CLOSE WINDOW

Gdg004.18: rdzogs pa chen po byang chub gyi sems rgyal mtshan rtse mo'i rgyud ces bya ba
Wyliee-texts produced with BDRC’s OCR application

ཨ་མུ་པཱ་རི་ཀྵ་ཡཱ་ནེ།། རྙེད་དུ་བརྗོད་མེད་སྐབས་མ་འདས།། དྷ་མ་སུ་བཱ་རི། སྭ་གཱ་བྷ། སངས་རྒྱས་མེད་པར་བདག་འདོད་པ།། ཨི་ཎི་ཨ་ཎི་ཨ་ཏི་ཨ།། ནམ་མཁའི་རི་མོའི་ཕྱག་རྒྱ་འདྲ།། ཨོཾ་ཀར་ཨ་ཀར།། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག། ཐམས་ཅད་མཁྱེན་པའི་སྙན་མངའ་ཡང་། ་ཡང་དག་སངས་རྒྱས་ངན་རྩི་གཟུགས།། ང་ཡིས་སངས་རྒྱས་ངན་མཐོང་ན།། མཐང་བཞིད་ན་འགག་པར་འགྱུར།། འཇིག་རྟེན་ཁམས་གན་སངས་རྒྱས་ཀྱང་།། ང་ཉིད་གཅིག་པུ་རྣམ་པར་དག། ང་མེད་གཞན་མེད་གཅིག་པུ་ཉིད།། རང་བྱུང་ཡེ་ཤས་ཉི་ཀྱང་ཆོག་གི་མཐའ་འང། ་འདས།། འདས་པའི་ཆོས་ལ་སངས་རྒྱས་གལ་ཡོད།། ཅེས་ཡེ་ཤེས་བླ་མ་ཆེན་པོའི་སྤྱད་ལས། སངས་རྒྱས་མེད་པར་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མེད་པར་འབྲས་དྲུག་པ་འབྱུ ་ཞེས་གསུངས་ཏེ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་བྱང་ཆུབ་ཉིད་དུ་ཤར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལས་བྱང་ཆུབ་ལོག་ཏུ་བསྒྲུབ་ཏུ་མེད་དེ་མི་གནས་སོ།། རང་བྱུང་གི་ཡེ་ཤེས་ཉིད་གཟུགས་ཀྱི་སྐུར་འབྱུང་ངོ་།། རང་བྱུང་གི་ཡེ་ཤེས་ལས་ལོག་པའི་གཟུགས་ཀྱི་སྐུ་མེད ་དེ་མི་གནས་སོ།། དེ་བཞིན་དུ་འབྲས་དང་ཏིལ་ལ་སོགས་པ་ཡང་། ས་བོན་ཉིད་འབྲས་བུར་འབྱུང་བ་ལས། ས་བོན་ལས་ལོག་པའི་འབྲས་བུ་མི་འབྱུང་གི། དེ་ཕྱིར་རྫོགས་པ་ཆེན་པོའི་མན་ངག་ལས། རང་བྱུང་གི་ཡེ་ཤེས་ཆེན་པོར་རང་སྣང་། རང་ཤར། རང ་ལས་གྲུབ། རང་གིས་ཤེས། རང་ལ་རྫོགས་ཏེ། རྒྱུད་དག་པའི་དབྱིངས་ནས་འབྲས་བུ་ཡེ་ཤེས་ཀྱི་དཀྱིལ་འཁོར་དང་སྣང་བའོ།། དེ་ཕྱིར་ས་སྦྱང་དུ་མེད་ལ་མ་བགྲོད་དུ་མེད། འབྲས་བུ་གཞན་ལ་རེ་བ་མེད་པར་ཐག་ཆོད་པའི་ཡེ་ཤེས་སོ།། ཞེས་ཡེ་ཤེས་བླ་མ་ཆེན་པོའི ་རྒྱུད་ལས། འབྲས་བུ་མེད་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། །། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སངས་རྒྱས་འོད་སྲུངས་ཆེན་པོས་གསུངས། ཞུ་བ་པོ་ལག་ན་རྡོ་རྗེས་ཞུས། སྡུད་པ་པོ་དགའ་རབ་རྡོ་རྗེས་བསྡུས་ནས། ས་ནོན་པའི་བྱང ་ཆུབ་སེམས་དཔའ་མི་བཞི་ལ་བརྒྱད་དེ། འཇིག་རྟེན་དུ་མ་འཕེལ་ལོ།། རྒྱུད་ཀྱི་རྒྱལ་པོ་ཡེ་ཤེས་བླ་མའི་རྒྱུད། བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའི་ཐུགས་ནས་ཐུགས་སུ་བརྒྱུད། སྙན་ནས་སྙན་དུ་བསྒྲགས་ཕྱག ་ནས་ཕྱག་ཏུ་གཏད་དེ་རྒྱ་ཡིས་བཏབ།། རྒྱ་གར་ངན་སྔགས་འབྲུ་གསུམ་འཕྱོངས་སུ་བཏགས།། རས་ཆོད་གཟུ་ལུས་བྱེད་པའི་སློབ་མ་ལ།། སྡིག་ལ་མི་འཛེམ་གནག་པའི་ལས་ལ་སྦྱར།། བུ་ལང་རིན་ཆེན་གསེར་གྱི་རྟེན་བཙུགས་ཀྱང་།། བརྟག་པའི་ངན ་སྔགས་འབྲུ་གསུམ་ཤོར་ར་རེ།། བི་མ་མི་དྷ་མཁས་པའི་སྐྱེས་མཆོག་ཁྱོད།། སངས་རྒྱས་ཐུགས་ཀྱི་དགོངས་པ་རྒྱུད་བདུན་པོ།། རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་བཏེར་དུ་སྤོས། ཞེས་ཤཱི་སིད་ཧས་གསུངས་ནས་རྒྱ་ཡིས་བཏབ་པོ།། རྫོགས་སོ།། །། དེ་ནས་བེ་མ་ལ་བོད་དུ་བྱོན ་ནས། དབང་བསྒྱུར་ཆོས་བཤད་ནས། རྗེ་འབངས་གཉིས་ལ་བཀའ་བསྡམས་པ། སངས་རྒྱས་ཐུགས་ཀྱི་དགོངས་པ་ཉུང་བརྒྱུད་པ། རྡོ་རྗེ་གདན་གྱི་འོག་ནས་སེང་གེ་སྨད་རྒྷ་ཤྲཱི་སིང་ཧས་བདག་ལ་བརྫངས་པ་འདི།། སྟོབས་ཆུང་རྣམས་ཀྱིས་སེང་གེ་མེ་ཐུབ་ཀྱི།། རྒྱལ་བློན ་ཕྱག་ཏུ་གཏད་ཀྱི་ཤོར་ར་རེ།། རྒྱལ་པོ་སྙན་ཁུང་ཆུང་པ་དང་།། བློན་པོ་གདུག་པ་ཆེ་བ་དང་།། ཆོས་པད་མ་ལ་མི་གནས་པས།། ཐུགས་ལ་དཆོངས་ལ་གཏེར་དུ་སྤོས།། ཞེས་གསུངས་ནས། སླར་གཏེར་སྦས་སོ།། ཨི་ཛི། བི་མ་མི་ཏྲ་དང་། སྐྲ་ཅོག་ཞང་གསུམ་གྱི་འགྱུར།། ་སྤར་རྗེ་སེང་གེ་མི་འགྱུར་རྡོ་རྗེ་ཐིག་ལེ་རྩལ་གྱིས་བརྙེས་སོ།། བང་དེ་ཡིད་ལེགསས་མེད་སུ་མཐཱཿ། ཤུཀྟཾ། རྒྱ་གར་སྐད་དུ། མ་ཧཱ་སཏྟི་བོ་དྷི་སཏྭ་དྷྭ་ཛཱ་གྲ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ཅེས ་བྱ་བ། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། སངས་རྒྱས་མི་གཡོ་བའི་བསྐལ་པ་དང་པོ་ལ། ཡབས་པ་ཆེན་པོའི་གྲོང་ཁྱེར་མ་བཀོད་པར་སྡང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས ་པོ་འད་ཀྱི་བྲང་པོ་ཞེས་བྱ་བ་མད་ད་པར་འདུས་མ་བྱས་པ། ཆོས་ཉིད་དང་སྣང་གི་ནམ་མཁའ་དང་མཉམ་པར་བཞུགས་པ། སྙིང་དུ་བྱང་ཆུབ་ལ་མངོན་པར་བྱང་ཆུབ་ལ། ཆོས་ཐམས་ཅད་སྨོས་པ་མེད་པར་རང་གི་རྒྱན་དུ་དགད་པ། ཤེས་བྱལ་མ་མོངས་པ། མངོན་པར ་འདུས་མ་བྱས་པ། ཀུན་དྷ་བཟང་པ་ཐམས་ཅད་རྒྱ་མཚོ་དང་རྒྱ་བྲན་གྱི་ཚུལ་དུ་འབྱུང་ཞིང་འཇུག། ལས་ཐམས་ཅད་མ་བཙལ་བར་གྲུབ་པ། བྱེད་པ་པོ་མེད་པར་གྲོང་གཅིག་ཏུ་འཁྱིལ་བ། སྐུའི་རིང་བསྲེལ་ཆེན་པ་སྣང་བ་འོད་ཀྱི་ཕུང་པོར་བཞུགས་པ། གསུང་གི་རིང་། ་བསྲེལ་ཆེན་པོ་རྒྱལ་མཚན་གྱི་རྩེ་མོ་ལྷུར་ནུབ་པ་མེད་པར་སྒྲོགས་པ། ཐུགས་ཀྱི་རིང་བསྲེལ་ཆེན་པོ་རྡོ་རྗེ་ལྟ་བུ་འགྱུར་བ་མེད་པའོ།། ཞེས་བྱུང་ཆུད་ཀྱི་སེམས་རྒྱལ་མཚན་གྱི་རྩེ་མོའི་རྒྱུད་ལས། དང་པོའི་བྱང་ཚུལ་བསྟན་པ་དང་། རང་གི་འདུག་ཚུལ་བསྟན་པའི་ལེའུ ་སྟེ་དང་པོའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཆོས་ཐམས་ཅད་མི་མཉམ་པ་དང་མཉམ་པ་བསྟན་པའི་ཏིང་ང་འཛིན་ལས་བཞེངས་སྡེ་ཀྱི་གསང་བའི་བདག་པོ་ལག་ན་རྡོ་རྗེ། ཆོས་ཆེན་པོ་གསང་བ་རྨད་དུ་བྱུང་བ་འདི་ནི་སྟོབས་མི་མཉམ་ནོ།། ་རྫུ་འཕྲུལ་མི་མཉམ་མོ།། ཐུགས་རྗེའི་བྱེ་བྲག་མི་མཉམ་མོ།། བཞུགས་པའི་ཀློང་མི་མཉམ་མོ།། ལག་ན་རྡོ་རྗེ་ལེགས་པར་ཡིད་ལ་ཟུང་ཞིག། དེ་ལྟར་ཡིན་ཏེ་དེ་ལྟར་མ་ཡིན་ནོ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་མཉམ་མོ།། ཅི་སྟེ་གཞི་རང་གི་ངོ་བོ་གཅིག་པའི ་ཕྱིར་རོ།། རྩལ་མཉམ་མོ།། ཅི་སྟེ་བྱེད་པ་ཐ་དད་མེད་པའི་ཕྱིར་རོ།། ཐུགས་རྗེ་མཉམ་མོ།། ཅི་སྟེ་ཡེ་ཤེས་ལྔ་མི་འགག་པའི་ཕྱིར་རོ།། བཞུགས་པའི་གྲོང་མཉམ་མོ།། ཅི་སྟེ་ཆོས་ཉིད་ཐ་དད་མེད་པའི་ཕྱིར་རོ།། དེའི་ཕྱིར་ངའི་ཤེས་རབ་ཟབ་མོ་ནི། རྒྱལ་མཚན་གྱི ་དང་འདྲ་སྟེ་ནུབ་པ་མེད་དོ།། ནོར་བུ་རིན་པོ་ཆེ་དང་འདྲ་སྐྱེ་ཟད་མོ་ཤེས་སོ།། ནམ་མཁའ་དང་འདྲ་སྟེ་མཐར་ཐུག་པ་མེད་དོ།། རི་བོ་དང་འདྲ་སྟེ་འགྱུར་བ་མེད་དོ།། པདྨ་དང་འདྲ་སྟེ་སྐྱོན་མེད་དོ།། ས་གཞི་དང་འདྲ་སྟེ་ཐམས་ཅད་འབྱུང་ངོ་།། ཤིང་གི་རྒྱལ་པོ་ཡོངས་འདུས་བརྟོལ ་དང་འདྲ་སྟེ། སྲེད་པ་གསུམ་དུ་ནུབ་པ་མེད་ཅིང་དང་ཞིང་རྒྱས་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་མི་ནུབ་པའི་རྒྱལ་མཚན། མི་འགྱུར་བའི་གཡུང་དྲུང་། མ་བསླད་པའི་ཡེ་ཤེས། རྒྱུན་གྱིས་རྟག་པའི་ཤེས་རབ། མཚོན་པོ་མེད་པ་མྱ་ངན་ལས་འདས་སོ།། རིགས་ཀྱི་བུ ་ཆོས་ཉིད་རྡོ་རྗེ་རྒྱ་གྲམ་ནི་བཀོད་ལེགས། ཆོས་ཀྱུ་རྡོ་རྗེ་རྩེ་མོ་ནི་བརྩེགས་ལེགས། ཐིག་ལེ་མི་འགྱུར་བའི་རྒྱལ་མཚན་ནི་དཔངས་མཐོ། ཐུགས་རྗེ་སྤྲིན་གྱི་ཆར་ཁེབས་ནི་ཁོང་སྙོམས། ཏིང་ངེ་འཛིན་མི་གཡོ་བའི་དང་འཕྱང་ནི་མཉེན་འཁྱེར ་ཡེ་ཤེས་ཆེན་པོ་བཞིའི་མེ་ལོང་ནི་འོད་གསལ། ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པའི་དྲིལ་དུ་ནི་དབྱངས་སྙན། ཟག་པ་མེད་པའི་ཆོས་ཀྱི་འཁོར་ལོ་ནི་བསྐོར་མཁས། བྱང་ཆུབ་ཀྱི་སྲོག་ཤིང་ནི་འགྱུར་བ་མེད། ཞི་གནས་ལྷག་མཐོང་གི་བྲེ ་ཕྲལ་ནི་བརྩེགས་ལེགས། སངས་རྒྱས་ཀྱི་མཛད་སྤྱོད་ནི་ཚུལ་ཤེས། སངས་རྒྱས་ཀྱིས་ཆེ་བའི་ཡོན་ཏན་རྗེ་དཔག་ཏུ་མེད་པའི་རབ་ས་རས་ཀྱི་མདུ་འཕུང་ཏེ་དམ་པའི་ཆོས་མཐའ་ནས་རྒྱས་པ་ནི་རང་བྱུང་ལྡན་རྫོགས་ཀྱི་དགོངས་པའོ།། ཞེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན ་གྱི་རྩེ་མོའི་རྒྱུད་ལས། ཆོས་ཐམས་ཅད་མི་མཉམ་པ་དང་མཉམ་པར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་།། ཐུགས་རྗེ་མགོན་པོ་འོད་དཔག་མེད།། ང་ལ་དང་པོ་རྒྱུ་མེད་པས།། ཐ་མ་རྐྱེན་གྱིས་བཤིག་ཏུ་མེད། ་ད་ལ་བསྒྲུབ་པའི་ཆོས་མེད་པས།། དངོས་གྲུབ་གཞན་ལ་རེབ་མེད།། ད་ལ་བསྟན་པའི་ཆོག་མེད་པས།། སྦུབས་མ་ཡུལ་ལས་འདས་པ་ཡི་ནི།། ད་ལ་བླ་མ་རྗེ་མེད་པས།། ཡེ་ཤེས་ཁྱད་པར་འཕགས་པ་ཡིན།། ང་ལ་གདུལ་བྱ་གཞན་མེད་པས།། ་རྔ་ཆེན་པོ་ཅིང་མི་མཛད།། ང་ཉིད་འོད་ཀྱི་རང་བཞིན་པས།། ཐབས་ཀྱི་ཡེ་ཤེས་དབྱིངས་ན་གསལ།། ཉི་མའི་སྒྱེད་པོར་དང་ཤར་བས།། འབྱུང་བ་ལྔ་པས་གཙོ་ཆེན་ཡིན།། ནམ་མཁའ་དག། རི་རབ་ལྟ་བུར་གཟུགས་ཆེ་བས།། གོམ་པ་གཅིག་གིས ་ཕ་རོལ་ཕྱིན།། ཀུན་གཞི་ཁ་དང་ཞབས་མེད་པས།། སྣང་སྲིད་ལྟོ་རུ་ཟོས་ཀྱང་ང་མི་འགྲངས།། ནམ་མཁའ་གོས་སུ་གོན་ཀྱང་ང་མི་ལོགས།། ས་གཞི་གདན་དུ་བཏིང་ཡང་ངམ་འདུས།། ཉི་ཟླ་བར་དུ་བླངས་ཀྱིའང་མ་དྲོས།། ཀྱེ་རྩེ་གསང་བའི་བདག་པོ ་གས།། གསས་འདས་པ་ལ།། གས་པར་ལྡན་བྱུང་སན།། རྣས་དད་པ་ནས་སུ་གཟུང་ལ། བཏན་བ་ཤཱ་ད་པོ་རྣམ་མ་མན།། རྐང་བགས་དགག་པ་དང་པ ་ཡེནས་གོས་པ་མེད།། གོལ་དང་མགོ་ལ་ཚིག་གི་ཟ་སྙད་ཡིན།། རིག་པའི་རྒྱལ་པོ་གཞིག་ནས་དག་པ་ལ།། བསྒྲིབས་དང་མི་བསྒྲི་བང་ལོ་དོགས་པ་མེད།། སྙིང་པོ་གདོད་ནས་རྫོགས་སངས་རྒྱས་པ་པ།། བསམ་གཏན་དང་ལ་གནས་པ་དཔོན་པའི་ཚི་ག་དང་བྲི།། ་ལུན་དུ་མ་བསྟན་པའི་སྒྲིབ་པའོ།། རིགས་ཀྱི་བུ་སངས་རྒྱས་ཀྱི་བར་དུ་བླ་མ་དམ་པ་ལ་དྲི་བར་བྱའོ།། བདེན་པ་མ་མཐོང་བའི་བར་དུ་བསྒོན་པས་མཐོང་བར་མི་འགྱུར་རོ།། ཞེས་བྱང་རྒྱབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལས། ཆེ་བའི་ཡོན་ཏན་བསྟན་པའི་ལེའུ་སྟེ་གསུམ ་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སྐྱེ་དོན་ལྔ་བཀྲོལ་བའི་གདམས་ངག་བསྟན་པ། དབང་པོ་གཞི་བྲུ། ཆོས་སྤྱོད་སྲུང་། རླིག་པ་གས་གན། ཡེ་ཤེས་མཱ་པྲ་སྲད། ནོར་བདྷ་ལཱ་ས་བརྡུང་ངོ་།། དབང་པོ་གཞི་བཛྲབ་ལ ་ན། ས་སུ་ས་ས་ས་ས ་དག་པཔ། དེའི་ཕྱིར་ནི་དང་པ་ལྕེ་གས་ཀྱི་སྐྱེ་ཅན་ཞེས་བྱ་སྟེ། བའིང་བཞིན་ནི་མིངས་བ་ནི་པ་ད་བར་ཞེས་བྱ་བ་ཡིན་ཏེ། ས་ཅི་རྣམས་མཛད་མི་པ་བཞེ་གས་པ་མ་ཕྱུ་སློབ་བའི་གྱུ་ལྷམངོན་ཏན་ལ་ང་བཞིན་དག་པ་ཕྱིར་གྱུ ་ཟེར་འབྱུང་བས་ངའི་སྤྲུལ་པའི་སྒྲ་འོད་ཟེར་དུ་སྣང་ངོ་།། དེའི་ཕྱིར་སྟོང་གསུམ་གྱི་སྣོང་ཆེན་པོ་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་སྣང་བར་ནུས་པའོ།། དེའི་རྩལ་སྣང་བ་ནམ་མཁའ་ལ་སྤྲིན་གྱི་ཁ་དོག་དཀར་དམར་དུ་སྣང་བ་དང་། ས་གཞི་ལ་རིན་པོ་ཆེ་དང་། སལ་བ་དག ་ང་གས་པ་དཔང་། ས་ས་ད། ས་ངས་ས་སུ་ན ་རྣཔ་རྗི་ཀྱི་ནུབ་པ་ང་རྙས་སྟོང་པ་ས་ཀྱང་བྱེད། ང་ང་བྱེད་པའི་བྱུ་པ་འ་། ང་རྗི་བླངས་ས་སནས་དུས། གནཔ་ཐ་ང་འཛི། བྱུང་ནས། ད་མྦྷ་མ་ཤེས ་སྲས་སམ་བརྟན་ན་དབ་དང་རང་བཞིན་བཞིན་ག་ཤེགས་པས་མི་གཟིགས་མི་མཁྱེན་ནོ།། དེ་ཐུགས་རྡོ་སྤྲུལ་པའི་གྲཝ་འོད་དྷ་བསྟནུཔས། སེམས་ཅན་རྣམས་ཀྱི་ཤེས་པར་བྱ་བའི་རྨེ་དང། དབུའ་ཐོར་ཚུགས་དང་། མཛད་སྡི་ཟུག་དང་། ཤརས་ཀྱི་རླུང་སྐོམ་དུ། ་ལྗགས་ཀྱི་པད་མི་དང་། ཐུགས་ཀྱི་དཔ་པ་ཛ་དང་། བསྐྱ་ཐག་ཡན་ཅང་ནས་འོད་ཟེང་རྦ་ཟླ་དྲུག་ཏུ་འཐ~ཾད་པའོ། འདི་ཟེ་རིང་ཡང་དཔག་ཏུ་མེད་པ་པབླང་དུ་མེད་པག།། ཞེས་དྲི་བ་གཉིས་པ་།། དེ་ནས་ཡང་བཀེའི་སྒྱུལ་པ། བྱང་ཆུབ་སེམས་དཔའ་མམས ་དབྱེ་ཆེན་བྱུང་ཀྱིས་དྲིས་པར་ལགས་ས།། ཡང་དག་པར་རྫོགས་པའི་སངྱས་ཀྱིས་ལ་ཟུགས་རྗེད་འཕྲུལ་པསམམིས་མི་ཐུ་ཅིང་བརྗོད་ཤེས་མི་ལངས་པ་ད་ག་ཀྱང་ཚང་ལས་བབྱུང་བར་འགྱུར་རོ།། ཅི་ཏི་སེངས་སུས་ཉྀད་ཀྱི་སྤྲུལ་བའི་རྒྱུ་ཡིན་པ་འགྱུར། དེའི་ཕྱིར ་ཁྱོ་གྱིས་ཆེན་པ་ཟླ་སངས་ནས་པས། སངས་རྒྱས་ཡྀ་ཤེས་ཀྱི་ལས་ཅན་ཞེས་བྱེསྟེ། ཀྱི་བ་བཞི་ངས་པའི་མཐའ་ལས་འདས་།། ཁྱོང་ཀྱི་ཐུགས་རྡོ་སྐ་པོང་ཐར་བསྟན་། དོན་མོ་ཛ་ཛ་།། ཨཱ་མྲ་ཀྵར་སྣ་གཞལ་ཡང་ན ་བད་དང་ཅིང་བ་དྲ།། ཏིང་བརྒྱང་ཆུབ་ཏུ་པ་གས།། སེམས་ཅ་བྱེད།། གསཔ་པའི་མམ་འང་ན། རྟགས་ཀྱི་ཅུག་ཏུ་ག་ས་ཀྱིར།། མཉེས་པའི་སྙོམས་བརྗོད་སྷོ།། དེའུ་རྒྱན་རྒྱམ་ང།། འང ་དྲིལ་བུ་འཛིན།། རྟགས་ཀྱི་ཕྱག་རྒྱ་དམྱུར་ལ་འཚོར།། ལས་ཀྱི་ལྷ་མོ་ཤུགས་འཆང་ལ།། རྟགས་ཀྱི་ཕྱག་རྒྱ་སྩོལ་འཆོར།། དབྱིངས་ཀྱི་ལྷ་མོ་རྣམ་དག་སུ།། རྟགས་ཀྱི་ཕྱག་ཏུ་མཐོང་ལ་འཆོར།། འོད་ཟེར་མཚོགས་ཕྱོགས་བརྒྱང་བ་། ཆོས་བྱེད་བྱིངས་ཏུ ་ཕོ་བྲང་དུ།། སྒྲིབ་མེད་གསལ་བའི་ངོ་བོར་ཤུད།། དཀར་ད་མར་འོད་ཟེར་བྷ་ཝཱ་ཡཱང་།། མ་འདྲེས་ཡོངས་རྫོགས་གསལ་བའི་ཕྱིར།། གསལ་བ་དང་། དྲོ་བ་དང་། བསིལ་བ་དང་། ཡང་བ་དང་། ཡངས་ཤིང་ཁྱབ་པ་སངས་རྒྱས་ཀྱི་སྙད་མཐར་ཕྱིན་པ་མ ་ལོང་གི་ཡེ་ཤེས། མཆོད་པ་གཟུགས་ཀྱི་མཆོད་པ་ལ་སྤྱོད་དོ།། དེ་རྣམས་སོ་སོར་ཐིམ་མོ་ཀུན་ལ་དེས་འདྲེ། ཁྱེའུ་ཕྱག་ན་རྡོ་རྗེ་ལས་ཀྱི་རིགས། རླུང་གི་རང་བཞིན་སྔ་སངས་རྒྱས་དོན་གྲུབ་ཀྱི་སྤྲུལ་པ། རང་གཞན་ལས་ཀྱི་སྒྲོལ་མ། མཐར་ཕྱིན་པ་བྱ་བ་ཐུབ་པའི ་ཡེ་ཤེས། མཆོད་པ་སྒྲའི་མཆོད་པའོ།། ཁྱེའུ་ནམ་མཁའི་སྙིང་པོ་དེ་བཞིན་གཤེགས་པའི་རིགས། ནམ་མཁའི་རང་བཞིན། ལྷ་སྣང་མཛད་ཀྱི་སྐལ་པ། རང་བཞིན་གྱི་མེད། མཐར་ཕྱིན་པ་རྣམ་པར་དག་པའི་ཡེ་ཤེས། མཆོད་པ་དྲིའི་མཆོད་པའོ།། ཁྱེ ་སྤྱན་རས་གཟིགས་རིན་པོ་ཆེའི་རིགས། ཆུའི་རང་བཞིན། ཨུ་སངས་རྒྱས་རིན་ཆེན་འབྱུང་གནས་ཀྱི་སྤྲུལ་པ། རང་བཞིན་ཀུན་ཁཱ་བ། མཐར་ཕྱིན་པ་མཉམ་པ་ཉིད་འབྱེད་པ་མེད་པའི་ཡེ་ཤེས། མཆོད་པ་རོའི་མཆོད་པའོ།། ཁྱེའུ་སྒྲིབ་པ་རྣམ་པར་སྤེལ་པདྨའི ་རིགས། མེའི་རང་བཞིན། ལྷ་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ། རང་བཞིན་ནུ་བཟའ་དཀར་མོ། མཐར་ཕྱིན་པ་སོ་སོར་སྨིན་པའི་ཡེ་ཤེས། མཆོད་པ་རེག་བྱའི་མཆོད་པའོ།། བྱང་ཆུབ་སེམས་དཔའི་ཁྱེའུ་ལྔ་པོ་དེ་ཁྱེའུ་སྣང་བའི་རིག་བྱེད་ལ་སོ་སོ་ག་གོན ་གནས་སུ་ཐམ་ནས་གནས་སོ།། དེ་ནས་ཁྱེའུ་སྣང་བ་རིག་བྱེད། རིགས་མེད་པའི་རིགས་ཨའི་རང་བཞིན། སྐུ་འོད་དཔག་ཏུ་མེད་པའི་རང་བཞིན་མ་བཅོས་པས། མཐར་ཕྱིན་པ་མི་གནས་པའི་ཡེ་ཤེས། མཆོད་པ་བྱ་བ་མེད་པའི་མཆོད་པའོ།། ཆེས་ཉིད ་ངོ་སྤྲོད་པ་ལ་གཉིས་ཏེ། དབྱིངས་དང་ཡེ་ཤེས་ཁ་སྦྱོར་རོ།། རིག་པ་གོས་གོན་ལ་གཉིས་ཏེ། རིག་པ་འོད་ཀྱིས་ལུས་ལ་འཇུག་པ་དང་། འོད་རིག་པ་ལ་འཇུག་པའོ།། ཡེ་ཤེས་མ་བུ་སྨད་པ་ལ་གཉིས་ཏེ། སྔོན་བྱུང་གི་སངས་རྒྱས་ལ ་ཞེ་སུ་ས་ག་པའོ།། ན་ལས་རྗིན་། སས་སྷོ།། དབང་པོས་བརྣས་ས་དང་ཟུང་ད་ང་ཟུང་ས་ས་། ག་པ་གས ་འཛིན་ཐོབ། ཡེ་ཤེས་མཐུ་སྨད་པས། ཐུགས་རྗེ་འབྱུང་བའི་སྒོམ་འགགས།། ནོར་བུས་རྒྱལ་ས་ཟིན་པས་སངས་རྒྱས་མྱ་ངན་ལས་བཟླའོ།། ཞེས་བྱང་ཆུབ་སེམས་དཔའ་རྒྱལ་མཚན་རྩེ་མོའི་ཆུད་པས། ངོ་སྤང་བཞི་ལ་སྲི་མདུད་ལྔ་བཀྲོལ་བའི་ལེའུ་སྟེ་བཞི་པའོ།། ་ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ། ད་མྱ་ངན་ལས་འདས་པའི་འོག་ཏུ། འཁོར་གྱི་མི་ཕོ་བཞི་ལ། གང་འདུལ་བའི་ཆོས་བཞིས་སྟོན་པ་མངོན་པར་མཐོང་བ་བཞི་སྟོན་ཅིག། གསང་བ་བླ་ན་མེད་པའི་འདུལ་བའི་འཁོར་ལ། པུ་བཙལ་མེད་པ་ནམ་མཁའ ་ལྟ་བུའི་ཆོས་བསྟན། མཚན་ཡོངས་སུ་རྫོགས་པར་བྱེད་པའི་འཁོར་ལ། ཆུ་ཟླའི་དཀྱིལ་འཁོར་ལྟ་བུའི་ཆོས་བསྟན། མོས་པས་སྤྱོད་པའི་འཁོར་ལ། གདུང་ཤ་རཱི་ར་མ་རིན་པོ་ཆེའི་ཆོས་བསྟན། ཚད་མེད་པ་བཞི་དང་ལྡན་པའི་འཁོར་ལ། སྨན་གྱི་བླ་བི་ཌཱུ་ཪྻ་འོད་ཀྱི་རྒྱལ་པོའི ་ཆོས་བསྟན་ནོ།། རིགས་ཀྱི་བུ་ངས་འཇིག་རྟེན་གྱི་ཁམས་སུ་རང་ལོ་ཉི་ཤུ་རྩ་བཞི་ལེན་ནོ།། སེམས་ཅན་གྱི་ལོ་སྟོང་བརྒྱད་བརྒྱ་ཉི་ཤུ་རྩ་བཞི་སྤྲུལ་པའི་སྒྲར་བཞུགས་སོ།། ཞེས་བྱང་ཆུབ་ཀྱི་སེམས་རྒྱལ་མཚན་རྩེ་མོའི་རྒྱུད་ལས། སངས་རྒྱས་ཀྱི་རིང་བསྲེལ་གང་ཟག་ལ ་གདམས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། རྫོགས་སོ།། རྒྱ་རིམ་པ་བརྒྱ་ཡིས་བཏབ་བོ།། ། རྒྱ་གར་སྐད་དུ། མ་ཧཱ་སནྟི་ཏཾ་ལ་ག་གུ་ཧྱ་ཏི་ཏཱ་ནི་ཡ་མ་ཏནྟྲ་ནཱ་མ་བོད་སྐད་དུ། རྫོགས་པ་ཆེན་པོ་ཐིག་ལེ་གསང་བ་དེ་ཁོན་ཉིད་ངེས་པའི་རྨད་ཅེས ་