CLOSE WINDOW

Gdg001.12:
Wyliee-texts produced with BDRC’s OCR application

བུ་བསྟན་པ་ནི།། གྱི་ཡི་འབྱུང་བལྔ་པོ་ཡེ་ཤེས་ལྔ།། ནང་གི་འབྲས་བུ་བསྟན་པ་ནི།། རྟགས་ཀྱི་ཡེ་ཤེས་ཚོན་གང་ལ།། ཡང་གསང་འབྲས་བུ་གཉིས་ཡིནན།། ངོ་བོ་རང་བཞིན་ཐུགས་རྔ་དང་།། རིག་པའི་ཡེ་ཤེས་ཀུན་ལ། ་རེ་རེ་ལ་ཡང་བཞི་བཞིས་བསྐོར།། མཚན་ཉིད་འཛིན་པ་དབུས་གནས་ཏེ།། ཐམས་ཅད་ཡེ་ཤེས་ཆེན་པོར་ཤར།། ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས།། ཐམས་ཅད་འབྱུང་ཡང་དང་བྱུང་ལ།། ཐམས་ཅད་འགགས་ཀྱང་རང་འགགས་ལ།། ཐམས་ཅད་གྲོལ་ཡང ་རང་གྲོལ་ལས།། འབྲས་བུ་ཐོབ་པའི་ས་མེད་དེ།། དཔེར་ན་རྒྱ་མཚོའི་ཉ་མོ་བཞིན།། གར་བྱིན་རྒྱ་མཚོའི་ནང་དུ་གནས།། ལྷུན་གྱིས་གྲུབ་པས་ཐོབ་པ་མེད།། པད་མ་ནོར་བུ་རིན་པོ་ཆེ།། ཐམས་ཅད་གཅིག་ལས་རང་བྱུང་བས།། དེ་ནི་ལྷན་གྲུབ་ཆོས་སྐུའོ།། དབང ་པོ་རབ་ཀྱི་ཆོས་ཡིན་ཏེ།། འབྲིང་དང་ཐ་མ་འཁྱམས་པར་མཆིའོ།། རྫོགས་ཆེན་གནད་དུ་མ་ཕེབས་པར།། ཆོས་སྤྱོད་གང་དགར་བཏང་བ་ནི།། དེ་ནི་རྫོགས་ཆེན་རྒྱུན་ཆད་ཡིན།། རྫོགས་ཆེན་རྟག་ཅིང་མ་ཆད་པར།། དགེ་སྡིག་འཚལ་བར་སྤྱོད་པ་ནི།། དེ་ནི་རྫོགས་ཆེན་དྲང ་ཐད་ཡིན།། རྫོགས་ཆེན་རྒྱུད་ལ་མ་ཐེབས་པར།། ཐོས་བསམ་བསྒོམ་སྒྲུབ་མི་བྱེད་པ།། དེ་ནི་རྫོགས་ཆེན་རྒྱལ་པ་ཡིན།། ཡེ་ཤེས་གནད་དུ་མི་འཛིན་པར།། སེམས་འཛིན་ཕྲ་མོ་བརྩམ་པ་ནི།། དེ་ནི་སྒྲོན་མའི་ཡིད་སྨོན་ཡིན།། སེམས་འཛིན ་གཅིག་ལ་ཡང་འཆའ་བ།། དེ་ནི་ལོང་བའི་ལམ་སྣ་ཡིན།། གདམས་ངག་ཕྱོགས་རེ་མ་རྫོགས་པར།། རྒན་མོ་མཛུབ་ཚུགས་བསྒོམ་པ་ནི།། དམ་པར་ཞེན་པའི་བསྒོམ་པ་ཡིན།། ཞེ་འདོད་གཅིག་ལ་རྟེན་འཆའ་བས།། རྒང་པོ་མཁར་ཐོགས་བསྒོམ་པ་ནི།། ་ནི་ལོང་བའི་ལམ་རྒྱས་ཡིན།། བདེ་བའི་ཉམས་མྱོང་ལ་བརྟེན་ནས།། གཞོན་པ་བདེ་བ་བསྒོམ་པ་ནི།། དེ་ནི་གཞོན་པའི་རྨི་ལམ་ཡིན།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོ་སྲོག་གི་ཐིགས་པ། འབྲས་བུ་ཡེ་གྲོལ་ཆེན་པོའི་རྒྱུད་རྫོགས་སོ།། ་བམ་ལྡན་གན་བཟང་པོ་སྟེ།། ལྡན་གྲུ་བསྒྲལ་ཕྲག་འཅལ་ནས།། ཟག་ལ་མཐོང་བརྡལ་རྒྱུད་གསུངས་པ།། སྐྱོན་པ་ཀུན་ན་བཟང་པོ་ཡིས།། གནས་ནི་བྷག་ལ་མྱུལ་ལ་ཐབཿ།། འཁོར་ན་ང་བྱུང་ཡེ་ཤེས་ལ།། དུས་ནི་ཐམས་ཅད་དང་བྱུང་དུས། ་བསྟན་ནི་གཉིས་མེད་ཐིག་ལེའོ།། ཞེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འཁོར་གྱི་རྡོ་རྗེ་སེམས་དཔའ་ཁྱོད།། ཐིག་ལེ་མཐོང་བ་རྡོ་ལ་རིག་པའི་འཁོར་ལོ་བསྐོར།། ཕུར་བུ་ཆེན་པོ་ཐོབ་ལ་སྒྲོལ།། སྲིང་གསུམ་དབང་དུ་བསྡུས་མ་སྦྱོར་སྐོར་གྱིས། ་ཞེས་གསུངས་སོ།། ཡང་བཀའ་སྩལ་པ། རིག་པ་འགགས་པ་མེད་པ་ལ།། ཤེས་རབ་འགགས་པ་མེད་པ་ཡིས།། སྣང་སྲི་དཔུང་ཐོབ་མོག་གི་ཅ་བརྒྱད།། ཐུགས་ཀྱི་གཅོད་བུ་གྲོ་ཚེ།། འཛིན་མེད་ཞགས་པ་ཚོད་ལ་ཐོང་།། ཞེས་གསུངས་སོ།། ཡང་བཀའ ་སྩལ་པ། ཐིག་ལེ་མཐོང་ནས་བརྡོལ་བ་ནི།། ཙིཏྟའི་ནང་དུ་རབ་བརྟགས་པས།། རིག་པ་སྟོང་པར་གསལ་བ་ནི།། དེ་ནི་ཐིག་ལེ་སྡེ་བརྡོལ་ཡིན།། ཉམས་མྱོང་འདྲེས་པའི་བདེ་གསལ་ནི།། དེ་ནི་ཐིག་ལེ་ནང་བརྡོ་ལྔ་ཡིན།། ཞེས་གསུངས་སོ།། ཡང་བཀའ་སྩལ་པ། ཐིག ་ལེ་མཐོང་ནས་མ་བརྡོལ་ན།། རིག་པའི་གནང་དུ་བརྡེག་པར་བྱ།། ཚོགས་དྲུག་རོལ་པ་ཏང་སངས་ལ།། རིག་པའི་བདེ་བ་དང་ཤར་ལྟོས།། འདི་ནི་ཐིག་ལེ་ནང་བརྡོལ་ཡིན།། དཀར་པོའི་དུས་སུ་རབ་ཏུ་སྦྱར།། ཁོང་ནས་ཡིད་ཀྱི་འདྲ་བ་ལ།། འགྲུབས་འགྱུ་བའི་དུས་ཚོང་དུ།། ་བདེགས་ལ་ཉིད་དུ་ལྷང་ངེ་བལྟ།། དེ་ནི་ཐིག་ལེ་ནང་བརྡོལ་ཡིན།། གཉིས་སུ་མེད་པའི་ཡེ་ཤེས་ལ།། རྒྱུ་དང་རྐྱེན་གྱིས་མ་བསྐྱེད་པར།། རང་བཞིན་ཉིད་དུ་ཤེས་པ་གསལ།། དེ་ནི་ཕྱི་བརྡོལ་ནང་བརྡོལ་ཡིན།། ཞེས་གསུངས་སོ།། ཡང་བཀའ་སྩལ་པ། རིག ་དཀྱི་ངོས་བཟུང་དང་།། བདེ་སྲོང་ཉིད་དུ་ནུར་གྱིས་དབྱུང་།། བདེ་བ་ཏིང་ལ་ལྷ་སྟངས་བྱ།། འོད་གསལ་ཉིད་དུ་སྟོངས་ཀྱིས་འབྱུང་།། ཞེས་གསུངས་སོ།། ཐིག་ལེ་མཐོང་བརྡོལ་གྱི་རྒྱུད། རིག་པ་དྲུང་འབྱིན་གྱི་བརྡའ། སྲོག་གི་ཆན་པ། ཡང་དི་ནག་པོའི་རྒྱུད་རྫོགས་སོ།། ་