་དུ་འཛངས་པ་ཡས། ་གྲཝབ་ཡང་ནི་རྩ་པར་འདྲོངས།། རྩ་བའི་རླུང་ཡང་ཕྲ་བར་འདྲངས།། དེ་ནི་རླུང་གི་འབྱིངས་ཧྭགས་ཡིན།། རླུང་རྣམས་བཅིངས་པའི་མན་དག་སང་།། རྣམ་གསུམ་དྲུག་ཏུ་ཤེས་པར་བྱ།། བུམ་པ་ཆེ་འབྲིང་རྣམག་སྨམ་མོ།། ཐ་མེ་བཱ་ཀྱི་མན་ག་ཀྱང་།། སྟན་པདུན ་གཞིལ་འདུག་ནས་ཀྱང་།། ལུས་བསྲང་སྩོལ་ཀྲུང་བཅས་ནས་ཀྱང་།། མཾ་ཡེངས་མིག་ནི་དྷ་རྩེར་གཏད།། དབུགས་ནི་ནང་དུ་བསྣམ་བྱས་ནས།། ལག་པའི་མཐིལ་གྱིས་སྲས་མོ་བསྐོར།། སོ་གོལ་རེ་རེ་བདབ་པ་ནི།། བཅཝ་རྩ་བརྒྱད་ཀྱི་བར་དུའོ།། བདུན་ཙུཅི་གཉིས། ་བུམ་པ་འབྲིང་།། སུམ་ཅུ་རྩཝ་གཉིས་བུམ་པ་ཟ།། བུམ་པ་ཅན་ནི་དེ་ལྟར་བསླབ།། བཙན་ཐབས་དག་གི་མན་དག་ནི།། མགྲིན་པ་ཐིག་ལེས་བཀག་བྱས་ཏེ།། ལུས་ནི་སྐྱིལ་མོ་ཀྲུང་བརྔས་ཏེ།། ཨོལ་མདུད་ཨོག་མས་བཀག་ནས་ནི།། དབུགས་ནི་ཐུབ་ཚང་བསྡམ་པར། ་ཡང་།། ཡང་ན་གཡས་སུ་གཙུ་བར་བྱ།། ཡང་ན་ཨན་ཏོད་སྐྲག་པས་མཱནན།། ཡང་ནགཡོན་དུགརྔུ་བར་བྱ།། སེམས་ཀྱིས་ཐུབ་ཚད་དག་ཏུ་བསྡམ།། སྟོང་ཉིད་བསྒོམས་པས་རླུང་ནད་ནི།། རང་བཞིན་དག་ཏུ་འགྲོ་བ་ཡིན།། དེས་ནི་བདེ་བ་འབད་མེད་འབྱུང་།། རླུང་རྣམས ་སྤར་པའི་མན་ངག་ཀྱང་།། ཨ་ལོང་དག་གི་དཀྱིལ་འཁོར་ཡིན།། དེ་ནི་ཡང་འབྱེད་ཡང་འཛུམ་བྱས།། འདོད་ཆགས་མེ་ནི་འབར་བར་འགྱུར།། རྟིང་ཆུང་མནན་ཅིང་འོག་རླུང་སྦར།། རྩ་ཡི་ནང་དུ་སོང་བ་ཡིས།། བྱང་སེམས་ཞུ་ནས་འབྱིངས་པར་འགྱུར།། གཡས་གཡོན་ཁྲོ་བའི ་མིན་གཀྱང།། དནས་ནམུག་དྷད་མེ་པར།། གང་ཤེས་པར་འདི་ཚུ་ས།། མེད་བས་མིན་ག་།། ས་ནས་པོ་བསྲུང་བགྱི།། འགགས་ན་པ་རྣཾམ་པ་ཡིན།། རྒྱུར་བ་ཐུག་པའི་མནང་གཙང་།། སྐྱིལ་མ་ཐོང་བབས་ལག་པ་ཤཱར། ་རླུང་གི་ཡང་།། ་ནི་ཅུང་ཟདགདངས་ནས་ཀྱང་།། སྲོག་པ་རྩ་ཡི་ནང་ནས་ཀྱང་།། ཨཝ་ཐུག།། ཤིན་ཏུ་ཟབ་དང་ལྔལ་འདྲ།། སྐ་ལ་ཚོགས་པ་བརྟན་ཏུ་ཏིའི་ནང་།། དཀ་ན་ལས་གྣིས་བྱུང་བར་བསམ།། ནང་དུ་འཇུག་པར་སྦྱར་བ་ཡང་།། བུག། ་ནི་དེ་ལ་འོང་བར་བསམ།། ཡུད་ཙམ་ནང་དུ་འགྲན་པར་བས་མ།། གལ་ཏེ་ཆུད་པར་གྱུར་པ་ན།། མི་ཏོག་ཡེ་ཤེས་རྒྱུ་བར་འགྱུར།། རྩཝ་ཡི་གཡས་དང་གཡོན་ཤེས་པ།། རྣམ་པར་རྟོག་པའི་ལམ་ཡིན་ནོ།། ཨ་ཝཏྨཱ་ཏི་ཞེས་བྱུ་བ།། མི་ཏོག་ཡེ་ཤེས་ལམ་ཡང ་འདུས་འབྲིང་གི་ཚད་དུ་ཤེས།། གཡང་ལྷུང་ཆུས་ཁྱེར་འབྱུང་བའི་དགྲས།། ཚེ་ཡི་འདུ་བྱེད་མི་ནུས་པ། རབ་ཏུ་གྱུར་པའི་རྟགས་ཡིན་ནོ།། དེ་ལྟར་དེ་གསལ་ཤུགས་དག་ལས།། སྟོང་ཉིད་གོམས་ཤིང་ཡེ་ཤེས་གསལ།། ཇེ་གསལ་རྡོ་རིག་འབྱུང་བ་ལས།། མི་རྟོག་ཡེ ་ཤེས་ཤུགས་ལས་འཆར།། ཞེས་གསུངས་སོ།། གདམས་ངག་ཧཱུཾ་ཚོགས་འཁོར་ལོའི་ཆུད་ལས། རིག་པ་རླུང་ལ་གཏང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སྤྲུལ་པའི་སྐྱེས་བུ་དགའ་ར་བ་རྡོ་རྗེ་དེས། འཇམ་དཔལ་བཤོས་གཉེན་ལ་སོགས་པའི ་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དབང་པོ་དམན་པའི་གང་ཟག་གིས།། ཅིག་ཆར་ཐོད་རྒལ་མགོ་སྟེ།། རིམ་གྱིས་བདེ་བ་བསྒོམ་པ་ན།། མི་མོ་ལ་བརྟེན་འོད་རིག་དང་།། མཚན་དང་ལྡན་པའི་མི་མོ་ལ།། བརྟེན་པའི་གདམས་ངག་ལྔ་ཡིན ་ཏེ།། ཚོགས་དང་གཏད་དང་བཟུང་བ་དང་།། རིམ་གྱིས་སེམས་བཟུང་སྡང་ཐབས་སོ།། ཚོགས་པ་གནས་ཞེས་བྱ་བ་ནི།། ཟླ་བ་ཕྱེད་དམ་ཟླ་བ་གཅིག། ལུག་གཞོན་ཤ་དང་ཆང་ཞིམ་པོ།། མི་མངརན་པར་བཟའ་བཏུང་བྱ།། ནས་ཟན་ཤ་དག་བཅོས་པ་དང་། ་དཔྱི་སྟོང་དག་ལ་གཏང་།། ཤ་ཆན་ཆུ་སེར་ཕོག་གཅིག་གདན།། པ་དམར་མོ་ཡིའི་མར་བཙས་པ་ལ།། ཤིང་ཀུན་དག་ག་མ་ལ།། ཚ་བ་གསུམ་དང་ཡང་ལོ།། ཆང་དང་སྦྱར་ཏ་ཁ་སྤང་བྱ།། དེ་བཞིན་ཐོས་ན་བྱུང་ས་མས་རྒྱས།། ར་མོ་ཤག་དང་མུ་བྲི་སོགས ་བཟུད་ལོན་དག་ནི་ཐམས་ཅད་ཀྱང་།། བདེ་བ་འཕེལ་བར་བྱེད་པ་སྟེ།། དཀར་གསུམ་ཞོང་ཀྲུགས་ལ་སོགས་པ།། ཤུ་ཀྲ་རྒྱས་པའི་ཐབས་མཆོག་སྟེ།། བཟུང་བ་དབང་ནི་གསུམ་པ་སྟེ།། བླ་མས་ལག་པར་གཏད་པ་ནི།། གཏད་པ་ཤེས་རབ་མ་དེར་ནི།། ཚིག་ཀྱང ་རབ་ཏུ་བརྗོད་པའོ།། བཟུང་བ་དེ་ཡི་ལམ་ཡིན་ནོ།། རིམ་གྱིས་སེམས་བཟུང་མན་ངག་ཀྱང་།། གནས་ནི་དབེན་སར་ཕྱིན་ནས་ཀྱང་།། ཤིན་ཏུ་མཛེས་པའི་གཟུགས་དག་ལ།། ཆགས་ཤིང་ཆགས་པའི་ལྟ་བས་བལྟ།། དེས་ནི་བདེ་བ་སྐྱེ་བར་འགྱུར།། ཚད་དུ ་ཚུལ་ན་བཞིན་\ུ0f7f། སྒྱིད་མེད་པ་བའན་གྱུར་ན།། ནུམ་ཡན་ཆད་ཝཱ་བར་བྱ།། དེས་ཀྱང་ཞན་ན་པ་དྨ་སོགས།། ལུས་རྣམས་ཐམས་ཅད་བསྒྲུ་བར་བྱ།། སེམས་ནི་ཟིན་ནས་མྱེད་མེད་ན།། རྟ་བོང་ལ་སོགས་འཁྲིག་པའི་གཏམ།། སྦྲུལ་བརྟེན ་སེམས་ན་བཟུང་།། དེ་ལ་བདེ་བ་སྐྱེད་མེད་ན།། ལུས་ལ་དྲི་བཟང་དག་གིས་གདབ།། སེམས་ནི་དྲི་མ་དག་ལ་གཟུང་བར་བྱ།། མཆོག་ཏུ་བདེ་བ་སྐྱེས་གྱུར་ཀྱང་།། ཚད་དུ་སྒྲོལ་བར་མ་གྱུར་ན།། བདེ་བ་རེག་བྱ་ཉིད་ལ་བསླབ།། བུད་མེད་ཤེས་རབ་མ ་དེ་ཡི།། སྟོང་སྨད་སྐེད་པར་འཁྱུད་པར་བྱ།། རྐེད་ནས་ལག་པས་དམ་དུ་འཁྱུད།། སེན་མོས་རྐེད་སྐབས་ངག་ཏུ་གདབ།། དེ་ལྟར་བྱས་པས་བདེ་བ་སྐྱེ།། དབང་པོའི་སྒོ་ནི་མི་སྤྲད་པར།། སེམས་ནི་དེ་ལ་གཟུང་བར་བྱ།། དེ་ནས་རོ་སྨད་དག་ལ་བསླབ།། ་རྡོ་རྗེ་པདྨར་རེག་རིག་བྱ།། རིམ་གྱིས་དེ་ལྟར་བྱས་པ་ཡིས།། བདེ་བ་ཇེ་འཕེལ་ཇེ་འཕེལ་འགྱུར།། དེས་ཀྱང་མ་ཟིན་སྐྱེད་མེད་ན།། དེ་ནས་དབང་པོའི་སྒོ་སྤྲད་དེ། ཤེས་རབ་གསང་བ་རྣོ་བ་དང་།། རྡོ་རྗེའི་ཁ་ནི་ཆེ་བ་དང་།། ནང་དུ་སྙོམས་འཇུག་འོང་བ་སྟེ།། ་ཐུག་པར་གསང་ཅ་ཆུད་པ་ན།། བྱད་བ་བྱས་ན་ཏན་མམན་ན།། འགགས་ཅན་ནོམ་ཆུད་ན།། གན་རྒྱལ་ཏཱལ་ཏ་ཚང་དདུ།། ཛང་ཆུང་ཐུག་ཙམ་བརླགལ།། མཁལ་མདུདུ་སས་ལོང་གཞུག། གས་མ་ད ་དཀྲིས་པ་ནི།། ཕྱི་གནག་ས་སོང་ཁ་དྲུ་གཞུག། དེས་ནི་ཕྱི་སྐོར་རྩ་དག་འོང་།། ཁ་སྦོལ་དག་ཏུ་གྱུར་པ་ན།། པདྨའི་རྒྱ་བ་འཕྲུལ་བར་བྱ།། ཟང་འགྱུར་རྡོརྔའིའབུམ་པར་གཞུག། ནང་དུ་དེ་ལྟར་འགྲོགས་ལ་བཏང་།། རྡོ་རྗེ་ནང་དུ་སྤོད་བ་བཞིན།། ཕྱི་བའི་བཤད ་གསད་ན་ནི།། རྐེད་པ་བརྒྱངས་ལ་སྦྱོར་བར་བྱ།། གསང་ཅཞན་ཅིང་ཞི་ལུང་ན།། ཁྱུང་ལྡིང་དག་གི་མྱོ་བཿ།། ཤེས་རབ་མ་ཡི་ཏིང་པ་ག་ས།། ཐོས་པའི་ཕྲག་གོང་གཉིས་ལ་བཀལ།། རྡོ་རྗེ་བཟུག་སྟེ་བསྐྲོད་པར་བྱ།། ཅེ་ནི་བརྡུངས་པས་བ ་གཡས་སུ་ཞན་གཡོན་ནས་སྦྱོར་བར་བྱ།། མདུན་དུ་ཞན་རྒྱུབ་ནས་སྦྱོར།། རྩ་ཉིད་གལ་ཏེ་མ་རྙེད་ཀྱང་།། སྟེང་རླུང་མནན་ཅིང་འོག་རླུང་བསྐུལ།། སེམས་བཟུང་དལ་བུས་སྨོད་པར་བྱེད།། བདེ་བ་སྐྱེས་ནས་བསྐྱོད་པ་བཤོལ།། ཆུང་རྔ་དུམ་རེ་དུ་མར ་བབྱུད།། བདེ་བ་ཆེད་དུ་སྒྲོལ་ནས་ནི།། བསྒྲལ་བ་ནི་སྲུང་བར་བྱ།། ཙམ་གྱིས་ནི་འདྲི་བ་དྨ།། རྡོ་རྒྱལ་སོགས་ཐང་བྱེད་བྱའོ།། ན་པ་སྩོལ་འཁྱུད་པ་ཡང་།། བཻ་ལྟས་པའི་སྨོན་སུ་ཡང་ཡང་བྷ།། བརྩེ་བ་ཡངས་ཤིང་དྲན་པ་མ།། དྲན་པ ་ཉིད་ཀྱིས་ཚད་སྩོལ་ན།། ཟློག་གི་སྒྲ་ཡང་ཡང་བྱས་ཏེ།། བད་བུས་མས་པ་ཁ་ལ་དུས་སུ།། ཅི་མཐོང་ཐམས་ཅ་དང་དབར་མཐོང་།། བད་པའི་ལ་ཤེས་ཁོལ་ཙམ་ན།། རང་བྱུང་བ་ཤེས་རང་རྟགས་འཆར།། གིས་གསུངས་སོ།། གདམས་དགང་ཚོགས་པར ་ངོའི་མྱ་མ་ལས།། རིག་པ་བདཔལ་གཏོད་པའི་ལདྲ་སྟེ་གསུམ་པའོ།། ། དེ་ནས་དགའ་རབ་རྗེས་འཇ་མ་དཔལ་བཤས་གཉེན་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ། དབང་པོ་དམན་པའི་གང་ཟག་གིས།། སྐུ་ཚད་དག་ལ་བ་སླབ་ཧྱ་ཧཱ། ་བདག་གི་མདུན་གྱི་ནམ་མཁའ་ལ།། ཕར་འཕེན་གང་གིས་ཟད་སོ་རུ།། སེམས་དཔའ་རྡོ་རྗེ་ཚོན་གང་པ།། རྣམ་པར་སྣང་མཛད་དག་ཀྱང་རུང་།། མོས་པའི་གཟུགས་སྐུ་གང་ཡིན་པ།། དཀར་རམ་སེར་རམ་དམར་ཀྱང་རུང་།། ཁ་དོག་གསལ་ཞིང་འཚར ་བ་ལྔ།། སྐུ་སྟོད་དར་དཀར་པོ་གཞུ་ཅན།། སུ་སྤྲད་ཚི་གུའི་ཤ་མ་ཐབས་ཅན།། རྡོ་རྗེ་དྲིལ་བུའི་ཕྱག་མཚན་ནམ།། རང་གི་ཕྱག་མཚན་གང་ཡིན་པ།། གདན་ལ་བཞུགས་ཤིང་གསལ་བར་བསྒོམ།། ཡང་ན་རང་ཉིད་དེ་ལྟར་བསྒོམ།། དེགསལ་མ་བཏང་ཡུན ་བསྒྱིངས་ནས།། ཤེས་པ་གཟིར་ཞིང་གཅན་ནས་ཀྱང་།། གསལ་བར་དམིགས་ཞིང་ནིན་ཏན་\ུ0f7f།། མགསལ་ཐབས་ཀྱི་ལན་གདུག། གནས་སྐབས་སྦྱོར་ཞིང་གཏང་བར་བྱ།། དེ་ལྟར་སེམས་ནི་བྱིན་གྱུར་ན།། བརྟན་པར་གྱུར་པའི་དྲིད་དག་ནི།། ཇི་སྐར ་བསྒོམས་པས་གསལ་གྱུར་ན།། མཚན་མ་གཞན་གྱིས་རྟོག་མེད་ན།། མི་རྟོག་པ་ལ་གཞག་པར་བྱ།། ཡང་ན་གང་ཡང་རུང་བ་ཡིས།། དཀྱིལ་འཁོར་གཙོ་དང་སྦྲུལ་ཚོགས་དང་།། འཁོར་ལོའི་ཆ་བྱད་གང་མོས་པ།། གཅིག་དང་མང་པོ་གང་མོས་ལ།། ་དམིགས་ཤིང་བསླབ་པ་གོང་དང་འདྲ།། ཡང་ན་གཞུང་ནས་བྱུང་བ་ཡི།། མཚན་རྟགས་སུ་ཚད་ཐམས་ཅད་དང་།། དངོས་སུ་སྣང་དང་མི་སྣང་བའི།། གདམས་དག་ལ་བསླབ་པ་ཡིན།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར ་ལོའི་རྒྱུད་གྱི་མ་ལས།། མཚན་རྟགས་སུ་ཚད་ལ་རིག་པ་གཏད་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་སྟོན་པ་དགའི་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་ངན ་ཤེས་རབ་ཆུང་བ་ཡིས།། ཡིག་འབྲུ་དག་ལ་བསླབ་རྒྱསྟེ།། ཀྵ་ཁ་བཞི་བཅུ་རྩ་གཉིས་ལ།། གང་འརྒྱད་ལྡན་དུ་བལ་ཞིང་བསྒོམ།། ཡང་ན་རང་གཱ་སྙིང་གཅ།། ཡིག་ཨ་གཅིག་གསལ་བར་བསྒོམ།། དེ་ལམ་པ་ཏང་ཡན ་བསྲིངས་པས།། བརྟན་པར་གྱུར་པའི་དྲོད་ཚད་ནི།། ཕྱི་ནད་རྣམ་རྟོག་མ་འགྱུས་པར།། ཡི་གེ་དངོས་པོ་གསལ་གྱུར་ན།། མི་རྟོག་པ་ལ་གཞག་པར་བྱའོ།། ཡང་ན་དོན་གྱི་ཡི་གེ་ལ།། འདི་ལྟར་གསལ་ཞིང་བསྒོམ་པར་བྱའོ།། ཧཱུཾ་ནི་ཁ་དོག་སྔོན་པོ ་གཅིག། དབུགས་ཀྱི་སྣལ་ཕྱིར་འབྱུང་བསམ།། དེ་ཡང་བདེ་ཆེན་རྣམ་པར་གསལ།། ཨོཾ་ནི་ཁ་དོག་དཀར་པོ་གཅིག། ནང་དུ་འགྲོ་བའི་སྔལ་བསྒོམ།། དེ་ཡང་བདེ་བའི་རྣམ་པར་གསལ།། ཡང་ན་འདི་ལྟར་གསལ་བར་བྱ།། སྟེང་གར་པདྨ་འདབ ་བཞི་ཡི།། ཟེ་འབྲུ་ཨ་དང་བཅས་པ་ལ།། འཕྲོ་འདུ་བྱ་ཞིང་བདེ་བར་གསལ།། སེམས་ནི་མ་ཟིན་བར་དུ་གཏད།། ཟིན་ནས་མི་རྟོག་དོན་ལ་སྦྱར།། ཡང་ན་རང་ཉིད་གང་མོས་པའི།། སྐུ་གསུང་ཐུགས་ཀྱི་ཡིག་འབྲུའམ།། རྒྱ་གོར་རྒྱ་ནག་ཡི་གེ་རུ།། བའི ་བཅུ་རྩ་གཉིས་བྱེ་བྲག་ལ།། དངོས་སུ་གསལ་དང་ཡིད་ལ་ཆགས།། མི་གཏང་སེམས་ནི་གཏད་གྱུར་ན།། ཤུགས་ལས་རང་བྱུང་ཡེ་ཤེས་འཆར།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས།། གསུང་ཡིག་འབྲུ་ལ་སེམས ་བཟུང་བའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་ངན་ཤེས་རབ་ཆུང་བ་ཡིས།། ལྷུན་གྲུབ་དོན་ལ་སྦྱོར་འདོད་ན། ་སེམས་ཀྱི་སྐྱེ་བ་ངེས་མེད་ཡིན།། བདེ་དང་སྡུག་བསྔལ་བཏང་སྙོམས་དང་།། མི་མཐུན་ཕྱོགས་དང་དགེ་སྡིག་དང་།། ཕྱོགས་མཐུན་ཕྱི་ནང་སྤྱོད་ཡུལ་དང་།། དབང་པོ་ལྔ་དང་ཡུལ་དུས་དང་།། སྐྱེ་མཆེད་ཡུལ་དུ་གང་ཤར་བར།། བརྟེན་ནས་ཡེ་ཤེས་འཆར་དུ ་རུང་།། མི་དག་བཅུ་དང་མཚམས་མྱེད་ལ།། དུག་ལྔ་དྲུག་གསུམ་རྟོག་པའི་ཆགས།། དག་དང་མ་དག་ནི་སྤྱོད་ཡུལ་ལ།། བརྟན་ནས་ཡ་ཤས་འཆར་དུ་རུང་།། འདོད་ཡན་ལྔ་དང་རྒྱན་ལྔ་དང་།། དག་བཅུ་པ་རལ་ཕྱིན་བཅུ་དང་།། ཚད་མེད་བཞི་དང་སྲིན ་ལས་བཞི།། ཆོས་དང་མཐུན་པའི་སྤྱོད་ཡུལ་ལ།། བརྟེན་ནས་ཡེ་ཤེས་འཆར་དུ་རུང་།། སྐྱེ་བོ་ཕལ་པའི་སྤྱོད་པ་དང་།། མདོར་ན་མུ་སྟེགས་རྟག་ཆད་དང་།། བྱིས་པའི་སྤྱོད་ཡུལ་ངེས་མེད་དང་།། ལུས་ངག་ཡིད་ག་མུ་མསྒོ་གསུམ་གྱི།། གང་ཡང་རུང་བའི ་སྤྱོད་ཡུལ་ལ།། གར་འཕྲོད་གང་མོས་བློ་གཏད་ནས།། མ་བཏང་ཡུན་བསྲིངས་གསལ་བསྒོམས་པས།། བརྟན་པ་ཐོབ་ནས་ཡེ་ཤེས་འཆར།། ཏིང་འཛིན་མ་གསལ་སྐྱེད་མེད་ན།། ཐུན་མོང་ཐབས་ཀྱི་མནང་གཟུག། ཅི་ལྟར་འབྱུང་བཞིན་བསྟན་པར་བྱ།། དེས་ནི་རང ་བྱུང་ཡེ་ཤེས་འཆར།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་ཆུད་ཕྱི་མ་ལས། ཚོགས་དྲུག་ཡུལ་དུ་གཏོད་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།། མཚན་མ་བསྒོམ་པའི་རྣལ་འབྱོར་ལ།། སྤྱི་སྐྱོན་ཁྱད་པར་སྐྱོན་དག་དང་།། བྱིང་རྒོད་རྩོལ་དང་མི་རྩོལ་དང་།། བྱེད་རྨུགས་འཛིན་ཆགས་ཐེར་ཟུག་དང་།། ཕྱལ་པ་དག་གི་སྐྱོན་རྣམས་དང་།། གཡེང་བ་རྣམ་པ་དྲུག་རྣམས་ནི།། རང་བཞིན ་ནང་དང་མཚན་མ་དང་།། ཕྱི་རོལ་ཡུལ་ལ་བྱེད་པ་དང་།། གནས་ངན་ལེན་གྱི་གཡེང་བའོ།། བར་དུ་གཅོད་པའི་རྐྱེན་རྣམས་ཀྱང་།། ལེ་ལོ་བྱ་བ་མང་བ་དང་།། རྒོད་དང་གཡེངས་དང་རྨུགས་པ་དང་།། འདོད་ཆེ་གཉིད་དང་རེ་བ་མང་།། དོགས་ཆེ་ཐེ་ཚོམ་ཟ་བ་དང་།། ནང ་དུ་སྲུད་དང་ཕྱིར་འཕྲོ་དང་།། སྤྱོད་པར་དགའ་དང་སེམས་བྱུང་རྐྱེན།། ཅ་ཅོར་དགའ་ཞིང་ཡིད་འཁྲུག་པའོ།། ཆེད་དུ་བྱ་བའི་སྒྲིབ་པ་ནི།། སེམས་མི་གཡོ་དང་གསལ་སྙམ་བྱེད།། བདེ་བ་སྙམ་བྱེད་སྡུག་བསྔལ་སྙམ།། སྐྱེ་དང་གསལ་དང་འབྱིན་པ་དང་།། ངར་འདོན་གཞན ་6། ཁྱད་དུ་གསད།། རང་གི་ལྟ་བ་སྒོམ་བསྣམས་པ་འོ།། དནམས་གཏན་པ་རྩོལ་བས་གཞམ།། མཚན་བཅས་མཚན་མེད་བསྒོམ་པ་ལ།། རད་བ་ཅད་དང་ཞུ་ཆད་འགྱུར།། ཆ་ལུགས་འགྱུར་དང་དབྱིབས་འགྱུར་དང་།། བླངས ་འགྱུར་བ་ཞུགས་ཚུལ་འགྱུར་བ་ད།། ཁ་དག་མ་སྣང་རིམ་པ་ནུབ།། མརྟོགས་ཛྙཱན་དང་དགུ་ས་ནུས།། གྱོན་རྣམས་བཅོས་ཏེ་བརྟན་ཐུ་བ།། སྤང་བའི་འདུ་བྱེད་བརྒྱད།། སྤོས་གྱོན་མོ་སོའི་གཉེན་པོས་གཞོམ།། ཐུན་མོ་མན་དག་རྣམ་ཇུག་གས། ་སྔོན་རྣམས་བཅོས་ཏེ་བརྟན་པར་བྱ།། ཞེས་གསུངས་སོ།། གདམས་ངག་ཏུ་ཚོགས་འཁོར་ལོའི་རྒྱུད་ཀྱི་མ་ལས། བསྒོམ་བྱོན་ངོས་བཟུང་ཞིང་གཞོམ་པོར་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྔ་སྐྱེས། དངམ་དཔྲལ ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ།། མཚན་མལ་བརྟེན་རྣལ་འབྱོར་པས།། སྐྱོན་བཅོས་ཡུན་རིང་བསྒོམ་པ་ཡང་།། དེ་ལྟར་གསལ་ཐོབ་ཡུན་རིང་བརྟན།། བཟླས་བརྗོད་ཐུན་ཚད་དག་ཏུ་དབྷེ།། ནང་དུ་ཐུན་ཚོད་དབུགས་ལ་བཅི།། ་ཐུག་ཙྪ་བ་དང་། པ་པརྗི་བདང་། དེ་ཉྀ་དག་ཟུག་ཤེ། ང་ཅད་དག་དེ་བྱུང་དུ་དྡྷ།། བཞི་པ་ནི་དག་ཏུ་མཉམ་པ་ནི།། ཏི་ན་མཚན་བྷ་མཉམ་པའི་དུས།། རང་ཐུང་ཅན་གྱི་ཐུནཆོད་ཏེ།། ཏིམ་རིང་ན་ཉམ་ལ།། ཐུན་ཚད་དག་སུ་གཟུང་བ ་བྱ།། མཚན་མོ་རིང་ན་མཚན་མོ་ལ།། ཐུན་ཚོད་དག་ནི་མང་བར་བརྩི།། དེ་ལ་རྫུན་གྲངས་དགོས་པ་ནི།། ཁམས་མི་འཁྲུགས་དང་པཟླ་མཆོད་ཟིན།། ཡིད་མི་འཁྲུགས་དང་ཏིང་འཛིན་པོ་ག། ཞག་བདུན་དང་ནི་ལྔ་དང་གསུམ།། དེ་རིང་རྗེ་རིང་ཟླ་བ་ཕྱེད། ཟླ་བར་གནས ་ནི་ནུས་པའོ།། མ་བདེ་བླ་མའི་དྲུ་རུང་སླབ།། མདོར་ན་ཐུན་ཆོད་ཅིང་བརྟན་ཀྱང་།། མ་མུན་པ་དང་ཚད་ཟིན་དང་།། རྟག་པ་ཅི་ཡང་མི་ཆུ་དང་།། གསལ་བ་མི་གཡོ་སྐད་ཅིག་མ།། ཡིད་ཙམ་རིང་ཇེ་རིང་འབྲིང་།། ཐུན་བཞི་ཆ་གསུམ་ཆ་བྱེད་དང་།། ཐུན ་རིང་དང་ན་ཏན་ཞག་དང་།། ཟླབ་ལ་དང་བསྐལ་པ་དང་།། མ་བརྟན་པར་དུ་བསྲིང་བར་བྱའོ།། བརྟན་ནས་རང་བྱུང་ཡ་ཤས་འཆར།། ཞེས་གསུངས་སོ།། གུདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། བསྒོམ་པའི་ཐུན་ཚད་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། ་དེ་ནས་ཡང་སྟོན་པ་དགའ་རང་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བསྒོམ་པའི་དམ་ཚིག་ཁྱད་པར་ནི།། མན་ངག་སྟོན་པའི་བླ་མ་ལ།། གདུང་བ་བར་མི་ཆད་པ་དང་།། ཏིང་འཛིན་མཐུན་བསྟེན་མི ་མཐུན་དོར།། འགྲོ་འཆག་འདུག་ཉལ་སྤྱོད་ལམ་བཞིར།། ཏིང་འཛིན་ཡལ་བར་མི་གཏང་དང་།། ཡིད་མི་གཡོ་དང་མཐར་དབྱུང་དང་།། གང་བསྒོམ་ཏིང་འཛིན་གསལ་བའོ།། དེ་ལྟར་རྟོག་གོས་མ་ཡེ་ཤེས་འཆར།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས ་འཁོར་ལོའི་རྒྱུད་ཕྱི་མ་ལས། བསྒོམ་པའི་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། ། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཏོན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། དོན་སྦྱོར་བློ་ནི་ཆེ་བ་ཡིས། ་གདོད་ནས་གཉིས་མེད་སྐུ་རུ་བསྒོམ།། ལྷ་བསྒོམ་ཐུན་བསྐྱར་ནུས་ན་དང་།། བདག་གི་ལུས་ཉིད་གང་བསྒོམ་བརྟན།། ཆུ་ཟླའམ་འཇའ་ཚོན་སྒྱུ་མར་གསལ།། དེ་བརྟན་བདག་ཉིད་ལ་དཔྱད་དེ།། འདི་དག་དང་པོར་གང་ནས་བྱུང་།། དེ་ལྟ་རང་བཞིན་ཇི་ཞིག ་ཡིན།། ཕྱི་མ་ཅིར་འགྱུར་ལོ་རྒྱུས་དཔྱོད།། དང་པོ་གང་ནས་མ་བྱུང་སྟེ།། ཆུ་འཁྲུགས་ཆབ་རོམ་འགྱུར་བའམ།། གསེར་དངུལ་བླུག་སྐུར་བྱུང་བ་ལྟར།། བདག་སེམས་རྣམ་ཤེས་ཚོགས་བརྒྱད་ཀྱང་།། ཡེ་ཤེས་ལྔ་ཡི་ངོ་བོར་སྣང་།། དེ་ལྔ་རང་བྱུང་ཡེ་ཤེས་ཉིད།། ་རང་སེམས་འབྲས་བུའི་ངོ་བོར་སྣང་།། གཞན་ནས་འོད་མེད་འགྲོ་བ་མེད།། རིག་པའི་ཆོ་འཕྲུལ་ཅིར་ཡང་ཤར།། ཤར་བ་དེ་ཉིད་ཡེ་ཤེས་སུ།། སེམས་ཉིད་སྣང་བས་ཐེར་ཟུག་མིན།། འདུས་མ་བྱས་ཉིད་འདུས་བྱས་སྣང་།། དེ་ལྟར་གནས་པའི་རང་བཞིན་ཀྱང་།། སེམས ་ཀྱིས་ཀྱི་སྟར་བས་མ་སྦྱ་ཤར།། ཝཱར་སྣར་ཡང་དང་སྣང་བས།། གཞན་ལ་གང་ཡང་མང་བསྟེ།། གཞན་ནས་འང་ང་གཞག་པ་མེད།། ཅེ་བསྒོམ་འདའ་རྐྱེན་ཚུལ་གས་པས།། གསལ་འརྟག་པ་མེད་པར་བཟློབ།། ཡང་ནཱ་རྣཔ་རྒྱ ་ཤེས་ཏེ།། སྣང་ལ་རང་བཞིན་མེད་པ་ཡིན།། དོན་ལ་ཡུལ་མེད་རིག་པར་སྣང་།། ཞེན་ཅིང་སྣང་བའི་རང་བཞིན་མེད།། ཡུལ་དང་བྲལ་བས་ཞེན་མི་རུང་།། སེམས་ལ་ཁ་དོག་དབྱིབས་མེད་དེ།། སེམས་ལ་ཕོ་མོའི་མཚན་མ་མེད།། ཅི་ཡང་མེད་པ་མ་ཡིན་ཏེ།། རིག ་རྒྱུད་ངེས་པར་རྟོག་པ་མེད།། མེད་པའང་མིན་ཏེ་ཀུན་ཏུ་སྣང་།། སྣང་ཡང་རང་བཞིན་འདི་འདྲ་མེད།། ཅེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། དོན་སྦྱོར་ཡིད་ཆེས་ཀྱི་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་སྟོན་པ་དགའ ་རབ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྟག་པར་གཅེར་བུར་ཕྱུད་པ་དང་།། རྒྱ་མཚོར་རྒྱལ་དང་ཁྲུས་བྱེད་ཅིང་།། མེས་བསྲེག་རླུང་གིས་གཡེང་ལ་སོགས།། མཚན་མ་སྤང་བའི ་ལྟས་ཡིན།། སྐས་དང་ལྗོན་ཤིང་འཛེགས་པ་དང་།། མཆོད་རྟེན་འཇོགས་སོགས་རྨེ་བ་ནི།། ས་ཐོབ་བརྟན་པའི་སྔ་ལྟས་ཡིན།། ཁྲི་དང་འཁོར་ལོར་འདུག་པ་དང་།། སེང་གེ་གླང་པོ་ལ་ཞོན་དང་།། གཟུགས་བརྙན་ཞལ་འཛམ་རོལ་མོའི་སྒྲ།། སེང་གེའི་སྒྲ་ཐོས་ལུང ་བསྟན་རྟགས།། མཚན་མེ་ཅན་ལ་སློབ་དུས་སུ།། རྨི་ལམ་བཟང་པོ་བྱུང་ན་ཡང་།། དགའ་དང་བྲོད་ཁ་མི་བྱའོ།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱད་ཕྱི་མ་ལས། ཞིག་ནས་རྨི་ལྟས་ཀྱི་ལེའུ་སྟེ་འདྲ་གཅིག་པའོ།། ་དེ་ནས་ཡང་སྟོན་པ་དགའ་ར་བ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཞི་ག་ནས་སེམས་སྣང་འཛིན་དུས་སུ།། གོམས་ཤིང་བརྟན་པའི་དྲོད་ཆད་ནི།། གཡོ་དང་དྲོད་ཐོབ་བརྟན ་པདང་།། རྩོད་ག་ང་གས་པ་རྗོད།། དུམ་བླན་མདམནམས་དང་།། ལོག་ཏུགས་ཅན་དུ་ལ་གས།། ང་སུལ་གང་པར་མཐོང་བ་དང་།། མདང་ནང་དང་བ་དང་འ།། བླམ་ཆོད་དག་ཏུ་ཐང་བ་དང་།། དབུགས་ནི་ཆུའམ་ཚར་དང་། ་སྒྲ་མར་མཐོང་བ་དང་།། རྒྱུད་པ་རྟིང་རྗེ་ཆེན་པོ་བྷྱོ།། དུད་ཡུལ་གང་མཐང་ཡེ་ཤེས་འཆར།། རྟགས་ནི་གཡོ་ཐོབ་བརྟན་པ་རྣམས།། རྣམ་པ་དག་གིས་འབྱུང་ན་ཡང་།། འོད་འབྱུང་ལྷའི་ཞལ་འཛུམ་དང་།། གཡོ་ཕྲུལ་འོད་དང་ཡང་བ་དང་།། ་སྐྱེ་འབྲི་མེད་པ་དང་།། ཤིག་དེང་ནད་དགྲ་མི་ཚར་དང་།། གཉིད་ཆོམས་ཁམས་ཀྱི་ཟས་དང་བྲལ།། སྙིང་རྗེ་ཆེ་དང་ཆགས་པ་ཆུང་།། ཕྱོགས་རིས་མེད་དང་དམ་ཚིག་ཆེ།། བླ་མ་མཆེད་ལ་གདུང་བ་ཡང་།། ཀུན་ལ་ཉེ་རང་མི་བྱེད་ཅིང་།། འབྲས་བུ་དག་ལར ་དེ་ལ་སོགས་པ་མང་དུ་འབྱུང་།། དགའ་དང་བྲོད་པ་སྐྱེད་མི་བྱ།། ཉམས་ཀྱི་ཕྱག་རྒྱས་རང་དོན་སད།། བླ་མའི་སྤྱན་སྔར་ཞུབ་བྱ།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་ཆུད་ཕྱི་མ་ལས། གཡོ་ཐོ་བ་རྟགས་ཀྱི་ལེའུ་སྟེང་ཅུ་གཉིས་པའོ།། ་དེ་ནས་སྟོན་པ་དགའ་ར་བོ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཤིན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏེ།། བསྒོམ་པ་བརྟན་པའི་ཡོན་ཏན་གྱིས།། སྒྲིབ་པ་དབྱངས་ཤིང་ཚོགས་འཕེལ་དང་།། བསྒོམས་པས་ཀུན་བརྟགས་ཟད་པ་དང་།། ་ཟད་ནས་སྒྲིབ་པ་འབྱངས།། རིག་པ་ལས་སུ་རུང་ནས་ནི།། མངོན་ཤེས་ལྔ་དང་ཆོ་འཕྲུལ་ཐོབ།། མཐར་ཐུག་རང་བྱུང་ཡེ་ཤེས་འཆར།། ཞེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། སེམས་བཟུང་བས་ཟིན་པའི་ཡོན་ཏན་བ ་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་སྔོན་པ་དགའ་ར་བ་རྡོ་རྗེ་ཡིས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་མ་ཟིན་པ་ཟིན་པར་བྱ་བ་དང་།། ཟིན་པ་བརྟན་ནས་གདེང་དུ་གཞུག་པ་དང་། ་བརྟན་ཐོབ་འཕྲོ་རུ་གཏོང་བ་དང་།། རྣམ་ཤེས་ཡུལ་ལ་ལྡོག་པ་དང་།། ཟག་པ་མེད་པའིར་མྱོང་དང་།། ཐོགས་རྡུགས་མེད་པར་གནས་པའི་ཕྱིར།། རྩོལ་བ་མེད་པར་ཀློང་དུ་དབབ།། བདག་འདོན་མེད་པས་ཉམས་སུ་བླངས།། འགྱུང་བ་མེད ་པར་གཡོན་པར་བྱ།། ཞེན་ཆགས་མེད་པར་ཁོང་མི་འཁྲུགས།། ཉམས་བླང་མེད་པར་ཡལ་བར་མི་འདོར་ངོ་རོ།། རང་གྲོལ་ཆེན་པོའི་མདུད་པ་བཀྲོལ།། ཡེ་ཤེས་ཆེན་པོས་ངོ་ཏི་སྲིད།། ཅེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་ཆུད་ཕྱི་མ་ལས ་སེམས་ཟིན་པའི་གང་ཟག་རང་བྱུང་ཡེ་ཤེས་ལ་བསླབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་དེས། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ཀྱི་དགོངས་པ་ཐུགས་སུ་ཆུད་ནས་ལྟ་བས་ཐག་བཅད་ཅིང ་འཛིན་པའི་མདུད་པ་གྲོལ་བ་འདི་བཀའ་སྩལ་ཏོ།། རིག་བརྩལ་གྱི་རང་བཞིན་གྱིས།། སྣང་སྲིད་རིག་པའི་རྩལ་དུ་ཤར།། གབ་པ་མངོན་ཕྱུང་རང་བཞིན་གྱིས།། དྲན་རྟོག་དང་ཤར་ཆོས་སྐུར་ཤེས།། ཡེ་ཤེས་ཟང་ཐལ་ཆེན་པོ་ཡི།། རྣམ་འཛུལ་ཅིང་ཡང ་ཤར་བ་ལ།། སྟོང་པས་རྒྱས་གདབ་ཞེན་ཆགས་མེད།། ཆོས་སུ་རང་གསལ་ཐུག་ཕྲད་ཀྱིས།། ཡེ་ནས་གྲུབ་པར་ཐེ་ཚོམ་མེད།། དབྱེར་མེད་དང་བྱུང་རང་གསལ་ཡིན།། ལྷུན་གྲུབ་ཅོག་བཞག་ཆེན་པོ་ཡིས།། རང་སྣང་དབྱེར་མེད་རྣམ་རྟོག་བྲལ།། འདི་ལ་བཟུང་ཞིང། ་རྟོག་དཔྱོད་བྲལ།། བླང་དོར་དབྱེ་བསལ་དང་གིས་བྲལ།། རྗེས་མེད་དོན་གྱི་རྗེས་བཙལ་བས།། འདི་ལ་འདི་ཞེས་བཙལ་དུ་མེད།། རང་བྱུང་ཡིན་པས་བཙལ་དུ་མེད།། ཡེ་ནས་འགྱུར་མེད་ཆུ་རྐྱེན་བྲལ།། དམིགས་གཏད་མེད་པའི་སེམས་ཉིད་ཀྱིས།། གང་ལ་བཟའ་ཞིང་གཏད ་མེད།། གཟའ་གཏད་མེད་པས་ཕྱོག་མེད་ཡིན།། རྟོད་པུར་དག་གིས་མཚོན་བྱས་ཏེ།། འཆིང་གྲོལ་མེད་པའི་དོན་ལ་སྦྱོར།། སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་ཡིས།། སྣང་ཞིང་སྲིད་པའི་ཆོས་རྣམས།། ། ཡེ་ནས་ལྷུན་གྲུངབ་ཀུན་ཏུ་བཟང་།། རང་བྱུང་ཡེ་ཤེས་དང་ཤར་ལ།། འཁོར་འདས་རང་བཞིན་དབྱེར་མེད་ཡིན།། ་ཐམས་ཅ་མ་བྱ། ཕྱོགས་སྲུང་མ་ཅིང་ནཱ་ཟང་བྲལ།། ར་ན་ས་ཏོང་ལྡན་ཐུབ་པན།། འདས་མབྱས་པར་རྣམ་མཁར་འདྲ།། སཤཱ་ང་གང་ལྟར་འདུག། རང་ཐམས་ཉིད་ལས་གཡས་པ་མེད།། རང་ཐུང་ལ་གས་ངན་ས་ན།། ་ལ་ཆེད་དུ་བསྒོམ་མི་དགོས།། མ་བསྒོམས་དང་གིས་ངོ་བོར་གསལ།། ཡེངས་དང་མ་ཡེངས་སྤང་ཐོབ་མེད།། བྲལ་དང་མ་བྲལ་ཕྱི་ནང་མེད།། བཀག་པས་མི་ཁེག་སྤྱོད་པ་ལ།། དགེ་སྡིག་ལ་སོགས་ཅི་སྤྱད་ཀྱང་།། བག་ཆགས་རྐྱེན་གྱིས་གོས་རྒྱུ་མེད།། ་བྱ་ལམ་རྗེས་མེད་རྣལ་འབྱོར་མཆོག། ཆེད་དུ་མ་བྱས་རྩོལ་མེད་པར།། རང་བྱུང་ཡེ་ཤེས་རང་བཞིན་ཤར།། གཏད་སོ་གཟུང་འཛིན་རྩོལ་མེད་པར།། ཐུག་ཕྲད་སྤྱོད་པ་ཅི་སྤྱད་ཀྱང་།། རེ་དོགསོ་སྤང་བླང་ཞིང་འདོད་བྲལ།། སྤྱོད་པ་བྱར་མེད་ལྷན ་གྲུབ་པ།། རྩོལ་བསྒྲུབ་ཞེན་ཆགས་དང་སང་གྲོལ།། ཅི་བྱས་སྐྱོན་མེད་འགལ་རྒྱུ་བྲལ།། དམིགས་མེད་ཞེན་པ་རང་ལ་ཤང།། དཔེར་ན་ནམ་མཁའ་ཉི་འོད་བཞིན།། འབྲས་བུ་ཉིད་དེ་རང་ལ་ཤར།། ཁྱུ་ཆེན་ནམ་མཁར་ལྡིང་བ་བཞིན།། རྩོལ་བ་མེད་ཅི ་གཡང་ས་བྲལ།། རེ་དང་དོགས་མེད་ལྷུན་གྱིས་གྲུབ།། མདོར་ན་སྤྱོད་ཡུལ་གང་ཤར་བ།། འབྲས་བུ་དེ་ཉིད་མངོན་སངས་རྒྱས།། བྱར་མེད་ལྷུན་གྲུབ་འབྲས་བུའི་མཆོག། རིག་པ་དང་གསལ་ཐམས་ཅད་མཁྱེན།། དབྱེར་མེད་དང་དུ་ཐམས་ཅད་གསལ།། ་དུས་གསུམ་བདེ་གཤེགས་ཀུན་ཏུ་བཟང་།། སྐུ་གསུམ་སྣང་བའི་སངས་རྒྱས་ལ།། དགོངས་པ་འདི་ལས་ཡོངས་མི་མངའ།། བསྒོམ་མེད་བསྒོམ་པར་དམིགས་པ་མེད།། བསྒོམ་པར་བྱ་བ་ཡོད་མ་ཡིན།། རང་བྱང་ཡེ་ཤེས་ཆེན་པོ་ལ།། ལྷུན་གྲུབ ་དུ་ཤར་བ་ནི།། རྒྱལ་བ་མེང་པོའི་དོན་མཆོག་སྟེ།། འདི་ལས་བསྨན་ཏེ་ས་ཞིག་བསྒོམ།། བས་མ་བྱད་དཚོགས་པར་བྱ་བ་མེད།། རང་བྱུང་ཤེས་རང་གས་པན།། དོན་ལསམས་གས་ལདོན་གྱི་མཆོག། རྫིང་ཆེན་བརྒྱད་ཀྱི་འཁོར་ལོ་ཡིས།། སྒོ་སྲུང་བྲ ་གནན་སུ་ན།། མ་སུག་།། ། ས་། ས་། ་ས་ཉིད་ཆེན་པོར་གསལ།། སྡུག་བསྔལ་བདེ་བའི་རོལ་པར་ཤར།། མི་མཐུན་མི་སྤང་གཉེན་པོ་བྲལ།། བགྲོད་མེད་རྩོལ་བྲལ་འབྲས་བུའི་མཆོག། ཆོས་གསུངས་སོ།། གདམས་དག་སྣ་ཚོགས་འཁོར་ལན་ཆུད་ཕྱིན་ལས། ལདྨོའི་མཐར་ཐཱག་ར ་ཡེ་ཤེས་སུ་གྲོལ་བའི་ལེའུ་ལྟེ་བཅོ་ལྔ་པའོ།། ། དེ་སྐད་ཅེས་བཀའ་སྩལ་པས། འཁོར་ཐམས་ཅད་དགའ་མགུ་ཡི་རང་སྟེ།། དགའ་རབ་རྡོ་རྗེའི་དགོངས་པ་ལ་མངོན་པར་འདུད་དོ།། དྲི་མ་མེད་ཅིང་རང་གྲོལ་རྒྱང་ཆེན་པོ།། ཀུན་གྱི་ཐུན ་མ་ཡིན་རྟོགས་དཀའ་ཟབ།། མ་འོངས་སྐལ་ལྡན་རྣམས་ཀྱི་དོན་ཆེད་དུ།། རིན་ཆེན་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད།། ལེའུ་བཅུ་དྲུག་དོན་གྱི་བཙུད་གྱུང་ནས།། འཇམ་དཔལ་བཤེས་གཉེན་ཉིད་ལ་གཏད་པོ་ཡིན།། ཞེས་གསུངས་སོ།། ་གདམས་ངག་སྣ་ཚོགས་འཁོར་ལོའི་ཆུང་ཕྱིམ་ལས། རྗེས་སུ་མཾ་རང་བ་དང་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། ། སྤྲུལ་པའི་རྒྱུན་གྱི་མརྫོགས་སོ།། ཛྙཱན་ཤེས་རབ་རྟོགས་པའི་ཉི་མ་ཤར།། ཕྱག་སྐད་དུ། ་