| Wylie | e-texts produced with BDRC’s OCR application |
རྡོ་རྗེ་གསང་བ་ཆེན་པོའི་སྐུ་རིན་པོ་ཆེ་དབྱིག་གི་སྒྲོལ་མ་བཞུག་ས། ་རྒྱ་གར་སྐད་དུ། བཛྲ་གུ་ཧྱ་མ་ཧཱ་ཀཱ་ཡ་རད་རྣ་བྷ་ལེ་ཨ་ཀྲ་མ་སཱུ་ཏྲ། བོད་སྐད་དུ། རྡོ་རྗེ་གསང་བ་ཆེན་པོའི་སྐུ་རན་པོ་ཆེ་དབྱིག་གི་སྒྲོན་མ་ཤེས་རབ་ཆེན་པོའི་མདོ།། རང་བྱུང་རིག་པའི་རྒྱལ་པོ་ལ ་ཕྱག་འཚལ་ལོ།། འདས་པའི་དུས་མ་བྱོན་པའི་སྔོན་རོལ་དུ།། སེམས་ཉིད་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྣང་བ་ལ་བཞུགས་པའི་དུས་ན།། ཀུན་བཞི་གསང་བ་དག་པའི་དབྱིངས་ནས།། རང་ཤེས་རིག་གི་རྒྱལ་པོ ་རྡོ་རྗེ་ཀུམ་ཏུ་བཟང་པོ་ཉིད་ལ་ཉིད་བཀའ་སྩལ་པ།། བྱམས་པ་ཆེན་པོ་ཐུགས་ཀྱི་གཏེར།། ལས་ཀྱི་དབང་པོ་ལྔ་ལ་ལུང་བསྟན་ཏོ།། མན་ངག་གི་འཇུག་རྡོ་རྗེ་སེམས་དཔའ་ཉིད་ཀྱི་བསྡུས་ཏེ་ལག་ན་རྡོ་རྗེ་ལ་གཏད།། ་རྡོ་རྗེ་སེམས་དཔའ་སངས་རྒྱས་ཀྱི་སྐད་འང་འགྱུར་དུ་བཤད་པ།། སེང་གེ་འཁྱལ་བའི་དགོངས་པ་འདི་ལ།། ཐབས་ཁྱད་པར་ཅན་གསུམ་གྱིས་སྒྲུབ་པར་བསྟན་ཏེ།། ཕྱི་མཚན་མ་ལ་བརྟེན་ནས་སྒྲུབ་པ་དང་།། ནང་ཡེ ་ཤེས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་དང་། གསཔས་བྱང་ཆུབ་སེམས་དངོས་སུ་སྒྲུབ་པའོ།། ཕྱི་མཚན་མ་ལ་རྟེན་པ་ལ་གཉིས་ཏེ། བག་ཆགས་ཀྱི་སྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་དང་།། ལམ ་འབྲས་བུ་དང་བཅས་པ་ལ་འཇུག་པ་ལ་སྒྲུབ་པ་དང་རྒྱུ་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པ་ལ།། ངོ་སྤྲོད་བཞི་ནས་ཆོས་ཉིད་ཁར་དོའི་ལུས་ད་ལྟར་དངོས་སུ་བསྟན་ཡང་། དེ་ཉིད་ལ་གོམས་པར་བྱ་སྟེ། ལམ་དང་འབྲས་བུ་དང་བཅས་པ་བསྒོམ་པར་བྱ་སྟེ། ་ལམ་དངོས་སུ་བྱེད་པ་ནི། དཔེའི་ཡེ་ཤེས་ལས་ཤེས་པར་བྱའོ།། ལམ་ལ་གནས་པ་ནི། ཡེངས་པ་མེད་པའི་སྡང་གིས་ཟིན་ཏེ་དུས་ཐམས་ཅད་པའོ།། ལམ་མངོན་དུ་གྱུར་པ་ནི།། རིག་པ་གཅེར་བུར་བྱུང་བའི་མན་ངག་ལས་ཤེས་པར་བྱའོ།། ལམ་གྱི ་འབྲས་བུ་མཐའ་ཕྱི་པ་ནི། སྐུ་གསུམ་ཡེ་ཤེས་བཞི་ལྡན་གྱི་དགོངས་པ་མཐར་ཕྱིན་ནས། བག་ཆགས་ཀྱི་ལུས་ལ་ཉམས་པབ་མེད་པའོ།། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་ལ་རྟེན་ཏེ་སྒྲུབ་པ་ནི།། གོང་མའི་རྩལ་འཇོངས་ནས།། ཐུགས་རང་བྱུང་གི་དཀྱིལ ་འཁོར་ཡེ་ཤེས་ཀྱི་སྒོ་ཕྱེ་སྟེ། འོད་ཀྱི་ལུས་ནང་མེད་པའི་ནང་ན། རང་སྣང་རྟོགས་པའི་འཁོར་ལོ།། རང་རེའི་ཚོམ་བུ་དང་བཅས་པ་ལ།། རིག་པ་མར་མེའི་འོད་གསལ་སྟེ། ས་ལེ་ཨ་དེ། ལྷག་གེ། ལྷན་ནེ།། ཐོག་མ་ནས་གནས་ལ། མ ་བྱས་པར་བབྱུ་ལ། མ་བཅོས་འཛེས་སྡུག་རྒྱ་ན་དང་ལྡན་པ་དེ་སྒྲུབ་པ་ནི་གངས་ལ་ཉི་མ་ཤ་བ་ལྟ་བུ་ཚིག་གསུམ་གྱིས་འགྲུབ་སྟེ།། དམ་ཚིགས་གི་སྔགས་དང་ཕྱག་རྒྱ་རང་ཡིད་ལ་དྲན་པ་ཙམ་གྱིས་འགྲུལ་པར་འགྱུར་རོ།། དེ་ལ་འཇོངས་ན་གས་པཔ་བྱང ་ཆུབ་སེམས་དངོས་སུ་སྒྲུབ་པ་ནི། ཐོག་ལྟ་བུའི་མན་ངས་གིས་ཐོག་མའི་རང་ས་བཟུང་། གཟེར་ལྟ་བུའི་མན་ངག་གིས་ཆག་དང་ཡི་གེའི་དོན་མཐར་ལ་སྩལ།། ཁྱུང་ལྟ་བུའི་མན་ངག་གིས་རྩོལ་བའི་མཐའ་ཀློང་ལ་བཞག། སྐར་མདལ་ལྟ་བའི་གདམ་ངག་གིས་སྐ ་ཅིག་མ་གསུམ་ལ་གྲོལ་ལ་མཐར་ཕྱིན་པར་བྱའོ།། སངས་རྒྱས་རྡོ་རྗེ་འཆང་ཆེན་པོས།། མཁའ་འགྲོ་མ་ལྔའི་ལུང་བསྡུས་ནས་ལག་ན་རྡོ་རྗེ་ལ་གཏད་དོ།། འཇུག་དགའ་ར་བ་རྡོ་རྗེས་བསྡུས་ནས། འཇམ་དཔལ་ལ་གཏད་དེ།། འགུལ་ཁུག་མའོ།། བྱང་ཆུབ་སེམས ་ཀྱི་སྲབ་པོ་སེ་གེ་འཁྱིལ་བའི་སྒྲུབ་ཐབས་འདི་ལ།། ངེས་པའི་སྒྲུབ་ལུག་ཀྱི་རྟགས་རྣམ་པ་བཞི་འབྱུང་བའི་དུས་སུ་བདུད་རྣམ་པ་བཞི་འཇུག་སྟེ། ཕྱི་མཚན་མ་ལ་རྟེན་ཏེ་སྒྲུབ་པ་ཞེས་འབྱུང་བ་དེ། བག་ཆགས་ཀྱི་རྒྱུད་ལུས་ཡེ་ཤེས་ཀྱི་ལུས་ལ་འཇུག་པའི་དུས་སུ། ་ཤེས་ལ་སངས་མཐོན་གྱི་ཉམས་སྐྱེ།། འཇའ་ཚོན་གྱི་གདན་བསྙིངས།། ཉི་ཟླའི་རྟ་ཞོན། ཕྱོགས་སྣང་བ་དག་པའི་ཡུལ་སྣང་སྟེ། ཤེས་བྱ་དེའི་དུས་སུ་ཕུབ་པོའི་བདུད་འཇུག་སྟེ། ཡེ་ཤེས་ཀྱི་ལུས་ལ་ཁར་དུ་གཅོད་པའི་བདུད་ཞེས་བྱ་སྟེ། དེའི་དུས་སུ་བདག་ཏུ་རྟོག ་པའི་ང་རྒྱལ་འཕགས་པ་ན་མཁའ་མཛོད་ཅེས་བྱ་བ་འབྱུང་ངོ་།། དེ་ཉིད་བདག་ཉིད་ཆེན་པོ་ཤེས་པར་བྱ་སྟེ། བརྟགས་ཀྱི་ཡེ་ཤེས་མཚོན་གང་བ་དང་དོན་གྱི་ཡེ་ཤེས་མཚོན་གང་བ་ཞེས་འབྱུང་སྟེ། དེ་ལ་མར་མེ་མཛད་ཆེན་པོའི་རྒྱས་ཐོབ་ཅིང་།། དེ་མཚོན་པར་བྱེད་པ ་ལམ་རྣམ་པ་བཞི་ལ་གནས་པའི་དུས་སུ། ཤེས་པ་འཁོར་བུའི་ཉམས་སྐྱེ། སྤུག་ཟིལ་ལྟ་གུ་དང་།། ར་རོ་ལྟ་བུ་དང་། ལུས་ཡོང་དུ་མི་ཚོར་བ་དང་། ལུས་ཡང་བ་དང་། ཕྱི་ནང་གི་སྲིན་བུ་མི་འབྱུང་བ་དང་། མ་ཟོས་པར་ཚིམ་པ་དང་། གང་ལ་ཡང་ཉམས་པའ་མེད་པ ་དདང། གཞན་སྙིང་རྗེའི་གནས་སུ་མཐོང་བ་དང་། རི་དང་ཁམ་ཁྱིམ་གྱིས་མི་ཁེངས་པར་ཤེས་པ་ཟང་ཐལ་དང་། སྣང་ལ་ཕྱོགས་མ་ཙམ་དག་པ་དང་། འགྲོ་དྲུག་གི་གནས་སྐབས་ཀྱིས་མ་ཐོང་བ་དག་འབྱུང་བ་སྟེ། དེའི་དུས་སུ་ཉོན་མོངས་པའི་བདུད་འཇུག་སྟེ། དེ་ནི ་བདག་སངས་རྒྱལོ་མཉམ་ཤེས་པའི་ཤེས་པ་འབྱུང་སྟེ། གཞན་ལ་འདི་འདྲ་བའི་གཏམ་སྨྲ་ཞིང་། དེ་ལ་དགའ་བར་བྱེད་པ་ནི། ཆོས་ཀྱི་མཐའ་ལ་ཞེན་པས་ཉོན་མོངས་པའི་བདུད་ཅེས་བྱའོ།། དེའི་དུས་སུ་མ་ཆགས་པའི་གནས་སྐུ་གསུམ་བཞི་ལྡན ་ས་རྒྱས་ནབ་ཤིག། ནས་ལྷའི་དཀྱིལ་འཁོ་ལ་ན། སྒྲུ་བའི་ས། ཐུས་པན་སག་ཀྲི་ན་པ་གྱུ་ཤེས་ཀྱི་ཆེ་ལ་ངགས་ན་། མེ ་མད་པའི་གཏམ་ཐོས་པ་དང་། རིན་པོ་ཆེའི་མཆོད་རྟེན་ལ་འཛེག་པ་དང་། བདུད་རྩིའི་ཟས་ལ་ལོངས་སྤྱོད་པ་དང་། རྟེན་མེད་ཀྱི་ནམ་མཁའ་ལ་སྟག་བཅས་ཏེ། བར་སྣང་ལམ་དུ་བདེ་བ་དང་། ལྷ་དང་སློབ་དཔོན་དང་མཁའ་འགྲོ་མས་ན་མཁལ་བརྒྱུད་མར ་མཆོད་པའི་ཕྱག་རྒྱའི་ཚོགས་མང་པོས། བདག་ལ་དབང་བསྐུར་བ་དང་། ལུང་སྟོན་པ་དང་། དེའི་ཚེ་བདག་ལ་ཤེས་རབ་ཁྱད་པར་ཅན་སྐྱེས་ཏེ། ཉམས་དགའ་ཞིང་ཤེས་རབ་ཀྱི་མཐའ་གྲོལ་བ་དང་། ཆོས་ཐམས་ཅད་གང་དང་ཡང་མཐུན་ལ་ཆོས ་ཀྱིསེ་མ་འགྲོལ་བར་མཐོང་བ་དང་། གཞན་དེ་ལ་སོགས་པའི་སྣང་བ་དམྱལ་བའི་སྡུག་བསྔལ་ཉམ་སུ་མྱོང་དུ་ཡོད་པ་དང་། ཡི་དགས་དང་བྱོལ་སོ་ག་སྐྱེ་གནས་སྟོན་པ་དང་། བདུད་ཀྱི་ཆ་བྱད་མང་པོ་བདག་ལ་སྐྱེ་བུ་འབྱེད་པ་འབྱུང་སྟེ། དེའི ་དུས་སུ་ལྷ་འབུའི་བདུད་འཇུག་སྟེ།། དེ་རྣམས་ལ་བླང་དོར་དང་ཉམཕབ་མེད་པར་གངས་ལ་ཉི་མ་ཤར་བ་ལྟ་བུ་གསལ་བ་གསུམ་གྱིས་རྒྱས་ཐོབ་ཤིགེ། གསང་བ་བྱང་ཆུབ་སེམས་དངོས་སུ་གྲུབ་པའི་དུས་སུ། མེ་ལོང་གཡའ་དག་གི་དགོངས་པ ་པ། མ་སྒྲིབས་པ་ཡོངས་སུ་གསལ་བ་དང་། ན་མཁའི་མཐེངས་ནས་སྣང་གསལ་ག་ཉི་མ་ཤར་བ་ལྟ་བུ།། ཆོས་ཉིད་དག་པའི་ཀློང་ནས་ཡེ་ཤེས་རང་སྣང་གི་དགོངས་པ། གཟིགས་སྣང་གི་མཐའ་ལས་འདས་པའི་ཉམས་སྐྱེ་སྟེ། དེའི ་དུས་སུ་འཆི་བདག་གི་འཇུག་སྟེ། རྒྱུ་རྐྱེན་མེད་པར་ཡེ་ཤེས་ཀྱི་སྐུ། སྐྱེ་འཆི་མཐའ་ལས་གྲོལ་བ། སྐར་མདའ་ལྟ་བུའི་རྒྱས་ཐོབ་ཤིག། གང་ལ་དེ་བྱུང་དེ་ལ་དེ་དགོངས་ཏེ། དེ་ལ་དེ་མེད། དེའི་སྤྱོད་ཡུལ་མིན། ཅེས་དེ། ཉིད་གསུངས།། བྱང ་ཆུབ་སེམས་སེང་གེ་འཁྱིལ་པའི་དགོངས་པས། བདུད་བཞི་ལ་ཡེ་ཤེས་བཞིའི་རྒྱས་གདབ་པོ།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས། མ་བྱོན་པར་མཁྱེན་ནས། ཐུགས་རྗེའི་སྤྲུལ་པ། ཡེ་ཤེས་ཀྱི་རྣལ་འབྱོར་མ ་བཞི། ལྗགས་ཀྱི་འོད་ཟེར་ལས་འཕྲོས་ཏེ། རྡོ་རྗེ་ཐུགས་ཀྱི་བུ་མོ་ཞེས་ཀྱང་བྱ། ཉིད་ཀྱི་སྐུ་ལས་སྐྱེས་པས། ཉིད་ལས་མི་གཞན་པའི་འཁོར་རྡོ་རྗེ་རྣལ་འབྱོར་མཿཞི་ཞེས་ཀྱང་བྱ། འཁོར་བ་ཞེས་གནོན་ཅིང་སྡུག་བསྔལ་རྩད་ནས་གཅོད ་པས། སྲིད་པ་སྒྲོལ་ཁྱེབ་ཀྱི་ཁྲོ་མོ་བཞི་ཞེས་ཀྱང་བྱའོ།། འདས་དུས་མ་བྱོན་པའི་མངོན་རོལ། འོག་མིན་གྱི་གནས་ལྕང་ལོ་ཅན་གྱི་ཕོ་བྲང་དུ། ཡེ་ཤེས་རྣམ་དག་གི་དབྱིངས་ནས། ཉིད་ཀྱི་ཞལ་བཟང་པོ་བསྟན་ནས། དུར་ཁྲོད་ཆེན་པ་བཞིར ་མ་འགྱུར་བའི་གཟེར་ཆེན་པོ་ཞིག་བཏབ་ནས། བཛྲ་སཱ་ཧཱུཾ་ལི་ཀ་ར་བཞི་བཞག་ནས་ཡོད་ཀྱིས། ལག་ན་རྡོ་རྗེ་ཁྱོད་དེར་སོ་ཅིག། དུར་ཁྲོད་ཆེམ་པོ་བསིལ་བའི་ཚལ་ན།། མཁའ་འགྲོ་མ་རོ་རྦ་ཤ་ན་ཏི་། ཐོད་པའི་ཁ་ཅན་བྱ་བས། གཟེར་ལྟ་བུའི་གདམ ་ངག་བསྟན་ཏོ།། དུར་ཁྲོད་ཆེན་པོ་མེ་རི་འབར་ལ་ཞེས་བྱ་བ་ནས། མཁའ་འགྲོ་མ་རྡོ་རྗེ་ཁྲོ་གདོང་མ་བྱ་མས། ཐོགས་པ་མེད་པ་ཐོག་ལྟ་བུའི་མན་ངག་བསྟན་ཏེ། དུར་ཁྲོད་ཆེན་པོ་སོ་ཤའི་གྲིབ་ཞེས་བྱ་བ་ནས། ཀ་རུ་ཎ་ན་མཁའ་ལྡིང་དང་། ཤིང་གི་སྲ ་མོ་འཆབ་མ་གཉིས། ཡིད་ཀྱི་མཆོས་པའི་བུ་མོ། མཁའ་འགྲོ་ནམ་ཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན་ཞེས་བྱ་བས། གངས་ལ་ཉི་མ་ཤ་ལ་ཝཱ་བུའི་གདམས་ངག་སྟོན་ཏོ།། དུང་ཁྲོད་ཆེན་པོ་ཤིན་དུ་རུ་ལུང་བྷ་ར་ཧ་ཏི་བྱ་བ་ནས། མཁའ ་འགྲོ་མ་གཙུག་གི་རྒྱན་གཅིག་བྱ་བས། ཕྱིར་མི་བཟློག་པ་སྐར་མདའ་ལྟ་བུའི་གདམས་ངག་སྟོན་ཏེ། བཛྲ་པུ་ཧྱ་ཛྙཱ་ན་མ་ཧཱ། རཏྣ་བྷ་ཡེ་སྭཱ་ཧཱ། རྡོ་རྗེ་གསང་བ་ཆེན་པོའི་སྐུ། རིན་ཆེན་དབྱིགས་གི་སྒྲོན་མའི་མན་ངག། རང་བྱུང་རིག་པའི་རྒྱལ་པོ་ལ ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས། ལུག་ན་རྡོ་རྫ་ལ་ལུང་བསྟན་པ། རྒྱ་ནག་པོའི་ཡུལ་ལྷག་ཤི་འནག་པོའི་ནགས་ཚལ་ན། ཧ་ཤ་མ་ཧཱ་ཡན་གྱི་གནས། བ་ཁྱུང་གི་བྲག་ཕུག ་ཁ་བྱང་དུ་བསྟན་པས་ན། འཆི་བདག་གཤིན་རྗེ་རྡོ་ལ་འབུར་དུ་བསྐོས་པ། གཟུགས་གྲུ་བཞི་པའི་ཞབས་གཡོན་བསྐྱང་བའི་འོག་ན། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ཡོད་ཀྱིས། ལག་ན་རྡོ་རྗེ་གནས་དེ་ན། མཁའ་འགྲོ་མ་བུརྒྱཉེ ་བབཞིབ་ཞེས་བྱ་བ། གཅེར་བུ་ལུས་ལ་ཨེ་ལའི་ཐལ་འབྱུགས་ནས། ལྕེ་སྤྱང་གི་ཡང་བཞི་ཕྲག་པ་ལ་སྐལ་པ་དང་སོང་ལ། བཅོམ་ལྡན་འདས་སྦྲང་ལ་མཐའ་ཡས་ཀྱི་ཐུགས་ཀྱི་མེ་ལོང་འདི་སྙན་པ་ལ་ཞུས་ཅིག། ཅེས་ལུང་བསྟན་པས། ་དེནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་སྤོར་བ་བྱས་ཏེ་ཕྱིན་པས། དེ་བཞིན་འདུག་སྟེ་ལྟས་པ་དང་། མཐིང་གི་ཤོག་པུ་སོར་བཞི་པ་གཅིག་ལ། རིན་པ་ཆེའི་ཡི་གེ་རང་གནན་དུ་བྲིས་ནས། ཡ་མཚན་རྨད་དུ་བྱུང་བའི་འོད་འཕྲོ་ཞིང་འདུག་། ་ཉིད་ཀྱིས་གཟིགས་པ་དང་། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་བྱ་རྩལ་ལས་འདས་པའོ།། འདབ་ཆགས་ཀྱི་ཁྱུབ་ལྟ་བུའི་གདམས་པ་བསྟན་ནོ།། བཛྲ་ཛྙཱ་ན་མ་ལ་མ་ཧཱ། བཅོམ་ལྡན་འདས་མཉམ་པའི་རྒྱལ་པོ་ལ་ཕྱག་འཚལོ།། འདི་སྐད ་བདག་གིས་ཐོས་པའི་དུས་གཅིག་ན། བྱང་ཆུབ་སེམས་དཔའ་ཕྱག་མརྡོ་རྗེ་ཐུགས་རྗེ་དཔ་རྫུ་འཕྲུལ་བུ་ལྡམ་པ། ལེགས་པར་ཡིད་མ་ནུང་ཅིག། ཐོག་མ་མེད་པའི་གནས་སྔོན་བྱུ་བའི་དུས།། ཧ་གང་འབང་ནེའི་ནགས་ཚལ་དུ། བདག་རྣཾའི་རྣམ ་འབྱོར་མ་ཉིད་ཀྱིས་ཐུགས་རྗེ་ས་བྱུང་གི་ཉིམ་ཤང་ནས།། ང་ཉིད་ཡེ་ཤེས་སྣང་བའི་དུས་ན། ཆོས་ཀྱི་གྱིས་ཀྱི་ལོ་ཟབན་རིག་པ་ལས་མམི་པ་པ། མང་བྱུང་གི་སུ་ལྔ་སྣང་ལ་ང་འཛིན་མེད་པམང་གསལ་པ། མནན་ནྡེ་བ་ཞེས་བྱེད་པ། གདོས་པའི ་ཡུལ་མན་པ། སྟེག་ན་འཕར་ཞེས་བྱེད་པ། གསལ་བཟང་ཐལ་ཡིན་པ། ངམ་གྲོག་དང་གཡང་ས་མེད་པ། ཚར་མ་དང་། རྣོ་ཟུར་མེད་པ། ལྕོང་རོབ་བྱ་སྐྱིབས་མེད་ལ། ཤེས་རབ་ཉམ་བདེ་བ་ལ་ཕྱོགས་སུ་མ་ལྷུང་བ། བུལ་བའི་ཡུལ་བདེ་བ་ཉམས ་སུ་མྱོང་བའོ།། ནང་རིག་པ་ཆོས་ཀྱི་སྐུ། འགག་པ་མེད་པར་ལྷུག་པའི་ཤེས་རབ་ཁོང་ནས་ཤར་བས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་རིན་པོ་ཆེ་འོད་འབབ་པའི་ནང་ན་བཀོད་ལ་མེད་ལ་ཕྱག་རྒྱའི་དཀྱིལ་འཁོར། རབ་འི་ཡོན་ཏན་གྱི་སྐུ་མ་འདྲེས ་པར་སོ་སོར་གསལ་བ། བདག་མེད་པའི་བདག་ཉིད་ཆེན་པོ།། ཞི་བ་ཆོས་ཀྱི་སྐུ་མཉམ་ལ་མ་འདྲེས་པར་གཞུགསོ།། དེ་ཁོ་ན་ཉིད་མ་བྱས་པའི་ཆོས་ཞེས་བྱ་བའི་ཁབས་ཀྱི་གྲུབ་པ་ཡེ་ཤེས་རང་སྣང་དང་བཅས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་མཁྱེན ་པ་ལ་སོགསོ།། ཞེས་རྡོ་རྗེ་ཅན་ལ་སྨྲས་སོ།། ས་བཅུ་པའི་བྱང་ཆུབ་སེམས་དཔའ་ཁྱོད། ཚག་ཉུང་ལ་དོན་ཆེ་བ། སླབ་སླབ་མ་གོ་ཀཿ། འདི་ནི་ཡང་བྱུང་གི་བཅོམ་ལྡན་འདས། རྩ་ལ་སྒྲུད་ཀྱི་མཐའ་ལས་འདས་པ། འདས་ཆགས་ཀྱི་རྒྱལ་པོ་ཁྱུབ་ལྟ་བུ་སྟེ། ་ཝས་ཀྱི་མཐའ་གཔྲལ་ཡང་མི་ཡང་མི་གནས་སོ།། དེའི་ཕྱིར་རྟོགས་པའི་དོན་ཐུག་སུམ་ཆུད་པར་རྣམ་པར་དག་པའི་ས་ནོར་རེ། མཁའ་འགྲོ་མ་པུར་ཉེ་བར་ཞི་བ། དཔལ་ཕྱག་ན་རྡོ་རྗེས་མགོ་པ་ཁོས། ཞེས་དོན་མཐའ་ལ་སྐྱལ་བའོ།། རང ་རིག་པའི་ཡེ་ཤེས་ཀྱི་ཚལ་ལས་རྡོ་རྗེ་འཆང་གི་སྐུ་བསྟན། ཆོས་ཉིད་མ་བཅོས་པའི་ངངན།། རྡོ་རྗེ་མཁ་འགྲོ་མ་བྱུང་སྟེ། དེ་གཉིས་སུ་མེད་པ་ལས།། ཡེ་ཤེས་ཀྱི་མཁའ་འགྲོ་མ་བཞི་ཕྱུང་སྟེ། རྒྱུ་རྒྱུ་རུ་གནས་པ། རྒྱུ་འབྲས་བུར་སྨིན་པོ། འབྲས་བུ ་ལ་ཤར་ས་རྒྱུ་ཉིད་ཡེ་ཤེས་སུ་གྲོལ་བའོ།། རིན་པོ་ཆེ་དབྱིག་གི་སྒྲོན་མའི་མན་ངག། བྱ་རྩལ་མེད་པ་འདབ་ཆགས་ཀྱི་རྒྱལ་ལོ་ཁྱུང་ལྟ་བུའི་མན་ངག་གི་དགོངས་པ་མཐར་ཕྱིན་པ། ལག་ན་རྡོ་རྗེ་ལ་རྡོ་རྗེ་འཆང་གི་ལུང་བསྟན་པའོ།། བཛྲ་ཙཏྟ་མ་ཧཱ ་ཅོམ་ལྡན་འདས་རྡོ་རྗེ་ལན་པ་ལ་ནམ།། རྡོ་རྗེ་ཅན་ཅན་ཅིག། དུར་ཁྲོད་ཆེན་པོ་བསྤེལ་བའི་ཚལ་དུ་སཐལ། ཐོད་པའི་ཕྲེངས་ཅན་ལ། སོན་པ་ལ་བྷ་ཚ་ཕྲ་ཤིག། རྡོ་རྗེ་གདན་གྱི་ཤར་ཕྱོགས ་ན་རང་བྱུང་གི་མཆོད་རྟེན་ཁྲུ་བརྒྱད་པའི་འོག་ན། སྨིན་གུ་རཀྵ་ཛྭ་ལའི་ཐོད་པའི་ནང་དུ། རྫོགས་པ་ཆེན་པོ་གཟེར་ལྟ་བུའི་མན་ངག་ཡོད་ཀྱིས། དེ་མཁའ་འགྲོ་མ་ལ། བྱང་ཆུབ་སེམས་དཔའ་འཕགས་པ་གཙུག་ཏོར་དྲི་མ་མེད ་པའི་ཕྱག་རྒྱ་སྟོན་ལ་ཞུས་ཅིག། དེ་ནས་རིན་པོ་ཆེ་གསང་བའི་སྦུབས་གསུམ་ན། བཀོད་པ་མེད་པར་ཕྱག་རྒྱའི་དཀྱིལ་འཁོར་ལྔ་རང་བྱུང་དུ་གས་ལ་པས། མ་སྒོམ་པ་ཆེན་པོ་རྫོགསོག། གསང་སྔགས་ཆེན་པོ་ཡ་གེ ་ལྔ་པའི་འཁོར་ལོ།། མི་གསུང་བའི་གསུང་བ་ཆེན་པོ་དང་ལྡན་པས། དེ་ཁོ་ན་ཉིད་ཀྱི་སྙེན་པ་རྫོགས་སོ།། སྙིང་པོ་བྱང་ཆུབ་མཆོག་གི་ཐིག་ལ་ཡན་ལག་མེད་པའི་རྡོ་རྗེ་ལ། བཅའ་རུ་མེད་པའི་དམ་ཚིག་གི་ཕྱག ་རྒྱ་རྫོགས་སོ།། དམ་ཚིག་ས་མ་ཡ་བཀོད་པའི་རྒྱལ་པོ་རྒྱལ་པོ།། བསྲུངས། མེད་པའི་དམ་ཚིག་ལ། མ་བསྲུངས་པ་མེད་པ་རྫོགས་སོ།། རྫོགས་ལྡན་ཆེན་པོ་ཡེ་ནས་ལྷུན་གྱིས་གྲུབ་པ་ལ་བསྟན་པའི ་ཆོས་མེད་པས། སྐྱོབ་པའི་མཐའ་དང་བྲལ་བར་བསྟན་པ་རྫོགས་སོ།། ལག་ན་རྡོ་རྗེ་ལ་རྫོགས་ལྡན་ཆེན་པོ་གསེར་ལྟ་བུའི་ལུང་བསྟན་པའོ།། བཛྲ་ཨ་ཏི་ཛྙཱ་ན་མ་ཧཱ། རྡོ་རྗེ་འཛིན་པ་ལ་ན་མོ།། བསང་པའི་མ ་པོ་བླ་ན་མེད། ཡེ་ཤེས་དབྱིང་ནས་རང་བྱུང་བའི། ཐོག་དང་འདྲ་བའི་མམ་ངག་འདི། བྱ་ཁྲག་ཞན་ལ་བཅུམ་པ་བཞིན། ཐེ་ཚོམ་མེད་པར་ཡིད་ལ་འཆོངས། བཛྲ་པ་ཎི་མེ་རི་འབར་བའི་དུར་ཁྲོད་ན། མཁའགྲོ་མ་རྡོ་རྗེའི ་མཱ་མཆུ་ཅན་ཞེས་བྱ་བ་ཡོད་ཀྱིས། དེར་སོང་ལ་ཤིང་འཛམ་བུ་པྲི་ཤའི་དྲུང་ན། གསེར་གྱི་རུས་སྦལ་གྱི་འོག་ན་བསྟན་པ་ཐམས་ཅད་ཀྱི་སྙིང་པོ་ཐོག་ལྟ་བུའི་མན་ངག་ཡོད་ཀྱིས། དེར་མཁ་འགྲོ་མ་ལ་རེག་པའི། ་མེ་ཏོག་ཕུལ་བ་ཞུས་ཅིག། ལག་ན་རྡོ་རྗེ་ནུ་ཕྱོགས་ཀྱི་ཞིང་ཁམས་ན་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་ཡོད་ཀྱིས། དེར་ཁྱོད་སེང་གེའི་འགྲོས་སྟངས་ཀྱི། སོང་ལ། གླང་པོ་ཆེའི་ལྟ་སྦྱངས ་ཀྱིས་ལྷས་ཤིག། དེ་ན་མངོན་པར་དགའ་བའི་ཚལ་བྱང་ཆུབ་མཐའ་ཡས་ཀྱིས་བྲག་ཕུག། སེང་གེའི་སྒྲ་སྒྲོག་པ་ཞེས་བྱ་བ་ན། འཕགས་པ་ན་མཁའི་མཛོད་ཅེས་བྱ་བ། ཤིན་ཏུ་སྐྱེ་བུང་ཅིག་ཡོད་ཀྱིས།། དེ་ལ་མ་འཇིག ་ཤིག། དེ་འདས་པའི་ཕ་རོལ་ན། སངས་རྒྱས་མར་མེ་མཛད་རྒྱན་འོད་ཀྱི་ཕུང་པོ་སྣང་བ་ཞེས་བྱ་བ་ཡོད་ཀྱིས། དེའི་ཚེ་དེའི་དུས་སུ་མངོན་པར་རྫོགས་པར་སངས་རྒྱས་པར་འགྱུར་རོ།། བཛྲ་པཱ་ཎི་ལ་རྡོ་རྗེ་འཆང་གི་གདམས ་ངག་ཐོག་བབས་སུ་བསྟན་པའི་ལུང་བསྟན་པའོ།། བཛྲ་ས་ཏྭོ་ཁེ་ཧེ་བཛྲ། རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། བཛྲ་པཱ་ནི་དུར་ཁྲོད་ཆེན་པོ་མང་གའི་གླི་ན། མཁའ་འགྲོ་མ་ན་མཁའི་བུ་མོ་རྡོ་རྗེ་རླུང་གི་གཤོག་པ་ཅན ་བྱ་བ་ཡོད་ཀྱིས། དེའི་ཐུགས་ཀྱི་ཕྱག་རྒྱ་སྟོན་ལ། རང་བྱུང་གི་མེ་ཏོག་སྟོན་ལ་ཞུས་ཅག། རྒྱའི་བང་སོ་ནག་པོའི་བྱང་ཕྱོགས་ཕོ་འོད་དྲག་པ་ཅན་གྱི་འོག་ན། ལྕགས་ཀྱི་སྡིག་པ་མགོ་དགུ་པ་ཅིག་གི་འོག་ན། བྱང་ཆུབ་སྙིང ་པོ་ཉི་མ་ཤར་བ་ལྟ་བུ་ཉི་མཱ་ངག་ཚིག་གསུམ་ཡོད་ཀྱིས། དེ་ཞུས་ཅིག། བཛྲ་པཱ་ཎི་བྱ་བརྩལ་མེད་པར་ཡེ་ཤེས་ཀྱི་འོད་གསལ་བ། དགོངས་པ་ཉི་མ་ཤར་བ་ལྟ་བུའི་མན་ངག་གིས། འཇིག་རྟེན་པའི་མུན་པ་དག ་པར་བྱེད་པས། ཡུལ་དག་པ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མེ་ལོང་གཡའ་དག་པ་རྟར་གསལ་བ། རང་རིག་པ་ཆོས་ཀྱི་སྐུ་སངས་རྒྱས་ལྔའི་བདག་ཉིད་དུ་གསལ་བ། ཤེས་རབ་མར་མེ་རླུང་གིས་མ་བརྒྱད། ་པ་ལྟར་གསལ་བ། བར་ན་ཡེ་ཤེས་ཀྱི་སྐུ་བདེ་བ་ཆེན་པོ་ན་མཁའི་འཇའ་ཚོན་ལྟར་མ་འདྲེས་ལ་ཡོང་སུ་རྫོགས་པར་གསལ་བའོ།། གསང་བ་གསུམ་དང་ལྡན་གྱུར་ན། སངས་རྒྱས་ཉིད་ཀྱིས་དགོངས་པ་ཡིན་པ་དགོངས་པ་མཐར ་ཕྱིན་པའི་ལུང་བསྟན་པའོ།། བཛྲ་ཙཏྟ་པྲ་ཏིཥྛ་ཛྙཱ་ན་ཨཱཿཧཱུཾ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ།། བཛྲ་བཱ་ནཾ། དུར་ཁྲོད་ཆེན་པོ་ཤིན་ཏུ་རུ་ལུང་བ་པ་ཧསྟི་བྱ་བ་ན། མཁའ་འགྲོ་མ་གཙུག་གི་རྒྱན་ཅིག་བྱ་བ་ཡོད་ཀྱིས ་དེར་སོངལ་ཕ་ལ་པྲ་ས་རང་དུ་པྲ་ཤིག། ཡུལ་མ་ག་ཏའི་ཤང་ཕྱོགས་ན། རིན་པོ་ཆེ་སྣ་ལྔའི་ལ་ཁྲོད་འོག་ན། བསྟན་པ་ཐམས་ཅད་ཀྱི་སྙིང་པོ་གསང་བ་ན་མཁའི་རྒྱན་ཞེས་བྱ་བ་ཡོད་ཀྱིས། མཁའ་འགྲོ་མ་ལ་བསྐོར་བ་ལན་གསུམ ་གྱིས་ལ། ལྗགས་ཀྱི། པདྨ་ཡི་གེ་ལྔ་པའི་འཁོར་ལོ་སྟོན་ལ་ཞུས་ཅིག། དེ་ནས་ཡེ་ཤེས་ཀྱི་རྩ་ལ་སྐར་མདའ་ན་མཁའ་ལ་བྱུང་བ་ལྟ་བུའི་མན་ངག་གིས།། སྐད་ཅིག་མ་གསུམ་ལ་སྦུབས་གསུམ་གཅོད་པར་བྱེད་པ། བྱེད་པ་པོ་མེད་པ ་མཐོང་བ་པོས་མཐོང་ནས་ཤེས་པ་པོས་ཤེས་སོ།། ཁྱོད་ནུབ་ཕྱོགས་སུ་ཕྱིན་པའི་ཚེ། བསྒྲོད་པ་མེད་པར་སྐྱེ་མེད་ན་མཁའ་ཀློང་ནས། བཀོད་པ་མེད་པར་ཡེ་ཤེས་ཀྱི་གཞལ་མེད་ཁང་དུ། འགྱུར་མེད་རྡོ་རྗེའི་གདམ་ལ་རང་སྣང་རྟོག་པའི་འཁོར ་དང་ལྷན་ཅིག་ཏུ་འཁོད་དེ། ཡུལ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ཁྱབ་བརྡལ་འུབ་ཆུབ་ཆེན་པོར་འདུས་ཏེ། དོན་གྱི་དགོངས་པ་ཉག་གཅིག་ལ་འདུ་བྲལ་མེད་པར་བཞུགསོ།། དེ་ནས་སངས་རྒྱས་ཀྱི་ཞིབ་སངས་རྒྱས་མྱ་ངན་ལས ་འདའ་བར་བསྟན་ཏོ།། ཅེས་ལུང་བསྟན་ནས་བཅོམ་ལྡན་འདས་དང་ཐབས་གཅིག་ཏུ་བཞུགས་སོ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་གསང་ལན་མཁའི་རྒྱམ་ཞེས་བྱ་བ། ལག་ན་རྡོ་རྗེ་ལ་རྡོ་རྗེ་སེམས་དཔས་ལུང་བསྟན་པའོ།། ་དེ་ལ་ཞུ་བ་པོ་དགའ་རབ་རྡོ་རྗེས་ཞུས་ཏེ། སྡུས་པ་པོ་རྡོ་རྗེ་ཆོས་ཀྱིས་ཁསྡུས་ནས། རིན་པོ་ཆེ་ཟ་མ་ཏོག་མཚོན་གང་བའི་ནང་དུ་སྦས་ནས་འགུལ་ཁུག་དུ་བཅུག་ནས། ཉིད་ཀྱི་ཐུགས་དམ་རྩེ་གཅིག་པར་མཛད་དོ།། རྒྱུད་ལུང་མན་ངག ་གྲངས་མང་ཡང་། བསྟན་པའི་སྙིང་པོ་ཡི་གེ་ལྔ། ཐུགས་ཀྱི་གཏེར་དུ་བཅངས་པ་ཡིན། གཅིག་ལས་གཉིས་སུ་མ་སྤེལ་གཅིག། ཅེས་བཀའ་སྡིག་སོ།། ན་ར་ཀ་ན། འཇམ་དཔལ་རྡོ་རྗེ་ཡེ་ཤེས་ངས།། ཤྲ་སིཔ་ཧ་ཁྱོད་ལ ་གཏད། ཕྱག་རྒྱ་ལྔ་ཡི་དབྱིངས་སུ་སྤྲས།། རྡོ་རྗེ་འཆང་གྲིས་རྒྱ་ཡིས་བཏབ། མཁ་འགྲོ་ལྔ་ཡིས་མདུང་པ་བཀྲོལ། ཇམ་དཔལ་རྡོ་རྗེ་ཆོས་ཀྱི་འགུལ་ཁུག་མ།། སྣད་དུ་མི་སྦ་རང་གི་ལུས་ལ་བཅངས། ཡིད་ལ་དྲན་པ་ཙམ་གྱིས་འབྲས་བུ ་མངོན་སངས་རྒྱས།། ཆུ་སྲིན་བིར་གྱི་བྲི་བ་བཞིན། སྲིད་པ་འཁྲུགས་ཀྱང་ཁ་མི་འབྱུང་། བྱ་བརྩལ་མེད་པ་གསང་བ་རིན་པོ་ཆེ་དབྱིག་གི་སྒྲོམ་མ། སྐད་འགྱུར་བཞི་རྫོགས་སོ།། དསུ་གྲུ་སྨོན་ལམ་སེང་གེ་ནས་བརྒྱུད་པ། ཇོ་སྲག ་སྲས་ཀྱི་ཐུགས་དམ་མོ།། ཁོང་ལ་མགོ་བན་ནོར་བུས་ཞུས་སོ།། འདི་རྣམས་དེལ་སྨམ་ཆུ་ལུང་ནས་བདན་དྲང་བ་ཡིན།། ། དགེའོ།། ་