CLOSE WINDOW

Gdg004.21: rin po che srid pa bar ma do snang ba'i rgyud
Wyliee-texts produced with BDRC’s OCR application

ཁམས་ཆོས་ལུགས་ངན་པས་སླར་ལ་གཏེར་དུ་སྦས་སོ།། ཞེས་གསུངས་སོ།། བི་མ་ལས་གདམས་སོ།། སྲས་རྒྱཙྪ།། རྒྱ་གར་སྐད་དུ། རཏྣ་བྷཱ་བཱནྡྷ་རཱ་ལོ་ཀཿ། བོད་སྐད་དུ། རིན་པོ་ཆེ་སྲིད་པ་བར་མདོ་སྡང་བའི་རྒྱུད། བཅོམ་ལྡན ་འདས་དང་སྣང་ཀུན་ཏུ་བཟང་པོ་ལྔ་ཕྱག་འཚལ་ལོ།། དུས་བཞི་མཉམ་པར་གཅིག་པར་སྣང་བའི་དུས།། རྒྱུ་གྱེན་མ་བསྐྱེད་ཡེ་ཤེས་སྣང་བའི་དུས།། ལུས་སེམས་གཉིས་པོ་ཐ་དད་སྣང་བའི་དུས།། རང་གི་རྣམ་རྟོག་དབུགས་ལ་བརྟེན་པའི་དུས།། འཁོར ་འདས་གཅིག་པར་སྣང་བའི་དུས།། ཆོས་སྐུ་སྐྱེ་མེད་རང་བཞིན་གྲུབ་པའི་གནས།། ཡེ་ཤེས་མ་སྐྱེས་རེག་པ་སྟོང་པའི་གནས།། ལུས་དང་སེམས་གཉིས་སྲིད་པར་སྣང་བའི་གནས།། སྣང་བ་ཐོགས་མེད་སྤྱོད་ཡུལ་སྟོན་པའི་གནས།། འཁོར་བའི ་རྒྱུད་འདས་སྣང་བའི་གནས།། ཆོས་སྐུའི་སྙིང་པོ་བརྗོད་མེད་སྟོན་པ་དང་།། ཡེ་ཤེས་སྙིང་པོ་མི་གརྗོད་སྟོན་པ་དང་།། ལུས་ཀྱི་སྣང་ཚུལ་སེམས་ཀྱི་སྟོན་པ་དང་།། དབུགས་ཀྱི་རྣམ་རྟོག་སྣང་བའི་སྟོན་པ་དང་།། འཁོར་བའི་ལམ་དང་མྱ་ངན་འདས་པའི་ལམ་སྟོན་པ ་རང་བྱུང་ཆོས་སྐུ་མ་འགགས་འཁོར་དེ་དང་།། རང་བྱུང་ཡེ་ཤེས་འགགས་མེད་འཁོར་ཉིད་དང་།། ལུས་ཀྱི་འཁོར་དང་སེམས་ཀྱི་འཁོར་ཉིད་དང་།། བླགས་ཀྱི་རྣམ་རྟོག་ལམ་ཚོལ་འཁོར་ཉིད་དང་།། ཐ་མི་དད་པ་ད་ཅིག་སྣང་འཁོར་ཉིད་དོ།། རང་བྱུང་ཡེ་ཤེས་མི ་བརྗོད་བསྟན་པ་དང་།། མིང་དང་བརྡའ་རུ་བྱུང་བའི་བསྟན་པ་དང་།། བརྗོད་པའི་ངག་མེད་སེམས་བརྗོད་བསྟན་པ་དང་།། བརྗོད་མེད་མི་བརྗོད་དབྱེར་མེད་བསྟན་པའོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། སྲུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། ་སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ལུས་མེད་ལུས་སུ་གྲུབ་པ་སེམས་ཅན་ལུས།། དང་པོ་ལུས་འདི་རྒྱུ་ཉིད་ཅི་ལས་བྱུང་།། བར་དུ་བསྐྱེད་ལུགས་ཇི་ལྟར་གྲུང།། ཐ་མར་ལུས་ཀྱི་འབྲས་བུ་འཁྲུལ་པ་ཅི་ལྟར་རྒྱས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། ་དང་པོ་ལུས་མེད་ལུས་ཀྱི་རྒྱུ་འདི་ནི།། རང་བྱུང་ཡེ་ཤེས་མ་འགགས་དག་ལས་བྱུང་།། བར་དུ་ལུས་ཀྱི་རྒྱུ་འདི་ནི།། ཡེ་ཤེས་གཟུགས་ཀྱི་ཡོན་ཏན་ལས།། ཟེར་གྱི་ཡན་ལག་འོད་སྣང་ལུས།། རྔོག་མར་ལུས་ཀྱི་རྒྱུ་འདི་ནི།། རྒྱལ ་ལུས་དང་རྐྱེན་གྱི་ལུས།། རྒྱུ་ཡི་ལུས་ནི་རྣམ་གཉིས་ཏེ།། རང་གི་སྐྱེད་དང་ཚོགས་པའི་རྒྱུ།། རང་གི་རྒྱུ་ཡི་ལུས་ལ་ཡང་།། རིག་པ་འགགས་མེད་འོད་ཀྱི་ལུས།། རྐྱེན་གྱི་ལུས་ལ་རྣམ་གཉིས་ཏེ།། འདུན་པའི་སྒོ་ནས་ལུས་བཙལ་ཏེ།། བཟུང་ངན་མེད་པའི་ལུས་དག ་ལ།། ཐོབ་པ་ནི་འདུ་ཤེས་བྱིས་པ་ཡིས།། འདུན་པའི་སེམས་ཀྱིས་བཙལ་ཏེ་འདུག། ཆུ་མཐུན་སྣང་པས་ཕ་མར་མཐོང་།། ཕའི་རྡོ་རྗེའི་བྱང་སེམས་ལས།། རང་གི་ལུས་དེའི་རྒྱུ་མཐོང།། རྨཱ་ཡི་རིདི་ཆེན་པདྨ་ལས།། གནས་ཀྱི་སྒོནས་བསྐྱེད་བྱར་མཐོང་།། དརྒྱ ་རྒྱུ་བསྐྱེད་བྱ་གཉིས་སྣང་ལས།། རང་གི་ལུས་དེ་གྲུབ་པར་མཐོང་།། མཐོང་བའི་འདུན་པས་སྣང་བའི་ལུས་བཙལ་ནས།། ཁུ་བ་ཁྲག་ལས་ལུས་ཉིད་མཐོང་།། མཐོང་བའི་ཤེས་པ་བརྟས་པའི་བག་ཆགས་ཀྱིས།། བག་ཆགས་རང་སྣང་ལུས་དེ་བསྐྱེད་པར་སྣང་།། སྔ ་པོའི་ཤེས་པས་དངོས་སུ་ཡོད་པར་གྲུབ།། ནན་ནན་ནུར་ནུར་ནུས་པས་ལུས་ཉིད་བསྐྱེད་པར་གནས།། ལྟར་ལྟར་ལྷུར་གྱུར་ལུས་ཀྱི་གཞི་རུ་ཀྲུང་།། གར་གར་གོར་གོར་ལུས་ཀྱི་དངོས་པོར་ཆགས།། སྡུད་པའི་ལྟེ་བར་དྲི་ཟ་ལྕེ་འཁོར་ལུས།། དབང་པོ་ཡན་ལག་ཚང་བའི ་ལུས་སུ་གནས།། ལུས་སུ་སྨིན་པའི་འབྲས་བུ་སྡུག་བསྔལ་བཅུ་གཉིས་མྱོང་།། དོགས་པའི་སྡུག་བསྔལ་ཉི་མེད་དམྱལ་བར་འདྲ།། དབང་པོ་ཡན་ལག་སྡུག་བསྔལ་ཁྱད་པར་རེ།། རྣམ་ཤེས་དབང་པོ་སྡུག་བསྔལ་ལྷོག་པ་དེ།། འདུན་པའི་འདོད་ཆགས་དག་གིས ་ལུས་ཉིད་གྲུབ།། ཕ་ལ་ཞེ་སྡང་སྐྱེ་ཞིང་མ་ལ་འདོད་ཆགས་སྐྱེ།། རིག་པ་པོ་ཡི་ལུས་སུ་གྲུབ་པའི་རྟགས།། མེ་ལ་ཞེ་སྡང་བྱེ་ཞིང་ཕ་ལ་འདོད་ཆགས་སྟེ།། རིག་པ་མོ་ཡི་ལུས་སུ་གྲུབ་པའི་རྟགས།། ལུས་ཉིད་མཐོན་པོ་མངོན་དུ་རྒྱས་པ་ན།། འཁྲུལ་པས་རིག ་བཞནནཿ་ཀཽ་རྒྱས།། འཁྲུལ་པ་བཞི་བརྒྱན་བཞི་ལས།། དྲུག་བརྡལ་བཞི་བཅང་བཞི་རྒྱུ་།། སེམས་ཅན་ལུས་སུ་ཐབ་པ་བསྟན་པའི་ལ་མ་གཉིས་པཱ།། ཛྲ་དང་བྱིགསུང་བདག་རྔུ་རྫས་མས་དཔན་ཡས།། སྟོན་པ་སྟོན་པ་ལྡན ་བཟང་པོ་ལ།། སེམས་ཅན་ལུས་སུ་གྲུབ་པ་ལ།། ཡེ་ཤེས་ཀྱིས་ནི་བཟློག་པ་དང་།། ཡེ་ཤེས་ཉིད་ལུས་ཐོབ་པ་ཅི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། ཡེ་ཤེས་ལུས་ཉིད་ཐོབ་པའི་དངོས་པོ་ནི།། ཡེ་ཤེས་པ་ཡང་རྣམ་གཉིས་ཏེ།། རིག་པའི་ཡེ་ཤེས ་ལུས་དག་དང་།། དིག་མེད་ཡེ་ཤེས་ལུས་དག་གོ།། རིག་པའི་ཡེ་ཤེས་ལུས་ཀྱི་དངོས་པོ་ནི།། ཆོས་རྣམས་ཐམས་ཅད་ནམ་མཁའི་ངང་དུ་ཅིག། ལུས་ཀྱི་དངོས་པོ་ཤིང་བལ་འདབ་པས་ཡང་།། སེམས་ཅན་ལུས་ལ་སངས་རྒྱས་དགོངས་པ་ཅན།། ཐ་མལ་པ་ཡི།། ་ལུས་ཉིད་བཟློག་པར་བྱེད།། ཡེ་ཤེས་སྙིང་པོ་མ་འགགས་འགག་མེད་ལུས།། ལོངས་སྤྱོད་རྫོགས་སྐུའི་མཚན་དང་དཔེ་བྱད་གསལ།། མ་འགགས་མི་གཡོ་ཐོགས་པ་མེད་པའི་སྐུ།། བརྗོད་མེད་མི་བརྗོད་གཡོས་པ་མེད་པའི་དང་།། ལུས་ཉིད་སྣང་བས་བྱང། ་སེམས་གྲོལ་བ་སེལ།། ཤེས་བྱའི་སྒྲིབ་པ་གཏིང་དཔག་དཀའ་ཕྲ་མོ།། སྐུ་ཉིད་སྣང་བ་ཙམ་གྱིས་སེལ་བར་བྱེད།། ཐོགས་མེད་འོད་ཀྱི་ལུས་སུ་གྲུབ་པ་སྟེ།། ཐོགས་བཅས་ལུས་ཀྱི་སྣང་བ་བཟློག་པར་འབྱེད།། རིག་མེད་ཡེ་ཤེས་སྙིང་པོའི་ལུས་དེ་ནི།། ཡེ་ཤེས ་སྙིང་པོ་འགགཔ་མེད་འགག་པ་མེད།། ཡུལ་དང་ཡུལ་ཅན་གཉིས་སུ་མི་རིག་ཅིང་།། མཚན་མ་རྣམ་རྟོག་གཉིས་སུ་རིག་པ་མེད།། རིག་མེད་ལུས་དེ་ཆོས་ཉིད་ནམ་མཁའ་འདྲ།། ཆོས་ཉིད་ནམ་མཁའ་གཟུགས་སུ་གྲུབ་པ་མེད།། གཟུགས་སུ་མ་གྲུབ་དངོས ་པོར་ཐོགས་པ་མེད།། ཡེ་ཤེས་རང་དབང་ཆེན་པོའི་ལུས་སུ་གྲུབ་པ་ཡིན།། གཞན་ལ་མི་ལྟོས་ཁྱད་པར་ཆེན་པོའི་ལུས།། རང་གི་ལུས་དེ་རང་གི་དབང་ཐོབ་བོ།། ཆུ་རྐྱེན་བྲལ་བའི་ལུས་སུ་གྲུབ་པ་ཡིན།། སེམས་ཅན་ལུས་དེ་ཡེ་ཤེས་ལུས་སུ་གྲུབ་པའོ།། ་ཤེས་ལུས་ཉིད་གྲུབ་པའི་ཡོན་ཏན་ནི།། ལུས་དེང་ནས་དང་ན་བ་མེད་པར་འོར།། ལུས་དེ་ཡང་ཞིང་བཅོས་སུ་བཏུབ་པར་འོངད།། ཤྲཱི་བ་མེད་ཅིང་ཡེ་ཤེས་འཕོ་འཇུག་ཤེས།། དམིགས་པའི་ལུས་མེད་ལུས་དཅིང་ཡང་སྣང་།། སེམས ་ཅན་ལུས་དེ་གྱེན་གྱིས་བསླབ་པར་ཡོད།། ཡེ་ཤེས་ལུས་དེ་རྒྱུ་རྐྱེན་བྲལ་བའི་ལུས།། གཟུགས་མེད་ནམ་མཁའི་ལུས་ཀྱིས་བཟློག་པར་བྱེད།། གཟུགས་ཁམས་འོད་ལས་གྲུབ་པའི་དངོས་པོ་དེ།། གཟུགས་དེ་ཐོགས་མེད་ཡེ་ཤེས་འོད་ཀྱིས་བཟློབ།། ལུས་མེད་ལུས ་དེ་ལུས་ཀྱི་མཆོག་ཆེན་པོ།། ལུས་ཀྱི་མཐའ་ཉིད་རྟོགས་པས་ལུས་ཀུན་རྟོག། གཟུགས་སུ་བཟུང་བའི་ལུས་དེ་འཁྲུལ་ལུས་སོ།། སངས་རྒྱས་ཀུན་གྱི་རྟོགས་པའི་ལུས་ཆེན་པོ།། སེམས་ཅན་ལུས་ཀྱི་ཡེ་ཤེས་མ་འཁྲུལ་བར་བསྟན་པའི་ལེའུ་སྟེ་གསུམ ་པའོ།། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པཀུན་ཏུ་བཟང་པོ་ལ།། སེམས་ཅན་ལུས་ཅུ་བྲུད་པ་ཐམས་ཅད་ལ།། མི་རྟག་འཆི་བའི་ལུས་དེ་སྣང་ཚུལ་གྲང་།། རྟོན་པ་འི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སེམས་ཅན ་ལུས་སུ་གྲུབ་པ་ཐམས་ཅད་ལ།། རྒྱུ་དང་རྐྱེན་གྱིས་བསྐྱེད་པ་ཡིན་པས་ན།། རྒྱུ་མི་ནུས་པ་ཟད་པྲས་འཆི་བར་སྣང་།། ནུས་པ་ཛད་པའི་རྟགས་ནི་འདི་རྣམས་དབྱུང་།། འབྱུང་བ་ལྷ་ཡིས་ངསྐྱེད་པའི་ལྷས་ཡིན་པས།། ས་ཡི་ནས་བཟད་པས་སྐམ་པོར་སྣང་།། རྒྱུ་ཡི ་བཟད་པས་ལྕི་བར་འོང་།། མེ་ཡི་ནུས་པ་ཟད་པས་གྲང་བར་སྤྱོད་།། རླུང་གི་ཆུས་པ་ཟད་པས་ལྔར་མི་ནུས།། ནམ་མཁའི་ནུས་བཟད་པས་བཀླག་མེདངས་ཉམས།། འཆི་བ་ལྟ་བུའི་སྣང་བ་འབྱུང་བ་ཡིན།། དགེ་སྡིག་བྱས་པའི་འཆི་བའི་སྣང་པ་གང་།། དགེ་བ་བྱས ་པའི་སྣང་བ་འདི་རྣམས་འབྱུང་།། རང་གི་སྣང་བ་ལྷ་དང་ལྷ་མོ་ཡིས།། འདོད་ཡོན་མཆོད་པ་འབུལ་བའི་སྡང་བ་འབྱུང་།། ཁ་དོག་དཀར་པོ་འོད་དང་བཅས་པར་སྣང་།། ཞིང་ཁམས་མ་ལུས་གསལ་ཞིང་མེ་དམ་གསལ།། བདེ་གཤེགས་སངས་རྒྱས་རྣམས་ཀྱི་སྲས ་མེདམ་པར་བྱེད།། ལྷ་དང་མཁའ་འགྲོས་ཡུན་དང་གྲོགས་པོར་བྱེད།། གཤན་རྔ་ཤ་ཟམང་པོས་ཁུར་ཞིང་རྗེ་པོ་ན་མཐོང་།། ལྷ་སྲན་སྣ་བརྒྱད་བྲན་དང་གལག་པར་སྣང་།། དབུགས་ཀྱི་དྲོད་དེ་དང་མཐིལ་ནས་ཡལ་ནས།། སུཾ་གཟུག་ཚངས་པའི་གནས་སུ་ཐུད་པར་བྱེད།། ་སྐྱེ་ཡི་དབུགས་དེ་རེང་དུ་རྒྱས་པ་ལས།། རྟོག་མེད་ནམ་མཁའི་དང་ལ་སེད་ཆེར་ཐོང་།། སྡིག་པ་བྱེད་པའི་འཆི་བའི་སྡང་བ་དེ།། ཤ་ཟ་གཤིན་རྗེ་མང་པོ་མཐོང་བ་དང་།། མི་སྡུག་གཟུགས་ཉིད་སྣ་ཚོགས་སྟོན་པར་བྱེད།། ཚེ་སྲོག་དབུགས་ཀྱིས་བརྒྱལ་བམི་ཏོགས་ཏེ།། དུ་ནི ་དམང་པོ་འདོན་པར་བྱེད།། ཞགས་ཐོགས་མཚོན་ཐོགས་མང་པོའི་གཤིན་རྗེ་ཡིས།། དེ་འདོད་ཟེར་ཞིང་ཁྱབ་ནས་ཕུལ་བར་བྱེད།། ཚེ་སྲང་དམྱལ་བའི་སྡུག་བསྔལ་མང་པོ་མྱོང་བར་སྟོན།། སྲིད་པའི་འཁོར་ལོ་ཉིན་འདུན་མཚན་བདུན་བསྐོར།། རང་གིས་སྡུག་བསྔལ་མང་པོ ་ཞར་ལ་སྣང་།། བསྐལ་བར་བསགས་པའི་སྡུག་བསྔལ་སྟོན་པར་བྱེད།། རིགས་དྲུག་སྣང་བ་ཐམས་ཅད་སྟོན་པར་འོང་།། རང་གི་མཚན་མ་ནག་པོར་མཐོང་།། རང་གིས་ངུས་ནས་ཕ་བོས་མ་པོས་ཀྱང་།། མུན་ནག་ཆེན་པོར་རང་ཉིད་གཅིག་པུར་འཁྱམས།། སྲིད་པར ་འཁྱམས་པའི་སྡུག་བསྔལ་མང་པོ་མཐོང་།། ལྷ་སྲིན་སྡེ་བརྒྱད་ཤ་དང་ཁྲག་ལ་ཟ།། ལུས་ཀྱི་དྲོད་དེ་སྤྱི་བོ་ནས་བཟུང་ནས།། རྐང་མཐིལ་བར་དུ་དྲོད་དེ་ཡལ་བར་བྱེད།། རང་གི་སྣང་བ་འཁྲུལ་པས་དམྱལ་བ་མཛོང་།། འཆི་བའི་ལུས་སྣང་བའི་ལེའུ་སྟེ་བཞི་པའོ།། ། ་སྡུད་པའི་གསད་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། སྲིད་པ་བར་མདོ་སྣང་བའི་ལུས་དེ་ཅི་ལྟ་བུ་ལགས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། བྱུང་བའི་བར་དོ་འབྱུང་བའི་བར་དོ་དང་།། གནས་པའི་བར་དོ་རྣམ་པ་གསུམ་དུ ་ང་།། བར་དོར་ཕར་ཆེར་ཞགས་ནི་བདུན་ལ་འབྱུང་།། བདུན་ཚེ་བདུན་ལ་བར་དེ་ཐེངསར་འབྱུང་།། བར་དོ་རང་ལ་གནས་པའི་སྡང་ཚུལ་ནི།། ལུས་ཀྱི་སྣང་ཚུལ་སེམས་ཀྱི་སྣང་ཚུལ་ལོ།། ལུས་ཀྱི་སྣང་ཚུལ་འདི་ལྟར་སྣང་བ་སྟེ།། དབང་པོ་ཀུན་ཚང་ཐོགས་མེད་ལུས།། ་ཏྲོན་འཐུང་སྲིད་པའི་ཤཱག་ཟུགས་ཅན།། རྫོགས་མེད་མུས་དཐམས་ཅ་འགྲམས།། དབུགས་དྷ་ལ་གན་།། འདས་དང་མ་དངས་རྣམས་པ་ན།། ར་ག་ཆགས་འབྲས་པ་གས་པ།། དགུ་ཐོག་རྒྱས་གསུས་དང། ་སྣང་།། སྨོན་དུ་འདྲིས་པ་ཐམས་ཅད་ཅན།། གདུང་བའི་སྙོམས་ཀྱིས་གསལ་བར་སྤྱད།། འདྲེས་པའི་ཚུལ་གྱིས་ཐོས་པའི་འོ།། ལམ་དེ་ཞི་པ་ནས་མལ་ལ་འདོད།། སྔོན་གྱི་གྱིས་རྣམ་པར་གསལ།། འདྲིས་པའི་དངོས་པོ་པརྡད་མི་བྱུད།། དང་རྟོག ་དབུགས་ཀྱི་རྟ་ལ་ཞོན།། ཀུན་ཏུ་འཁྱམས་ཏེ་ཀུན་ཏུ་འཁོར།། ས་མ་ལ་དུས་རྟགས་མེད་པ་རུ།། རང་གི་སྣང་བ་གཅིག་པུར་མཐོང་།། ཤིན་ཏུ་འཇིགས་པའི་གཤིན་རྗེ་ཡིས།། སྡིག་ཁྱེད་ལུས་ལ་གནོད་པར་བྱེད།། སྡུག་བསྔལ་སྣ་ཚོགས་མྱོང་བར་བྱེད།། ་འདི་དང་ཕྱི་མ་གཉིས་ཀ་གསལ།། གསལ་བའི་ཡེ་ཤེས་ཕྲ་མོ་དེ།། ཡེ་ཤེས་གསུམ་དུ་འགྱུར་བ་ཡིན།། རིག་པའི་ཡེ་ཤེས་ཆོས་རྣམས་གསལ།། རིག་པ་མི་གཡོ་ཡེ་ཤེས་གས་ལ།། རིག་མེད་སྙིང་པོ་ཆོས་ཉིད་གསལ།། ཡེ་ཤེས་གསུམ་ལ་གནས་པར ་བྱའོ།། སེམས་ཅན་དུས་དུནས་མེད།། ཐེག་པའི་ན་སེམས་ཉིད་ཡིན།། སངས་རྒྱས་སུན་ལག་ད།། དགས་ལ་བརྟེན་པའི་ཤེས་པ་དེ།། ། བ་དགས།། རླུང་རྒྱང་ཅུང་རྫོགས་པབཔྱོད། ནས་། ་ང་ཐམས་ཅད་གསལ་བ་སྟེ།། ཡེ་ཤེས་གསལ་བའི་རྒྱུ་ཡིན་པས།། དམིགས་བྱ་དམིགས་བྱེད་མེད་པ་རུ།། ཆོས་སྤུ་ནམ་མཁའི་ངང་ལ་བཞག། ཐོག་མ་མེད་པའི་ལུས་དེ་ནི།། མིང་ཙམ་མེད་པའི་ལྷ་འགྲུབ་པས།། ཐོགས་བཅས་ལུས་པོ་ཆོས་ཉིད་ཐོག ་རང་བཞིན་མེད་པར་གཞག་པར་བྱ།། སྣ་ཚོགས་གཟུགས་སུ་གསལ་བདེ།། ཡེ་ཤེས་ཡོན་ཏན་མ་འགགས་པས།། མ་དགགས་འགག་པ་མེད་པར་བཞག། མཚན་མེད་ཆོས་ཉིད་མཐོང་བ་མེད།། བརྡ་དང་མིང་གི་མཐོང་བ་སྟེ།། མཐོང་མེད་དོན་དམ་མཐོ ་ཆོས་སྲི་མཐོང་དནམམཁའ་འདུག།། བར་བོ་དང་སྤངས་ལ་སྨྲས་པའོ།། ། རྒྱུདྷཱ་པའི་གསང་བདག་ཎྜཱི་རྣམམས་དཔའ་མས།། སྟན་པའི་ལྡན་པ་ས་བཟང་པོ་ལ།། འདདུ་ས་ཤེས་པ་དདགྲལ།། བཅོམ་པའི་ཐབས་ན་དདུ ་བར་དོའི་ཤེས་པ་དེ་དག་ལ།། བཅོས་པའི་ཐབས་ནི་རྣམ་གསུམ་སྟེ།། མ་ཆགས་མི་གཡོ་བཙོས་པ་ནི།། ལོངས་སྤྱོད་ལུས་ལ་མ་ཆགས་པས།། དམིགས་པ་མེད་པའི་འབྲས་བུ་ཐོབ།། ལོངས་སྤྱོད་ལ་ནི་རྣམ་གཉིས་ཏེ།། དབང་པོ་ལྔ་ཡི ་ལོངས་སྤྱོད་ལ།། ཆགས་ན་འདོད་པའི་ཁམས་སུ་སྐྱེ།། རང་གི་ལུས་ལ་ཆགས་པས་ནི།། འདོད་པའི་ཁམས་ཀྱི་ལྷ་རུ་སྐྱེ།། རང་སེམས་དང་ལ་ཆགས་པས་ནི།། གཟུགས་ཁམས་གནས་སུ་ལུས་ལེན་ཏེ།། ཞེ་སྡང་རྒྱུན་ཆེན་དྲགས་པ་ན།། དམྱལ ་འི་གནས་སུ་ལུས་ལེན་ཏེ།། འདོད་ཆགས་རྒྱན་ཆེན་དྲེགས་པས་ན།། ཡི་དྭགས་གནས་སུ་ལུས་ལེན་ཏེ།། གཏི་མུག་རྒྱུན་ཆེན་དྲགས་པ་ན།། དུད་འགྲོའི་གནས་སུ་ལུས་ལེན་ཏོ།། ང་རྒྱལ་རྒྱུན་ཆེན་དྲགས་པ་ན།། མི་ཡི་གནས་སུ་ལུས་ལེན་ཏོ།། ་ཕྲག་དོག་རྒྱུན་ཆེན་དྲགས་པ་ན།། ལྷ་མིན་གནས་སུ་ལུས་ལེན་ཏོ།། ལེ་ལོ་རྒྱན་ཆེན་དྲགས་པ་ན།། ལྷ་ཡི་གནས་སུ་ལུས་ལེན་ཏོ།། ཡེ་ཤེས་གཡོ་བ་མེད་པའི་རྟགས།། འགགས་ན་ལོངས་སྤྱོད་རྫོགས་སྐུར་སྐྱེ།། ཆོས་ཉིད་མི་འགྱུར་ནམ་མཁའ་ལ།། ་རང་བཞིན་མེད་པར་རྟོགས་པ་ན།། སངས་རྒྱས་ཆོས་སྐུའི་སྙིང་པོ་ཐོབ།། འཚོ་བ་དབུགས་ཀྱི་བར་དོ་རུ།། ཆོས་རྣམས་ཐམས་ཅད་དྲན་མི་བྱ།། དྲན་རྟོག་མེད་པའི་ནམ་མཁའ་ལ།། དམིགས་པ་མེད་པར་སིང་དེར་བཞག། བག་ཆགས་མི་གཡོ་ཡེ་ཤེས ་ཏེ།། རང་བཞིན་མེད་པར་བཞག་པར་བྱ།། རང་བཞིན་མེད་པར་རྟོགས་གྱུར་ན།། སངས་རྒྱས་ཀུན་གྱི་སྙིང་པོ་ཐོད།། ཆོས་རྣམས་ནམ་མཁའི་སྙི་པོ་ལ།། མཚན་མའི་རྣམ་རྟོག་ཅི་བྱུང་ཡང་།། རྟོག་མེད་ནམ་མཁའི་དང་དུ་བསྒོམ།། ཆོས་རྣམས་ཐམས ་ནང་ལྦུ་བས་གཅོད།། ལུས་ངག་སྐད་པ་ཆེན་པོ་དེ།། སྲས་ཀྱི་ཐུག་བསྔལ་རྗེ་ཟུང་ཡང་།། རིག་པའི་ཤེས་པ་དེ་དག་ཀུན།། རིག་མེད་དབུགས་ཀྱི་རོལ།། ནམ་རྟོག་བཅས་དམཁའ་ལ་བཞན།། རྣམ་རྟོག་ཏུ་དང་ན ་ཡིན་པས།། ཡིད་ཀྱི་ཡེ་ཤེས་མེད་མི་བསྒོམ།། ལོ་དང་བཀལ་པ་མང་པོ་ཆུ།། ཉོན་མོངས་བག་ཆགས་མང་ཡོད་ཀྱང་།། བར་དེའི་ཡེ་ཤེས་སྐད་ཅིག་གིས།། གས་ལ་བས་ཐམས་ཅད་དག་པར་བྱེད།། འཆི་བའི་ཡེ་ཤེས་སྟོབས་དྲགས་ན།། གང ་རྣམ་རྟོག་ཉོན་མོངས་ཀུན།། ཡེ་ཤེས་མད་ཅིག་དག་གིས་སེལ།། ཛཱཆི་ཁའི་ཡེ་ཤེས་སྟོབས་འནན།། ལོ་དང་བསྐལ་པའི་བག་ཆགས་ཀུན།། དུས་དེ་ཉིད་དུ་རྫོགས་པར་སྣ་།། བར་དེའི་ཤེས་པ་ཡེ་ཤེས་སུ་བཅོས་པའི་ཐབས་བསྟན་པའི་ལརྠ ་དྲུག་པ་འོ།། ། སྤྱང་པོ་གས་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བབང་པོ་ལ།། མཐེ་རིས་ངན་མྱོང་གཱར་འགྲོབ།། དབུགས་དང་དྲོད་ཀྱི་ཆཡིས་ཤེས།། དྲོད་དབུགས་བརྟག་པ་དེ་ལྟ་བུ།། ཉོན་པའི་སྨོན་པ་དུན ་བཟང་པོ་ངས།། མཐོ་ས་འགྲོ་བའི་དྲོད་དོན།། རྐང་མཐིལ་དག་ནས་ཛད་ཡལ་བ།། སྲིང་པ་ཆགས་པའི་ལྟེ་བརྦ། ལུས་ཀྱི་དྲོད་ནི་དེར་འདྲས་ན།། ཁྱད་པར་ལྷ་ཡི་གནས་ས་བྷེ།། དེ་ནས་ཉི་རྗོད་ཡང་བསྡུས་ཏེ།། མབྱིན་པའི་དག་ཤེ ་དང་རྒྱུ།། ལུས་ཀྱ་ང་ནི་དུ་ནི།། གདུ་བར་ལྔ་ན་གངས་སུཀྱི།། བཛིན་པའི་རྗོད་དཡང་བང་སྨྲདུས། སྣ་བ་འོངས་པའི་གནས་ང། ས་དྲུགས་སྟོང་ས། མཐ་ཐང་བཉི་དུས ་རྟགས་ནི།། ནང་དུ་སུམ་དྲུབ་པ་ན།། ལྷ་དང་མིམ་ཁྱད་པར་ཟབ།། བྱེ་རྗེསུས་གཉིས་སྨྲབ་ན།། རིག་པ་འཛིན་པའི་དུ་།། ངན་སོང་སྐྱེ་བའི་དྲུང་དོན། བ་འདིདྲུག་ནས་དྲོད་ལལ་ཏེ།། ལྟེ་བའི་གནས་སུ་རྗོད་ཐུས་ན།། རྗེ་གྲགས་བྱོལ་ག་གན ་ལྟེ་བ་ནས་བཟུང་དྲོད་ཡལ་ཏེ།། རྐང་མཐིལ་གནས་སུ་དྲོད་ཡལ་ན།། དམྱལ་བའི་གནས་སུ་སྐྱེ་བར་ངས།། ལུས་ཀྱི་ཕྱིན་དྲོ་བྲོས་ནས།། ཐང་ཁར་རང་རང་ཡལ་བ་ན།། བཀྲེས་སྐོམ་ཡི་དྭགས་གནས་སུ་སྟེ།། ངན་སོང་འགྲོ་བའི་དབུགས ་ནི།། ནང་དུ་སུམ་གཉིས་རྔུབ་པ་དང་།། ཕྱི་རུ་སུམ་ཆ་སྤོ་བ་ནི།། ངན་སོང་གནས་སུ་སྐྱེ་བར་དེས།། མཐོ་རིས་གནས་སུ་སྐྱེ་བ་ན།། ཆོས་སུ་རིག་མེད་ནམ་མཁའ་བསྒོམ།། ངན་སོང་གནས་སུ་སྐྱེ་བ་ན།། ཡེ་ཤེས་རིག་གསལ་སྟོང་པ་བསྒོམ།། མཐོ་རིས་ངན་སོང ་བརྟགས་པའི་ལེའུ་སྟེ་བདུན་པའོ།། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། མནོ་རེས་ངན་སོང་རིགས་པ་ལ།། དྲན་སོང་གནས་ནས་འདྲེན་པ་ལ།། ཕྱག་རྒྱ་ཏིང་འཛིན་ལྡན་པ་ལ།། དམིགས ་པ་མེད་པའི་ཐུགས་རྗེ་ཡིས།། ཉོན་མོངས་དྲངས་ཤིང་གནས་ནས་འགུགས།། ཉོན་མོངས་དབང་གི་སྐྱེ་བ་སྦྱོང་བའི་ཐབས་དེ་གང་།། སྟོན་པའི་སྟོན་པ་ཀུན་བཟང་གིས།། ཚེ་འདས་རིགས་ཀྱི་བུ་དེ་ཡང་།། དྲི་མ་རུས་པའི་རྟེན་དག་ལ།། རིན་ཆེན་དར་དང་ཚོན ་ཀྱིས།། ལེགས་པར་རིགས་དྲུག་སྙིང་པོ་འགོད།། ཡི་གེ་ཨཱཿཧཱུཾ་ཕཊ་དག་གིས།། རྒྱ་ཡིས་གད་བ་སྟེ་གུར་ཆེན་དབུས།། ཉོན་མོངས་སྤྱད་ཕྱིར་བཀུག་ལ་བསྟིམ།། ཡེ་ཤེས་ཕྱག་རྒྱ་ཀུན་བཟང་གིས།། ཐུགས་ཀྱི་ཡི་གེ་ཧཱུཾ་བཏོན་ནས།། ཨཱཿཡིས་བསྟིམ ་ཏེ་ཕཊ་ཀྱིས་སྤར།། ཕཊ་ཀྱི་འོད་ཟེར་ནག་པོ་ཡིས།། ཉོན་མོངས་སྦྱངས་པས་ཡེ་ཤེས་གསལ།། ཡེ་ཤེས་དེ་ཡི་བྱིན་རླབས་ལས།། བྱང་ཆུབ་སེམས་དེ་ཡི་གེ་ཨཱཿ།། དམིགས་པ་མེད་པའི་ཆོས་ཉིད་བསྒོམ།། དེ་ཡི་ཁྱད་པར་ཡོན་ཏན་ལ།། ཉོན་མོངས ་སྦྱངས་ཏེ་ཡེ་ཤེས་གསལ།། རྐང་བཞིན་མེད་པའི་ཆོས་སྤུ་ཐོབ།། བར་དོའི་ཉོན་མོངས་སྦྱོང་བའི་ལེའུ་སྟེ་བརྒྱད་པའོ།། ། སྲུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། བར་དོའི་སེམས་ཉིད་དྲི་མ་དེ།། དག ་པའི་རྟགས་ཀྱི་མིཇིག་འབྱུང་།། ན་པའི་སྟན་པ་ཀུན་ཏུ་བཟང་པ་དས།། དྲམ་དག་རྟགས་གསུམ་འབྱུང་ཏེ།། ཉན་མོངས་དྲི་མ་དག་།། རླུ་བ་ཏན་མངས་དྲིས་དང་།། འབྱུང་བ་འི་རྟན་སངས་དྲིམ་དང་།། བླང་ནས་གནས ་པཱའི་ཉོན་མོངས་དྲི་མའོ།། བྱུང་བའི་ཉོན་མོངས་དྲི་མ་ནི།། མ་རིག་པ་ཡི་ན་ཡིན་ནོ།། འཁྲུལ་དང་མལ་ཐུལ་མི་ཤེས་པས།། མཱ་རིག་པ་ཞེས་དེ་ལ་བྱ།། བྱུང་པའི་མརིག་པ་དེས་ནི།། བྱེད་པའི་ཤེས་པ་སྐྱེད་པར་བྱེད།། རང་བྱུང་ཡེ་ཤེས་མིགས་པ་པས།། བར ་དེའི་གནས་སུ་ཤེས་པ་ཕྱེ།། འབྱུང་བའི་ཉོན་མོངས་དྲི་མ་དེས།། ཉོན་མོངས་རྒོད་པའི་རྒྱུ་བྱས་ཏེ།། ཆོས་རྣམས་ཐམས་ཅད་མིང་དུ་སྣང་།། མིང་ཚིག་ཟུང་དུ་འབྲེལ་བ་ཡིས།། ཆོས་རྣམས་ཐམས་ཅད་བརྗོད་བྱུར་མཐོང་།། མཐོང་བའི་དོན་ལ་རྨོ་ཆགས་པས།། ་ཚོགས་གཟུགས་ཀྱི་སྣང་བར་བྱུང་།། སྣང་བའི་དོན་དེ་འཁྲུལ་པ་ཡིས།། བར་དོ་སྣ་ཚོགས་འཁོར་བ་ལས།། ཉིན་མཚན་དུས་སུ་ལུས་ཉིད་བྲལ།། འབྲས་བུ་སྡུག་བསྔལ་མི་འདོད་འདུ།། བྱུང་ནས་གནས་པའི་དྲི་མ་ནི།། རང་གནས་ཤེས་པས་རྒྱུ་བྱས་ཏེ།། འབྲས ་རིགས་དྲུག་སྡུག་བསྔལ་མྱོང་།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཕྲག་དོག་རེ་རེ་ཡིས།། ཉོན་མོངས་སྟོབས་དང་ཡེ་ཤེས་སྟོབས།། སྟོབས་ཀྱི་ཁྱད་པར་བེ་དེ་ལས།། རང་སྟོབས་རིང་གནས་འབྲས་བུ་ཐོབ།། དྲར་དོའི་ཤེས་པ་དེ་དག་ལ།། ཉོན་མོངས ་དག་པའི་རྟགས།། འབྲས་བུ་སྐྱུག་ཤད་ལྷག་མ་ཙམ།། དཀར་ལ་འཚེར་བའི་རྒྱུ་ཉིད་འབྱུང་།། ཉོན་མོངས་སྒྲིབ་པ་དག་པའི་རྟགས།། ཁ་དོག་དཀར་པོ་འོད་ཉིད་འབྱུང་།། ཤེས་བྱའི་སྒྲིབ་པ་དག་པའི་རྟགས།། ཤ་རཱི་ར་མ་དང་ཉ་དྷི་ངམ།། གདུང་ནི་རྐུན་འབྲུམ་ཚད་ཙམ་འབྱུང ་ཁ་དོག་སྐྲག་ཅིང་མདངས་ཆེ་བ།། བྱངསམས་འབྲས་བུ་ཐོབ་པའི་རྟགས།། གསང་སྔགས་རྣལ་འབྱོར་ལྷ་བསྒོམས་པས།། སྡུག་དུང་རིང་བྲེལ་རྣམ་ལྔ་འབྱུང་།། ཕྱག་རྒྱ་ཐོབ་པས་སྐུ་གཟུགས་འབྱུང་།། གསུང་ཉིད་ཐོབ་པས་སྒྲ་འོད་འབྱུང་།། ཐུགས་ཉིད་ཐོབ་པས ་འཇའ་འོད་འབྱུང་།། གསང་སྔགས་འབྲས་བུ་ཐོབ་པའི་རྟགས།། འབྲས་བུ་ཐོབ་པའི་རྣལ་འབྱོར་པས།། ཡེ་ཤེས་ཡོན་ཏན་མ་འགྲགས་པས།། འབྲས་བུ་ཐམས་ཅད་ཐོབ་པའི་རྟགས།། གྲུ་གཟུགས་ཁ་དོག་ཅི་ཡང་སྣང་།། ཆ་ཆུང་མཐེ་བོང་ཙམ་དུ་འབྱུརང། ་འཇའ་དང་འོད་དང་ཁུ་བླངས་འབྱུང་།། སླ་དང་ན་བུན་སྐར་མདའ་འབྱུང་།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཡང་།། ཐ་དད་མེད་པར་ལྷུན་གྱིས་གྲུབ།། ཉོན་མོངས་སྒྲིབ་པ་དག་པའི་རྟགས།། འབྲས་བུ་མངོན་དུ་འགྲུབ་རྟགས་ཡིན།། བར་ངོའི་དྲི་མ་དག་པའི་རྟག ་ལེའུ་སྟེ་དགུ་པའོ།། ། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། ཚེ་འདུས་ལུས་ཀྱི་ཕུང་པོ་ལ།། སྦྱོང་བའི་ཐབས་ནི་ཅི་ལྟ་བུ།། ལུས་དེ་སྦྱངས་པས་ཅི་ལ་ཕན།། སྟོན་པའི་སྟོན་པ་ཀུན་ཏུ་བཟ ་ཡིས།། ལུས་ཀྱི་ཕུང་པོ་སྐྱོང་ཐབས་གསུམ།། ཡེ་ཤེས་མེ་ལྷས་སྦྱང་བ་དང་།། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་དང་།། ཆོས་ཉིད་ཏིང་འཛིན་གྱིས་མྱང་བའོ།། ཡེ་ཤེས་མེ་ལྷ་རྣམ་གཉིས་ཏེ།། དམ་ཚིག་མེ་ལྷ་ཡེ་ཤེས་མེ་ལྷའོ།། དམ་ཚིག་མེ་ལྷས་སྐྱེད་པ་ནི།། ་ཆོས་ཉིད་ནམ་མཁའི་རང་བཞིན་ལ།། རིག་པ་ཡེ་ཤེས་ཆེན་པོ་དེའང་།། འཛིན་རྟོག་མེད་པའི་ཐུགས་ཉིད་ལས།། རང་བྱུང་ཡེ་ཤེས་མེ་སྦར་བས།། རྣམ་རྟོག་བག་ཆགས་མཁའ་ལ་ཐིམ།། ཡེ་ཤེས་མེ་ལྷས་སྦྱང་བ་ནི།། ཐོག་མ་མེད་པའི་དུས་ཉིད་ནས།། སྐྱེས ་དང་མ་སྐྱེས་གཉིས་མེད་དེ།། རང་ལ་གནས་པའི་ཡེ་ཤེས་དེར།། མཉམ་པར་བཞག་པས་ལུས་ཉིད་སྦྱངས།། ལུས་ཀྱི་རྣམ་རྟོག་པས་ཆགས་ཀུན།། ཆོས་ཉིད་ནམ་མཁའི་དད་ལ་ཐིམ།། འབྱུང་བའི་མེ་ཡིས་ལུས་ཉིད་བསྲེག། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་ནི།། རྐང ་མཐིལ་གཉིས་སུ་ཡཾ་གཉིས་བསམ།། གསང་བའི་གློ་རུ་རཾ་བསམ་མོ།། ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ།། སྙིང་གར་ཕཊ་གྱི་གདན་དག་ལ།། སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ།། ཡེ་ལས་ཡེ་ཤེས་རླུང་བྱུང་བས།། རཾ་ལས་ཡེ་ཤེས་མེ་སྦར་ནས།། རིགས ་ཐུནགས་ཐམས་ཅད་བཛིན། ལསྣ་ང་ངག་མྱེད་མགས་བྱུགས་སུ་གྱུ།། བླུན་མས་ནསན་ན་གནས་ས་འདང།། སྐྲགསུང་ཐགས་སུ་དུག་ཟ།། བླ་གས་ལོག་འབྲས་ཀྱང་བའནན།། གླང་མང་ན་མཡིན ་འབྲུ་ནི།། མཚོན་དུ་མེད་པའི་ཆོས་ཉིད་ཡིན།། གནས་པ་མེད་པའི་ཡིག་འབྲུ་ནི།། འཕོ་འགྱུར་མེད་པའི་ཡེ་ཤེས་ཡིན།། ཤི་བ་མད་པའི་ཡིག་འབྲུནི།། བཛད་དུ་མེད་པའི་ནམ་མཁའ་ཡིན།། སྔགས་ཀྱིས་སྦྱང་བ་རྣམ་གཉིས་ཏེ།། དགྲ་པའི་སྔགས་དང་མ་དགྲ ་ལྗགས།། དག་པའི་སྔགས་ཀྱིས་སྦྱང་བ་ནི།། སྒྲ་དང་ཚིག་ཏུ་མ་བརྗོད་ཀྱང་།། ཆོས་རྣམས་ཐམས་ཅད་སྟོང་པར་སྲུང་།། ཆོས་ཉིད་བདེན་པའི་སྔགས་འདི་ཡིས།། མཚན་མའི་རྣམ་རྟོག་སྟོང་བར་དག། མ་དག་སྔགས་ཀྱིས་སྦྱང་བ་ནི།། ཆོས་རྣམས་ཐམས་ཅད་སྟོང ་བར་སྤྲུལ་པ་སྟེ།། བདེ་གཤེགས་གསུང་གི་སྤྲུལ་པ་ཡིན།། སུ་དང་གསུང་དང་ཐུགས་དང་ནི།། ཡོན་ཏན་ཕྲིན་ལས་སྔགས་ཀྱིས་སྦྱང་།། གསུང་ཉིད་རྣམ་རྟོག་བག་ཆགས་ཀུན།། བདེར་གཤེགས་གསུང་གིས་སྦྱང་བར་བྱ།། ལུས་ཀྱི་རྣམ་རྟོག་ཐམས་ཅད་ཀུན།། ་བདེ་གཤེགས་སྐུ་ཡིས་བྱུང་བར་བྱ།། སེམས་ཀྱི་རྣམ་ཏོག་ཐམས་ཅད་ཀུན།། ཆོས་རྒྱ་ཆེན་པོས་སྦྱང་བར་བྱ།། ཐོག་མ་མེད་པའི་སྲེག་སྒྲིབ་ཀུན།། ཡེ་ཤེས་འོད་ཟེར་དག་གིས་སྤང་།། ཆོས་ཉིད་ཏིང་འཛིན་སྤང་བ་ནི།། ཆོས་ཀླུ་སྤྲུལ་པའི་ཡུལ་དང་བྲལ།། སྦྱང་དང་པ ་སྤངས་གཉིས་མ་པུས།། ཆོས་རྣམས་ཐམས་ཅད་ནམ་མཁར་བསྒོམ།། ལྟ་བུལ་བའི་ལུས་ཉིད་སྣང་བསྡུ་ནི།། གྲེ་བོད་ལུས་སུ་མངོན་སངས་རྒྱས།། ལུས་མྱོང་བ་བསྟན་པའི་ལེའུ་སྡེབས་པའོ།། ། སྦེང་བའི་གསང་བདག་ཛྙཱ་རྗེ་སེམས་དཔའ ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། འཁོར་བ་བག་ཆགས་སྣང་བ་ཡི།། སེམས་དཔུང་བ་ཅི་ལྟ་བུ།། སྙན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། སེམས་སྦྱང་བ་ལ་རྣམ་གསུམ་སྟེ།། ཐོག་མའི་སེམས་ཉིད་ཀྱང་བ་དང་།། བར་རྡོའི་སེམས་ཉིད་ཀྱང ་བ་དང་།། གནས་པའི་སེམས་ཉིད་ཀྱང་པའོ།། ཐག་མཱའི་སེམས་ཉིད་སྣང་བ་ནི།། རང་བྱུང་ཡ་ཤས་སྙིང་པོ་དང་།། རིག་མང་ནམ་མཁའ་ཡོད་པ་ལ།། རྒཡོས་པ་མེད་པའི་ཡོན་ཏན་ལས།། རིག་པའི་ཟེར་ཚོགས་འབུམ་བྱུང་བས།། སྣ་ཚོགས་རེག་པར་གྱུར་པ་སན།། ་འཁྲུལ་བའི་རིག་པ་འབུམ་ཚོགས་ཤར།། ཐོག་མའི་རིག་པ་བཟློག་པའི་ཕྱིར།། རིགས་མེད་དང་དུ་བསྒོམ་པར་བྱའོ།། བར་དོའི་སེམས་ཉིད་སྦྱང་བའི་ཕྱིར།། རང་ཉིད་རྨུགས་པར་གྱུར་པ་ལ།། ཁྱང་པར་ཅན་གྱི་ཐམས་ཀྱང་།། ལྟ་བ་སྤྱོད་པ་སྒོམ་པ་ཡིས།། ་ཏེ་ལམ་ལ་འདུག་པར་བྱ།། ལྟ་བས་ལྷུང་བ་རྣམ་གསུམ་སྟེ།། ཆོས་ཉིད་སྟབས་སྦྱང་བ་ནི།། ཆོས་རྣམས་ཐམས་ཅད་ཆོས་སྐུ་སྟེ།། འཁོར་དང་མྱ་ངན་འདས་པ་ཀུན།། ཕྱི་དང་ནང་མེད་ཆོས་ཀྱི་སྐུ།། བཅོས་སུ་མེད་དེ་ནམ་མཁའོ།། ཡེ་ཤེས་པ་ཝ་བས་སྣང ་པ་ནི།། ཆོས་རྣམས་ཐམས་ཅད་གཅིག་པ་ལ།། འདོད་འདི་མེད་ན་ཡེ་ཤེས་སོ།། རྒྱུ་དང་འབྲས་བུ་ཐམས་ཅད་ཀུན།། རིག་པ་མེད་པའི་ཡེ་ཤེས་ཡིན།། ཐུགས་རྗེའི་ལྟ་བས་སྦྱང་བ་ནི།། ད་དང་བདག་ཏུ་སྣང་བ་ཀུན།། ཐ་དད་མེད་པའི་ཐུགས་རྗེ་ཡིས། ་རིག་པའི་ཡེ་ཤེས་ལས་ལ་གཟུང་།། བསྒོམ་པས་མྱང་བའི་ཐབས་དེ་ནི།། ཆོས་ཉིད་སྟོང་པས་སྲུང་བ་ན།། རྟོགས་དང་མི་རྟོག་གཉིས་མེད་དེ།། མཚན་མའི་རྣམ་རྟོག་ཅི་བྱུང་ཡང་།། བརྗོད་དུ་མེད་པའི་ནམ་མཁའ་ལ།། མིང་དང་བྲལ་བར་བསྒོམ་པར་བྱ།། ཐབས། ་ཀྱི་བསྒོམ་པས་སྦྱང་བ་ནི།། མཚན་མའི་རྣམ་རྟོག་ཐམས་ཅད་ཀུན།། ཡིད་ཀྱི་རྣམ་ཤེས་ངག་ལས་བྱུང་།། ཡིད་ཀྱི་རྣམ་ཤེས་ཀྱུན་གཅད་དེ།། བརྗོད་དང་བྲལ་བའི་ཆོས་ཉིད་བསྒོམ།། ཐུགས་རྗེ་ཐབས་ཀྱི་བསྒོམ་པ་ནི།། ཆོས་རྣམས་ཐམས་ཅད་སྣང་བ་སྟེ།། སྡང་བ ་དྲལ་མིང་ཆགས་ཏེ།། མིང་ལ་བརྟེན་ནས་ཉོན་མོངས་ཏེ།། ཉོན་མོངས་དེ་རྣམས་བཟློག་པའི་ཕྱིར།། རང་བྱུང་ཡེ་ཤེས་རིག་པ་དེ།། མ་བཙལ་མི་བསྐྱེད་ཡུལ་ལས་བཟློག། བབྱེད་པ་མེད་པའི་ཡེ་ཤེས་ཀྱིས།། ཆོས་རྣམས་ཐམས་ཅད་མཉམ་པར་གཞག ་བར་དའི་སྤྱོད་པས་སྣང་བ་མེད།། ཆོས་འདས་པའི་རིག་པ་དྨ།། ཞག་བདུན་དག་ནས་ལུས་ལ་འཇུག། ལུས་དེ་སྐྱོན་ཉིད་མི་འཛིན་པས།། སྲེད་པའི་སྡུག་བརྡལ་དེ་ཉིད་སྦྱང་བའི་ཕྱིར།། ཚེ་འདས་རིག་པའི་ཤེས་པ་དགུག ་དྲི་མ་མིང་དང་རུས་བྲིས་ལ།། བསྟིམས་ཏེ་སྐྱབས་འགྲོ་ལུས་དབུལ་བྱ།། ལུས་ཀྱི་སྡིག་སྒྲིབ་སྦྱང་བའི་ཕྱིར།། སངས་རྒྱས་བདེ་བ་དཔག་མེད་ལ།། ལུས་འབུལ་དག་བརྗོད་སེམས་གདུང་ལ།། མཚོན་གྱི་ཡོན་ཏན་མང་པོ་བརྗོད།། ལུས་ངག་ཡིད་གསུམ་ད ་པའིས།། བརྒྱས་ཏི་པའི་ལུས་ཉིད་ཐོག། ཎྜི་དང་ཚད་བ་མང་པོ་མས།། ལུས་དག་དག་པནི་ནུས་མྱ།། དམིགཔ་མེད་པ་གས་།། ཞི་བ་ན་ཚུ་དུན་དག་པ།། ཞག་ནི་དགེ་བཅི་མུསཧཱ། རང་བཞིན་གནས་པའི་ངྒེ་སྟོང་ག། ཏི་འཛིན་བརྒྱ་རྩ་ཏུ་ཀྱིས།། ས་བྲས་བུ་བང་རྨི། ན་ན་ཀྱང་ཀྱ་རྒྱད་ཐོག། སངས ་བདུན་གྱིས་ཐོག། ས~ཾམྦྷ་མ་པདསུམ་མྱོ་མོ་རྩེ་རྒྱ་མེང་།། སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་ཉོན་པ་ཀུན་ཏུ་བབང་པོ་ལ།། སྲིད་པའི་ལུས་དེ་འཇོས་པའོ།། ཡེ་ཤེས་ཚོགས་དེ་བསག་པའི་ཕྱིར།། རུས་པ་སྦྱང་བ་ཅི་ལྟ་བུ།། དོ ་སྟོན་པ་ཀུན་བཟང་གིས།། སྲིད་པའི་རུས་པ་དེ་ཉིད་ཀྱང་།། སྐུ་གསུང་ཐུགས་སུ་སྦྱང་བ་ནི།། སྐྱ་རུ་ངུས་པ་སྦྱང་བ་ལ།། ལྟ་བ་སྒོམ་པ་སྤྱོད་པ་ཡིས།། རང་བཞིན་གཅིག་ཏུ་སྦྱང་བར་བྱའོ།། ལྟ་བ་གདེང་དང་ལྡན་པ་ཡིས།། སྲོག་ཆགས་ཤེས ་ཆུས་དེ་ལ།། སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་ཡིས།། བྱིན་གྱིས་བརླབས་ཏེ་བསྐོར་བ་བྱ།། ཆོས་ཉིད་སྐྱེ་མེད་གཏན་པ་ལ།། རང་བྱུང་ཡེ་ཤེས་གཏུན་བུ་ཡིས།། གཉིས་སུ་མེད་པར་བརྡུང་བྱས་ལ།། རྣམ་རྟོག་བག་ཆགས་ཐམས་ཅད་ཀུན།། བྱང་ཆུབ ་སེམས་ཀྱི་ཕྱེ་རུ་གནས།། བདེ་གཤེགས་ཐུགས་རྗེ་ཆེན་པོ་ཡི།། ཐུགས་ལས་ཡེ་ཤེས་ཆུ་ཕྱུང་སྟེ།། བྱང་ཆུབ་སེམས་སུ་རབ་བྲན་ནས།། གཉིས་སུ་མེད་པར་འཇི་བར་འགྱུར།། རང་བྱུད་ཡེ་ཤེས་ལྔ་ཡི་རྩལ།། རྟེན་ཅིང་འབྲེལ་བའི་སྔགས་དེ་ཡིས། ་བ་མེད་པའི་སྒྲ་རུ་འགྱུར།། གཉིས་སུ་མེད་པའི་ལོངས་སྤྱོད་རྫོགས།། སྲིད་པའི་རུས་པ་སྦྱངས་པས་ཚོགས་བསགས་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། སྐུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྨོན་པ་ཀུན་ཏུ་བཟང་པོ་ལ།། ལུས ་འཕོས་སེམས་ཅན་དེ་དག་ལ།། སྲིད་པའི་ཐལ་བསྲུང་བཙོ་སྟེ་བུ།། སྟོན་པའི་དོན་བཀུན་ཏུ་བཟང་པོ་ཡང་།། འབྱུང་བ་རྫ་ལས་བསྐྱེད་པའི་ལུས་དེ་ཡང་།། ཡེ་ཤེས་འབྱུང་བ་ལྔ་ཡིས་བྱུང་བར་བྱར།། ཡེ་ཤེས་འབྱུང་བཆུ་དེ་ཡས།། ཁྲག་ཆེན་དྲང་བ ་ཡས་སུ།། ཐ་དང་མེད་པར་སྣང་བར་བྱའོ།། སྣང་བ་མཐའ་ཡས་ཉིད་པ་ཡིས།། ཐལ་ཆེན་ཆུལ་རབ་བཏབ་སྟེ།། སྣང་བ་ཟེད་པོའི་སྐྱེ་རུ་བསྐྱེད།། ཛྭ་ལྔ་ཆེན་མེ་ལ་རབ་བཏབ་སྟེ།། རིན་ཆེན་འཐུང་ལྡན་སྙིང་པོ་ཡིས།། རྒྱལ་བའི་སྲུདུ་མྱེད་པར་བྱེད།། དུས ་ཚེཆེན་ས་ལ་རབ་བཏབ་སྟེ།། རྡོ་རྗེ་སེམས་དཔའི་སྙིང་པོ་ཡིས།། རྒྱལ་བའི་སྐུ་རུ་བསྐྱེད་པར་བྱ།། རྔ་ཆེན་རླུང་ལ་རབ་བཏབ་སྟེ།། དོན་ཡོད་གྲུབ་པའི་སྙིང་པོ་ཡིས།། ཕྲིན་ལས་རྒྱལ་བར་བསྐྱེད་པར་བྱ།། ཤ་ཆེན་མཁའ་ལ་རབ་བཏབ་སྟེ།། རྣམ་པར་སྣང་མཛད ་སྙིང་པོ་ཡིས།། རྒྱལ་བའི་སྐུ་རུ་བསྐྱེད་པར་བྱ།། ལུས་ཉིད་བསྲེགས་པའི་ཐལ་བ་ཡིས།། འབྱུང་ཆེན་ལྔ་ཡི་རྒྱུ་དག་ལ།། བདེ་གཤེགས་ཀུན་བཟང་ཆེན་པོ་ཡིས།། སྙིང་པོ་བརྗོད་པས་སུ་རུ་བསྐྱེད།། ཉོན་མོངས་མ་སྤངས་དག་པའི་རྟགས།། རིགས་ཀྱི་གཙོ་བོ་ལྔ ་ཆུ་བབྱེད།། ཡེ་ཤེས་རྣམ་ལྔ་འཐོབ་པའི་བྱ།། འབྱུང་ཆེན་རྣམ་ལྔ་དག་པའི་རྟགས།། གཉིས་མེད་ཀྱིལ་བའི་མུ་ཆེན་པོ།། ཚེ་འདས་ཐལ་ཆེན་བྱངས་པས་ཚོགས་བསགས་པའི་ལེའུ་སྟེ་བཅུ་གསུམ་པའོ།། ། སྤྱད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས། ་སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། བདེ་གཤེགས་སུ་གཟུགས་དེ་དག་ལ།། གནས་ཁང་བརྩིགས་པའི་ཐབས་ཉིད་གང་།། རབ་ཏུ་གནས་པ་ཅི་ལྟ་བུ།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ཡིས།། གནས་ཁང་པརྩིགས་པའི་རྒྱུ་གསུམ་སྟེ།། ཆོས་ཉིད་གནས ་འང་ནན་དཱ་ནཱ~ཾ།། ཆས་ཉིད་ཡངས་པའི་བད་ནན་།། བཅོས་སུ་མེད་པའི་གཞལ་ཡས་དང་།། དམིགས་པ་མེད་པའོ། ཀླུང་དུ།། མཆགས་མས་ཡ་ཏྠ་གདས།། གཉིས་ས་མྱེད་པར་བཞུགས་སུན་ནས། དང ་ཤེས་གནས་ཁང་ཆེན་པོ་ན།། རིག་པའི་ཡེ་ཤེས་བྲན་ཁྱབ་\ུ0f7f།། སྒྲ་བྱེན་མེད་པའི་གཞལ་ཡས་ཁང་།། སྟོང་མེད་པའི་ཡེ་ཤེས་དེས།། དྲི་མེད་པདྨའི་གདན་ཐོག་ལ།། གཟུང་འཛིན་མེད་པར་བཞུགས་སུ་གསོལ།། ཕྱོགས་བཟུ་ངས་ག ་ཐམས་ཅད་ངུ།། ཕྱག་རྒྱ་ཆེན་པོའི་སྐུ་ཡིན་པས།། ཀུན་རྫོབ་ལྷ་ཚོགས་མཛད་པའི་ཕྱིར།། མཆོད་པའི་བྱེ་ཟླག་ཚོགས་འཇལ།། དམིགས་པ་མེད་པར་ཐིམ་པར་བྱ།། ཆོས་སྦྲུ་ལ་ནི་ཆོས་སྔ་རབ་ཏུ་གནས།། ཁྱད་པར་སངས་ཀྱི་བཙལ་དུ་མེད།། ་ནས་ལ་ནི་མཾ་ཤེས་གནས།། ཁྱད་པར་གཞན་ནས་པརྡོལ་དུ་མེད།། སྭཱ་ཡི་ཕྱག་རྒྱ་ཆེན་པོ་ལ།། ལོང་སྤྱོར་རྫོགས་པའི་རབུ་ག་ནས་བྱ།། ཐ་མེ་དད་པར་གཅིག་པར་བསྟིས།། གནས་ང་བཅིག་ཅིང་རབ་ཏུ་གནས་པར་བྱ་བའི་ལེང་སྟེ ་སྨད་པའི་གསང་བ་དག་རྡོ་རྗེ་སེམས་དཔའ་ཡིས།། སོན་པའི་སྟན་པ་ཀུན་ཏུ་བཟང་པོ་ལ།། སྲིད་པ་པར་རྡོའི་དུས་ཉིད་དུ།། ལུས་སེམས་སྤངས་པའི་ཡོམ་ཏན་གང་།། སྦྱིན་པའི་སྟོན་པ་ཀུན་ཏུ་བཟང་པོདེས།། ལུམ་སྙིང་སྤངས་པའི་སོམ ་སྦྲིང་པ་ཐོག་མ་མེད་པ་ནས།། ལུས་ཀྱིས་སྡིག་པ་ཆེ་བསགས་ཀྱང་།། དག་པའི་ཟུ་ག་ཟུགས་གཅིག་ཤེས་བྱུང་།། བདེ་གཤེགས་ཐུགས་ཀྱི་རྣམ་པ་བསྐོར།། བྱང་སེམས་ལྷ་དང་རྒྱལ་པོ་ཡིས།། སྟེ་བ་དག་པའི་ལུས་ཉིད་རྫོབ།། སྲིད་པའི་ལྷ་འི་མ ་ཡིས།། རྗེ་བོར་མཐོང་སྟེ་འཁོར་དུ་བྱེད།། དམྱལ་བའི་ཆ་གྲང་མང་པོ་ཡང་།། སྐུག་རུང་གཅིག་གིས་སེལ་བར་བྱེད།། དབུལ་བ་སེལ་ཞེང་ལོངས་སྤྱོད་ལྡན།། འཁོར་ལོ་བགྱུར་བའི་རྒྱལ་བར་བྱ།། ལུས་ཀྱི་སྒྲིབ་པ་ཐམས་ཅད་སེལ།། ནང་ངན་རིགས ་རྣམས་མི་འབྱུང་ཞིང་།། ཤིན་ཏུ་གཞོན་པའི་ལུས་སུ་ཐོབ།། སེམས་ཉིད་སྦྱངས་པའི་ཡོན་ཏན་ནི།། ཐེག་པ་ཆེན་པོའི་ཆོས་རྣམས་ལ།། དམིགས་པ་མེད་པར་བརྗོད་པ་འོང་།། ཉན་རྒྱུ་མེད་དེ་དོན་ཉིད་རྟོགས།། བཙལ་རྒྱུ་མེད་པར་ལས་རྣམས་འགྲུབ ་བསྒོམ་རྒྱུ་མེད་པར་འབྲས་བུ་འཐོབ།། རང་གི་ཡེ་ཤེས་རང་ལ་སྲང་།། ཆོས་རྣམས་ཐམས་ཅད་ནམ་མཁར་རྟོགས།། སངས་རྒྱས་ཐམས་ཅད་ལྷུན་གྱིས་ཐུབ།། རང་བཞིན་ཀུན་བཟང་ཆེན་པོ་འཐོབ། སྦྱངས་པའི་ཡོན་ཏན་ཏེ་བཅོ་ལྔ་པའོ།། ་སྡུད་པའི་གསང་བདག་རྡོ་རྗེ་སེམས་དཔའ་ཡིས།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ།། རྒྱུད་འདི་གང་ནས་འབྱུང་ཞིང་གང་ལ་གཏད་པ་ཡིན།། སྟོན་པའི་སྟོན་པ་ཀུན་ཏུ་བཟང་པོ་དེས།། ཆོས་སྐུ་སྤོས་དང་བྲལ་བ་ཡིས།། རང་བྱུང་ཡེ་ཤེས་ཆེ་ལ་གཏད།། རང་བྱུང ་ཡེ་ཤེས་ཆེན་པོ་དེས།། ཟེར་གྱི་ཀུན་བཟང་ཆེ་ལ་གཏད།། ཟེར་གྱི་སྟོན་པ་ཀུན་བཟང་དེས།། སྟོན་པ་ཀུན་བཟང་ཆེ་ལ་གཏད།། སྟོན་པ་ཀུན་བཟང་ཆེན་པོ་དེས།། སྡུད་པའི་གསང་དབང་ཆེ་ལ་གཏད།། སྡུད་པའི་གསང་དབང་ཆེན་པོ་དེས།། རིགས་ཀྱི་སྤྲུལ ་སྒྲུ་ས་ནགས ་བྲིས།། རིན་ཆེན་སྣ་ལྔའི་སྦོམ་བཅུག་སྟེ།། ཡི་གེ་ཧཱུཾ་གི་རྒྱས་བཏབ་ནས།། རང་བྱུང་མཆོད་རྟེན་ཆེ་ལ་གཏང་།། ལྷ་དང་མཁའ་འགྲོ་མང་པོ་ཡིས།། ལས་དང་དམ་ཚིག་ཅན་ལ་སྤྲོད།། རིན་པོ་ཆེ་སྲིད་པ་བར་མདོ་སྣང་བའི་རྒྱུད་པར་དོ་སྤྱོད་པའི་ཐབས་དང་རྒྱུད་གཏད་པའི ་ལེའུ་སྟེ་གཅུ་དྲུག་པའོ།། ། རྒྱ་གར་སྐད་དུ། ཨ་སུ་ར་ན་ཡུདྡྷཱ་ནིརཱ་ཀྲྀ་ཏི་ཏནྟྲ་ནཱ་མ། བོད་སྐད་དུ། ལྷ་མ་ཡིན་གཡུལ་ངོ་བཟློག་པའི་རྒྱུད་ཅེས་བྱ་བ། དཔལ་ཀུན་ཏུ་བཟང་པོ། ཆོས་ལས་འདས་པ། རྟགས་མི་འགྱུར་བའི་སྐུ་རྡོ་རྗེ་ལྟ་བུ་བདེ་བ་ཆེན་པོ་ལ་ཕྱས། ་