| Wylie | e-texts produced with BDRC’s OCR application |
དུར་ཁྲོད་ཕུང་པོ་འབར་བ་མན་ངགི་རྒྱུད་བཞུག་སོ།། །། ་རྒྱ་གར་སྐད་དུ། རུ་ཏྲ་མ་ཏྲ་མ་ཧ་ཏྲ་ཏྲ་བྷ་ཏི་ཨ་ཏི་མི་ཏྲཏྲན་ཏྲ་། བོད་སྐད་དུ། དུར་ཁྲོད་ཕུང་པོ་འབར་བ་མན་ངག་གི་རྒྱུད་ཅེས་བྱ་བ། ་དཔལ་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་ཅིག་ན།། དུར་ཁྲོད་ཆེན་པོའི་སྡོང་།། ཀེང་རུས་ཀྱི་རི་རབ།། ལྕང་ལོ་ཅན་གྱི་ཕོ་བྲང་།། གསང་བའི་སྒོ་བཞི་བསྟོད ་པན།། ཉི་ཟླ་ཟུང་གཅིག་གསལ་བ་ན།། བཅོམ་ལྡན་འདས་བརྗོད་པའི་ཁྲོ་གཉེར་ཅན།། རང་རིག་པའི་རྒྱལ་པོ་ཡེ་ཤེས་ཆེན་པོ་བཞུགས་ཏེ།། ནང་གི་འཁོར་ཆེན་མཁའ་འགྲོ་ལྔ།། ཕྱིའི་འཁོར ་ངག་ཁྱེའུ་ལྔ།། གསང་བའི་འཁོར་ནི་ལྷ་མོ་ལྔ་དང་ཐབས་ཅིག་དུ་བཞུགས་སོ།། དེའི་ཚེ་གསང་བའི་བདག་པོས་ཞུས་པ།། ཀྱེ་ཀྱེ་བཅོམ་ལྡན་གཏུམ་ཁྲོ་འབར།། ཉི་ཟླ་འབར་བའི་གདན་སྟེངས་ན། ་རྒྱ་མཚོ་མང་ནས་སྨྲ་བཞེངས་ནས། ཆོམ་ཉིད་ཀློང་ནས་གདངས་སྐྱོང་ལ། བདག་ཅག་འདུས་པའི་འལ་ཆགས་པ། ཕུང་བ་འབར་བའི་གས་དྷམ་འདྲི། རྣབས་ཀྱི་གྲང་ནས་རབ་བགྲོལ ་མགུལ་གྱི་བུམ་པར་ཆོས་ཉིད་དྲིལ།། ལྗགས་ཀྱི་པདྨ་བདག་ལ་འཀྲམ།། ཤངས་ཀྱི་རླུང་སྡོམ་དུང་གི་ཚེམས་པར་དག་རྫས་སྟོན་མཛད་ལ།། ཡོན་ཏན་སྒོ་ལྔ་ཁྱེའུ་ལྔ་ལ་བརྡ་སྤང་ནས།། མོས་པའི་འཁོང་ལ་གསུང་དུ་གསོལ།། ཅེས་ཞུས།། ་དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། གླེང་བཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་བརྗིད་པའི་ཁྲོ་གཉེར་ཅན་གྱི་མཞུ་བའི་འཁོར་གསལ་བའི་བདག་པོ་དང་།། བསྙུང་བའི་འཁོར་དགའ་རབ་རྡོ་རྗེ ་ལ།། མོས་པའི་འཁོར་མཁ་འགྲོ་ལྔ་ལ་སོགས་སྟེ་བསམ་གྱིས་མི་ཁྱབ་པ་རྣམས་ལ། དུར་ཁྲོད་ཕུང་པོ་འབར་བའི་གསང་རྒྱུད་འདི།། ང་ཡིས་བཤད་ཀྱི་ཡིད་ལ་ཟུང་།། ཅེས་བཀའ་སྩལ་ཏོ།། སྔོན་དུར་ཁྲོད་ཕུང་པོ་འབར་བའི་རི ་རབ་ན། དཔག་བསམ་གྱི་ལྗོན་ཤིང་ལྕང་ལོ་ཅན་གྱི་ཕོ་བྲང་ན། རླུང་ནག་མུན་ལྟར་གཏིབས་པའི་ནང་ཤེད་ན།། འདོད་ཆགས་ཆུ་ལྟར་འཁྲུགས་པའི་དཀྱིལ་ཤེད་ན།། ཁྱེའུ་ཤེལ་གྱི་སྒྲོན་མེ་ཐོགས།། རེས་འགའ་རི་རབ་རྩེ་ལ་གནས། ་རེས་འགའ་དུར་ཁྲོད་འདས་དུ་དྷུ།། རེས་འགའ་འཁོར་བའི་ཆུ་བོས་ཁྱེར།། རེས་འགའ་རླུང་ནག་ཆུབ་མས་ཁྱེར།། ཁྱེད་ཡང་ཁོ་ལ་ཤི་བ་མེད།། ཡང་གསང་བའི་དྲག་པོས་ཞུས་པ།། ཀྵེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན། བདག་ཅག་འདུས ་པའི་འཁོར་ཚོགས་ལ།། དེའི་དོན་རྣམས་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་གསུངས་པ།། བརྡའི་དོན་རྣམས་མགོན།། ངས་བཤད་ཡིད་ལ་ངེས་པར་ཟུང་།། དུར་ཁྲོད་ཕུང་པོ་འབར་བ་ནི། ང་ལྔའི་དུས་ན་མེ་རེ་འབར ་བསྟེ།། ཕྱིས་ཀྱི་དུས་ན་གཟུགས་ཀྱི་ཕུང་པོའི།། དངག་བསམ་ལྡོན་ཤིང་བསྟན་པ་ནི།། སྲོག་དུ་གྱུར་པའི་དྲུང་བཞི་སྟེ།། ལྕང་མོའི་ཕོ་བྲང་བསྟན་པ་ནི།། ཕྱི་སྐར་བསྟན་ན་འོག་མིང་གནས།། ནང་ལྟར་བསྟན་མ་ཐོད་པས་སྟེ། ་འདོད་ཆགས་རྐུ་བྷར་གྲུབ་པ་ནི།། ཉོན་མོངས་འདོད་ཆགས་ཆེན་པོ་སྟེ།། རླུང་ནག་མུན་ལྟར་བསྒྲིབས་པ་ནི།། ཕྲ་དོག་ཏི་མུག་བདུད་ཀྱི་ཁྱེར།། ཁྱེའུ་སྒྲོན་མེ་ཐོགས་ཞེས་པ་ནི།། རིག་པའི་རྒྱལ་པོ་རང་སྣང་སྟེ།། རིངརབ་རྩེ་ལ་གནས་ཞེས་པ་ནི། ་རྒྱམཚོ་མདངས་ལ་གནས་པ་ཡིན།། དུར་ཁྲོད་འདམ་དུ་རྒྱུ་ཞེས་པ་ནི།། ཙིཏྟའི་ནང་དུ་རྒྱུ་བ་ཡིན།། འཁོར་བའི་ཆུ་བོས་ཁྱེར་བ་ནི།། རྣམ་རྟོག་ཆུ་བོས་ཁྱེར་བ་ཡིན།། རླུང་ནས་ཚུབ་མས་ཁྱེར་བ་ཡིན།། དུག་ལྔའི་དབང་དུ་འགྱུར་བ་ཡིན ་ཁོ་ལ་ཤི་བ་མེད། ཅེས་པ་ནི། རིག་པ་རྡོ་རྗེ་ལྟ་བུའི་སྐུ། ཅི་ཡང་ཤར་ཡང་ཁོའི་སྐུ།། ཅེས་གསུངས་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། འདུས་པ་བརྡའི་ལེའུ་སྟེ་གཉིས་པའོ།། ་དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། ཀྵེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་། ཕུང་པོ་འབར་བའི་དོན་རྣམས་གསུང་དུ་གསོལ།། སྟོན་པས་བཀའ་སྩལ་པ། ངས་བསྟན་འཁོར་རྣམས་ཡིད་ལ་ཟུང་། ཕུང་པོ་ཞེས་ཀྱིས་བསྟན་པ་ནི། ་དུ་མ་འདུས་པའི་ཕུང་པོའོ།། འཇིག་པའི་ཕྱིར་ན་ཕུང་པོའོ།། རྟེན་པའི་ཕྱིར་ན་ཕུང་པོའོ།། འདུས་པའི་ཕྱིར་ན་ཕུང་པོའོ།། ཕུང་པོ་དག་ལ་བརྟན་པ་ནི།། ཀླད་པ་དུང་ཁང་གཞལ་ཡས་ནི།། ཧེ་རུ་ཀའི་བཞུགས་གནས་ཡིན།། ཐུགས ་འབྱུང་བའི་སྒོ་བཞི་ནི།། རིག་པ་འགྱུ་བའི་གསང་འཞི་ཡིན། འབྲི་གུ་ཙཀྵའི་སྒོ་ཡིས་ནི།། རིག་པའི་ངོ་བོ་གདངས་གསལ་བསྟན།། མངོན་དུ་འགྱུར་བའི་ཡིས་ཡིན་ད་འབྱེད་པ་མེད་དེ་ཟང་ཐམ།། དེའི་ངང་ལས་མ་གཡོས་ན།། དགོངས་པ་ཟིན་པའི་ཚད་ཡིན་ནོ།། ་འ་ས་ས་པ་ལེམ་གིས་སསུ་གྱུར་གྱི་མྱེད་པ་སེ། ས་ལ་ན་རྒྱུ་བའི་ལ་དེ།། ད་པའི་རིག་པམས་སུ་སྤྲུར ་ལུས་ཀྱི་བཅུང་དང་ཐིག་ལེར་བཅས།། རྒལ་ཚིགས་གསང་བའི་བསྡུ་རྒྱུད་ནས།། རྡོ་རྗེའི་ལམ་དུ་བདེ་བར་ཐོན།། ཡུམ་གྱི་པདྨའི་རྫིང་བར་འཁྱིལ།། ཟླ་དགུ་ངོ་དང་བཅུ་རུ་གནས།། ངོ་བོ་ཉིད་ཀྱི་དགེ་སློང་དེ།། ཆོས་ཉིད་དང་སྒྲ་ཨ་ཧ་པ་ཟློས། ་སྤྲུལ་པའི་སྐུ་རུ་རབ་ཏུ་སྨིན།། ཐུགས་རྗེས་གཟིགས་སྣང་དོན་དམ་གནང་།། ཆོས་ཉིད་ཤེས་རབ་སྒོ་ཡིས་ནི།། ཤེས་རབ་སྤྱོད་པའི་རིག་པ་སྟེ།། སོ་སོར་རྟོག་པའི་ཡིས་སོ།། ཤེས་རབ་སྐྱེ་བའི་རླུང་ཞེང་བྱ།། ཆོས་རྣམས་ཀུན་གྱི་ཐོག་མཐའ་སྤྱད ་སྐྱེ་མེད་ངང་དུ་སྒོམ་པར་ཤེས།། སྒོམ་བཞི་མཐའི་སློབ་དཔོན་ཞི།། སྐྱེ་མེད་ད་མཁའི་སྒོ་ཡིན་ཏེ།། ཐོས་བྱ་མ་འགགས་སྣ་ཚོགས་ལྡན།། སྒོ་གསུམ་རྟེན་ལ་སྒོ་གཉིས་ཕྱེ།། སྒོ་གསུམ་ཆོད་ལ་སྒོ་ཅིག་སྡོམ་མ།། སྥར་ན་སྒོ་རྣམས་མ ་གཅད་ཀྱང་།། ཆོད་ཉིད་སྐེ་ལ་ཡེངས་པ་མེད།། ཆུ་བོ་གཞུང་ཆེན་དགོངས་པ་ཡིན།། དུས་གསུམ་རྒྱུན་གྱིས་བརྟགས་པས་སྟེ།། རྒྱལ་པོས་འཛིན་བློན་པོས་བྱས།། རིག་པ་འབྱེད་མེད་རང་གསལ་ནི།། རྒྱལ་པོ་བློན་པོ་རྫངས་ཀྱིས་ཚུལ།། རྒྱལ ་པོ་རིག་པའི་ངོ་བོ་ཉིད།། མི་འགྱུར་མ་བཅོས་རང་བཞིན་གནས།། མ་བཅོས་ཇི་བཞིན་ལྷུན་གྲུབ་གནས།། སྟོང་པ་ཆེན་པོ་རྡོ་རྗེའི་སྐུ།། སྙིང་པོ་རང་གསལ་འཛིན་མེད་དེ།། ཆོས་ཉིད་རང་གི་གདངས་ལ་བཞུགས།། འདུ་འཛིས་གཡེངས་ཀྱང་གཡོས་པ་མེད།། ་རཱང་ཞེས་ནི་དེལ་བྱ།། བློན་པོ་སེམས་ཀྱི་བོ་སྟེ།། ཕྱི་བློ་ན་ནང་དྲོང་གཟུང་འཛིན་གཅོད། རྣམ་རྟོག་སྣ་ཚོགས་ཡུལ་ལས་སྐྱེ།། དྲན་པ་ཕྱོགས་མེད་ཞེན་པར་གཅོད།། རྣམ་རྟོག་ཕྱིན་ཅི་ལོག་ལ་སྐྱོད།། དུག་ལྔ་རང་འཛིན་ཁོང་དུ་བཅངས ་བྱན་མོ་འཛངས་པའི་མཛོད་བཞིན་དུ།། དགེ་སྡིག་སྟོན་པོ་སྣ་ཚོགས་བསགས། ཀམ་རྟོག་བློན་པོས་དབང་སྒྱུར་ཏེ། ངན་སོང་གསུམ་དུ་ཐེ་ཚོམ་མེད།། རྟོགས་ན་ཆོས་ཉིད་རང་བརྟུལ་ཏེ། ཤང་ཡང་རིག་པའི་ངང་ལས་སྐྱེ། གྲོལ་ཡང་རིག་པའི་ངང། ་དུ་གྲོལ་ཀསྣ་ཚོགས་ཤར་ཡང་རིག་པའི་རྩལ།། དཔེར་ན་ན་མཁའི་ཀློང་ཉིད་ནས།། སྤྲིན་དང་ན་བུན་ཁ་རླུངས་ཤར།། ཤར་ཡང་ནམཁའི་ཀློང་དུ་ཐིམ། དེ་བཞིན་རིག་པའི་རྒྱལ་པོ་ལ།། བློན་པོས་ལས་རྣམས་རྩལ་དུ་འགྱུར།། རིག་པའི་རྩལ་དུ་ཤེས་ཙམ ་རྒྱན་དང་རོལ་པ་ཐུགས་རྗེའོ།། རིག་པའི་ངང་ནས་མ་གཡོས་ན།། སྟོང་གསུམ་འཛིན་རྟེན་བསྒྲལ་གྱུར་ཡང་།། སྟོན་པའི་ཐུགས་རྗེས་བསྒྲལ་བ་ལས།། སྡིག་ཞེས་བྱ་བའི་མིང་ཡང་མེད།། རྟོགས་པའི་གདེང་དུ་མ་གྱུར་ན།། སྐད་ཅིག་སེམས་ཀྱི ་འཁུ་འཕྲག་ཀྱང་།། ངན་སོང་གསུམ་པོ་དག་དང་འདྲ་ཀ་དེས་ན་རཱ་ཛ་ས་ཟིན་ན།། བློན་པོས་ལས་རྣམས་ཅི་སྤྱད་ཀྱང་།། རཱ་ཛའི་ངང་ལ་གཡོས་པ་མེད།། རྟོགས་པ་རབ་ཀྱི་མཚན་ཉིད་དོ།། དབང་པོ་འབྲིང་གི་མཚན་ཉིད་ནི།། དཱ་ཛའི་གདན་ས་མ་ཟིན་ན།། བྲེ ་པཔོའི་དབང་དུ་རཱ་ཛ་བྱས།། བློན་པོ་བཙོན་དུ་བཟུང་བ་དང་ཀ་རཱ་ཛ་གདན་ས་ཟིན་དེ་མི་བསྐྱེད་དོ།། རཱ་ཛ་གདན་ས་ཟིན་པོའི་མཚན་ཉིད་ནི་། རྒྱ་མཚོ་ཨར་ལ་གཏད་དེ་མ་སྐལ་ཧང་པོ་བཞག། ཤེས་རབ་གསེར་གྱི་ཐུར་མས་རིག་པ་རང་དབང་བསྐུར།། དེས་ནི་མཉམ ་བཞག་མ་ཡིན་རྗེས་ཐོབ་བོ།། ཉམས་སུ་ལོང་བའི་ཚད་ཡིན་ནོ།། ཅེས་གསུང་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། ཕུང་པོ་གཤིག་ནས་རིག་པ་ངོས་གཟུང་བའི་ལེའུ་སྟེ་གསུམ་པའོ།། ་ཡང་ཞུབ་པ། དེ་ཀྱེ་འཅོལ་ལྡན་ཁྲོགན་ཅམ། ཕུང་པོའི་ནང་དུ་རྒྱལ་བློན་དངོས་བསྟན་ཏེ་བརྫངས་དང་གྲོབ་ལུགས་ཏང་ལགས་འམཉམ་པའི་ངང་ནས་གསུང་དུ་གསོལ། ཡང་གསུངས་པ། ངས་བསྟན་འཁོར་རྣམས་ངེས་ཟུང་རྩིག་ས ་མི་འགྱུར་རྒྱལ་པོ་བཞིན།། བློང་པོས་སྣ་ཚོགས་གཟུང་འཛིན་བྱེད།། རླངས་ཀྱིས་གཞན་སྣང་ཡུལ་ལ་སྤྱོད་ཞགསོག་པའི་དམངས་དང་མཆོད་པའི་བླངས།། མ་རྟོགས་པའི་དུས་ཉིད་ན།། སྒོ་ལྔའི་རྣམ་ཤེས ་པ་ལྔ་ཀ་སྣ་ཚོགས་རྐྱེན་གྱིས་ཡུལ་ལ་སྤྱོད།། གདུག་མི་གདུག་ནི་ཡུལ་གསུམ་སྐྱེ།། སྣ་ཚོགས་སྤྱད་ཀྱིས་ཡུལ་ལ་ཕྱོར།། གཟུང་འཛིན་རྣམ་རྟོག་རྒྱུན་ཏུ་བསགས།། སྒྲིབ་པ་གཉིས་ཀྱི་ཡུན་དུ་སྒྲུབས།། མི་རིག་བདག་དུ་ངེས་པར་བཟུང་།། རྒྱུ་དྲུག་དག ་དུ་རྟག་ཏུ་འཁོརམ་རྟོག་དུས་ན་དེ་ལྟར་སྣང་།། གསོག་པའི་བླངས་ཏེ་ཡུལ་ལ་སྤྱད།། ཡིད་ཀྱི་རྣམས་ཤེས་བདག་ཏུ་གཟུང་།། རྒྱལ་པོ་མུན་པའི་ནང་ན་འཁྱམ།། ཡང་གསུང་པ། མཆོད་པའི་རྨོངས་ནི་འདི་ལྟ་སྟེ།། སྒོ་ལྔའི་རྣམ་པར་ཤེས་པས་སྟེ། ་བྱང་ཆུབ་སེམས་ཀྱི་ཁྱེའུ་ལྔ།། མིག་གིས་སའི་སྙིང་པོས་ཏེ།། སྣང་བའི་ཡུལ་ལ་ཤེས་པར་ཤར།། མཐོང་བའི་གཟུགས་ནི་སྣ་ཚོགས་སྦྱད་།། རིག་པའི་ངོ་བོ་འཛིན་མེད་དེ།། འཛིན་མེད་དང་ལ་རྩལ་དུ་ཤར། སྣང་བ་རྣམས་ལ་རྒྱས་ཡིས་གཏབ ་མ་འགྱུར་ངང་དུ་རང་སར་གྲོལ།། ཤར་བའི་དུས་ན་ཐུགས་རྗེའི་རྒྱན།། གྲོལ་བའི་དུས་ན་རྒྱལ་པོ་མཉེས།། སའི་སྙིང་པོ་འགྲོ་བ་འཛིན།། རྣ་བ་ཕྱག་ན་རྡོ་རྗེ་སྟེ། ཐོས་བྱ་མ་འགགས་ཡུལ་ལ་སྤྱད།། སྒྲ་ཡིས་རོལ་མོའི་མཆོད་པ་སྟེ།། རིག་པ་སྐྱེ ་མེད་དང་དུ་ཐིམ།། རིག་པ་རང་གསལ་བརྡལ་ཡིན་ཏེ།། གདངས་ནི་རང་གསལ་དག་ཏུ་ཐིམ།། སྐྱེ་མེད་ཆེན་པོའི་མཆོད་པ་སྟེ། སྣ་ནི་ན་མཁའ་སྙིང་པོས་སྟེ།། སྒོམ་བྱའི་རིག་པའི་རྩལ་ཡིན་ཏེ།། སྣང་བའི་དྲི་མ་རང་བཞིན་གསལ།། དྲི་ཉིད་རིག ་པའི་གདངས་ཡིན་ཏེ།། དྲིའི་རང་བཞིན་དངོས་པོ་མེད། ཤར་ཡང་རིག་པའི་ངང་ལས་ཤར།། ཐིམ་ཡང་རིག་པའི་ངང་དུ་ཐིམ།། མཉམ་ཉིད་ཐུགས་ཀྱི་ཀློང་དུ་ཐིམ།། ལྕེ་ནི་ཁྱིའུ་སྤྱན་རས་གཟིགས། ངོ་ཆོས་རིག་པའི་ངང་ན་གསལ་སྣ་ཚོ ་བཅོད་དག་སྟེ།། རེ་ནི་བཉིས་མེང་རིས་པང་ཐིས། རིག་པ་ནས་ཀྱི་སྐུ་ཉིད་ལ་གཟུགས་དེ་སུའི་མཆོད་པ་ཡིན།། དེ་ཆེ་ན་ཟུགས་ཀྱི་མཆོད་པ་ཡིས། དྲི་ནིས་སུང་གི་མཆོད་པ་ཡིད།། ངམཡོན་ཏན་མཆོད་པའོ།། ལུས་ནི་སྒྲིབ། ་པ་རྣམ་སེལ་ཏེ།། རེག་བྱ་སྣ་ཚོགས་ཡུལ་ལ་སྤྱད།། བདེ་བ་ཆེན་པོ་ཉམས་མྱོང་སྟེ། བདེ་ཆེན་གཉིས་མེད་ངང་དུ་ཐིམ།། རེག་ནི་ཕྲིན་ལས་མཆོད་པའོ།། རིག་རླུང་གྲོལ་ཤེས་ཙམ་ན།། རིག་པའི་རྒྱལ་པོ་རང་དབང་ཐོབ།། རིག་པ་གཉིས་མེད ་ཆོས་སྐུ་ལ།། མཆོད་དང་མི་མཆོད་མི་མངའ་སྟོ། རྟོགས་པ་བདེ་ཆེན་སྙེད་ཙམ་ན། དོན་གྱི་ངོ་ལ་མཆོད་མི་མངའི། མཚོན་པའི་ངོ་ནས་བཏགས་པ་ཙམ།། ཅིང་སྣང་ཅི་སྲིད་རིག་པའི་རྩལ།། རྒྱལ་པོའི་ངང་ལས་མ་རྟོགས་པ།། བློན་པོ ་རྨརྨོངས་ནི་ཡོད་མི་སྲིད།། མིང་དུ་བཏགས་ཀྱང་རིག་པའི་རྩལ།། རོལ་ལའ་མཛད་སྤྲོང་ཐུགས་རྗེ་འཆར།། དེ་ལྟར་རྟོགས་ན་དགོངས་པའི་མཆོགཅེས་གསུངས་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས་ནས་རྨོངས་ཀྱི་བཤད་པའི ་ལེའུ་སྟེ་བཞི་པའོ།། ། ཡང་ཞུས་པ། ཀྵུཾ་ཀྱཻ་བརྗིད་པའི་ཁྲོ་གཉེར་ཅན།། ཕུང་པོའི་ནང་ནས་ཇི་ལྟར་འཛེད།། རྩའི་ལམ་ནི་ཇི་ལྟ་བུ།། ཞེས་ཞུ་སོ། སྟོན་པས་བཀའ་སྩལ་པ་ཀ་ངས་བསྟན ་འཁོར་རྣམས་ངེས་ཐུང་ཅིག། ཕུང་པོའི་ནང་དུ་དབྱེ་བ་ནི།། རྒྱ་མཚོ་ཉི་མ་ཅན་མརིག་པ་ཉིད།། རིག་པའི་སྙིང་པོ་ཏིལ་འབྲུའི་ཆ་དང་མཚུངས།། དེའི་རང་ལུས་མཆོད་པ་སྤུ་རིས་ཙམ།། དེའི་རང་གདངས་ནཱ་མཁའི་མཐའ་དང་མཉམ།། རིག་པ ་དངོས་མེད་དམལའཏིང་ལ་གས་ལ། སྣང་མེད་མཁའ་ལ་འཇའ་ཚོར་ཏེ། འདུས་གསུམ་འགྱུར་མེད་ཡེ་ནས་གནས། བཏང་བཞག་མེད་པར་བློང་ལ་བཞག།། ཆོས་ཀྱི་སྐུ་ཞེས་བྱ་བའོ།། རིག་པ་ཆོས་སྐུའི་དབྱེ་བ་རོས་ཆོས་ཉིད་སྣང་བའི་སྒོནས ་ཤེས་རབ་འགག་མེད་གསལ་དུས་སུ་ཤེས་རབ་ལོངས་སྤྱོད་སྐུ་ཡིན་ཏེ།། ཐོགས་མེད་ཅིང་ཡང་མཁྱེན་པར་སྤྱོད།། དེ་མཚོན་ཤེས་རབ་སྐུ་ལྔ་སྟེ།། མི་འགྱུར་རྡོ་རྗེ་ལྟ་བུའི་སྒྲ།། དེ་ཉིད་ཡོན་ཏན་འགག ་མེད་རང་ལས་འབྱུང་།། རིན་འབྱུང་ཆེན་པོའི་སྐུ་རུ་ཤར།། དེ་ཉིད་སྐྱོན་གྱིས་མ་གོས་ཏེ།། མ་ཆགས་སྣང་བ་མི་འགག་ཏེ།། པདྨའི་རིགས་ཆེན་སྐུ་རུ་གསལ།། དེ་ཉིད་ཐོགས་མེད་མཐའ་བཞི་གྲོལ།། སྣ་ཚོགས་རིག་པའི་ངང་དུ་གྲུབ།། དོན་གྲུབ་ཆེན་པོར ་རང་སྣང་ངོ་།། དེ་ཉིད་ཐོགས་མེད་ཀུན་ཏུ་སྣང་།། ཀུན་གྱི་གཞི་མོར་རྣམ་སྣང་གསལ།། རྣམ་སྣང་ཆེན་པོ་དེ་ཉིད་དོ།། དངོསུ་མི་སྣང་མཁྱེན་པ་མི་འགག་དེ།། དོན་གྱི་ངོ་ལ་དབྱེར་མེད་ཀྱང་།། མཚོན་པའི་སྒོ་ནས་སྣ་ཚོགས་སྣང་།། ཐུགས་མཆོག ་རག་པའི་ངད་ནས་དབྱེ།། རེག་པ་གཉིས་མེད་ཆོས་སྐུ་ལ།། སྦྲུལ་སྐྲ་ཙམ་དུ་ཤར་བ་ནི།། ལམ་གྱི་སྒྲོན་མའི་ཐིག་ལེ་སྟེ།། དངོས་མེད་དངོས་གསལ་འཛིན་མེད་དེ།། དྲུག་ནི་ཐུབ་པ་ཞེས་སུ་བསྟན།། དེ་ནི་རིག་པའི་རང་ལུགས་སོ།། དེ་ཤེས ་ནས་ནི་རང་ས་ཟིན།། སྤྲུལ་སྐུ་དག་གི་དབྱེ་བའོ།། ཆོས་སྐུའི་ངོ་བོ་འགག་མེད་ལ།། ལོངས་སྐུ་ཤེས་རབ་འགག་མེད་སྤྱོད།། སྦྲུལ་སྐ་གདུལ་བྱའི་ཡུལ་སྣང་བ།། མཚོན་པ་དཔེ་ནི་ཉི་མའི་སྙིང་པོ་བཞིན།། ཉི་མའི་སྙིང་པོ་ཆོས་སྐུའི་དཔེ།། དེ་ལས་འོས། ་ཟེར་སྣ་ཚོགས་ཤ་ད།། དེས་ནི་འགྲོ་དྲག་མུན་པ་སེལ།། དེ་བཞིན་ཆོས་སྐུ་རྟོག་མེད་གསལས། ལོངས་སྐུ་ཤེས་རབ་འགག་མེད་སྤྱོད།། སྤྲུལ་སྐུ་ཐུགས་རྗེས་ཉོན་མོངས་སྒྲོལ།། དེ་གསུམ་མཐའ་དག་ཅིག་གི་དང་།། ཆོས་སྐུའི་བཞུགས་གནས། ་རྒྱ་ཞགས་ཏེ། ལོངས་སུའི་བཞུགས་གནས་ཙཏྟ་ཨིན།། སྦྲུལ་སྐུའི་བཞུགས་གནས་སྒོ་ལྔའོ།། ཕུང་པོའི་ནང་དུ་དེ་ལྟར་དབྱེ།། ཅེས་གསུང་སོ།། ཡང་གསུངས་པ་རྩའི་ལ་མཾ་ཞེས་བསྟན་པ་ནི། རྒྱང་བཞག་དག་ནས་རྩ་ཤད་པས ་ཆོས་ཉིད་རང་བྱུང་རྩ་ཞེས་བྱ་བ། ན་མཁའི་མཐོངས་ཁུང་སྒོ་ནས་རྩ་ཤར་བ།། གསང་བ་འགག་མེད་རྩ་ཞེས་བྱ།། དེ་བཞི་རྩིཏྟ་དག་ལ་ཟུགག་ཚད་མེད་སྒོ་བཞིའི་རྩེ་ཞེས་སོ།། རྩིཏྟ་རིན་ཆེན་གུར་ཕུབ་ནས་། གཟུང་འཛན་རྟོག་པའི་རྩ་ཞེས་ཏེ། ་རྩོད་པའི་སྒོ་གསུམ་དག་ཏུ་ཐུག། དེ་ལ་མིང་དུ་མཚོན་པ་ན།། ཤེས་རབ་མྱུར་བྱེད་མི་པོ་ཆེ།། རྣམ་ཤེས་རླུང་གི་རྟ་ལ་ཞོན།། གཟུང་འཛིན་ལྕགས་ཀྱུ་ལགས་ན་ཐོགས།། རྩོད་པའི་སྒོ་གསུམ་དག་དུ་ཕྱིན།། སྣང་བའི་ཡུལ་ལ་གཟུང ་འཛིན་སྤྱད།། རྣམ་ཤེས་ཚིམ་བྱེད་ཞེསུ་བྱ།། རིག་པའི་རྩ་ལ་ནི་གཞི་རུ་འཛིན།། སྙིང་དེ་མེད་པས་བསྐལ་པ་རླུ་ཞེས་བྱ།། དེ་དང་བདུད་ལངས་རྩ་དུ་འབྲེལ།། རྩ་དེ་འདུས་ན་འཆི་རྟག་སོ།། སྲོག་སོ་འཛིན་པའི་རྩ་དག་གནས། མདུད་པ ་དང་ཤོག་རྩ་ཞེས་བྱ།། དེ་དང་བདུད་ལངས་རྩ་རུ་འབྲེལ།། སྡུད་བྱེད་རླུང་ཆེན་རྟོག་པའོ།། ནག་པོ་སྡིག་མེད་རྩ་དེ་ནས།། དཔག་བསམ་ལྗོན་ཤིང་རྩ་ཞེས་ཏེ། དེ་ནི་བཤད་པ་རང་བྱུང་རྩ་རུ་རྟགས།། དེས་ནི་ལུས་ཀྱི་དབང་པོ་གཟུང་།། ཐུག ་རྗེས་འབྱུང་བའི་དུས་ཉིད་ན། རྩ་ནི་བདུད་པའི་རྟགས་སྒོམ་ཞེས།། རྩ་ཆེན་དེ་རྣམས་ངག་ཏུ་ནི།། ཁྲག་དང་ཆུ་སེར་མི་རྒྱུ་སྟེ།། རིག་པའི་རྩལ་ནི་རླུང་དུ་རྒྱུ།། ངོ་བོ་འགག་མེད་གསལ་བ་ལ། རྩ་ནི་དེ་རྣམས་ངག་དུ་རྒྱུ།། རྩ་ལས་ཐུགས་རྗེ་སྤྲ། ་སྐྲ་འབྱིན།། ལ་ལས་ཤེས་རབ་ཆེན་པོར་འཆང་། ལ་ལས་མི་སྐྱོང་གཞི་རུ་འཛིན།། ལ་ལས་དུས་ཟད་འཆི་རྟག་སྟོན།། ཕུང་པོའི་ནང་དུ་དེ་ལྟར་དབྱེན། ཅེས་གསུངས་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། རིག་པའི་གནས་ལུགས ་དང་། རྩའི་དབྱེ་བ་བསྟན་པའི་སྟེ་ལེའུ་ལྔ་པའོ།། ། དེ་ནས་ཡང་ཞུས་པ་ཀྱེ+ེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན།། སེམས་སུ་དབྱེ་བ་ཇི་ལྟར་དབྱེ།། ཡེ་ཤེས་ཞེས་ནི་གང་ལ་བགྱི།། ཅེས་ཞུ་སོ།། བཀའ་སྩལ ་ངས་བསྟར་ཡིད་ལ་ངེས་ཐུང་ཅིག། ངོ་བོ་པེ་དང་རྣམ་གྲངས་དང་།། གནས་དང་ལམ་དང་སྒོ་དང་ནི། སྐྱོན་དང་ཡོན་ཏན་འབྲས་བུའོ།། བྱེད་ཚད་དབྱེ་བའི་དུས་བསྟན་པའོ།། སེམས་ཀྱི་མཚན་ཉིད་བསྐ ་པ་ནི།། རླུང་ཅང་དག་ཏུ་རྩལ་འགྱུར་ཏེ།། དབུགས་ནི་རྙེན་མ་དག་དང་འདྲེས།། རིག་པ་རྐྱེན་དང་ཕྲད་པ་ཡིས།། གཟུང་འཛིན་རྟོག་པ་ཆེར་སོང་ངོ་།། དེ་ལ་སེམས་ཞེས་བྱ་བ་ཡིན།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། དོན་ལ་སེམས་དང་སྣ་རྒོ།། ་པ།། གསོག་པའི་ཕྱིར་ཡང་སེམས་ཞེས་བྱ།། ངོ་བོ་དབུགས་ནི་བརྙན་མས་ཏེ། ཡེ་ནས་མེད་དེ་འཕྲལ་ལ་ཕྱུང་།། དཔེར་ན་ཚོང་འདུས་འོ་མ་བཞིན།། ཇེ་ལ་རྗེ་ཁང་སོང་བའོ།། གྲངས་ནི་རྣམ་པ་བརྒྱད་དུ་བསྟན། གནས་ནི་རླུང་ཅ ་གྲོང་ན་གནས།། ལམ་ནི་མགྲིན་པ་དག་དུ་རྒྱུ།། སྒོ་ན་འདོད་པའི་སྒོ་གསུམ་ཤར་སྐྱོན་ནི་རྟོག་པ་སྣ་ཚོགས་བྱེད།། འབྲས་བུ་བག་ཆགས་ཕུང་པོ་ལེན།། ཕྱེད་པའི་ཚན་ནི་རྒྱུ་སྲང་ཆད།། དབྱེ་བའི་དུས་ནི་ཕུང་པོ་བོར།། ཅེས་གསུངས་སོ།། ་ཡང་གསུངས་པ།། ཡེ་ཤེས་ཞེས་ཀྱི་བསྟན་པ་ནི།། དབྱེ་བ་རྣམ་གྲངས་ངེས་ཚིག་དང་།། ངོ་བོ་གནས་དང་ལམ་དང་སྒོ།། ལས་དང་ཡོན་ཏན་འབྲས་བུ་དང་།། ཕྱེད་ཆད་དབྱེ་བའི་དུས་བསྟན་ནོ།། དབྱེ་བ་རྣམ་པ་ལྔ་ཡིན་ནོ།། རྣམ་གྲངས་དང ་ནིབརྒྱད་དུ་བསྟར།། ངེས་ཚིག་ཡེ་ནས་ཤེས་པས་ཡིས་སོ།། བློ་བུར་མེད་པས་ཡིས་སོ།། ཡེ་ནས་ཡོད་པའི་རིག་པ་དེ།། བླ་མ་ངམ་པས་མཚོན་ནས་ནི།། རང་རིག་རྟོགས་པས་ཤེས་ཙམ་ན།། ཡེ་ཤེས་ཞེས་ནི་དེ་ལ་བྱ། ངོ་བོ་ལམ་གྱི་སྒོ། ་མེ་སྟེ།། མཐུ་རྣམས་པ་རང་ཆས་གནས།། སམ་ནི་ཆོས་ཉིད་རྩ་རུ་རྒྱུ། སྒྲ་ནི་འབྲི་ཀུཏ་རུ་ཀར།། ལས་མི་ཤེས་རབ་ཐོགས་མོང་སྤྱོད།། ལྗོན་གཟུང་འཛིན་རྟོག་པ་མེད་འབྲས་བུ་སྐུ་གསུམ་རང་ལ་རྫོགས།། བྱེད་པའི་མཚན་ཉིད་བརྟན ་པ་ནི། རྒྱུ་སྲང་གཅད་ལ་ཁ་ལ་གདོན། དང་གསལ་འཛིན་མེད་དང་ལ་བཞག། དབྱེ་དུས་ཕུང་པོ་བར་བའོ།། གཟུང་འཛིན་མམཁའི་མཐའ་ལ་དངས།། ཕུང་པོས་དང་རྡོ་དང་འདྲ། ཡེ་ཤེས་ཞིང་ཁམས་རྣམ་པར་དག། ་ཟློག་ནི་གསུམ་སྦྲེལ་གྱེས་པ་བཞིན།། ཅེས་གསུངསོ།། དུང་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། སེམས་དང་ཡིས་དབྱེ་བའི་ལེའུ་སྟེ་དྲུག་པའོ།། ། དེ་ནས་ཡང་གསང་བའི་བདས ་པོས་ཞུས་པ།། ཀྵེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན།། སྦུབས་གསུམ་རྒྱུད་ལ་ཇི་ལྟར་འཆི་ས་སྐུ་གསུམ་འདུ་འབྲལ་ཡོད་ངམ་མེད།། ཅེས་ཞུས་སོ།། ཡང་གསུངས་པ། ངས་བསྟན་ཡིད་ལ་ངེས་པར་ཐུང་ནརང་བཞིན་འགྱུར་མེད་སྦུབས ་བསྟན་པ། ཆོས་ཉིད་རང་སྐོར་གསལ་བ་ལ།། རིག་པ་རང་གདངས་འགྱུར་མེད་ཤར། ཆོས་སྐུ་ངོ་བོ་འགག་མེད་ལ།། རང་བཞིན་འོད་ཀྱི་སྣང་བ་ཤར། དང་པོ་སྲིད་པ་ཞི་ནས་ནི།། ཐ་མ་ཕུང་པོ་མ་བོར་བར་དག་དུ། ཆོས་ཉིད་རང ་སྒོའི་ངང་ན་གནས།། ཐོག་མའི་ལྷུན་གྲུས་སངས་རྒྱས་ཏེ།། དེ་ལྟ་གསལ་བའི་སྒྲོན་མར་གནས་དག་ཡོན་ཏན་འབྱུང་བའི་རིན་པོ་ཆེ།། སྐུ་གསུམ་ཡིས་ལྔ་རུ་ཤར།། འགྱུར་བ་མེད་པས་རྡོ་རྗེ་སྟེ།། རིག་པ་གནས་པས་སྦུབས་ཞེས་བྱ། ་ཕུང་པོ་ངག་ལ་མཚན་གྱུར་ན། འཆོས་ཉིད་རང་བྱུང་སྒོ་ཡིན་ནོ།། ཡིས་སྒྱུ་མའི་སྦུབས་ཞེས་ནེ།། བྱང་ཆུབ་ལམ་གྱི་སྒྲོནམས་སྟེ།། རྟགས་ཀྱི་ཡིས་ཉིད་ལ་ཟུང་།། ཆོས་ཉིད་བར་ངོ་ཞེས་ཀྱང་བྱ།། རིག་པ་དང་ལུས་འོད་དུ་གནས། ་སངས་རྒྱས་རྣམས་ཀྱི་རང་ལུས་ཏེ།། བརྟགས་ན་མེད་ལ་བཞག་ན་འབྱུང་བས་ལེགས་པ་ཆེ།། མཆོད་གང་འོད་ཀྱིས་ཀུན་ཏུ་ཁྱབ།། ཡིས་སྣང་བ་ཞེས་བྱ་སྙེད། སྒྱུ་མ་སྦུབས་ཀྱི་ངོས་ཟུང་ངོ་།། རྣམ་རྟོག་བག་ཆགས་སྤྲུབ་ཞེས་ནི ་གཟུགས་ཀྱི་ཕུང་པོ་ཉིད་ཡིན་ཏེ།། དེ་མ་རྫོགས་ན་རྩལ་མི་རྫོགས།། རྩལ་མ་རྫོགས་ན་སྒོམ་རྒྱས།། སྒོམ་རྒྱས་ན་མཐའ་མིཆོད།། མཐའ་མཆོད་ན་དོན་མི་རྟོགས།། ལུས་ངག་རྫོགས་ན ་དགོངས་སངས་རྒྱས།། རྩལ་རྫོགས་ན་ཆོས་རྣཾས་ཀུན་གྱི་རྟོགས་མཐའ་ཆོད། ཡང་དག་མཐའ་ལས་རྣམ་པར་གྲོལ།། དུས་གསུམ་འགྱུར་མེད་དགོངས་པ་ཆོད།། རྟོགས་པ་རྒྱུད་ལ་རབ་ཏུ་སྨིན།། ལྟ་བའི་ཐག་ནི་ཡོངསུ་གཅད།། སྒྲུབ ་པའི་དགོངས་པ་ཕུལ་དུ་དབྱུང་།། ཆུ་བོ་རྒྱུན་གྱི་རྣལ་འབྱོར་ཏེ།། དུས་གསུམ་འཕོ་འགྱུར་མེད་པར་གནས།། ཁྱུད་ཆེན་ནམ་འཕངས་གཅོད་པ་ལ།། ཉམས་ང་བག་ཚཀ་ནས་དག། གཅེས་གསུངསོ།། ཡང་གསུངས་པ།། སྐུ་གསུམ་འདུ་འབྲལ་མེད་པས ་ཏེ།། གང་ཟག་རྒྱུད་ལ་མཆོད་པས་ཏེ།། དབང་པོ་མཐོང་པ་མ་འགགས་པ།། ཤེས་བྱ་ཤེས་བྱེད་མེད་པས་ཏེ། རིག་པ་ཆོས་ཀྱི་སྐུ་ཞེས་བྱ།། མཐོང་བ་ངེས་པར་མཁྱེན་པས་ཏེ། ཤེས་རབ་རང་གྲོལ་ཐོགས་མེད་འཆང་།། གསལ་ལ་རྟོག་མེད་དང་དུ ་ཤེས།། མཁྱེན་པ་ལོངས་སྐུ་ཞེས་སུ་བྱ།། མིག་གི་དེ་ཉིད་ཁོ་ན་སྟེ།། རྣམ་ཤེས་མ་ཡིན་འོད་ལྟར་གསལ།། སྣང་ལ་རང་བཞིན་མེད་པས་སྟེ།། དྲུག་གི་ཐུབ་པ་ཁོ་ནས་སྟེ།། སྤྲུལ་པའི་སྐུ་ཞེས་དེ་ལ་བྱ།། ངོ་བོ་རང་བཞིན་ཐུགས་རྗེས་ཏེ།། དཔེར་ན་རྨ་བྱའི ་སྒོ་བཞིན།། དབྱིབསུ་གྲུབ་པ་ཆོས་སྐུ་སྟེ། ཆོས་ཉིད་འོད་ལྔར་ཤར་བ་ན།། ལོངས་སྐུ་མཚོན་པའི་དཔེ་དུ་བསྟན།། རྨ་བྱའི་ཕྲུ་གུར་བྱུང་བའི་ཚེག། སྤྲུལ་པ་སྐུ་ཡི་དཔེ་རུ་བསྟན།། དེ་གསུམ་འདུ་འབྲལ་ཡོད་དམ་མེད། འདུ་འབྲལ་མེད་དེ་ཅིག་ངང ་དེ་གསུམ་སྐུ་གསུམ་ཡིས་ལྔ།། སྣ་ཚོགས་བགྲངས་ཀྱང་ཐ་དད་མེད.མཚོན་བྱའི་ཡུལ་དུ་བགྲངས་པ་ཙམས། དོན་ནི་དངོས་མེད་ཅིག་ལས་མེད།། ཅེས་གསུངས་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། སྐུ་གསུམ་སྦུབས་གསུམ་རྒྱུད་ལ ་རྩིབ་བསྟན་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ་ཀྵེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན།། གང་ཟག་གཟུགས་ཀྱི་ཕུང་ཕོལ།། གྲོང་ཁྱེར་གསུམ་པོ་ཇི་ལྟར་རྩི། ་བདག་ཅག་འདུས་པའི་འཁོར་ཚོགས་ལ།། བརྗིད་པའི་ཁྲོ་གཉེར་གསུང་དུ་གསོལ།། ཅེས་ཞུས།། ཡང་སྟོན་པས་བཀའ་སྩལ་པ།། འཁོར་བའི་གྲོང་ཁྱེར་སྡུག་བསྔལ་ལས་ཀྱི་རྒྱ་མཚོ་ནི་ཊི། ཕུང་པོ་རོ་སྨད་དག་ཡིན་ཏེ། འདོད་པའི་འདོད་ཆག ་སྡུག་བསྔལ་རྒྱུ།། མི་རྩང་ལྔ་ལ་ལོངས་སྤྱད་ནས།། ཉོན་མོངས་དུག་ལྔ་སྣ་ཚོགས་བསྐྱེད།། དོན་ནི་དངོས་མེད་མ་རྟོགས་པར།། ལོག་སྲེད་འདོད་པ་སྣ་ཚོགས་སྤྱད།། ཆོས་སྐུ་གཉིས་མེད་དོན་རྟོགས་ནས། ཐུགས་རྗེ་བདེ་བའི་རང་བཞིན ་སྐྱེད།། རྒྱུ་ཉིད་རྡོ་རྗེ་དབྱིངས་ཉིད་དེ་འབྲས་བུ་ཡེ་ཤེས་དཀྱིལ་འཁོར་རྫོགས།། ཅེས་གསུངས་སོ།། ཡང་གསོལ་པ།། མྱ་ངན་འདས་པའི་གྲོང་ཁྱེར་ནི།། མངོན་པར་དགའ་བའོ་ཞིང་ཁམས་ཏེ།། མཁྱེན་པ་ལོངས་སུའི་གནས་ཡིན་ནོ།། ་ཤེས་རབ་འབྱེད་མེད་རང་སར་ཤར།། ཐུགས་རྗེ་མ་འདྲེས་སོ་སོར་མཁྱེན།། ཤེས་རབ་སྲོག་དུ་གྱུར་པ་སྟེ།། རླུང་ལྔ་ལས་ནི་ཐ་དད་མེད་ཀ་རླུང་ཆེན་མི་བསྐྱོད་བཞི་རུ་གནས།། ཅེས་གསུངས་སོ།། སྲིད་པའི་གྲོང་ཁྱེར་རྗེ་བློན་བྱ་རའི་ས།། རྗེ་ནི་རིག ་པ་ཆོས་སྐུ་ལ། བློན་པོ་འགྱུར་མེད་སེཾས་ཞེས་བྱན་བརྒྱལ་པོ་མི་འགྱུར་ཆོས་སྐུ་སྟེ།། ས་འཛིན་བློ་གྲོས་ཞེས་སུ་གྲགས་འགྲོང་ཁྱེར་སུམ་རྩེག་མན་ངག་ནི། གཟུགས་ཀྱི་ཕུང་པོ་ཉིད་ལའོ།། དེ་གསུམ་རིག་པའི་བཞུགས་གནས་ཡིན།། ཅེས ་གསུངས། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལ་ཤ། གང་ཟག་གི་རྒྱུད་ལས་གྲོང་ཁྱེར་གསུམ་རྩེགས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ།། ཀྲཱི་ཀྱེ་བཅོམ་ལྡན ་ཁྲོ་གཉེར་ཅམ།། བདག་ཅག་འདུས་པའི་འཁོར་ཚོགས་ལ།། ཉམ་སུ་བླངས་ལུགས་གསུང་དུ་གསོལ།། ཅེས་ཞུས་སོ།། སྟོན་པས་བཀའ་སྩལ་པ།། འདུས་པའི་འཁོར་རྣམས་ངེས་ཟུང་ཅིག ་ཉམ་སུ་བླང་ལུགས་བསྟན་པ་ནི།། ཡང་རབ་ཉམ་སུ་བླང་ལུགས་ནི།། སྤྱོད་ལམ་རྣམ་བཞི་གང་སྤྱོད་ཀྱང་།། ལྟ་བའི་ངང་ལས་གཡོས་པ་མེད།། རྒྱུན་ཆད་མེད་པའི་དགོད་པའོ།། རྐང་མེད་མཁའ་ལ་འགྲོ་བ་ནི།། ལྟ་བ་འགྱུར་མེད་རྒྱབ་ཤ ་གཅད།། གྲོགས་མེད་ཅིག་པུར་གནས་པ་ནི།། དགོངས་པ་ཉག་ཅིག་རྒྱབ་ཤ་གཅད།། འགྲོ་ཉལ་སྤར་གཙུག་ཅི་བྱེད་ཀྱང་། སྙིང་པོའི་དོན་ལས་གཡོས་པ་མེད།། དེ་ལྟར་སྙིང་པོའི་དོན་རྟོགས་ན།། མ་རིག་པ་ཉིད་རྩད་ནས་གཅད།། རང་རིག ་དང་པོའི་སོ་ལ་བཞག། ཤེས་བྱའི་སྒྲིབ་པ་ཀ་ན་ས་དག། འཁྲུལ་པའི་སྣང་བརྒྱ་ཡིས་བཏབ།། སྐུ་གསུམ་འདུ་འབྲལ་མེད་པའི་ངང་ན་གནས་ཤ་ཅེསོ།། ཡང་གསུང་པ། དབང་པོ་འབྲིང་གི་ཉམས་བླངས་ནི།། བློན་པོ་བརྩོན་དུ་ཟིན་པས་རྒྱ ་པོ་གདན་ས་ཟིན།། པ་ཡེངས་མཉམ་པར་བཞག་པས་བྱང་ཆུབ་སྐྱེ།། ཤེས་པ་ས་ཆུའི་རྒྱུན་དང་འདྲ།། བརྟགས་སྦྱིན་བརྟགས་རྐྱེན་རང་དབང་ཐོབ།། ཤེས་རབ་ཆེན་པོའི་རང་དབང་ཐོབ།། སྤྲོས་མེད་དབྱིངས་ནས་རང་བྱུང་གསལ། ་ལྷུན་གྲུབ་ཡོང་སུ་རྫོགས་ཞེས་བྱ།། དེ་ལྟར་དགོངས་པའི་དོན་ཤེས་ན།། ཉིན་མཚན་མེད་པའི་ཡེ་ཤེས་ཏེ།། རིག་པ་རྒྱུན་གྱིས་བརྟགས་པའོ།། གླང་ཆེན་ཆུང་ཞུགས་དགོད་པ་སྟེ།། ཉམས་དཔག་ཚའི་ཤེས་པ་མེད།། ཅེས་གསུང་སོན། དབང ་པོ་ཐ་མའི་ཉམས་བླང་ནིདས་སེམས་གཟུང་རིག་པ་ཨ་རལ་གཏད།། བྱིང་བ་མི་གསེང་རང་སར་སྒོམ། དེ་ལྟར་བསྒོམ་ན་རིག་པ་ཟིན།། བར་དོར་རྟོགས་པ་སྡོད་སྐྱེའོ།། ཅེས་གསུང་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། དབང་པོ་རབ ་འབྲིང་ཐ་མ་གསུམ་གྱི་ཉམས་སུ་བླང་ལུགས་བསྟན་པའི་ལེའུ་སྟེ་དན་པའོ།། ། དེ་ནས་ཡང་གསང་བའི་བདག་པོས་ཞུས་པ་ཀྵེ་ཀྱེ་བཅོམ་ལྡན་ཁྲོ་གཉེར་ཅན།། ཕུང་པ་དོན་ལ ་ཇི་ལྟར་སྦྱངས་འདུར་ཁྲོད་ཞེས་ནི་གང་ལ་བགྱི།། མཐོང་སྣང་རིམས་ཀྱིས་ཇི་ལྟར་འཆང་།། རིག་པའི་རྒྱལ་པོས་གསུང་དུ་གསོལ།། ཞེས་ཞུ་སོ།། ཡང་གསུང་བ།། ཕུང་པོའི་དོན་ནི་འདི་བཞིན་ཏེ།། ད་ལྟའི་བག་ཆགས་རྣམ་རྟོག་ལ། ་རྟོགས་པའི་ཡིས་མ་སྐྱེས་པས་ཤ་མ་རིག་རང་དགར་གཟུང་འཛིན་སྤྱད།། ཉོན་མོངས་དུག་ལྔའི་དབང་དུ་གྱུར།། རིག་པའི་ཡིས་ཕུང་ཞེས་བྱ། པོ་ནི་རངས་མ་ཟིན་འཇིགས་པའོ།། འབར་ནི་ཉོན་མོངས་དུག་ལྔ་འབར།། རྒྱུད་ནི་འཁོར་བ་རང ་དགར་རྒྱུད།། དུར་ཁྲོད་མི་གཙང་ནང་ན་གནས།། མ་རིག་མ་རྟོགས་དུས་ནའོ།། སྐྱོན་གྱི་མཐའ་གསུམ་སེལ་འགྱུར་ན།། མ་རིག་སེམས་ཀྱི་བརྡར་ཤ་གཅད།། དུག་ལྔ་རང་གྲོལ་ཡིས་ཏེ།། དེ་ལྟར་རིག་པའི་དོན་ཤེས་ན།། རིག་པ་མ་ཡིན ་གཞན་སྣང་མེད།། སྐྱེ་མེད་ཆེན་པོའི་ངང་དུ་གྲོལ།། ཐམས་ཅད་མངོན་སངས་ཉིད་དུ་རྒྱས།། དེ་ལྟར་ཐ~ཾད་རྒྱས་ཐེབས་ན།། ཕུང་ནི་མ་རིག་དུག་ལྔ་ཕུང་། བོ་ན་རིག་པ་འགྱུར་བ་མེད།། འབར་ནི་བདེ་ཆེན་རྟོགས་པ་འབར།། དུར་ནི་ཆོས་དབྱིངས ་ཡིན་ཏེ། ཁྲོད་ནི་རིག་པའི་ཡིས་སོ།། རང་གིས་རང་སྣང་ཟིན་པའོ།། ཆོས་ཉིད་ཞིང་ཁམས་དག་གསལ་ལ།། རིག་པའི་ཡིས་རང་གསལ་ཐིམ།། དབྱིངས་དང་ཡིས་རིག་པ་གཉིས་མེད་དེ། རང་ས་ཟིན་ཏེ་མ་འགྱུར་བའོ།། ཅེས་གསུངས་སོ། ་དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས།། ཕུང་པོ་རྒྱུད་ལས་སྦྱར་ཞིང་སྣང་བགོ་བཟློག་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང་གསང་བའི་བདག་པོ་དང་།། བསྐུད་པའི་འཁོར་དགའ་རབ་རྡོ་རྗེ་དང་།། འཁོར་མཁ ་འགྲོ་མ་ལྔ་སྟེ།། ཡིས་མཁའགྲོ་མ།། ལས་ཀྱི་མཁའགྲོ་མ།། གཙུག་གི་རྒྱན་ཅིག་མ།། རྡོ་རྗེ་ཁྲོ་གདོང་མ་ལ་སོགས་ཏེ་མཁའགྲོ་མའི་ཚོགས་དང་།། བྱང་ཆུབ་སེམས་དཔའ་ཁྱེའུ་ལྔ་དང་།། གསང་བའི།། ་འཁོར་དུག་ལྔ་དབང་དུ་སྡུད་པའི་ཡིས་ལྔ་དང་། ཉེ་བའི་འཁོར་སྤྲུལ་པའི་སྲས་བདུན་ལ་སྩོགས་ཏེ།། གསང་བའི་བདག་པོས་སྣ་གྲངས་སྟེ།། སྐོར་བ་ལན་གསུམ་བྱས་ནས། ཨེ་མ་ཧོ། བདག་ཅག་འདུས་པའི་ཚོགས་ལ།། དུར་ཁྲོད ་ཕུང་པོ་འབར་བའི་གསང་རྒྱུད་དེ།། ཐུགས་ཀྱི་དཀྱིལ་འཁོར་སྒོ་ཕྱེ་ནས།། ཤེས་རབ་རླུང་གི་ལྷ་མོས་བསྐྱོད།། འགྱུར་མེད་གསུང་གི་བུམ་པར་དྲིལ།། ལྕགས་ཀྱི་པདྨ་དག་ལ་བཀྲམ།། ཚེམས་དཀར་བཞི་བཅུའི་ནང་ནས་སྟོན།། ཕུང་པོ་འབར ་བའི་གསང་རྒྱུད་འདི།། བདག་ཅག་འདུས་པའི་འཁོར་ལ་གནང་།། མ་རིག་མུན་པའི་བློ་གསལ་ནས།། རང་རིག་དབྱེར་མེད་ངང་དུ་བསྐྱལ།། རྟོགས་པའི་སངས་རྒྱས་མངོན་དུ་གྱུར།། རང་བཞིན་སྤྲོས་པའི་མཐའ་གཅང་ནས།། འགྱུར་མེད ་དགོངས་པའི་ངང་དུ་བསྐྱལ།། ཅེས་གསུང་སོ།། དུར་ཁྲོད་ཕུང་པོ་འབར་བའི་རྒྱུད་ལས། འཇུག་རྗེས་སུ་ཡིད་རང་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དུར་ཁྲོད་ཕུང་པོ་བའི་མན་ངག་གི་རྒྱུད་རྫོགས་སྷོ།། ་སློབ་དཔོན་བྷིའི་མ་ལས་མངའ་བདག་ལ་གདམས་པ།། གཞན་ལ་བསྟན་པར་གྱུར་ན།། སྒྲོལ་བྱེད་ཆེན་པོས་སྙིང་ཁྲག་འཇིབས།། ཅེས་གསུངས་སོ ་