CLOSE WINDOW

Gbr008.3: khregs gcod bsdud pa
Wyliee-texts produced with BDRC’s OCR application

ཁྲེགས་གཅོད་བསྡུད་པ་བཞུགས་སྷོ།། ་#རྒྱ་གར་སྐད་དུ། ས་མ་བ་སྟན་མ། བོད་སྐད་དུ། ཁྲིག་གཅོད་བདུད་པ་ཞེས་བྱ་བ།། བཅོམ་ལྡན་འདས་མཐའ་གཞི་རང་གྲོལ་བའི་མགོན་པོ་རྫོགས་སངས་རྒྱས་པའི་བླ་མ་ལ་ཕྱག་འཚལ་ལོ།། དེ ་ནས་སྟོན་པ་རྡོ་རྗེ་འཆང་།། ཕྱོགས་བཅུ་འཇིག་རྟེན་རབ་འབྱམ་སུ།། ཞལ་གྱི་དཀྱིལ་འཁོར་གསལ་བྱས་པས།། ལྗགས་ཀྱི་དབང་པོའི་རྩེ་མོ་ལས།། འོད་ཟེར་བརྒྱ་ཕྲག་དུ་མ་འཕྲོས།། འོད་ཀྱི་ཟེར་ལས་སངས་རྒྱས་ནི ་ཉིད་དང་འདྲ་བའི་གཙོ་འཁོར་ནི།། སྟོང་ཕྲག་བརྗོད་ཀྱི་མི་ལང་བ།། དུ་མ་འཕྲོས་པའི་སེམས་ཅན་གྱིས།། དོན་བྱས་ཉིད་ཀྱི་ཐུགས་ཁར་འདུས།། རང་བཞིན་དགོངས་པ་ལྕོག་གཞག་ལས།། ཚིག་མིན་དོན་གྱི་དགོངས་པ ་འཕྲོས། སྒྱུ་མ་སེམས་དཔའ་ཆེན་པོ་ཉོན།། སྣང་བ་རང་གི་རང་བཅད་པས། ཁྲེགས་གཅོད་རྣམས་ཀྱི་དང་པོར་བྱུང་།། བྱས་པ་མེད་པའི་ཆོས་ཉིད་ལ།། བྱས་བྱུང་བ་མེད་པའི་གནད་མཐོང་ན།། བྱས་བྱུང་བ་རབས་ཆོད།། ་འཁོར་བ་ཞེན་མཐའ་རང་གནས་པས། འཁྲུལ་པ་བདེན་པ་རང་གནས་ཏེ།། དུས་གསུམ་རྒྱལ་བའི་དགོངས་པ་རྙེད།། འདི་ལ་རབ་གནས་མཐའ་ཡལ་ཏེ།། ང་ཡིས་ཆུངད་རྩའི་རོ་བརྒྱད་སྙེད།། ཐོག་མ་རང་དང་རང་བཞིན་ལས།། དད ་ཉིད་ཆེན་པོའི་ལྟས་སྟངས་ལས།། མཐོང་བ་མེད་པའི་ཡུལ་རྙེད་པ།། བཤད་པར་བྱ་བའི་ཆོས་རྣམ་ཟད།། ཐོས་སམ་བསྒོམ་པའི་ཉེན་ལེན་སྟོངས།། དུ་མ་འདུས་པའི་ཚང་ཤིག་པས།། གཅིག་པར་གནས་པའི་ཡེ་ཤེས་ཁྲོང་།། དེ་མཐོང་བ་ཙམ་གྱིས་འཁོར་བའི་ལས ་མ་བྱས་གཞི་ལ་ཐམས་ཅད་འགྲུབ།། འདས་ནི་བྱུང་བའི་བདག་པོ་ཟིན།། དེ་ལ་ཡོན་ཏན་བརྒྱ་ཕྲག་སྙེད།། དེ་སྙེད་ཆོས་ལ་འཇིག་པ་མེད།། འཇིག་མེད་ལམ་དུ་སུ་ཞུགས་པ།། འདི་ལ་ལྡོག་པ་ཡོད་མ་སྲིད།། སྲིད་བྲ་ལ་མིང་བཞི་སྟོང་པའོ།། ཁྱབ་བདག་ནམ་མཁའི ་མཐའ་སྙེད་པ།། དབྱིངསུ་ཚུད་པས་ཕྱི་ནང་ཆོད།། ས་ཆུ་མེ་རླུབ་འབྱུང་ཡི།། གཞི་དང་ལམ་དང་འབྲས་བུ་ཟད།། ལྷ་དང་སྒོམ་དང་སྤྱོད་པ་གཞི།། རང་ས་མ་དག་པས་འཁོར་རྒྱུན་ཆོད།། བདེ་སྡུག་སྙོམས་པས་དགའ་བདེ་ཡིས།། འདོད་པ་དག་པས་རང་འདོད་ཐོབས།། དེ་ལ ་གང་གི་སྙས་པ་མེད།། འདི་ནི་དེ་ལ་ཁྱབ་བྱས་པའོ།། སེམས་ཀྱི་བྱུང་བའི་ས་མེད་པས།། བར་པོ་འགྲོ་བའི་ལམ་འགགས་པ། ཐ་མ་རྟོག་ཚོགས་འབྲས་བུ་སྟོར།། སྙེད་པ་མེད་པའི་དབྱིངས་སུ་རིམ།། དེ་ལ་ཙལ་བས་སྙེད་མི་འགྱུར།། མི་རྙེད་ཆོས་ལ་བརྗོད་པ་ཆང།། དེ་ནི ་བྱང་ཆུབ་མྱུར་གུ་གཅད།། བཅད་བྱའི་ཡུལ་དང་ཤེས་བྱེད་མཐའ།། གཉིས་འཛིན་བྲལ་བའི་ངང་དུ་ཆད།། དེ་ཡི་འབྲེལ་པ་ཟད་པས་སྟོངས།། སྟོང་པའི་ཆོས་ལ་བཅད་གཞི་ཡས།། ཡས་འདི་ལ་སུས་དྲིས་པས།། སངས་རྒྱས་འབུམ་ཕྲག་གྲངས་མེད་པའི།། ཞལ ་མཐོང་འདི་དང་གཉིས་སུ་མེད།། བྱས་མེད་སྣང་བའི་རྩ་ལ་ཆོད་པས།། ད་ནི་སྤུད་བྱའི་རྟོགས་པ་འགགས་པ་དེ་ནི་མི་འགྱུར་ལམ་ཟིན་པས།། སངས་རྒྱས་རྣམས་ཀྱི་མ་བྱས་པའོ།། ཡང་ཉོན་སེམ་དཔའ་ཆེན་པོ་ཁྱོད།། དེ་ལ་ངེས་པ་མ་ཐོབ་ན།། ཕྱི་ནངཔ་འདུས་པའི ་སྣང་གཱ་ལ་རང་དབང་བྱས་ལ་ཕྱོག་གནང་བསྒྱུར།། འདི་ལྟར་བྱས་པས་སྤྱོད་པ་ནི།། སེང་གེ་ལུ་བཞག་ལྷ་གུལ། ཕྱོགས་དང་འཛིན་པ་མེད་པར་རྒྱུ།། འདི་ལ་ལས་དཔཔག་ཆགས་ཀྱིས།། ཉོན་མོངས་འགྱུར་བའི་རྟ་ཅན་ནས།། འགྲོ་དང་འོང་བའི་ལམ་དང ་བྲལ། བེམ་པོ་འདུས་པའི་གཟུགས་རྣམས་ལ།། བླང་བའི་བྱ་སྟེ་བཞག་པ་སྤྲིན།། དེ་ལ་སེམས་ཀྱི་མ་ཡངས་ན།། སེམས་འདུས་རྟོག་པ་ཁྲེས་ཀྱིས་ཆོད།། དྲན་པ་འདུས་པའི་ཕུང་གང་།། དེ་ཉིད་གང་བྱུབ་སར་གཞག་ན། སྡུག་བསྔལ་འདུས་པའི་ཕུང་པོ་ཞིག ་སླར་ལ་བླང་བ་ལས་མེད་པ།། ཡང་ནི་མིག་གིས་གཟུགས་ཤེས་ན།། སྟོང་པ་ལ་ཆོས་ལ་འདིས་ལོངས་སྤྱོད།། དེ་ལྟར་འདོད་ཡོན་བརླབས་བཅད་ནས།། རྫོགས་ལས་འདི་ལས་བཤད་དུ་མེད།། སྨྲ་མེད་བསམ་པ་འིལི་གཞི་ཟད་པས།། དུས་གསུམ་འབྲལ་བ་མེད་པ་ཡི།། གྲོགས ་འདི་གཞན་དང་མཉམ་པ་མིན།། གང་ན་མེད་པའི་སྒྲ་དང་དྲི།། རོ་དང་རེག་པའི་དངོས་པོ་སྟོང།། རྙེད་པའི་མཆོག་སྟེ་དགོས་འདོད་ཕྲད་།། འདི་ནི་འཆོས་མེད་སེམས་ཟད་པས།། སེམས་འདུས་ཡིད་ཀྱི་སྤྱོད་པ་ལས།། འདི་ནི་ཅུང་ཟད་ཙམ་ཐལ།། རྒྱལ་བས་འཕམ་པའི ་ལམ་གསལ་ནས།། བྱས་ནས་བྱུང་བ་དུམ་བུར་མཆོད།། འདིས་ནི་འཁོར་བའི་མཐའ་མཆོད།། དེ་ཆོད་ཡུལ་ལ་ཕར་སྤྱོད་པས།། སྦྱང་བྱ་སྦྱོང་བའི་གཞི་མེད་པས།། ཐེག་པ་རྣམས་ལས་དྲིས་པ་མེད།། འདི་ནི་རིང་ཐུང་འདུས་ཏེ།། སེམས་ཀྱི་ཡུལ་དེ་བརྩལ་བས་ནི། ་སྡུག་བསྔལ་རྣམས་ཀྱི་རྩ་བ་ཆོད།། བྱ་བ་མ་ཡིན་དུ་མཚུངས་པས།། འཁྲུལ་གཞི་དག་པའི་མེ་ལོང་མཐོང་།། དེ་མཐོང་སྡེ་གནོད་ཆོས་རྣམས་ཤེས།། ལོ་རྒྱུས་ཆེན་པོ་རྨད་བྱུང་བས།། མ་བྱས་ཐོས་བསམ་གཞི་ལ་རྫོགས།། སྒྲིབ་བྲལ་བདེ་བའི་ལུས་ཐོབ ་ནས། འཇིག་པ་བརྒྱད་ལས་འཇིག་མེད་པར།། སླར་ན་གཞན་གྱིས་ལས་རྣམས་འཇོམས།། འདི་ལྟར་སྒྲུ་པར་འབྲལ་མེད་པའི།། མཐའ་ལ་ཆུད་ན་ལྡོག་པ་མེད།། སྤྱོད་པས་ཕ་རོལ་བདེ་ཐོབ་ནས།། སྡུག་བསྔལ་ཕྱག་མས་འདེབས་པའོ།། བསྐལ་པར་བས། ་པའི་ལས་ཀྱི་མཐའ།། འདིར་སྤྱད་གཞན་ལ་མ་ལྟོས་པས།། རང་གི་ཤུག་ལ་རབས་ཟིན།། འདི་ལ་གང་གིས་རླགས་མ་རྙེད།། སྲ་བའི་གོས་གོན་མགོན་ནུས་ཟད།། འཁོར་དང་འདས་པའི་འབྲེལ་གཅད་པས།། སྔོན་གྱིས་ཡུལ ་ཡང་ད་ལྟ་མཐོང་།། རྡོ་རྗེ་འཛིན་པ་ཞེས་བྱ་བ།། སྔགས་ཀྱི་ཐེག་པའི་མཐར་ཐུག་པའོ།། ལམ་འབྲེལ་དུས་ཀྱི་གནས་ཤེས་པས།། འདི་ལ་སྤྱད་དང་སྤྱོད་པས་སྟོངས།། རང་བཞིན་མི་གནས་སོས་དལ་བས།། ང་བདག་རྣམས་ཀྱི་ཁོག་པ་སྟོངས།། འཁོར ་རྐྱེན་རྒྱུ་འབྲས་བུ་བ་རུལ།། འདི་ལ་ལོ་འདའ་སྐྱེ་མི་སྲིད།། དེ་ནངས་ནི་བ.རང་མཐོང་།། སངས་རྒྱས་རྣམས་ཀྱི་སྤྱོད་པ་ནི།། བྱ་བའི་གཞི་མེད་བྱེད་མེད་པས།། འདི་ལ་འདས་པའི་ལམ་བྲལ་ཏེ།། འབྲས་བུ་རྣམས་ཀྱི་རེ་གནས་པ།། སྟོང་མིན། སེམས་ཀྱི་གོམས་སྤྱད་ནས ་ངོ་ཤེས་འདི་ལ་འདོད་བྲལ་བ།། ནོར་མེད་ལོངས་སྤྱོད་ཆེན་པོ་ལ།། བྱ་བྲལ་གནས་པའི་སྙིང་པའོ།། ། བལྟས་པས་དུས་གསུམ་དུས་ཅིག་གསའ།། ལྟ་བའི་ཡུལ་མཐོང་ལྟ་མཁན་མཐོང་།། སྤོས་བཅས་རང་དག་ཟག་པ་མེད།། འབྱུང་བའི་ལུས་ཟད་ཉོན་མོངས ་སྟོངས།། དེ་ཡི་ཡུལ་ལ་བསམ་མི་ཁྱབ།། བསམ་མི་ཁྱབ་པས་བསམ་མེད་ལ།། བྱས་མེད་བྱུང་མེད་འགྲོ་ས་མེད།། ང་མེད་གཞན་མེད་འཁྲུལ་པ་མེད།། མཐོང་དུ་མེད་པའི་གཞི་ལ་མཐོང་།། རྒྱུན་ཆད་སྐྱེན་འགག་འབྲས་བུ་ཀླག། འགྲོ་འོང་ལས་ཀྱི་འཁྲུལ་ཕྱུག་མེད ་དེ་དོན་སེམས་ལ་རང་གཞག་པའོ།། དེ་ལྟར་གསུམ་ཤེས་གཉིས་མེད་ལ།། གཞི་སོགས་གྲངས་ཀྱི་མཐའ་མེད་པས།། གསུམ་ལ་འཁྲུལ་ས་རང་གཞག་ཡས།། འགྱུར་ཞིང་འཕྱུག་པ་མེད་པར་བསྡམས།། འཁྲུལ་དུ་མེད་པས་ཅིག་ཤེས་ལ།། གཉིས་སུ་འཛིན་པ་མི་སྲིད ་པས། འཁྲུལ་ཞེས་འཁྲུལ་པའི་སྡེང་གཞག་པས།། བྱ་བྱེད་ཐམས་ཅད་རྒྱུན་ཆད་དོ།། སེམས་དཔའི་ས་ནི་ཡང་གསོལ་པ།། འཁོར་བའི་སྙིང་པོ་དེ་ལྟར་ན།། རང་བཞིན་ཇི་ལྟར་རྣམ་པར་དག། འདི་ཉིད་སྟོན་པས་ཡང་གསུངས་གཅིག། དེ་ནས་རྡོ་རྗེ་འཆང་བ་ཡིས།། རང་བཞིམ ་གནས་པའི་ཚིག་འདི་གསུངས།། གསང་བདག་སེམས་དཔའ་ཡང་ཉོན་ཅིག། འདི་ལྟར་སྣང་དང་སྟོང་པ་ཡིས།། བསྡུས་པའི་ཅི་ཙམ་པ།། རང་བཞིན་གྱིས་ནི་རྣམ་པར་དག། འབད་རྩོལ་དྲི་མ་ལས་འདས་པས།། སྤྱོད་བྲལ་སྒོམ་དག་ལྷ་ཡུལ་སྟོང།། ་མ་བྱས་རང་གི་སར་བཞག་པས།། དེ་དག་རང་དག་བཞག་ཡས་དག། རྒྱུ་དག་རྐྱེན་དག་འབྲས་བུ་དག། ཆོས་དག་སེམས་དག་འཁྲུལ་པ་དག། དངོས་དག་ཡུལ་དག་འགྱུར་འབྲེལ་དག། དག་ནས་སེམས་ཀྱི་སྣང་དག་པས།། དེ་རང་བཅད་པར་བྱ་བ་མ་ཡིན་ནོ།། དེ་ལྟར ་དག་པའི་སྣང་བ་ལ།། བེམས་སྤྱད་ལམ་དུ་བླངས་པ་ཡིས།། ས་ཆུ་མི་རླུང་དག་པར་སྣང་།། དག་ལའི་ལུགས་དང་དག་པ་ཡིས།། དག་པའི་ཡུལ་དང་དག་པའི་དུས།། དག་པའི་ཚད་དང་དག་ལ་གནས།། དེ་ལྟར་བེམས་པོའི་ལམ་བུ་ཡང་།། སུ་ཡིས་སློང ་བར་ཤེས་པ་ནི།། བསླངས་པའི་ལོངས་དང་ལོངས་ལུགས་དང་།། ལེན་པའི་དུས་དང་ལོངས་པའི་ཚད།། བསླངས་པའི་འབྲས་བུ་སྐྱ་དང་སྐྱེས།། ངེས་པ་སྐྱེས་པ་རྣམས་ནས་ནི།། ཕྱི་ཡི་སྣང་བ་ཆོས་ཀྱི་སྐུར།། གནས་པ་མཐོང་བར་འགྱུར་བས་ན།། མཐ ་བ་དེ་ལ་གང་གོམས་པ།། སྐུ་གསུམ་རྒྱལ་བའི་ཞིང་ཁམས་མཐོང་།། འདི་ནི་མཐོང་བའི་ལམ་ལ་གནས།། འབྲེལ་པ་དག་པ་དེས་ཐོབ་པས།། དངོསུ་སྤྱོད་པ་ཉིད་ལསོ།། ནང་གི་སེམས་དང་སེམས་ལས་བྱུང་།། སེམས་ཀྱི་སྒྲུང ་གཉིས་དག་ལ།། རང་སར་གཞག་དང་རང་གྲོལ་དང་།། རང་བྱུང་རང་ཤར་རང་གིས་ཡུལ།། རང་གི་རྩེ་ལ་རྩ་བ་བཅད།། རང་གནས་རང་གིས་ཐོབ་པ་ལ།། སེམས་རྒྱུན་སྟོངས་དང་མེད་པ་དང་།། འགྲོ་འོང་འབྱུང་འཇུག་ཤེས་པ་ཡིས ་འགྱུར་བ་ཡལ་བའི་བར་ཕྱེ་དང་། གཟུང་དང་བཏབ་དང་གློད་པས་ཤེས།། སྦྱོར་བ་དང་ཡང་འབྲལ་བ་དང་།། སྟོར་དང་བསྡུ་བའི་གནད་བཏུན་ནས།། སེམས་ཀྱི་མེ་ལོང་གཟུགས་བརྙན་འདྲ།། སྣང་ཡུལ་བཟུང་བར་མེད་པ་ནི།། ཡེ་ནས་དེ་ལྟར་གནས ་བ་ལཿཤར་བ་རྣམས་ཀྱི་ཐོག་མ་ལ། བྱུང་བ་རྣམས་ཀྱིས་བར་གསལ་བས།། ཤེས་པ་རྣམས་ཀྱི་ཐ་མར་སྣང་།། དེ་ཡང་འབྲས་བུའི་དུས་ལས་ནི།། གནད་ལ་ཕལ་ངེས་བཟུང་བྱའོ།། ཕྱི་ནང་བཅུང ་དཔབར་བཀྲུགས་དང་།། ནང་དུ་གནད་ལ་བོར་བ་དང་།། གང་ཡུལ་གང་མཐོང་གནས་པ།། གང་གི་མ་ཐོབ་དང་གང་གི་ཚོར།། གང་ལ་ཤར་དང་གང་ཐོབ་དང་།། འཁྲུལ་པ་རྣམས་ཀྱི་ཐ་མ་ཁ།། འཁོར་བའི་ཐོག་མ་ཤེས་པས་གསལ།། སྣང་བྱེད་བསྡུ ་དང་རྨུགས་པ་དང་།། ཡུལ་ལས་དཀར་དང་གནསུ་བཞག། ལམ་དུ་བཞག་དཔག་ཞི་ལ་བསྐྱལ།། བལྟས་མཐོང་མེད་པས་སྣང་བ་ལ།། བསྒྱུར་དང་བཅད་པའི་ལས་རྣམས་འགྲུབ།། ཟས་དང་གོས་དཔ་འགྲོ་བའི་རྟ།། བཅུད་དུ་གྲིལ་བས་ཤེས ་བས་ན། འགྱུར་གྱུར་ཐོབ་རྣམས་ལས་ཉིད་དང་།། ཡང་དག་པའི་ལས་ཀྱི་མཐའ།། ཁྲེགས་ཀྱི་བཅད་པས་བྱ་བ་རྫོགས།། རང་གི་དཔལ་དང་གཞན་གྱིས་བསྲེགས།། ཚད་ལྡན་བླ་མས་མཁྱེན་པ་ལ།། ལེག་པར་བྲིས་གཅིག་དང་སེམས་ཅན ་འདིས་མི་འཁོར་བའི་ཟད་དུས་ཤེས།། བྱ་བ་རྫོགས་པའི་རྣལ་འབྱོར་པ།། དེ་ནས་གསང་དག་སེམས་དཔའ་ཆེ།། སྟོན་པ་ཉིད་ལ་ཡང་བསྟན་པ།། ཀྱཻཿཀྱེ་སྟོན་པ་རྡོ་རྗེ་འཆང་།། རང་གི་ཞིན་དག་པ་དེ་ལྟར་ན།། སྙིང་པོ་ལམ་དུ ་ཇི་ལྟར་བསྒྲུང་།། འདྲི་ལྟ་བདག་ནི་ཞུ་བ་འགྱིད།། སྟོན་པས་གསུང་པ་སེམས་ཅན་ཆེ།། ཡང་ནི་འདི་ལྟར་ཡ་མཚན་ཅན།། སྙིང་པོ་ཐཾད་འདུས་པའི་གནད།། སངས་རྒྱས་གཞན་གྱིས་མ་གསུངས་པའི།། དོན་འདི་ངས་བསྟན ་ཁྱོད་ཀྱི་ཉོན།། སྤྱི་ང་རང་གི་ཁྱད་པར་ལས། ཐེག་པ་རྣམས་ཀྱི་ཐེ་ཚོམས། འདི་ལས་བྱུང་མེད་པ་རྟོགས་པའི།། སེམས་ལས་གྱུ་ཡང་ཟད་ན། སེམས་ཀྱི་འགྱུས་གཞག་པ་དང་། དེ་ཡིས་རྗེས་ལ་གར་སོང་གནས ་སྙིང་པོ་འདུས་པས་སྤྲོས་ཟད་པ།། ཚིག་ལ་གནས་ཁ་མེད་པ་ནི།། གནས་པའི་དུས་ན་གློད་པ་ཡིས། རླུང་ལ་མཁས་པ་ཁོ་ནའོ།། དྲན་པ་འགྱུས་པའི་སྙིང་ནི།། རང་སོར་གཞག་པ་ཁོ་ནའོ།། ཡུལ་རྣམ ་བསྡུས་པའི་སྙིང་པོ་ནི། ཐད་ཁར་བཅད་པ་ཁོ་ནའོ།། གནས་ལུགས་བསྡུས་པའི་སྙིང་པོ་ནི།། སེམས་བྱུང་བ་ཙལ་བ་ཁོ་ནའོ།། གྲོལ་ལུགས་བསྡུས་པའི་སྙིང་པོ་ནི།། བྱས་པ་མེད་པ་ཁོ་ནའོ།། ཤར ་ལུགས་རྣམས་ཀྱི་སྙིང་པོ་ནི།། བལྟས་པས་མཐོང་བ་ཁོ་ནའོ།། དེ་ལྟར་དེ་ནི་འབྲས་བུའོ།། ལམ་ནི་ཆེད་དུ་བྱེད་པ་དང་།། ཤུགས་ལ་བྱུང་བ་ཉིད་དང་ནི།། རང་བཞིན་གནས་པ་ཉིད་ན་དགེ། ཆེད་ལ་ཡང་ན་བྱེ་བས་བྱ ་ལུས་དང་བག་དང་ཡིད་ཀྱི་ཡང་།། གནད་དཔ་དེའི་བྱ་བ་བླ་མའི་ལུང་གི་ཤེས།། ལས་ནི་འདུག་དཔ་ལངས་པའི་ཁྱད་པར་ལས།། བྱ་བ་དང་ནི་བྱེད་པའི་ལས་ལ་བརྩོན།། ངག་ནི་ཨ་ལི་ཀ་ལི་མཉམ་སྦྱོང་བས།། སྒྲ་དབྱངས ་ཚིག་གི་འབྲེལ་གྱི་སྦྱར།། ཡིད་ནི་འཕང་དང་དགུག་དང་བསྒྲོག་པ་ནི།། སོ་སོའི་དུས་དང་སྦྱར་བས་རྒྱལ་བའི་དགོངས་པ་འགྲུབ།། ཤུགས་འབྱུང་ལམ་ནི་བཞག་པ་ཙམ་གྱིས་འགྲུབ།། དེ་ལ་འབད་ཅིང་རྩོལ་བ་རླུང་གི་སྒོ་དགག ་རང་བཞིན་གནས་པའི་ལ་ནི་འབྱུང་འགྱུར་དེ།། གཡོ་དང་འགྱུར་དང་བསྒྱུར་བའི་ལས་མཐའ་ཅན།། དེ་ལ་རང་གི་བྱ་བ་མེད་པས་ལེགས་བཞག་པའོ།། སློང་བའི་དུས་དང་བསླང་དང་བྱ་བའི་གནང་།། འགྱུ་བའི་སེམས་ལ་མཚན་མེད་ཆོས ་གསལ་བ། གཡོ་དང་འབྱལ་དང་འཕྲིག་པའི་དུས་ཀྱི་ཤེས།། འདི་ལ་རང་བཞིན་བཞག་དང་བྱས་པའི་གརྗིང་ས། ལཾ་ལ་བྱུང་དབག་དེང་དུ་ཆུད་པ་ལ།། རྟོག་པའི་ལུང་དང་དེ་ཡིས་ཐ་ཡི་ཕྱེ། གཉིས་སུ་ཡོད་དང་དེ་ཡི་ཐ་གསལ་བ། ་དང་དང་པོ་ཉིད་ལས་གསལ་ཕྱེག།། དེའི་ལུས་དང་ཡན་ལགས་པའི་དུས།། འདི་ལྟར་སྦྱར་རོ་རྣལ་འབྱོར་སེམས་དཔའ་ཆེ། རིག་པ་གནས་པས་དེ་ལ་ཉེས་སྤྱོད་པ།། ལུས་ལ་གནས་དང་ཡུལ། ་དཔའགྱུ་བ་ལས།། རབ་དང་འབྲང་དང་ཐ་མ་ཡི།། འཇུག་པའི་རྣལ་འབྱོར་པས་མཐོང་ན།། གང་ལ་མཐོང་བ་ཙམ་གྱིས་འཁྲུལ་པའི་འཁོར་རྒྱུན་བཅོད།། རང་གི་གནས་པ་མིག་གི་བྱེད་པ་ཅན།། མངོན་གསུམ་པ་དང་དེ་ཡིས་འགྱུར། ་ཤེས་ནི།། གོམས་པའི་ཤུགས་ནི་རང་གི་ས་ལས་སོ།། ཡང་ནི་རྫོགས་སངས་རྒྱས་པ་ལ།། གནས་པ་ཙམ་གྱིས་ཐིག་ལེའི་དྲིལ་ལུགས་ཞུས།། སྟོན་པས་གསུངས་པ་འདི་ལ་ལེགས་ཉོན་ཅིག། ཆོས་ཉིད་གནས་པ་ཙམ ་ལས་རང་བྱིན་བརླབ་པ་ནི།། འཁྲུལ་པའི་འདུ་བྱེད་ཁྱད་པར་གནས་པ་ལ།། རྒྱ་ཡི་གདབ་དང་ཁུང་སུ་བཙུད། ཡིས།། དེ་མ་ཡིན་ལས་དེའི་སྣང་ཤར་བ།། དེ་ལ་ལུག་གནད་སེམས་གནས་མཐའ་ལ་གནས་པས་བདག། འཁོར ་དུས་འབྲེལ་དུས་རང་ལ་གནས་པས་སྤྱད། གོང་མོའི་ཟླ་མཐོང་གསང་བས་ཆེ་བ་དང་།། དང་པོ་ལས་རྩིས་གྲངས་ཀྱི་ཆེ་བ་དང་། ཡེ་ནས་གནས་པས་རང་བཞིན་ཆེ་བ་དང་།། སྔ་མ་ལས་འགྱུར་དོན་གྱི་ཆེ་བ་ཉིད།། རང་རིག་མཐོང་དང་། ་གཞན་ལ་བསླབས་ཡིས།། གོང་མའི་བདེ་ནས་འོག་མའི་ཟླ་དང་བྲལ།། ཐད་ཀ་དུས་ཀྱི་འགྱུར་བ་ངེས་ཕྱེ་བས།། རྫོགས་ནས་དེ་ཡིས་དོན་ལས་ཆེན་པོར་གསལ།། འགྱུ་དང་ཡུལ་ལ་མི་གནས་ཆེན་པོ་ཉིད།། བདྲེ་ལ་འདོད་བྲལ་ན་མཁའི ་ཨུལ་གནས་པ།། འདི་ནི་རྫོགས་པ་ཆེན་པོའི་རྣལ་འབྱོར་དུ།། སྤྲོས་དང་ཟུག་རྔུ་བྲལ་བའི་ཐོག་ལེ་ལ།། འདི་ནི་གཅིག་རུང་གནས་པའི་ཟླ་དང་ཆ་ཤེས་དང་།། གཅིག་ཏུ་སྡོམས་པས་དུ་མཆོད།། འདི་ལ་མིང་གི་ཐ་རྣམས་ཟད།། འདི ་ནི་ཉག་ལས་ཏུ་དྲིལ། སྤྲོས་པ་མེད་པའི་བདེ་ཆེན་གནས།། རྩ་ཡི་གནས་ནས་འཕྲ་འགྱུར་འཁྲིག། སྒྲོན་མ་ལས་ནི་དངོས་སུའོ།། ཡུལ་ལ་ཟླ་དང་བཅས་པ་ཉིད།། སྔོན་དུ་གྱུར་པས་འཕེལ་བ་རྫོགས།། འདི་ལ་ཟད་པས་ལས། ་ཟད་པས་འགྱུ་བ་རླུང་དེ་ཁྲིག་པ་ཐིག། ཁྱབ་པ་དངོས་པོ་ཐིག་ལེའི་ཡུལ།། འདི་ལས་མངས་དང་ཉུངས་པ་དང་།། འཕེལ་འགྲིབ་རྣམ་ཀྱི་དང་པོ་ལ།། བྱ་བ་བྲལ་བའི་སྔོན་དུ་ལྟོས།། འདི་ནས་ཆེད་དང་ཡས་པ་དང་།། འབྱམས་དང་རླུང ་དུ་གྱུར་པ་ལས།། སངས་རྒྱས་ཀུན་གྱིས་ཡུལ་མཐོང་བའོ།། སྒྲོན་མ་སྟོང་པས་རྣམ་པར་འགྱུར།། སེམས་ཀྱི་བྱ་བ་ལས་འདས་ནས།། བདེ་དང་སྤུ་བསྔལ་གཅིག་བྲལ་ནས།། ང་དང་རང་བཞིན་འོད་དང་ནི།། ཁ་དོག་སོ་སོར་གས། ་ག་ལས། རིག་པའི་དབྱིངས་དང་འབྲེལ་བས་ན།། འདི་ལ་རྣལ་པར་ཕྱེ་བ་ཡིས།། གཞི་ཡི་བྱེ་འགྱུར་མག་དང་འབྲེལ།། ཁུང་ནི་གཞི་ལ་བྱུང་ས་ལ།། ད་ལྟ་སེམས་ཅན་ལུས་ལ་གནས།། ལཾ་ནི་འཁྲིག་པ་རྩ་ལས་ཡང་།། དུ་མ་རྩེག ་བའི་རང་བཞིན་ཅན།། འདིས་ནི་འཁོར་བའི་མུན་པ་སེལ།། དང་པོ་མེད་པས་ཡོད་པར་སྣང་།། བར་དུ་འོང་དང་ཐིག་ལེ་ཉིད།། ཐ་མ་ཨཱུ་དང་ཡེ་ཤེས་སོ།། དེ་ལས་སྟོང་པར་གྱུར་པ་ལས།། ཟད་པ་རྣམས་ཀྱི་འབྲས་བུ་སྟེ།། འཁོར ་བའི་ཐོག་མཐའ་དེས་ཆོད་ནས།། རྫོགས་པའི་རྩེ་མོ་མཐར་ཕྱིན་པས།། དེ་ལས་ཕྱོགས་མེད་ཐུགས་རྗེས་འཕྲོས།། ཀུན་དྲོན་མ་ལུས་རྫོག་བྱས་ནས།། རང་གི་ས་ལ་གནས་པས་སྟོང་།། ཅིག་ཆར་བ་དང་རིམས་ཀྱིས་སོ།། རྡོ་རྗེ་འཆ ་ལ་ཡང་ཞུས་པ།། རྩེ་གཅིག་པ་ལས་ཆོས་ཉིད་ལམ།། ཁྲེགས་ཀྱི་གཅོད་པ་ཇི་ལྟར་ལགས།། ཐུགས་རྗེ་ཅན་ལ་བདག་ཉིད་ཅན།། དེ་ནས་སྟོན་པ་རྡོ་རྗེ་འཆང་།། ངེས་པའི་འབྲས་བུ་ལམ་ཞུགས་ཕྱིར།། རྩེ་གཅིག་འདུས་པའི ་དགོངས་པ་གསུངས།། ཆོས་ཉིས་རྩ་མོ་རྣམ་མ་ཡིས།། འཁོབས་འདུས་པའི་རྟོག་པ་གཙང་།། རང་སེམས་འདུས་ཀྱི་མོ་ཡིས།། འདས་པའི་མཉམ་པ་དོན་རྣམས་ནཅད། ནས་འདུས་པའི་ལྕེ་མ ་ཆོས་རྣམས་ཟད་པར་གཅོད་པར་བྱེད།། སྐུ་མེད་རང་དག་རྩེ་མོ་ཡིས།། བྱ་བྱེད་འབང་རྩོལ་ཐམས་ཅད་གཅོད།། རྩེ་མོའི་དངོས་ལ་འོད་འཕྲོས་པས། འཁོར་འདས་གཉིས་ཀ་དུས་གཅིག་ལ།། སྟོང་བརྩེ་མོ་གཅིག་པ་ལ།། རྟོག་དང་མི་རྟོག ་དུས་གཅིག་མཐོང་། གནས་པའི་ལས་མཐའ་རྫོགས་པའོ།། ལུས་རྫོ་རྩ་རྣམས་འདུས་པ་ཡིས།། ལུས་ལ་གནས་དང་འཕེལ་དང་ཉམས།། འགྱུར་དང་འཇིག་དང་འཕོ་བང་བྱེད།། ཆོས་ཉིད་ཡེ་ཤེས་འཕེན་དང་།། འཕས་དང་འཛིན་པ་དང ་འགྲེལ་དང་གོང་འོག་རྗེ་ས་རྣམས་བྱེད།། དག་ལ་སྒྲ་དོན་འདུས་པ་ཡིས།། ཡིན་དང་མེམ་དང་ཡོད་དང་མེད།། མཐོང་དང་མ་མཐོང་ཤེས་མ་ཤེས།། གཉིས་ལྟོས་རྣམས་ཀྱི་བྱེ་པ་ཅན།། སེམས་ལ་འཁོར་འདས་གཉིས་འདུས་པས ་སངས་རྒྱས་སེམས་ཅན་རྒྱུ་འབྲས་དང་།། ཆོས་དང་ཆོས་མེན་རིམ་པ་དང་།། བདེ་དང་སྡུག་བསྔལ་གཞི་མ་བྱེད།། དེ་ལྟར་འདུས་པས་རྣམ་པར་གྱེས།། འདི་ལ་བསམ་གྱིས་མི་ཁྱབ་པའོ།། གང་ལ་རྟོག་པའི་མཐའ་ཤེས་ན།། དེ་ལས ་ཆོས་ཉིད་ཡུལ་གནས་པས།། འབྲེལ་པ་མེད་པའི་དོན་ཉིད་ལས།། ཆོས་དང་གང་ཟག་མཐལ་ཕྱེ་བས།། འཁྲུལ་པའི་རྟོག་པ་དུས་གཅིག་འགག། ལུས་ཀྱི་མི་རྟོགས་པ་དལ་རྟེན་པས།། རྟོག་པ་རྣམས་ཀྱི་འབྲེལ་པ་ཆོད།། ངག ་གི་མི་རྟག་སྤྲས་གཅད་པས།། བརྗོད་མེང་དོན་གྱི་གཞི་མ་རྙེད།། སེམས་ཀྱི་མེ་རྟོག་རང་སར་བཞག། དེས་ནི་རྐྱེན་རྣམས་ཆོས་ཉིད་འགྱུར།། གསུམ་སྡོམ་སྐུ་གསུང་ཐུགས་ལ་གནས།། དེའི་འབྲས་བུ་བདེ་སྤངས་པའོ།། བསམ ་པ་འཕྲོ་དང་འདུས་པ་དང་།། མཆེད་དང་ཡས་དཔའ་བར་བ་དང་།། རྟོག་དང་མི་རྟོག་འདུས་མཆེད་ཅན།། ཡུལ་ལ་འཇུག་དཔ་གནས་པ་དང་།། དེ་ལས་འཕྲོས་དང་མཆེད་པ་ཡིས།། དྲན་བསམ་རྣམས་ཀྱི་གཞི་མ་བྱེད།། རང་བཞིན ་འགྱུར་དང་བློ་བུམ་པས།། རྐྱེན་རྣམས་དུ་མ་སོགས་པར་བྱེད།། དེ་ལས་སྡེ་སྡུག་ཕུང་པོར་འགྱུར།། འཁོར་བའི་ས་ཡོན་འབྲས་བུ་རོ།། དེ་ཉིད་བསྟན་པར་འདོད་པ་ཡིས།། ཐ་མལ་སོལ་ལས་བཟློག་ཏེ།། ལུས་དང་ངག་དང་ཡིད་ཀྱི་གནད ་གཞན་བཟློག་པ་རྣལ་འབྱོར་པས།། བྱ་དཔ་བྱེད་པ་མེད་པ་ལས།། རང་བཞིན་དུས་ན་ཅོག་པུཕུལ།། མཚན་ཉིད་གཞི་དང་ལྡན་པས་བྱ།། གཉིད་ལ་འཁོར་ལོ་ལྷ་ཡུལ།། འགྲོ་ན་མམཁའ་ལྡིང་གི་ལུགས།། འདུག་ན་གཡས་དང་གཡོན་དུའོ ་བྱེ་བྲག་གཞན་ལ་ཨཁས་པ་ཡིས།། ཇི་ལྟར་རིག་པ་སྦྱར་བཱ་འགྲུབ།། ངག་ན་རང་བཞིན་སྨྲ་དང་བྲལ།། ཉལ་ན་ཡི་གེ་འཕྲེང་ལ་བཟླས།། འགྲོ་ན། རླུང་གི་ཡི་གེ་རྟེན།། འདུག་ན་ཨ་ཡི་རྣམས་པ་ལ།། བྱེ་བྲག་གཞན་ལ་མཁས ་པ་སྦྱར། ཡིད་ནི་རང་བཞིན་ཐུན་མོངས་ལ།། གར་སོང་ཕྱི་ནང་རྗེས་རྣམས་གཅོད།། ཉལ་ན་ཙི་ཏང་འཇུག་པར་རྨིས།། འགྲོ་ན་རྨི་ལམ་འཁའ་ལ་སྤུར།། འདུག་ན་ཐིག་ལེ་འདྲ་བར་བཞུགས།། བྱེ་བྲག་གཞན་ལ་མཁས་པ ་ཡིས། གང་ལ་མོས་པ་མན་ངག་གིས།། གནས་རྣམ་སྒྱུར་བ་རྣལ་འབྱོར་པས།། དེ་ཡིས་དངོས་གཞི་འབྲེལ་སྦྱར་བ།། འགྱུ་བའི་ཡུལ་དབྱུང་དྲན་པ་གསང།། བསམ་པའི་ཡུལ་ལྷ་སེམས་རྒྱུན་གཏོར།། ཡུལ་དང ་ཤེས་པ་སྦྱར་བས་ཤེས།། འཕྲོ་ལས་མཆེད་པའི་དུས་མཐའ་གཅད།། གང་སྣང་རང་གི་ཐོག་ཏུ་དབབ།། གཅིག་གི་འབྲེལ་པ་ཅིག་གཅད་ན།། དེ་ལ་ཉམས་ཀྱི་ཤེས་པ་སྐྱེ།། དག་པ་ཆེན་པོ་གཞི་ཉིད་ན།། བདེ་གསུམ་བཅུ་རྩ ་གཉིས་འཆར། དེ་ལས་འབར་དང་བདེ་ལ་སྐྱེ།། ཐོལ་པས་འཁོར་ལོ་ཅན་ལ་འཇུག། འགྲོ་དང་འོང་བའི་ཤུགས་རྒྱུན་འགག། དེ་ལ་སོགས་ཀྱི་རྣམས་འཕེལ་བས།། ཕར་དང་གཞན་གྱི།། ་བྱ་བ་བྱེད།། ལོག་དང་མ་ལོག་སྤོང་གནས་དང་།། ཇི་ལྟར་འགྱུར་བ་གྲངས་ལས་ཤེས།། བསོད་ནམས་ལས་ཀྱི་བྱེ་བྲག་རྣམས།། ཇི་ལྟར་འདོད་པ་ཤེས་པ་དང་།། འཆི་འོ་སྐྱེ་བའི་གྲང་ཉིད་ཀྱང་།། འཕེན་དང་བསྡུད་པ་ལས་ཤེས་པ ་དེ་ཡི་རངབ་བཞིན་རྣལ་འབྱོར་པ་ཡིས་ཡང་།། ཡིད་གཞུང་དྲན་པ་གསལ་པོ་ཡིས།། རྒྱུན་དུ་རྩིས་པས་མངོན་པར་གསལ།། བསམ་གཏན་ཉིད་ཀྱི་ཡོན་ཏན་ནོ།། ཞེས་བཀོད་པ་ཆེན་པོ་ཨ་ཏི་རྫོགས་པའི་རྒྱུད་ལས།། ཁྲེགས་གཅོད་ལས་ཀྱི ་མཐའ་གཅོད་པའི་སྐབས། སྐལ་པ་དུམ་བུའི་རྒྱུད་ལས།། མན་ངག་ཏུ་ཕྱུང་བ་ཁྲེགས་བདུན་པ་ཞེས་བྱ་བ་རྫོགས་སྷོ།། ། དགེའོ།། །། བཀྲ་ཤིས ་