| Wylie | e-texts produced with BDRC’s OCR application |
། མི་གཉིམས། འདི་ནི་ཡང་དགདོན་ན། གསྔགསངས་སཀུན་ན་པ་དང་བསྔགསུངས་བྱའོ།། མ་ཤེསས་མདུ་ནདྲུང་།། ཀུན་ན་ཡང་བ་ཐུགས་ཀྱི་བདུ་སམས་དད་དྲ། ་གི་ཐིགས་པ།། དགའ་ར་བ་རྡོ་རྗེའི་སྲོག་གི་འཁོར་ལོ། སྲོག་གི་ཆན་པ། སྲོག་གི་བཅུད་ཆེན་པོ། ཐུགས་ཀྱི་རེག་ཆོད། རིག་པ་སྲོག་གི་འཁོར་ལོ་ཞེས་གསུངས་སོ།། རྩི་རླུང་གི་ལེའུ་སྟེ་བདུན་པའོ།། ། འཇམ་དཔལ་འདས་པའི་རྒྱུ་ལས ་བསྡུས་པ་རྫོགས་སོ།། ། སངས་རྒྱས་ཐིག་ལེ་ཉག་གཅིག་ལ།། ཆོས་སུ་བརྡལ་ཁྱབ་ལ་རྟོགས་པར་བྱ་བ་དང་བཙལ་བའི་ཆོས་མེད་དེ། གང་ཟག་བློའི་ངོས་ནས་གཉིས་སུ་ཡོད་པར་རྫོགས་དགོས་པ་ལས། རྩ་རླུང་ཐིག་ལེའི་ག་མས ་པ་བཤད་པར་བྱ། དེ་ནས་གདམས་པ་ནི། རྩ་དང་རླུང་དང་ཐིག་ལེའི་གནད་གསུམ་རང་གྲོལ་དུ་ཤེས་དགོས་ཏེ།། ཞིག་ལེ་ཆེན་པོའི་རྩ་འདི་ནི་ཕྱི་ནང་གསང་བ་གསུམ་དུ་འདུས་སོ།། དེ་ལ་ཐིག་ལེ་གྱི་ལྟར་བཤད་པ། ཕྱི་འབྱུང་བ་ལྔ་ནི་ངོ་བོ ་གསལ་ཏེ་རང་གསལ་དུ་གན་པ་རང་བྱུང་ཡེ་ཤེས་སོ།། དེ་ནི་ཕྱི་ཡི་ཐིག་ལེའོ།། ནང་གི་ཐིག་ལེ་ནི། ངོ་བོ་རིག་པའི་ཡེ་ཤེས་རང་ཤར་ངོ་ཤེས་པའོ།། གསང་བའི་ཐིག་ལེ་ནི། བསྒོམས་པས་མ་རྙེད། མ་བསྒོམས་པས་མ་སྟོར། ཡེ་ཤེས་རང་ལས ་མ་གཏོགས་པ་མེད་དེ། ཕྱི་གསལ་བ་འབྱུང་བ་ལྔ་ནི་རང་སྣང་ཆེན་པོའོ།། ནང་རིག་པའི་ཡེ་ཤེས་ཀྱི་མདངས་ཏེ། མེ་ལོང་དང་བྱད་ལྟ་བུའོ།། གཉིས་སུ་མེད་པའི་ཐིག་ལེ་ཆོས་སུ་བརྡལ་ཁྱབ་ཆེན་པོ་དང་། ཡེ་ཤེས་བརྡལ་ཁྱབ་གཉིས་སུ་མེད་པའོ།། ་ཐིག་ལེ་གསང་བ་གསུམ་པོ་འདི་རྟོགས་ཤིག། རྟོགས་པས་སངས་རྒྱས་ཀྱི་དགོངས་པ་ཁོང་དུ་ཆུད་པ་ཞེས་བྱའོ།། རླུང་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ། ཐོག་མའི་གནས་ནས་རིག་པ་བསྐྱོད་པ་གཞི་ལ་གནས་སོ།། ཕྱེ་ཡི་རླུང་ནི་གླིང་བཞི ་འདེགས་པ་དང་། རང་ཐུང་དུ་བསྒྲེད་པའི་རླུངདང་།། ནང་གི་རླུང་ནི་འགྲོ་དང་སྐང་འདོན་པ་དང་བསྐྱོད་པང་།། གསང་བའི་དྲུང་ནི་འསྒྲུབ་དང་སྙམ་ཟེད་དང་ཐུགས་འབྱུང་བའོ།། རླུང་གསུམ་ད་འང་མ་ཤས་ཀྱི་དྲུང་རྟོགས་ན་སྲུགསུམ་ཐ་བ། ་རྩལ་ཡང་ལྕེ་ནང་གསང་གསུམ་སྟེ།། གྱི་ཡི་རྩ་ནི་ཆོས་ཉིད་རང་བྱུང་གི་རྩ་སྟེ། འོད་ལྔསྟེ་སྟོང་པ་རང་སྣང་དུ་ཤེས་པའོ།། ནང་གཱིཿ་ནི་རྣམ་རྟོག་རང་རིག་པའི་ཡེ་ཤེས་རང་ཤར་བསྟེ། རིག་པའི་ཡེ་ཤེས་སོ།། གསང་བའི་རྩ་ནི་དབུགས་དང་འགྱུབ ་སྟོང་པ་ཉིད་ཀྱི་ཡེ་ཤེས་དབྱེར་མེད་པའི་ཆོས་སྐུ་ཟང་ཐལ་ལོ།། རྩ་དང་རླུང་དང་ཐིག་ལེ་གཏན་ལ་ཕབ་པ། སྐུ་གསུམ་ལྐོག་བཞེངས་ཀྱི་དགོངས་པ། བསྟན་མ་ཐག་ཏུ་ལྟ་སྐྱོམ་ལ་རག་མ་ལུས་པ་ལས་སངས་རྒྱས་ཀྱི་དགོངས་པ་སྐད་ཅིག་མ་ལ་ཐོབ་པ། ་ཟག་བཅས་ཕུང་པོའི་ནང་དུ། སངས་རྒྱས་ཀྱི་དགོངས་པ་དང་མངལ་བ། ལམ་མ་བསྨོད་པར་རང་སར་སླེབས་པ། སྐུ་གསུམ་གྱི་དགོངས་པ་དུས་གཅིག་ལ་ཐོབ་པ། འཁོར་བའི་མངལ་ཁ་དུས་གཅིག་ལ་རྒྱས་ཐེབ་པ་ཞེས་བྱ་བའི་མན་ངག། མཛོད ་ཀྱི་གདམས་པ། རྩ་རླུང་གི་ཐིག་ལེ་གཏན་ལ་ཕབ་པ། རྩཝ་རླུང་གི་རྩ་བ་རྫོགས་སོ།། ། དཔལ་ཀུན་བཟང་སྐུ་ལ་ཕྱག་འཚལ་ནས།། རྫོགས་ཆེན་བསྒོམ་པའི་རྒྱུད་ཞུས་པ། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ཉོན་ཅིག་རྡོ་རྗེ་སེམས་དཔའ ་ཆེ། ཆོས་ཉིད་ལྷུན་གྲུབ་ཕོ་བྲང་དུ།། རིག་པ་འགག་མེད་འཁོར་རྣམས་ལ།། སངས་རྒྱས་སེམས་ཅན་དབྱེར་མེད་འདུས།། རང་ཤར་ཆེན་པོའི་བསྟན་པ་ལ།། བསྒོམ་པ་སྲོག་གི་སྤུ་གྲིའི་རྒྱུད།། ཞལ་ནས་རང་བྱུང་ཆེན་པོར་འཐོན།། བསྒོམ ་པའི་སྲོག་ལ་རྣམ་བཞི་སྟེ།། སེམས་ཕྱོགས་ཡོངས་གྲགས་བསྒོམ་པའི་སྲོག། རྫོགས་པ་ཆེན་པོ་བསྒོམ་པའི་སྲོག། ཨ་ཏི་ཆེན་པོ་བསྒོམ་པའི་སྲོག། ཡང་ཏི་འབྲུ་གཅིག་བསྒོམ་པའི་སྲོག། ཅེས་གསུངས་སོ།། སེམས་ཕྱོགས་ཡོངས ་