CLOSE WINDOW

Gbr008.2: 'phrin las thams cad kyi rgyal po skabs sbyor bdun pa'i rgyud
Wyliee-texts produced with BDRC’s OCR application

འཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་བཞུགསོ།། ་རྒྱ་གར་སྐད་དུ། ས་ཙ་ཀརྨ་སརྦ་ར་ཛ་ཏནྟྲ། བོད་སྐད་དུ། འཕྲིན་ལས་ཐམས་ཅད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང ་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཤེས་པའི་དུས་ཅིག་ན། བཅོམ་ལྡན་འདས་ཡིད་བྱེད་པ་པོ་རང་བྱུང་གི་གནས་ན་བཞུགས་ལ། ཉིད་ཀྱི་སྲས་གཉིས་སུ་མེད་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ཞེས་བགྱི་བ་དེ་གང་ལགས།། སྐུའི་འཕྲིན་ལས་ཀྱི་སྐབས་སྦྱོར་གང་ལགས། གསུང་གི་འཕྲིན་ལས་ཀྱི་སྐ ་སྦྱོར་གང་ལགས།། ཐུགས་ཀྱི་ཕྲིན་ལས་ཀྱི་སྐབས་སྦྱོར་གང་ལགས།། ལྟ་བའི་འཕྲིན་ལས་ཀྱི་སྐབས་སྦྱོར་གང་ལགས།། སྒྲུབ་པའི་འཕྲིན་ལས་ཀྱི་སྐབས་སྦྱོར་གང་ལགས།། སྤྱོད་པའི་འཕྲིན་ལས་ཀྱི ་སྐབས་སྦྱོར་གང་ལགས།། དམ་ཚིགས་ཀྱི་འཕྲིན་ལས་ཀྱི་སྐབས་སྦྱོར་གང་ལགས།། བཅོམ་ལྡན་འདས་ལུང་བསྟན་དུ་གསོལ།། བདེ་བར་གཤེགས་པ་ལུང་བསྟན་དུ ་གསོལ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། སྲས་མཆོག་དམ་པ་ཉོན་ཅིག། སྐབས་སྦྱོར་བདུན་པའི་རྒྱུད་འདི་ནི།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་གསུང་ཤིང་བཤད་ལ ་གསུང་པ་ཡང་མི་མངའ། ངས་ཀྱང་བཤད་ལ་བཤད་པ་ཡང་མེད་དེ།། དེ་ཅིའི་ཕྱིར་ཞེ་ན། རྟག་པ་ཅན་གྱིས་མཚན་མ་ཉིད་མ་ཡིན་པའི་ཕྱིར་ཏེ།། དེས་ན་རིགས་ཀྱི་བུ་འཕྲིན་ལས་ཞེས་བྱ་བ་ཡང་།། དམིགསུ་མེད ་པའི་མན་ངག་ལས་མ་རྟོགས་པའ། འདུས་བྱས་ཀྱི་མཚན་མའི་ལས་སུ་བསྟན་པ་མ་ཡིན་ཏེ།། དེ་ལ་སྐུའི་འཕྲིན་ལས་ཀྱི་སྐབས་སྦྱོར་ཡིད་ལ་ཟུང་ཅིག། དེ་ལ་སངས་རྒྱས་ཀྱི་སྐུ་གང་ཡིན་པ་ནི།། སེམས་ཅན་གྱི ་ལུས་ལ། སེམས་ཅན་གྱི་ལུས་གང་ཡིན་པ་ནི་བདག་གི་ཕུང་པོ་སྟེ།། བདག་གིས་ཕུང་པོ་ལངས་ཀྱང་རུང་།། འགྲོ་ཡང་རུང་། འདུག་ཀྱང་རུང་། འགྲེང་ཡང་རུང་སྟེ། གནས་ཀྱང་རུང་། མི་གནས་ཀྱང་རུང་སྟེ། རོལ་ཀྱང་རུང་། ཕ་རོལ་ཀྱང་རུང་སྟེ། འཕྲིན་ལས། ་ཀྱི་སྐབས་སྦྱོར་བ་ཉིད་དུ་མཛད་པ་སྟེ།། དེ་ཅིའི་ཕྱིར་ཞེས་ན།། ལུས་ལངས་ན་སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས་བཞེངས་པའི་སྐུ་སྟེ། དོན་ཆོས་ཉིད་དུ་སྦྱོར་བའི་འཕྲིན་ལས་སོ།། ལུས་འདུག་ན་ཡུམ་ཀུན་ཏུ་བཟང་མོའི་རང་བཞིན་དག་པའི་མཁའ་ལ་བཞུགས་པའི་སྒྲ་སྟེ། ་ཡབ་ཡུམ་དུ་བཞུགས་པའི་འཕྲིན་ལས་སོ་། ལུས་འགྲོ་ན་ཐུགས་རྗེ་ཆེན་པོ་ཡོངས་ལ་ཁྱབ་པ་སྤྲུལ་པའི་སྐུ།། ཐབས་དང་ཤེས་རབ་ཏུ་སྦྱོར་བའི་འཕྲིན་ལ་སོ།། ལུས་འགྲེང་ན་བདེ་ཆེན་ལོངས་སྤོད་རྫོགས་པའི་སྒྲ་སྟེ། ཡབ་ཡུམ་གཉིས་སུ་མེད་པ་སྦྱོར་བའི ་འཕྲིན་ལས་སོ།། ལུས་གནས་ན་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཆོས་ཀྱི་སྐུ་སྟེ།། གཉིས་སུ་མེད་པའི་ཕྲིན་ལས་སོ།། ལུས་མི་གནས་ན་མ་སྐྱེས་པ་ཆོས་ཉིད་མངོན་པར་བྱང་ཆུབ་པའི་སྐུ་སྟེ།། ཡེ་ཤེས་ཆོས་ཉིད་དུ་དབྱེར་མེད་པའི་འཕྲིན་ལོས་སོ།། ་ལྷས་རོལ་ན་འཆི་བ་མེད་པའི་རྡོ་རྗེའི་སྐུ་སྟེ།། ཡེ་ཤེས་སྐྱེ་འཇིག་མེད་པའི་འཕྲིན་ལས་སོའོ། ལུས་དངོས་སུ་སྣང་བ་ཐ~ཾད་རྡོ་རྗེའི་རིགས་ཏེ། སངས་རྒྱས་ཅན་དང་གཉིས་སུ་མེད་དེ། མེ་ལོངས་ལྟ་བུའི་ཡེ་ཤེས་ཀྱི་འཕྲིན་ལས་སོ།། ལུས་ཐམས་ཅད་དུ ་རླ་ཞིང་སྡུད་ནས་ཐ~ཾད་རིན་པོ་ཆེའི་རིགས་ཏེ་པཱ་མ་ཀཱི་དང་གཉིས་སུ་མེད་དེ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། སུས་དྲོད་འབྱུང་བ་ཐམས་ཅད་པད་མའི་རིགས་ཏེ།། གོས་དཀར་མོ་དང་གཉིས་སུ་མེད་སྟེ། སོ་སོར་རྟོགས་པའི་ཡེ་ཤེས་འདྲི། ་ལས་སོ།། ལུས་ཀུན་ཏུ་བསྐྱོད་དུ་བཏུབ་པ་ཐམས་ཅད་ནི།། ལས་ཀྱི་རིགས་ཏེ།། དམ་ཚིགས་སྒྲོལ་མ་དང་གཉིས་སུ་མེད་སྟེ་བྱ་ནན་ཏན་གྱི་ཡེ་ཤེས་ཀྱི་ཕྲིན་ལས་སོ།། ལུས་བཞིགས་ན་རང་བཞིན་མེད་པ་ཐ་དེ་ནི།། དེ་བཞིན་གཤེགས་པའི་རིགས་ཏེ། ་ཀུད་ཏུ་བཟང་མོ་དང་གཉིས་སུ་མེད་དེ།། སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཕྲིན་ལས་པོ།། དེ་བས་ན་ལུས་སྒྲའི་འཕྲིན་ལས་ནི།། ཐམས་ཅད་དུ་ཡང་དག་པའི་སྤྲིན་ལམ་ལ་ཡེངས་པ་མེད་པར་མཛད་པ་དེ།། དེ་ལ་འདི། ་སྐད་ཅེས་བརྗོད་པར་བྱའོ།། གདོད་ནས་མ་སྐྱེས་རྣམ་དག་དབྱིངས་ཀྱི་སྐུ།། ཡོངས་ལ་ཁྱབ་པས་ཐུགས་རྗེ་སྤྲུལ་པའི་སྐུ།། ཐབས་མཁས་རོལ་པའི་ལོངས་སྤྱོད་རྫོགས་པའི་སྐུ།། སྐྱེ་ཤི་མེད་པས་རྡོ་རྗེ་ཉིད་ཀྱི་སྐུ།། དོན་དམ་རྟོགས་པས ་མངོན་པར་བྱང་ཆུབ་སྐུ།། གཉིས་མེད་གཡུང་དང་བདེ་ཆེན་ཆོས་ཀྱི་སྐུ།། སྐྲ་ལྔ་དབྱེར་མེད་རོལ་བའི་ཕྲིན་ལས་ཀྱིས།། དོན་གྱི་ཕྲིན་ལས་ཡེངས་པ་མེད་པར་མཛད།། ལུས་ཀྱི་བསྐལ་བསྟོད་ཕྱག་རྒྱའི་དཀྱིལ་འཁོར་ལ། 1སྐྲའི་ཕྲིན་ལས་ཅིང་ཡང ་གཡོས་པ་མེད།། མ་ལུས་ཐབས་སུ་བསྒྱུར་བའི་ཕྲིན་ལས་ཀྱིས།། གང་ཞིག་བསྒྲལ་བས་བྱང་ཆུབ་དེ་ཐོབ་མས།། སྲོག་བརྩད་ཉིད་ཀྱིས་ཐར་ལམ་བདེ་བ་ཐོབ།། ལུས་ཀྱིས་སྤད་པས་སངས་རྒྱས་ཞིང་དུ་གྲགས།། སྐྲའི་རོལ་པས་བདེ་ཆེན ་འདུ་འབྲལ་མེད།། སྙིང་པོ་བྱང་ཆུབ་མ་བཀག་ཡན་དུ་ཁྱེར།། དོན་ལ་འདུས་མ་བྱས་པའི་རང་བཞིན་པས།། མ་ལུས་ཡོངས་ལ་སྙོམས་པའི་འཕྲིན་ལས་མཆོག། ན་དང་ཚ་བའི་སྡུག་བསྔལ་ན། དངོས་པོ་མཚན་མ་ན་འཇོམ་པས། ་འདི་ཡང་སྐུའི་ཕྲིན་ལས་མཆོག། བཀྲེས་དང་སྐོམ་པའི་སྡུག་བསྔལ་ནི། ཆོས་ཉིད་དངོས་པོ་མཚན་བསྒྲིབས་པས།། འདི་ཡང་སྐུའི་འཕྲིན་ལས་མཆོག། རྒས་དང་གུད་པའི་སྡུག་བསྔལ་ནི།། རྟག་ཆད་དོན་གྱིས་མཐའ ་འབྱོར་པས།། འདི་ཡང་སྐུའི་ཕྲིན་ལས་མཆོག། གྲང་དང་འདང་པའི་སྡུག་བསྔལ་ནི་མཚན་མར་ཞེན་པས་རང་འབྱོར་འས།། འདི་ཡང་སྐུའི་ཕྲིན་ལས་མཆོག་བསྐྱེ་དང་འཆི་བའི་སྡུག་བསྔལ་ནི།། མི་རྟགདོན་གྱི་ཐབས ་བརྗོད་པས།། འདི་ཡང་ཆུའི་བྲིམ་པས་མ། དང་སྙིང་བའི་ཐ་མ་སྤྱད་དང་། དྲོ་དང་འདས་པའི་སངས་སྤྱོད་དང་། རོ་དང་དོད་པའི་སངས་སྤྱོད་ཆོ་ཤིང་དོན་ཀྱི་ཚོང་དམ་ཉྀདི་ཡ་ངྒཱའི་ཕྲིནམས་། རྒྱུའི་ནིང ་འདི་ཤེས་པའི།། རྣལ་འབྱོར་བློ་ལྡན་གང་ཡོད་པ་འདོན་ལོ་ཐེ་ཚོམ་མེད་པར་འགྲུབ། དགོངས་པ་སྐུ་དང་དུས་གསུམ་དུ།། འདུ་འབྲལ་མེད་པའི་ཕྲིན་ལས་མཛད།། ཡེངས་པ་མེད་པར་སྒྲུབ་པའི་གླིང་།། གང་ཞིག་འདི་དང་མི་ལྡན་ན། ་ཐར་པའི་དུས་མེད་འཆིང་པའི་རྒྱུ།། ལེགས་པར་སྤྱད་ཀྱང་སྡིགས་པའི་ཤས།། བསྒྲུབས་ཀྱང་དོན་མེད་གཡེང་བའི་རྒྱུ།། འདི་ལ་གང་ཞིག་གོམས་བྱེད་པ།། ཉེས་པ་སྤྱད་ཀྱང་ལེགས་པའི་ལམ།། མ་སྒྲུབས་པ་ཡང་བསྒྲུབས་པ་སྟེ། ་གཡུང་དྲུང་སྐུའི་གཏེར་བཙུགས་པའོ།། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལས། སྐུའི་སྐབས་སྦྱོར་གྱི་ལེའུ་སྟེ་དང་པོའོ།། ། ད་ནི་གསུང་གི་ཕྲིན་ལས་སྐབས་སྦྱོར་འདི་ཡིད ་གཟུང་ཅིག། དེ་ལ་སངས་རྒྱས་ཐམས་ཅད་ཀྱི་གསུང་ཡིན་པ་སེམས་ཅན་གྱི་ངག་ཡིན་ལ།། སེམས་ཅན་གྱི་ངག་བྱ་བ་དག་གིས་སྨྲ་བ་སྟེ།། བདག་གིས་སྨྲ་བ་བརྗོད་ཀྱང་རུང་།། མ་བརྗོད་ཀྱང་རུང་། བདེན་པར་སྨྲས་ཀྱང་རུང་། བརྫུན་པར་སྨྲས ་ཀྱང་རུང་།། སྙན་པར་སྨྲས་ཀྱང་རུང་བམི་སྙན་པར་སྨྲས་ཀྱང་རུང་། སྒྲ་ལྟང་པོར་བརྗོད་ཀྱང་རུང་། གསང་སྟེ་ཤིར་པོར་བརྗོད་ཀྱང་རུང་། གང་ཟག་གི་སྤྲིན་ཚིག་ཏུ་བརྗོད་ཀྱང་རུང་། འདོད་ཆགས་ཀྱི་སྦྱོར་སྔགས་སུ་བརྗོད་ཀྱང་རུང་། བཞའ་བགད་དུ་བྲེ ་མོའི་གཏམ་དུ་བརྗོད་ཀྱང་རུང་། ཞེ་སྡང་གི་ཁྲོ་གཏུམ་དང་བྱམས་པའི་གདམ་ངག་ཏུ་སྨྲས་ཀྱང་རུང་། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ།། དེ་ཅིའི་ཕྱིར་ཞེ་ན།། དེ་ནི་འདི་ལྟར་ངག་སྨྲ་ཞིང་བརྗོད་ན།། སྐྱེ་བ་མེད་པ་ཆོས་ཀྱི་དབྱིངས ་དམ་ངས་འཐོ་འདུ་བཛིན་ས་མངས་པ་བྱེརྣམ་པ་སས་སྒྲུབ་ས་ས་ཝམ་ཤཱ་མ་ས་པ་ཀྴ་བ་ས་ཀྱི་བ ་འཕྲི་ལས་སོ།། དག་གིས་མ་བརྗོད་ཅིང་མ་གླེངས་ར།། གསུང་ཉིད་བདེ་བའི་དོན་ལ། མཚིག་ཏུ་གསུངས་པས་ཀྱང་དོན་དུ་གོ་བར་བྱེད་པ་དམ་གཡོས་པའི་ཆོས་ཉིད་ཀྱི་གསུངས་ལ་འསྐྱེ་བ་མེད་པའི་ཆོས་ཉིད་ཀྱི་གསུང་ཅང་མི་གསུང་བར་བཞུགས་པས།། ངདག་གསུང ་བརྗོད་མེད་པའི་ཕྲིན་ལས་སོ།། ངག་གི་བདེན་པ་སྨྲས་ན།། མར་ཁུ་ཁོལ་མའི་ནང་ན་ཆུ་མི་གནས་པ་བཞིན་འཆོས་ཉིད་ལ་བརྫུན་གསུང་དུ་མི་མངའ་སྟེ།། ཅི་གསུང་བའི་དོན་དང་ལྡན་པས་ས་བརྫུན་མེད་པའི་རང་བཞིན་ཏེ་ས་གསུང་བདེན་པའི་ཕྲིན་ལ་སོགསངག་གི་རྫུན་དུསྨྲ ་ཞིདིང་བརྗོད་ན།། གསུང་རབ་དམ་པའི་ཆོས་ཀྱིས། ཉོན་མོངས་པ་འཁོར་བའི་ཆོས་བསླུ་ཞིང་འབྲིང་བ་བརྫུད་དང་འདྲ་བ་ཡིན་པས།། གསུང་འཁོར་བ་འདྲེན་པའི་ཕྲིན་ལས་སོ།། ངག་གི་སྙན་པར་སྨྲ་ཞིང་བརྗོན། ཆེས་ཉིད་ཀྱི་བྱིན་རླབས་ཀྱི་འགྲོ་བ་ཀུན་གྱི་ཡིད་ཚིམ་པའི ་རང་བཞིན་པས།། དབང་པོ་ཚིམ་ཞིང་གོ་བར་སྙན་པར་སྨྲ་བ་སྟེ་ཀ་གསུང་ཀུན་དང་འཐུན་པའི་འཕྲིན་ལས་སོ།། ངག་གིས་མི་སྙན་པ་སྨྲ་ཤིང་བརྗོད་ན།། དཔེར་ན་དགྲ་སྡང་བ་ཉིད་དགེ་བའི་བཤེས་གཉིན་ལ།། མི་སྙན་པར་སྨྲས་པ་ཉིད་ན་རྒྱུ་བ་ཞེན་པ་ཆེ་བས་འབྲས་བུ་འཁོར ་བར་ཆགས་ཀྱི་དོགས་ནས་མི་སྦྱིན་པར་བརྗོད་པ་སྟེ་གསུང་ཆགས་པ་དང་བྲལ་བའི་འཕྲིན་ལ་མོ། ངག་གིས་སྒྲ་ལྟང་པོར་བརྗོད་ན་ཡང་བསྒྲ་ནི་དབང་པོ་ཆེས་འང་སྒྲ་མཐར་སྟོང་པ་དང་འཐ་བ་།། ཆོས་ཉིད་སྐྱེ་བ་མེད་པའི་དོན་གྱིས་འཕ་རོལ་ཡིད་ཆེས་པར་བྱེད་ཅིང ་ཆོས་ཐམས་ཅད་རང་བཞིན་གྱིས་སྒྲ་སྒྲས་མཐང་སྟོང་པ་སྟེ།། དེས་ན་སྒྲ་ལྷང་ལྷུང་པོར་བརྗོད་པས།། གསུང་པོ་བར་སྒྲོག་པའི་ཕྲིན་ལསོ།། ངག་གིས་གསང་སྟེ་ཤིབ་བུར་བརྗོད་ན།། སྙིང་པོ་མ་ཡེངས་པའི་མན་ངག་ཡིད་ལ་བཟླས་པས།། གསང་སྟེ་ཤིབ་པུང་བརྗོད ་པ་སྟེ།། གསུང་གསང་བའི་སྙིང་པོ་སྔགས་ཀྱི་འཕྲིན་ལས་སོ།། ཟང་ཟིང་གི་སྒྲོན་ཚིག་ཏུ་སྨྲས་ན་འདུལ་བའི་དུས་ལ་གང་དུ་བབ་པར་གསུང་ཇི་ལྟར་ཡང་བསྒྱུར་དུ་རུང་བསན། དོན་དང་མི་འགལ་ན་མི་ཚོགས་ཉིད་ཀྱང་ཆོས་ཉིས་པས།། སྤྲིན་ཚིགས་ཏུ་སྨྲ་བ་སྟེ། ་གསུང་ཐབས་མཁས་པའི་འཕྲིན་ལས་སོ།། མན་ངག་གི་ཆོས་ཉིད་དུ་བརྗོད་ན།། ཆོས་ཀྱི་འཁོར་ལོ་གསུང་དབྱངས་བརྒྱད་དང་ལྡན་པས། དབང་པོ་རབ་འབྲིང་གསུམ་ལ་ཇི་ལྟར་འདུལ་བ་བཞིན།། གོ་བ་ནི་ཆོས་ཉིད་དུ་བརྗོད་པ་སྟེ། གསུང་ཆོས་ཀྱི་འཁོར་ལོ་བསྐུ ་བའི་འཕྲིན་ལས་སོ།། ངག་མན་ངག་གི་ཆོས་ཉིད་དུ་བརྗོད་ན།། ཆོས་འཁོར་ལོའི་གསུང་དབྱངས་བརྒྱད་དང་ལྡན་པ་ཡངག་འདོད་ཆགས་ཀྱི་སྦྱོར་བསྔགསུ་བརྗོད་ན། ཐ~ཾང་ཡབ་ཡུམ་གྱི་ཚུལ་དུ་སྦྱོར་བའི་སྐད་དུ་སྨྲ་བ་སྟེ།། གཉིས་སུ་མེད་པའི་ཆོས་རྣམས ་ཀྱི་རང་བཞིན་པས།། འདོད་ཆགས་ཀྱི་སྦྱོར་བསྔགས་སུ་བརྗོད་པ་སྟེ། གསུང་གཉིས་སུ་མེད་པའི་ཕྲིན་ལས་སོ། ངག་གཞང་བགད་དང་བྲེ་མོའི་གཏམ་དུ་བརྗོད་ན།། དགྱེས་པ་ཆེན་པོ་ཆོས་ཉིད་ཀྱི་སྒྲ་སྙན་དུ་བསྟན་པ་སྟེ།། རང་བཞིན་གྱིས་མི་རྟོག་ཅིང ་ཉོན་མོངས་པ་རང་ག་མས་མི་དགའ་བ་མེད་པས།། གཞན་དག་དང་བྲེ་མོའི་གཏམ་དུ་སྨྲ་བ་སྟེ་འགསུང་དགྱེས་པ་ཆེན་པོའི་ཕྲིན་ལས།། དག་ཞེ་སྡང་ཁྲོ་གཏུམ་དང་བྱམས་པའི་རག་ཏུ་བརྗོད་ནས་གཟུང་འཛིན་གྱི་རྣམ་པར་རྟོག་པ་སུམ་དབྱུང་བ་དང ་ཆོས་ཉིད་སྡུག་དུ་མེད་པའི་སྙིང་རྗེས་འཁྲོ་གཏུམ་གང་མས་ངག་དུ་སྨྲ་བ་སྟེ།། གསུང་ཇི་ལྟར་འདུལ་བ་བཞིན་དོན་མཛད་པའི་ཕྲིན་ལས་སོ། དེ་བས་ན་ངག་གསུང་གི་ཕྲིང་ལས་ནི།། ཐཾད་དུ་ཆོས་ཉིད་ལ་ཡེངས་པ་མེད་པར་མཛད་ཏེ།། དེ་ལ་འདི་སྐད་ཅེས་བཅཝོ། ་པས།། རང་བཞིན་སྤྲོས་བྲལ་བདེ་གཤེགས་རྣམས་ཀྱི་གསུང་།། བརྗོད་མེད་མ་སྐྱེས་ཡེ་ནས་སྟོང་པའི་ཞིང་། འཚིག་དང་ཡི་གེ་མ་བཏགས་མཚན་མ་མེད།། དངོས་མེད་མ་སྐྱེས་ཆོས་རྣམས་འབྱུང་བའི་མཛོད།། ཐབས་ལ་མཁས་པས་ཡང ་ལ་ཁྱབ་པར་སྒྲོགས།། འགྲོ་བའི་དོན་རྫོགས་གསུང་རབ་བདུད་རྩིའི་བཏུད། མ་རིག་དོན་རྟོགས་ཁ་ལོ་གྱེན་དུ་བསྒྱུར་།། དམ་པ་ཆོས་ཀྱི་ཡོན་ཏན་བརྗོད་མི་ཡང་།། ཇི་སྙེད་བརྗོད་པའི་གསུང་རབ་རྒྱ་མཚོ་མ། ་ཐེག་པ་བྱེ་བྲག་བློ་ལ་སྣང་བར་འགྱུར།། འདི་དོན་གང་ཞིག་བློ་ལ་འཆང་བ་དང་།། ངེས་པར་སེམས་ལ་གསལ་བའི་རྣལ་འབྱོར་དེས།། ཇི་སྐད་བརྗོད་པ་སེམས་ཀྱི་སྒོ་མོ་དེས།། ཕ་རོལ་གཞན་གྱིས་ཤེས་པ་དགྲོལ་བ་ཡི།། གསུང་རབ་དོན་དང་ལྡན་པ་རྒྱ ་པས་གསུངས་པའི་བཀའ།། གང་ཞིག་འདི་དང་མི་ལྡན་ཆོས་སྨྲ་བ།། བདེན་པར་སྨྲས་ཀྱང་ཕ་རོལ་མི་གོ་སྟེ།། དཔེར་ན་རྒྱལ་པོ་མ་ཡིན་དམངས་རྣམས་ཀྱིས།། བདེན་པར་སྨྲས་ཀྱང་ཉན་པ་མེད་པ་ལྟར།། འདི་དག་མི་ཤེས་རྣལ་འབྱོར་གཞན་དག་གིས།། ཆོས ་དང་ལྡན་ཡང་གང་ཡང་འདུལ་བ་མེད།། ཞལ་ནས་ཅི་གསུངས་གསུང་རབ་བདུད་རྩི་ལ།། གཞན་ལ་ཅི་བརྗོད་མན་ངག་སྟོན་པའི་མཆོག། ཚིག་གི་སྒྲ་སྐད་སྐྱེ་མེད་ཆོས་ཀྱི་དབྱིངས།། དོན་གྱི་བདེན་པ་ངར་འཛིན་རྟོག་པ་མེད།། ལུང་དང་ལྡན་པ་བརྗོད་པ་དོན་གྱི་ངང་། ་བླ་མའི་ལུང་ཕྱུང་སྟེ་བསྟན་པར་བྱའོ།། གང་ཞིག་འདི་དང་མི་ལྡན་ཆོས་སྟོན་པ།། དབང་ཐོས་དམ་ཚིག་ཉམས་པའི་སྒྱུར་འགྱུར་རོ།། བཤད་ཀྱང་དོན་མེད་གཡེང་བའི་རྒྱུ།། འདི་ལ་རྟོགས་ནས་གང་སྨྲ་བ་ལ་ལོག་པར་བསྟན་ཀྱང་ངེས་པའི་ལུང་།། སྤྲོས་པ་མེད་པའི ་ཆོས་མཛོད་དེ།། མན་ངག་བདུད་རྩི་ཆར་ཕབ་པོ། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལས།། གསུང་གི་སྐབས་སྦྱོར་གྱི་ལེའུ་སྟེ་གཉིས་པའོ།། ། ད་ནི་ཐུགས་ཀྱི་ཕྲིན་ལས་ཀྱི་སྐབས་སྦྱོར་འདི ་ཡིད་ལ་ཐུང་ཅིག། དེ་ལ་སངས་རྒྱས་ཀྱི་ཐུགས་གང་ཡིན་པ།། སེམས་ཅན་གྱི་ཡིད་གང་ཡིན་པ་བདག་གིས་བསམ་པ་སྟེ།། བདག་གིས་བསམ་ཀྱང་རུང་།། མ་བསམ་ཀྱང་རུང་།། ཡིད་ལ་དྲན་ཀྱང་རུང་།། མ་དྲན་ཀྱང་རུང་། ཉོན་མོངས་པའི་སེམས་སྐྱེད་ཀྱང་རུང ་རྒམ་སྐྱེས་ཀྱང་རུང་བ་བསམས་པོར་བསམས་ཀྱང་རུང་།། ངང་པར་བསམ་ཀྱང་རུང་། གཙུ་པར་བསམ་ཀྱང་རུང་བ་མི་ཙང་བར་བསམ་ཀྱང་རུང་།། དགའ་བར་བསམ་ཀྱང་རུང་།། མི་དགའ་བར་བསམ་ཀྱང་རུང་།། སྐྱེ་བར་བསམ་ཀྱང་རུང་། འཆི་བར ་བསམ་ཀྱང་དུང་།། རུང་བར་བསམ་ཀྱང་རུང་མི་རུང་བར་བསས་ཀྱང་རུང་སྐྱེས་པར་བསམ་ཀྱང་རུང་། བུད་མེད་དང་མ་ནིང་ལ་སོགས་པར་བསམ་ཀྱང་རུང་།། འགྲོ་བ་རིག་དྲུག་ཏུ་བསམ་ཀྱང་རུང་།། མ་བསམ་ཀྱང་རུང་།། གཟུགས་དང་ཁ་དོག ་ལ་སོགས་པ་ཡུལ་དང་དབྱིབས་སུ་བསམ་ཀྱང་རུང་།། མ་བསམ་ཀྱང་རུང་སྟེ། འཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ།། དེ་ཅིའི་ཕྱིར་ཞེ་ན།། དེ་ནི་འདི་ལྟར་ཡིད་ལ་བསམས་ན།། ཆོས་ཉིད་ཀློན་རིག་པའི་ཡེ་ཤེས།། མ་བརྗོད་པའི ་དགོངས་པ།། རྒྱན་མི་འཆད་པ་སྟེ།། ཡིད་རྣལ་འབྱོར་དགོངས་པ་ལ་བཞུག་པའི་འཕྲིན་ལས་སོ།། ཡིད་ཀྱི་བསམས་ན་འཛིན་རྟོགས་མེད་པའི་ཡེ་ཤེས་རབ་ཀྱི་རང་བཞིན་ལ།། བྱུང་ཚོར་སྤངས་པའི་ཐབས་མཁས་པའི་རོལ་པ་སྟེ། རྣམ་པར་མི་རྟོག ་པ་སྨྲ་བསམ་བརྗོད་ལས་འདས་པ།། ཡོད་ཅེས་སྒྲོས་མ་བརྟགས།། མེད་ཅེས་སྐུར་པ་མ་བཏགགཅི་ལ་ཡང་མི་རྟོག་མི་སེམས་པའི།། དེ་བཞིན་ཉིད་ཀྱི་དགོངས་པའི་ཕྲིན་ལས་སོ།། ཡིད་དམ་སེམས་ཀྱི་དྲན་ན་རང་བྱུང་གི་ཡེ་ཤེས། སྩལ་པ་མེད། ་པར་ལྷུན་གྱིས་གྲུབ་པར་རང་བྱུང་བ་སྟེ།། མཚན་མེད་པ་ལ་མཚན་མའི་བྱེ་བྲག། སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ།། སེམས་ལས་ཅི་དྲན་སྙིང་རྗེ་ཆེན་པོའི་རང་བཞིན་ཏེ།། སྣང་ལ་རང་བཞིན་མེད་ལ།། ཕྱོགས་དང་རིག་མེད་པར་ཁྱབ་པས།། ་དེ་ཙམ་ན་རིགས་སུ་མ་གཟུང་བས་ཐུགས་ཀུན་ཏུ་བཟང་གི་དགོངས་པའི་ཕྲིན་ལས་སོ།། སེམས་ལ་ཉོན་མོངས་ལྔ་སྐྱེས་ན།། ཉོན་མོངས་པ་ཉིད་རྒྱུའི་བྱང་ཆུབ་སེམས་ཀྱི་རྩ་བ་མ་ནོང་བ་སྟེ།། སེམས་འདོད་ཆགས་ན་སེམས་ཉིད་སྤྲོས་པ་མེད ་པའི་བློ་ལ་རྔ་སྣང་བའི་འདོད་ཆགས་པས།། གསུང་བྱང་ཆུབ་ཀྱི་རྒྱུ་སེམས་ཞེ་སྡང་རྣམ་པར་རྟོག་པའི་མཚན་མ་མི་གནས་པར་སུན་འབྱིན་པས།། ཐབས་ལ་མཁས་པའི་ཞེ་སྡང་ཡིན་པས།། ཐུགས ་བྱང་ཆུབ་སེམས་ཀྱི་རྒྱུད།། སེམས་གཏི་མུག་ནི་གཟུང་འཛིན་གྱི་རྣམ་པར་ཤེས་པ་གོ་རྨོངས་ཞིང་མི་གནས་པས།། གཏི་མུག་པས་སུ་བྱང་ཆུབ་སེམས་ཀྱི་རྒྱུ། སེམས་ང་རྒྱལ་ཆེ་བའི་ཡོན་ཏན་གྱིས་ཀྱང་དཔག་གིས་མི་ལང་བས།། གང་གིས་དབང་དུ་ཡང ་མི་གཏོང་བས།། ཡོན་ཏན་བྱང་ཆུབ་སེམས་ཀྱི་རྒྱུ།། སེམས་ཕྲ་དོག་ན་ལོག་པའི་ཕྱོགས་དང་གྲོལ་བའི་ས་དང་ཆད་པའི་སྐྱེ་གནས་ལ་ཕྲ་དོག་ཏེ་འཕྲིན་ལས་བྱང་ཆུབ་སེམས་ཀྱི་རྒྱུནདེ་ཉིད་རྒྱུ་འབྲས་མི་དམིགས་པའི་དོན་དུ་ཤེས་རབ་ཀྱིས་ཟིན་པས ་ཐུགས་རྒྱུའི་ཏིང་ངེ་འཛིན་གྱི་དགོངས་པའི་འཕྲིན་ལས་སོ།། སེམས་དེ་ལྟར་མ་སྐྱེས་ན་གླེང་བརྗོད་ཀྱི་བསམ་པ་རིལ་དང་བྲལ་བས།། ཐུགས་ཐིག་ལེ་ཆེན་པོས་དགོངས་པའི་འཕྲིན་ལས་སོ།། སེམས་ཀྱིས་བཟང་པོར་བསམས་ན།། དེ་བཞིན་གཤེས ་པའི་སྐུ་དང་ཡེ་ཤེས་དང་།། མཛད་སྤྱོད་ལ་སོགས་པ་བལྟ་བས་མི་ངོམས་པའི་དོན་བཟང་པོ་གསལ་རྟོགས་པ་མེད་པ།། སྡང་ལ་རང་བཞིན་མེད་པས།། ཐུགས་ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དུ་དགོངས་པའི་འཕྲིན་ལས་སོ།། སེམས་ཀྱིས་ངན ་པར་བསམས་ན།། ངན་པ་ཉིད་ཀྱང་རྒྱུ་ནས་འདས་པས་བཟང་པོ་ལ།། བཟང་པོ་ཉིད་ཀྱང་འབྲས་བུ་ནས་དེ་ནས་ངང་པ་ལ་ཐུག་པས།། དེ་ཡང་གཉིས་སུ་མེད་པའི་ཐུགས།། མཉམ་པ་ཉིད་དུ་དགོངས་པའི་འཕྲིན་ལ་སོ།། སེམས་ཀྱིས་གཙང་བར་བསམས་ན ་ཐམས་ཅད་དུ་ལྷའི་མཆོད་པ་ཡིད་དུ་འོང་ཞིང་རྐྱེན་གྱི་ལོངས་སྤྱོད་དུ་འཚམ་པས།། ཐུགས་མཆོད་པའི་ཆོ་འཕྲུལ་གྱི་དགོངས་པའི་འཕྲིན་ལས་སོ།། སེམས་མི་གཙང་བར་ཡང་དག་པར་ཤེས་པས། མི་གཙང་བ་ཉིད་དོན་ཆེ་བ་ཡིན་པས།། ཐུགས ་ཀུན་ཏུ་བཟང་པོ་དགོངས་པའི་འཕྲིང་ལས་སེ། སེམས་ལ་དགའ་རབ་བསམས་ན།། གང་ཡིན་པ་ང་འམ་བདག་ཡིན་པས། ཐམས་ཅད་དུ་ཡེ་ཤེས་ཆེན་པོས་དབང་སྒྱུར་བས།། ཐུགས་དབང་གི་ཆོ་འཕྲུལ་དུ་དགོངས་པའི་འཕྲིན་ལས་སོ།། སེམས ་མི་དགའ་བར་བསམས་ན།། དེ་ལྟར་མ་ཐོབ་པ་ལ་མི་དཀའ་བར།། དེ་ཡང་ཐ་མི་དད་པས།། ཐུགས་གཉིས་སུ་མེད་པར་དགོངས་པའི་འཕྲིན་ལས་སོ།། སེམས་སྐྱེ་བར་བསམ་ན།། རང་བཞིན་མེད་པ་ལ་སྐྱེས་པས།། སྐུ་གསུང་ཐུག་སུ་བྱིན་གྱིས་བླརླབ ་པས། ཐུགས་བྱིན་གྱིས་རློབ་པའི་ཆོ་འཕྲུལ་དུ་དགོངས་པའི་འཕྲིན་ལས་སོ།། སེམས་མི་འཆི་བར་བསམས་ན།། འགྱུར་བ་མེད་པའི་ཆོས་ཀྱི་སྐུ་ནི་དངོས་པོ་དང་།། མཚན་མ་ཐམས་ཅད་དང་། མ་སྐྱེས་པར་འཆི་བས།། ཐུགས་ཆོས་ཀྱི་སྐུའི་འཕྲིན ་ལས་སེཀ་སེམས་ཀྱིས་རུང་བར་བསམས་ན།། ཐ~ཾད་དུ་གསལ་ལ་མ་སྒྲིབ་པས།། ཏིང་ངེ་འཛིན་གྱི་ཆོ་འཕྲུལ་བས།། ཐུགས་ཏིང་ངེ་འཛིན་ཆོ་འཕྲུལ་དུ་དགོངས་པའི་འཕྲིན་ལས་སོ།། སེམས་ཀྱི་མི་རུང་བར་བསམས་ན་ཡང་།། འདི་ལས་མི་ཞན ་པས།། ཐུགས་དབྱེར་མེད་པར་དགོངས་པའི་འཕྲིན་ལ་སོ།། སེམས་སྐྱེས་པ་དང་བུད་མེད་ལ་སོགས་པའི་འགྲོ་བ་རིགས་དྲུག་གི་གཟུགས་སུ་བསམས་ན།། སེམས་ཅན་གྱི་གཟུགས་ཉིད་སངས་རྒྱས་ཡིན་ལ།། འགྲོ་བ་རིགས་དྲུག་དང་ལྔ་ཡེ ་ཤེས་དྲུག་དང་རིགས་ལྔའི་རང་བཞིན་ཡིད་པས་འཐུགས་ཀྱི་དཀྱིལ་དུ་དགོངས་པའི་འཕྲིན་ལས་སོ།། སེམས་ཀྱིས་དེ་རྣམས་སུ་བསམས་ན།། ས་སྐྱེས་ཀྱང་རྟོགས་ལ་ཚང་བ་འི་ཐུགས་བསྐྱེད་སྒོམ་དང་བྲལ་བའི་འཕྲིན་ལས་སོ།། སེམས ་གཟུགས་དབའ་དོག་ལ་སོགས་པ་ཡུལ་དང་དབྱིབ་སུ་བསམས་ན།། རྒྱ་ཁྱོན་དཔག་ཏུ་མེད་པའི་གཞལ་ཡས་ཁང་བརྒྱན་དང་ཁ་དོག་ཀྱིས་བརྒྱན་པའི་རང་བཞིན་པས། ཐུགས་ཡེ་ནས་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་དུ་དགོངས་པའི་འཕྲིན་ལ་སོ ་སེམས་ཀྱིས་བསམས་ན་གཞི་ཉིད་སྙིང་པོ་བྱང་ཆུབ་ཀྱི་རང་བཞིན་ལ།། ཡེ་ནས་བྱས་ཟིན་པས་ཐུགས་རྩམ་པ་མེད་ཅིང་བསྐྱེད་སྒོམ་དང་བྲལ་བའི་འཕྲིན་ལ་སོ།། དེ་བས་ན་ཡིད་ཐུགས་ཀྱི་འཕྲིན་ལས་སོ།། ཐམས་ཅད་དུ ་ཡེ་ཤེས་ཀྱི་འཕྲིན་ལས་ཡེངས་པ་མེད་པར་མཛད་དེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ།། རང་རིག་ཡེ་ཤེས་བདེ་གཤེགས་རྣམས་ཀྱིས་ཐུགས།། མི་བརྗེད་མ་ཡེངས་དོན་གྱི་སྙིང་པོར་རྟོགས།། རང་རིག་སྤྲོས་བྲལ་འཛིན་མེད་ཡེ་ཤེས་ལྔ།། ཐབས ་མཁས་བདེ་ཆེན་བྱང་ཆུབ་སེམས་རྣམས་འབྱུང་།། ཐུགས་རྗེ་ཆེན་པོས་ཡོངས་སུ་ཁྱབ་པར་མཛད།། འགྲོ་བའི་དོན་རྫོགས་ཐུགས་ཀྱིས་དགོངས་པ་འདིས།། མུན་པའི་སྒོ་ཕྱེ་ཁ་ལོ་གྱོན་དུ་སྦྱར།། ཡེ་ཤེས་ཐུགས་ཀྱི་ཡོན་ཏན་བརྗོད་མི་ཡང་ས་འདི་ལྟར་དགོངས ་པ་ཡེ་ཤེས་རྒྱ་མཚོ་སྟེ།། དགོངས་པའི་མན་ངག་ཡིད་ལ་སྣང་བར་འགྱུར།། ངེས་པའི་དོན་འདི་གང་ཞིག་རྟོགས་པ་དང་།། དོན་ལ་གོམས་པའི་སྐྱེས་བུ་ཆེན་པོ་དེས།། ཇི་ལྟར་བསམས་ཀྱང་དགོངས་པའི་གློང་དུ་འགྱུར།། སེམས་ཅན་གཞན་གྱི་དོན་ཀྱང་བྱེད་པར་ནུས ་ཡང་དག་དོན་དང་ལྡན་པར་རྒྱལ་བས་གསུངས།། གང་ཞིག་འདི་དང་མི་ལྡན་ཐུགས་དགོངས་པ།། དོན་དུ་བཅོས་ཀྱང་ཤེས་པར་མི་འགྱུར་ཏོ།། དཔེར་ན་མཛད་པ་མ་ཡིན་ངན་རྣམས་ཀྱིས།། ལེགས་པར་སྤྱད་ཀྱང་ཉེས་པའི་རྒྱུད་འགྱུར་ལྟར།། འདི་ལྟར་མ་རྟོགས ་གང་ཟག་གཞན་རྣམས་ཀྱིས།། གཞུང་དུ་བསྒོམས་ཀྱང་གང་ཡང་འགྲུབ་པ་མེད།། སེམས་ལ་ཅི་དྲན་དགོངས་པའི་རྒྱ་མཚོ་ལ། གཞན་ལ་ཅི་བསས་རྣལ་འབྱོར་དགོངས་པའི་ཕུལ།། སེམས་ཀྱི་དྲིན་རྟོགས་ཐིག་ལེ་སྤྲོས་པ་མེད།། དོན་གྱི་དགོད་པས་ཕྱོགས་རིགས ་རྟོགས་པ་ཡངས།། བཀའ་དང་མཚན་མར་བརྗོད་པས་དོན་དུ་འགྱུར།། སྟོན་པའི་བཀའ་ལས་ཕྱུང་སྟེ་བཤད་པར་བྱའོ།། འདི་དང་མི་ལྡན་སེམས་བསྒོམས་པས་འཆིག་བཤད་ལྟུང་བའི་རྒྱུར་འགྱུར་རོ།། བསྒོམས་ཀྱང་དོན་མེད་གཡེང་བའི་ཚུལ།། དེ་ལྟར་རྟོགས་ན ་གང་བསྒོམས་པ།། ལོག་པར་བསམས་ཀྱང་ངེས་པའི་ས་བཀུན་ཏུ་བཟང་པོའི་ཐུགས་ཉིད་ལས།། སེམས་ཀྱི་དགོངས་པ་མཐང་ཕྱིན་པའོ།། འཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལས།། ཐུགས་ཀྱི་སྐབས་སྦྱོར་གྱི་ལེའུ་སྟེ་གསུན ་པའོ།། ། ང་ཇི་ལྟ་བའི་ཕྲིན་ལས་ཀྱི་སྐབས་སྦྱོར་འདི་ཡིད་ལ་ཟུང་ཅིག། དེ་ལ་སངས་རྒྱས་ཀྱི་ལྟ་བ་ཉིད་སེམས་ཅད་གྱི་ཡིད་དུ་སྤྱོད་ལ།། སེམས་ཅད་ཀྱི་ཡིད་ཉིད་སངས་རྒྱས་ཀྱི་ལྟ་བ་ཡིན་པས། བདག་གི ་ལྟ་བ་ཆོས་ཐམས་ཅད་ལ་ཡོད་པར་ལྟ་ཡང་རུང་། མེད་པར་ལྟ་ཡང་རུང་སྟེ།། བདེ་བར་ལྟ་ཡང་རུང་བ་སྡུག་བསྔལ་དུ་བལྟ་ཡང་རུང་། རྟག་པར་ལྟ་ཡང་རུང་ན་མི་རྟག་པར་ལྟ་ཡང་རུང་། འཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ།། དེ་ཅིའི་ཕྱིར་ཞེ་ན། ཆོས ་ཐམས་ཅད་ཡོད་པར་ལྡན། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པར་ཡོད་པར་ལྟ་བའི་རྒྱུ་རྣམ་པར་དག་པའི་འཕྲིན་ལས་སོ་བསྟབས་ཆོས་ཐམས་ཅད་མེད་པར་ལྷ་ན། བདག་ཉིད་ཆེན་པོ་ཡེ་ནས་ལྷུན་གྱིས་ཐུབ་པར་སངས་རྒྱས་པ་ལ།། ངན་སོང ་འཁོར་བའི་སྡུག་བསྔལ་ཡེ་ནས་མེད་པས།། ལྟ་བའི་འབྲས་བུ་རྣམ་པར་དག་པའི་འཕྲིན་ལས་སོ།། ལྟ་བས་ཆོས་ཐམས་ཅད་བདེ་བར་ལྟ་ན།། འཛམ་བུ་གླིང་གསེར་དུ་འགྱུར་ན།། རྡོ་བརྩལ་གྱིས་མི་རྙེད་པར་བཞིན།། ལྟ་བའི་རྒྱལ་པོ་འདི་ལ་སྡུག་བསྔལ ་མེད་ཅིང་།། ཐམས་ཅད་དུ་ལེགས་པའི་རང་བཞིན་པས། ཇི་ལྟར་སྣང་བ་བདེ་བར་མི་འགྱུར་བ་མེད་པས། ལྟ་བའི་རླུང་ལ་གནས་པའི་འཕྲིན་ལས་སོ།། ལྟ་བ་ཆོས་ཐམས་ཅད་སྡུག་བསྔལ་དུ་ལྟ་ན།། སྤྲོས་པ་མེད་པ་གཡུང་དྲུང་གི་ལྟ་བ་ལས་མ་རྟོགས་པ། ་འཛིན་ཆགས་བརྩོན་འགྲུས་སྡུག་བསྔལ་བས་ད་ལྟ་བ་གདེང་དུ་གྱུར་པའི་འཕྲིན་ལས་སོ།། ལྟ་བས་ཆོས་ཐམས་ཅད་རྟགས་པར་ལྟ་ན།། སྐྱེ་ཤི་དང་འཕོ་འགྱུར་མེད་པའི་ཆོས་ཀྱི་སྐུ་དེ་ནི། དུས་གསུམ་དུ་འཕོ་འགྱུར་མེད་པར་ལྟ་བ་མ་ཡེངས་པའི་འཕྲིན་ལས་སོ།། ། ་ལྟ་བ་ཆོས་ཐམས་ཅད་ཆད་པར་ལྟ་ན།། དངོས་པོ་དང་མཚན་མའི་རྒྱུ་དང་འབྲས་བུ་ལ་སོགས་པ་རང་བཞིན་མེད་པ་ཆེན་པོའི་ངང་དུ།། མི་གནས་པར་ཆད་པས།། ལྟ་བ་མངོན་དུ་གྱུར་པའི་འཕྲན་ལས་སོ།། དེ་བས་ན་ལྟ་བའི་འཕྲིན་ལས ་ཐམས་ཅད་ནས་ཐམས་ཅད་དུ།། རྩོལ་བ་དང་བྲལ་ཞིང་སངས་རྒྱས་པའི་ལྟ་བ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། ལྟ་བའི་རྒྱལ་པོ་དེ་བཞིན་གཤེགས་པའི་ལུང་།། དོན་དང་བཀའ་ལས་བཀྲོལ་ཏེ་བཤད་པར་བྱའོ།། འཛིན་རྟོག་མེད་པར་གང་ལྟ ་པ་འདི་ཡང་ལྟ་བའི་འཕྲིན་ལས་མཆོག། འཕོ་འགྱུར་མེད་པར་གང་ལྟ་བ།། འདི་ཡང་ལྟ་བའི་འཕྲིན་ལས་མཆོག། སྐྱེ་ཤི་མེད་པར་གང་ལྟ་བནས་འདི་ཡང་ལྟ་བའི་འཕྲིན་ལས་སོ།། བྱ་བརྩལ་མེད་པར་གང་ལྟ་བ། འདི་ཡང་ལྟ་བའི་འཕྲིན་ལས་མཆོག ་ཡང་ས་དོག་མེད་པར་གང་ལྟ་བ།། འདི་ཡང་ལྟ་བའི་འཕྲིན་ལས་མཆོག། རྒྱུ་འབྲས་མེད་པར་གང་ལྟ་བ།། འདི་ཡང་ལྟ་བའི་འཕྲིན་ལས་མཆོག། ཐམས་ཅད་ང་ཡིན་གང་ཤེས་པ།། འདི་ཡང་ལྟ་བའི་འཕྲིན་ལས་སོ།། ལྟ་བའི་རྒྱལ་པོ་ན་མཁའ ་ལ། ཡོངས་ལ་ཁྱབ་ཅིང་དོག་པ་མེད།། ཕྱོགས་ལ་བརྡལ་ཞིང་འགྱུར་བ་མེད།། ལྟ་བ་འདི་ལ་གང་གནས་པ།། དེ་ནི་ལྟ་བའི་འཕྲིན་ལྔས་ཡིན།། འདི་དང་མི་ལྡན་སྐྱེ་བོ་རྣམས།། ཇི་ལྟར་ལྟས་ཀྱང་དོག་པའི་ལམ། དོན་གྱི་ཤེས་པ་འབྱུང་བ་དཀོན། ་འདི་འདྲེན་པ་ཡི་ལམ་མཆོག་དུ།། རྒྱལ་བ་ཉིད་ཀྱིས་སྙིང་པོར་གསུངས།། འདི་འདྲ་ཞེས་ནི་བསྟན་དཀའི་ཕྱིར།། འཕྲིན་ལས་ཐ~ཾད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལས།། ལྟ་བའི་སྐབ་སྦྱོར་གྱི་ལེའུ་སྟེ་བཞི་པའོ།། ་ད་ནི་སྒྲུབ་པའི་འཕྲིན་ལས་ཀྱི་སྐབས་སྦྱོར་འདི་ཡིད་ལ་གཟུང་ཅིག། དེ་ལ་སངས་རྒྱས་ཀྱི་སྒྲུབ་པ་གང་ཡིན་པ།། སེམས་ཅན་གྱི་བརྩོལ་བ་ཡི་ལ།། སེམས་ཅན་གྱི་བརྩོལ་བ་ཉིད་སངས་རྒྱས་ཀྱི་རྩོལ་བར་འགྱུར་བས།། སྐུ་དང་ཕྱག་རྒྱར་སྦུབས ་ཀྱང་རུང་། མ་སྦུབས་ཀྱང་རུང་བསྒྲུབས་པའི་འཕྲིང་ལས་རྫོགས་ཀྱང་རུང་། མ་རྫོགས་ཀྱང་རུང་བ་སྒྲུབ་པའི་དངོས་གྲུབ་ཐོབ་ཀྱང་རུང་བམཐོབ་ཀྱང་རུང་འཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་སྒྲུབ་པ་སཱུ་དྲ། ་ཕྱག་རྒྱར་སྨྲ་བ་ནས་ས་སྐྲ་དང་ཕྱ་རྒྱ་ལ་སོགས་ཐ~ཾད་འབྱུང་བ་ཡང་བདག་ཉིད་ལས་འབྱུང་ལ་འཐོབ་ཀྱང་བདག་ཉིད་ལས་ཐོབ་པ་རང་ལ་རང་ཆས་ཡོད་པས་སྒྲུབ་པའི་གཞུང་མ་ནོར་པོའི་འཕྲིན་ལས་སོ།། སྒྲུབ་པ་མ་སྒྲུབས་ན།། ཆོས་ཐམས་ཅད་ཡེ ་ནས་ལྷུན་གྱིས་གྲུབ་པའི་ངོ་བོར་གནས་པས། ཡེ་ནས་ཐོབ་པ་ལ་རྩལ་མི་དགོས་པས།། སྒྲུབ་པ་ལྷུན་གྱིས་གྲུབ་པའི་འཕྲན་ལས་སོ།། བསྒྲུབ་པའི་འཕྲིན་ལས་རྫོགས་ན།། རིག་པའི་ཀློད་དུ་གྱུར་པ་ལ། ལས་དང་བྱ་བ་ཚང་ཞིང་དོན་དང་མན་ངག ་རྫོགས་པས།། སྒྲུབ་པ་ཐོགས་པ་མེད་པའི་འཕྲིན་ལས་སོ།། སྒྲུབ་པའི་འཕྲིན་ལས་མ་རྗོད་ན།། དོན་གྱི་མན་ངག་གཞན་ལ་ཤར་བ་ལ།། གཉིས་སུ་མེད་ཅིང་བརྩལ་བ་ལས་མ་གྲུབ་པས་མ་རྫོགས་སུ་ཟད་པས།། སྒྲུབ་པ་ལ་བརྩལ་བ་མེད་པའི་འཕྲིན ་ལས་སོ།། སྒྲུབ་པའི་དངོས་གྲུབ་ཐོབ་ན། དོན་འདི་ཉིད་ཡིན་པར་ཡིད་ཆེས་ནས།། ཤེས་པ་རྗེད་དུ་ཆུད་རིག་པ་ནང་ནས་གསལ།། མན་ངག་ངེས་པར་ཐོབ་པས།། སྒྲུབ་པ་མཐར་ཕྱིན་པའི་འཕྲིན་ལས་སོ།། སྒྲུབ་པའི་དངོས་གྲུབ་ཐོབ་ན་ཨ་ཡེ་ནས་ཀུན་ཏུ ་བཟང་པོ་ལ་གྲུབ་ཀྱང་གཞན་དུ་མ་སྤངས་ལ།། མ་གྲུབ་ཀྱང་མེད་ཅིང་གཞན་དུ་ལུས་པའི་རྒྱུ་མེད་པས།། སྒྲུབ་པ་ཚང་ཞིང་རྫོགས་པའི་འཕྲིན་པས་སོ།། དེ་བས་སྒྲུབ་པའི་འཕྲིན་ལས་དུས་བསུམ་དུ་མ་ཡེངས་པར་སྒྲུབ་པ་སྟེ།། དེ་ལ་འདི་སྐད་ཅེས ་བརྗོད་པར་བྱའོ།། སྒྲུབ་པའི་རྒྱལ་པོ་སངས་རྒྱས་རྣམས་ཀྱི་བཀའ།། ཚུལ་འཆང་གཞུང་ལས་བྱེ་བྲག་བཤད་པར་བྱའོ།། རྒྱུད་ཉིད་དག་པར་གང་སྒྲུབས་པ།། འདི་ཡང་སྒྲུབས་པའི་འཕྲིན་ལས་ཡིན།། རྩོལ་གྲུབ་མེད་པར་གང་སྒྲུབ་པ།། འདི་ཡང ་སྒྲུབ་པའི་འཕྲིན་ལས་སོ། མ་བརྩལ་བཞག་པར་གང་སྒྲུབ་པ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། བཅོས་མེད་སྙིང་པོར་གང་སྒྲུབ་པ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། མཉམ་པ་ཉིད་དུ་གང་སྒྲུབ་པ།། འདི་ཡང་། ་སྒྲུབ་པའི་འཕྲིན་ལས་ཡིན།། ཐིག་ལེ་ཆེན་པོར་གང་སྒྲུབ་པ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། མ་བཀག་ཀློང་དུ་གང་སྒྲུབ་པ། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན།། ཀུན་ཏུ་བཟང་པོར་གང་སྒྲུབ་པ། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན། ་སྒྲུབ་པའི་རྒྱལ་པོ་རྩོལ་བ་ལ།། ཐ~ཾད་སྒྲུབ་པས་ཐ~ཾད་འགྲུབ།། འདི་ཡང་སྒྲུབ་པའི་འཕྲིན་ལས་ཡིན་ནས་གྲུབ་ཙམ་ཉིད་ན་གྲུབ་པ་མེད།། སྒྲུབ་མེད་རྩལ་ན་རྫོགས་ཀྱང་རྫོགས་ནསྙིང་པོ་བྱང་ཆུབ་བཅོས་མེད་པ།། རྒྱུ་འབྲས་མེད་པའི་དངོས་གྲུབ་འདི།། སངས ་རྒྱས་བྱང་ཆུབ་ཉིད་ཀྱིས་མཁྱེན།། གང་ལ་ཕྱོགས་ཆར་བསྟན་པ་འདི། ད་ནི་བདེ་གཤེགས་སྙིང་པོ་མེད།། དོན་དང་འཐུན་པའི་རྣལ་འབྱོར་པས།། དོན་ལ་ཐེ་ཚོམ་མེད་པའི་བློས།། བསྔགས་པ་བློ་ལྡན་འདི་ལྟར་བསྒྲུབ།། དེ་ནི་ནམཁར་འགྲོ་ཞེས་བཤད ་ཕ་དང་མ་ལ་སོགས་པ་དང་།། བུ་དང་ཆུང་མ་གང་ཡིན་པ།། ཡིད་འོང་ཆགས་པའི་གནས་ཆེན་དེ།། རྟོག་པས་བསྒྲལ་བ་བསྒྲུབ་པ་བརྩལ།། བྱང་ཆུབ་སྙིང་པོར་འགྲུབ་ཞེས་བཤད།། དེ་སྐད་ཅེས་སྟོན་པས་བཀའ་སྩལ་པ་དང་། རྡོ་རྗེ་སས་དཔའ་རྟོག་པ ་སྐྱེས་ནས་དང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་པ་དང་མ་ལ་སོགས་པ་ལ། མཚམས་མེད་པ་ལྔ་ལ་སོགས་པའི་དེ་སྒྲུབ་པའི་མཆོག་ཏུ་གསུང་བ་སྟེ།། ཨེ་མ་ཧོཿ། ངོ་མཚར་ལགས་ན། ཞེས་གསོལ་པ་དང ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ཕ་རིག་པ་དང་། མ་འདོད་ཆགས་དང་། བུ་སྙིང་རྗེ་དང་། ཆུང་མ་ཉོད་མོངས་པ་དང་། ཡང་འོངས་གཉེན་སྡུག་རྟག་ཆང་རྣམས་ནི།། རང་བཞིན་གྱིས་མི་གནས་པས་ན།། དེ་མ་སྐྱེས ་པ་འདི་རང་འབྱུང་དུ་བསྒྲལ་ན།། སྙིང་པོ་བྱང་ཆུབ་སེམས་ཀྱིས་དོན་མ་ནོར་བར་རྟོགས་པ་ཡིན་ཏེ།། དེས་ན་འདི་སྐད་ཅེས་བཤད་པར་བྱའོ།། རྣལ་འབྱོར་རྟོགས་པའི་སྒྲུབ་པ་ནི། མ་བསྒྲལ་ཕ་བསྒྲལ་གདོད་ནས་དག། ཆུང་མ་བུ་བསྒྲལ་རྣམ་རྟོག ་མེད།། ཡིད་འོང་གཉེན་བསྒྲལ་བདེ་བ་ཐོབ།། སངས་རྒྱས་འབྲས་བུ་ཐག་མི་རིང་།། གོམས་ལྡན་སྐྱེས་བུས་གྲུབ་པར་བྱོས།། དེ་སྐད་ཅེས་བཀའ་སྩལ་པས།། རྡོ་རྗེ་སེམས་དཔའ་འགྱོད་པ་སྐྱེས་ནས།། ཤིང་ཏུ་གདུངས་པས་འདི་སྐད་ཅེས་གསོལ་ཏོ།། ་ཆོས་ཀྱི་དབྱིངས་ལ་སྤྲོས་པ་མེད་པ་ལ།། གཟུག་ནི་གཉིས་སུ་ལྟ་བ་ཐང་རེ་ཆད།། དངོས་པོ་མཚན་པར་འཛིན་པ་ཉོན་རེ་མོངས།། སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱིས།། ཀུན་ཏུ་བཟང་པོ་བཟུང་ངན་མེད་ལྔ།། གཙང་དང་རྨེ་བར་བལྟ་བ་ཐང ་རེ་ཆང་བཟང་དང་ངན་པར་འཛིན་པ་ཉོན་རེ་མོངས།། ཀུན་བཟང་བདེ་ཆེན་ཀློང་དུ་བཤགས་པར་བགྱི།། མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ།། བདག་དང་གཞན་དུ་བལྟ་བ་ཐང་རེ་ཆད།། ཆེ་ཆུད་གཉིས་སུ་འཛིན་པ་ཉོན་རེ་མོངས།། མཉབ་ཉིད་བདེ་ཆེན་ཀློང ་དུ་བཤགས་པར་བགྱིས།། བྱང་ཆུབ་སེམས་ལ་སྐྱེ་ཤི་མེད་པ་ལ།། འདི་དང་ཕྱི་མར་བལྟ་བ་ཐང་རེ་ཆད།། སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས།། འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱིས།། ཐིག་ལེ་ཆེད་པོར་གྲཝ་ཟུར་མེད་པ་ལ།། གཟུགས་དང་རྫས ་སུ་བལྟ་བ་ཐང་རེ་ཆང་།། གྲཝ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས།། སྤྲོས་མེད་ཐིག་ལེའི་ཀློང་དུ་བཤགས་པར་བགྱིས།། དུས་གསུམ་འགྱུར་བ་མེད་པའི་རང་བཞིན་ལ།། ཐོག་མ་ཐ་མར་བལྟ་བ་ཐང་རེ་ཆད།། འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས ་དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱིས།། རང་བྱུང་ཡེ་ཤེས་བརྩལ་བ་མེད་པ་ལ།། རྒྱུ་དང་འབྲས་བལྟ་བ་ཐང་དེ་ཆང་།། རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་དེ་མོངས།། རང་བྱུང་བརྩལ་མེད་ཀློང་དུ་བཤགས་པར་བགྱིས།། རིག་པའི་ཡེ་ཤེས ་གཟུང་འཛིན་མེད་པ་ལ།། རྟག་ཆད་གཉིས་སུ་བལྟ་བཐང་རེ་ཆད།། གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས།། རིག་པའི་ཡེ་ཤེས་ཀློང་དུ་བཤགས་པར་བགྱིས།། ཆོས་དབྱིངས་རྣམ་དག་སྤྲོས་པ་མེད་པ་ཉ། ་ཤེས་དང་ཤེས་བྱར་ལྟ་བ་ཐང་རེ་ཆད།། མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས།། ཆོས་དབྱིངས་རྣམ་དག་ཀློང་དུ་བཤགས་པར་བགྱིས།། གཞལ་ཡས་ཁང་ལ་ཡང་ས་དོག་མེད་པ་ལ།། ཕྱི་ནང་གཉིས་སུ་བལྟ་བ་ཐང་རེ་ཆད།། ཡང་དོག་གཉི་སུ་འཛིན་པ ་ཉོན་རེ་མོངས།། ཡང་ངོག་མེད་པའི་ཀློང་དུ་བཤགས་པར་བགྱིས།། ཡུམ་གྱི་མཁའ་ལ་མཐོ་དམན་མེད་པ་ལ།། སྟེང་འོག་གཉིས་སུ་ལྟ་བ་ཐང་རེ་ཆད།། མཐོ་དམན་གཉིས་སུ་འཛིན་པ་ཉོན་དེ་མོངས།། བ་ཀ་ཡངས་པའི་ཀློང་དུ་བཤགས་པར་བགྱིས། ་ཆོས་ཀྱི་སྐུ་ལ་གཉིསུ་མེད་པ་ལ།། ཕྱི་ནང་གཉིས་སུ་ལྟ་བ་ཐང་རེ་ཆད།། སྣོད་བཅུད་གཉིསུ་འཛིན་པ་ཉོན་རེ་མོངས།། ཆོས་སྐུ་འགྱུར་མེད་གློང་དུ་བཤགས་པར་བགྱི།། མ་རིག་རྨོངས་པའི་ཀློང་འདི་སྙིང་རེ་རྗེ།། སྐྱེ་མེད་ཆོས་ལ་ང་དང་བདག ་རྟོགས།། གང་ཟག་འཁྲུལ་པའི་སེམས་འདི་རང་ཉིད་བཀོལ།། གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན།། སྣང་སྲིད་སྒྱུ་མ་ཡིན་པར་མི་ཤེས་པས།། ཟང་ཟིང་ནོར་ལ་སེམས་ཀྱི་ཆགས་པ་སྐྱེས།། འཁོར་བ་རང་དབང་མེད ་པར་མི་ཤེས་པར།། གཉེན་ཤེས་འཁྲུལ་པའི་གྲོགས་ལ་རྟག་པར་འཛིན།། མི་ཤེས་སྐྱེ་བོའི་བློ་འདི་ཡེ་རེ་འཁྲུལ།། བདེན་པའི་དོན་པོར་ཡི་དག་ས་ལས་ལ་བཙན།། སྟོན་པའི་བཀའ་བོར་མི་ཆོས་གཡེངས་པ་སྲ་བསླུས།། མ་རིག་དོན་མེད་གཡེངས་པའི། ་ལས་ལ་བརྩོན།། འདི་འདྲའི་དོན་མེངད་སེམས་ཅན་སྙིང་རེ་རྗེ།། དབྱེ་སྲི་མེད་པའི་ཀློང་དུ་བཤགས་པར་བགྱིས།། ཞེས་རྡོ་རྗེ་སེམས་དཔས་འགྱོད་ཅིང་བཤགས་སོ།། དེ་ནས་སྟོན་པས་བཀའ་སྩལ་པ།། མན་ངག་འདི་ལས་གང་སྒྲུབ་པ།། འདི་ནི་སྒྲུབ་པའི་འཕྲི ་ལས་ཡིན།། སྒྲུབ་པའི་རྒྱལ་པོ་མན་ངག་ཆེ།། ཀུན་ལ་སྙོམས་པའི་ཐུགས་རྗེ་མཛོད།། ཀུན་ལ་ཁྱབ་པའི་རིན་པོ་ཆེ།། དེ་ཡིས་འདོད་དགུ་སྒྲུབ་ཞེས་བཞེད།། གང་ཞིག་འདྲི་ལྟར་མི་ཤེས་པས།། རྣལ་འབྱོར་གྲུབ་པའི་འཕྲིན་ལས་འདིས།། སྒྲུབ་པའི་དོན་མེད་ཐོབ་པ ་དཀའ།། ཕྱིན་པའི་དུས་མེད་ཐར་པ་རིང་།། འདི་ནི་སྒྲུབ་པའི་དམ་པ་སྟེ། སེམས་ཅན་རྣམས་ཀྱིས་འདྲེན་པར་གསུངས།། ཐམས་ཅད་ཉིད་དུ་འདིས་སྒྲུབ་པོའཕྲིན་ལས་ཀྱི་རྒྱལ་པོ་སྒྲུབས་སྦྱོར་བདུན་པའི་རྒྱུད་ལས།། སྒྲུབ་པའི་སྐབས་སྦྱོང་བའི ་ལེའུ་སྟེ་ལྔ་པ་འད།། ། ད་ནི་སྤྱོད་པའི་འཕྲིན་ལས་ཀྱི་སྐབས་སྦྱོར་བ་འདི་ཡིད་ལ་ཟུང་ཤིག། དེ་ལ་སངས་རྒྱས་ཀྱི་སྤྱོད་པ་གང་ཡིན་པ་དེ་སེམསས་ཅན་གྱི་ལས་ཡིན་ལན་སེམས་ཅན་གྱི་ལས་གང ་ཡིན་པ་སྟེ་སངས་རྒྱས་ཀྱི་སྤྱོད་པ་སྟེ།། ཕྱིརའི་ཡུལ་ལ་སྤྱོད་ཀྱང་རུང་། མི་སྤྱོད་ཀྱང་རུང་། དེ་བཞིན་དུ་ནང་གི་སེམས་དང་གཉིས་སུ་མེད་པའི་བྱང་ཆུབ་སེམས་ལ་སོགས་པ། སྤྱོད་པའི་འཕྲིན་ལས་ཇི་ལྟར་མཛད་ཀྱང་རུང་། ཇི་ལྟར་མི་མཛད་ཀྱང་དུང་སྟེ། ་འཕྲིན་ལས་ཀྱི་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཕྱིའི་ཡུལ་འབྱུང་བ་ཆེན་པོ་ལྔ་དང་། འདོད་པའི་ཡོན་ཏན་ལྔ་ལ་སོགས་པ། དངོས་སུ་སྣང་ཞིང་རི་ལ་སུ་སྣང་བ་འདི་དག་ཐཾད། སྣང་ཡང་ཆོས་ཉིད་དག་པའི་རྒྱན་དུ་སངས་རྒྱས ་ཀྱི་མཛད་སློང་དུ་གནང་ལ། སྤྱོད་ཀྱང་ཡིས་ཐབས་ཀྱི་རོལ་པར་སྤྱོད་པས། སྤྱོད་པ་གཞུང་དང་འཐུན་པའི་ཕྲིན་ལས་སོ།། སྤྱོད་པས་ཕྱིའི་ཡུལ་ལ་མི་སྤྱོད་ན།། ཡེ་ཤེས་ལ་གཟུང་འཛིན་སྤངས་ལ།། ཆོས་ཉིད་ལ་རྣམ་པར་རྟོག་པ་མེད་པས་ན་སྤྱོད་པ་རྩ ་བ་མེད་པོའི་འཕྲིན་ལསོ།། དེ་བཞིན་དུ་ནང་གི་སེམས་དྲན་པ་དང་ཤེས་བཞིན་རིག་པ་དང་འཛིན་པ་ལ་སྤྱོད་ན། དྲན་རིག་ཐཾང་ཡིས་ཀྱི་བཐུང་དུ་ཆུད་པ་སྟེ། སྤྱོད་ཀྱང་དྲན་པའི་རྩོལ་བ་རང་རིག་པའི་ཡིས་སུ་སྤྱོད་པས། སྤྱོད་པ་དོན་དང་མི་འགལ་པའི་འཕྲིན་ལས ་སྤྱོད་པས་ནང་གི་སེམས་དྲན་རྩོལ་དུ་མི་སྤྱོད་ན།། རྣམ་པར་མི་རྟོག་པའི་དོན་གྱི་ཡེ་ཤེས་སུས་ཀྱང་མ་བྱས་མ་བཅོས་པས། རང་བཞིན་མི་འགྱུར་བའི་དོན་ལ་སྤྱོད་པས།། སྤྱོད་པ་རྩོལ་གྲུབ་དང་བྲལ་བའི་འཕྲིན་པས།། ། ་སྤྱོད་པ་ཐམས་ཅད་གཉིས་སུ་མེད་པར་སྤྱོད་ན། ཕྱིའི་ཡུལ་ཡང་ནང་གི་སེམས་གཉི་སུ་མེད་པས་སྟོང་པའི་ཞིང་། ནང་གི་སེམས་ཀྱང་ཕྱིའི་ཡུལ་དང་གཉིས་སུ་མེད་པར་མ་བཅོས་པ། དེ་ཡང་གཉིས་སུ་མེད་པའི་བྱང་ཆུབ་སེམས་སུ་ལྷུན་གྱིས་གྲུབ་པས ་འདུ་འབྲལ་མེད་པའི་ཀློང་དེ་ཉིད་འདུས་མ་བྱས་པར་སྤོང་བས་ན་སྤྱོད་པ་མཐར་ཕྱིན་པའི་འཕྲིན་ལས་སོ།། སྨོད་པ་གཉིས་སུ་མེད་པར་སྤྱོད་ན། དེ་ནས་བྱས་ཟིན་པ་ལ་ང་རྩོལ་ན་ནད་དུ་འགྱུར་བས། དེ་དག་རྒྱུ་འབྲས་གང་ལ་ཡང་རག་མི་ལུས་པའི་དོན ་ཡིན་པས། སྤྱོད་པ་ཡེ་ནས་ལྷུན་གྱིས་གྲུབ་པའི་འཕྲིན་ལསོ།། དེ་བས་ན་སྤྱོད་པའི་ཕྲིན་ལས་ནི། ཐ~ཾད་དུ་བདེ་བ་ཆེན་པོ་ལོངས་སྤྲོང་རྒྱན་དུ་སྐྲོད་པ་སྟེ། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ།། སྤྲོད་པའི་རྒྱལ་པོ་བདེར་གཤེགས་རྣམས་ཀྱི་ལས། ་རྣལ་འབྱོར་ཐུགས་ཀྱི་སྦྲམ་བུ་དམ་པོ་ལས།། ངེས་པར་གས་ལ་བའི་ལྡེ་མིག་སྒོ་ཕྱེ་ནས།། རྒྱལ་བའི་བཀའ་ལས་ཕྱུང་སྡེ་བཤད་པར་བྱའོ།། ཕྱི་ནང་ཆོས་རྣམས་ཐཾད་ལ།། དམིགསོ་པ་མེད་པ་གང་སྤྱོད་པ།། འདི་ཡང་སྨོད་པའི་འཕྲིན ་ལས་ཡིན།། འཁོར་བའི་ལས་རྣམས་ཐད་ལ། རྟོགས་དང་ལྡན་པས་གང་སྤྱོད་པ།། འདི་ཡང་སྤྱོད་པའི་འཕྲིན་ལས་ཡིན།། བདག་དང་བཞིན་དུ་སྣང་བ་རྣམས།། གཉི་སུ་མེད་པ་གང་སྤྱོད་པ།། འདི་ཡང་སྤྱོད་པའི་འཕྲིན་ལོས་ཡིན།། ་ཕྱོགས་དང་རིགསུ་སྣང་བ་རྣམས།། གཉིས་མེད་རྒྱལ་པོར་གང་སྤྱོད་པ།། འདི་ཡང་སྤྱོད་པའི་འཕྲིན་ལས་ཡིན།། ལས་ནི་སངས་རྒྱས་ལས་ཡིན་ལ།། སྤྱོད་པ་སངས་རྒྱས་ཉིད་དུ་སྤྱོད།། རོལ་པ་ཐབས་དང་ཤེས་རབ་ལ།། འདོད་པ་ཐ ་ཀྱི་ལོངས་སྤྱོད་ཀྱིས།། སྤྱད་པ་གཉིས་སུ་མེད་པར་སྤྱད།། དེ་ནས་རྣལ་འབྱོར་རྫོགས་ལྡན་གྱིས་ཀསྤྱོད་པའི་འཕྲིན་ལས་འདི་ཙམ་སོ།། ཧཱུཾ་རང་ག་སེམས་ཉིད་གདོད་ནས་མ་དག་ན།། འཕྲལ་དུ་ཕྱོགས་ཙམ་བསྒོམ་པས་དག་མི་འགྱུར། ་ཆོས་ཉིད་བཙོས་མེད་ཡེ་ནས་ཡིན་ཤེས་ན།། དེ་བཞིན་ཉིད་ཀྱི་ཏིང་འཛིན་མ་སྒོམ་གསལ།། ཐབས་ཀྱི་རྩ་བ་སྙིང་རྗེར་མ་ཤར་ན།། འཕྲལ་གྱི་ཕྱོགས་ཆས་ཡོངས་ལ་ཁྱབ་མི་འགྱུར།། བརྡལ་བ་ཆེན་པོ་བློ་ཡིས་སྤྱིར་ཁྱབ་པ།། ཀུན་ཏུ་སྣང་གི ་ཏིང་འཛིན་པ་བསྒོ་མཱ་གསལ།། རྒྱུ་ཉིད་དག་པའི་དོན་ཉིད་མ་ཤེས་ན།། འཕྲལ་གྱིས་དམིགས་པས་རང་རིག་གསལ་མི་འགྱུར།། ཡེ་ནས་ཡིན་པས་རང་སེམས་གསལ་རྟོགས་ནས།། རྒྱུའི་ཏིང་འཛིན་དེ་ཉིད་མ་སྒོམས་གསལས་རང་རིགས ་བཙམ་གྱིས་ཡོངས་ལ་མ་བརྡལ་ན།། འཕྲལ་དུ་འཕྲོ་འདུས་ཉོན་མོངས་དངས་མི་འགྱུར།། སྐད་ཅིག་ཙམ་ལ་རང་བྱུང་ཉི་ཤར་ན།། ཡོངས་སུ་རྫོགས་པའི་ཏིང་འཛིན་མ་སྒོམ་གསལ།། གཉིས་མེད་ཡུམ་ཆེན་བྷ་ག་མ་མ་རྟོགས་ན།། འཕྲལ་དུ ་ཡུམ་མཆོག་བསྐྱེད་པས་སྐུ་མི་རྫོགས།། ཤེས་རབ་ཕ་རོལ་ཕྱིན་པར་དབྱེར་མེད་ན།། སྙིང་རྗེ་རྩཝ་མཆོག་ཐབས་དང་ཤེས་རབ་རྫོགས། སེམས་ཀྱི་དབང་ཕྱུག་འདོད་དགུང་མ་ཤེས་ན།། འཕྲལ་ཐབས་ཡེ་ཤེས་ལྔའི་དབང་མ་འཆགས། ་ཀུན་གཞི་རྩ་བས་ཕྱོགས་བཅུང་དབང་སྒྱུར་བས།། ཡེ་འཇམ་ཆེན་པོའི་དབང་མཆོག་མ་སྐུར་རྫོགས།། དགོངས་པའི་བྱིན་རླབས་ཐེག་ཆེར་མ་བརླབས་ན།། འཕྲལ་གྱི་དགོངས་པས་སྐུ་གསུང་ཐུགས་མ་རློབས།། རང་བྱུང་བདེ་བས་ཁམས་གསུམ ་བྱིན་རླབས་པས།། སྐུ་གསུང་བྱིན་རླབས་ཆོམ་ཁྲུལ་རང་བཞིན་ཚང་།། ཡིད་ཀྱི་མཆོད་པས་སྟོང་གསུམ་མ་ཁྱབ་ན།། འཕྲོ་འདུ་ཡུད་ཙམ་རྒྱལ་བ་མཉེས་མི་འགྱུར།། ཡོངས་ལ་ཁྱབ་པའི་མཉེས་པ་རྒྱུན་མེད་ན།། མཆོད་པའི་ཆོམ་འཕྲུལ་དོན་དུ་མ ་སྒོམ་ཚང་།། དགོད་པ་ཡིད་ཀྱི་ཏིང་འཛིན་མ་གསལ་ན།། འཕྲལ་དུ་འཕྲོ་འདུས་རིག་པའི་ལྷ་མི་གསལ།། ཆོས་ཉིད་རང་གསལ་དོན་གྱི་ཏིང་གོན།། ཏིང་ངེ་འཛིན་གྱི་ཆོམ་འཕྲུལ་མ་སྒོམས་གསལ།། དོད་ཀྱི། ་སྙེན་པ་ཁོང་ནས་མ་ཤར་བ།། འཕྲལ་དུ་མཚན་མར་བརྗོད་པས་གྲུབ་པ་མིན།། ཡིད་ཀྱི་བཟླས་བརྗོད་དུས་དང་རྒྱུན་མེད་ན།། རྣལ་འབྱོར་བསྙེན་པའི་ཆོ་ག་ཡང་དག་རྫོགས།། རྣམ་སྨིན་ལས་ཀྱིས་བརྔས་པའི་སྲིན་པོ་དང་།། ཉོན་མོངས་འདམནས ་འཁོར་བའི་རུ་ཏྲ་རྣམས།། རྟོགས་དང་ལྡན་པའི་ལྟ་བསམ་བསྩལ་ན།། མཚན་མར་བསྒོམས་པས་རྟོགས་པའི་གནས་མ་འཇོངས།། རྣལ་འབྱོར་རྣམས་ལ་དོན་དུ་འདི་ལྟར་བདེ།། མ་སྐྱེས་ཕྱིར་ན་ཐམས་ཅད་གསད་པའི་རིགས།། དངོས་པོ་མེད་པ་འདི་དག ་གྲུབ་པའི་རྫས།། ཞེན་ཆགས་ཆེ་བས་མི་བཞག་བསྒྲལ་བར་བྱའོ།། ལོག་པར་བལྟ་བས་དོན་གྱི་ཙི་ཏ་དབྱུང་།། རྒྱུ་འབྲས་སླུ་བས་ཕུང་པོ་དུག་གསུམ་སྦྱང། ཉོན་མོངས་རྩད་བཅད་ནང་ཁྲོལ་ཐབས་ཀྱིས་དྲང་། དགོངས་པའི་ཏིང་འཛིན་གསལ་བས་དོན ་དུ་ཅིག། ནམ་མཁའི་ཁམས་ལྟར་དོན་དུ་ཐུག་པ་མེད།། སྐྱེ་མེད་བྱང་ཆུབ་སེམས་ནི་ཡན་དུ་ཁྱེར། མཐའ་ལ་ཐུག་པ་མེད་པས་དབྱིངས་ལ་གཡོ་བ་མེད།། ཆོས་སྐུ་འགྱུར་མེད་དུས་གསུམ་ཀློང་ན་བཞུགས།། བྱང་ཆུབ་ཉིད་དེ་དོན་དུ་འཁྲུལ་པ་མེད།། མ་བཅོས ་ཐིག་ལེ་དུ་ཁྲོད་ཅིག་ཏུ་མཁྱིལ།། རྟག་ཆང་མཚན་མར་མ་ཡིན་ཀློང་ནས་བརྡལ།། འདུ་འབྲལ་མེད་པའི་བྱང་ཆུབ་སེམས་ཆེན་པོ།། བདེ་བ་ཆེན་པོའི་དྲོད་ནི་ཉམས་སུ་མྱོང་།། མི་སྐྱེ་མ་འགག་ཀློང་དུ་འཕྲིན་ལས་རྫོགས།། ཐིག་ལེ་དགུ་ནི་དབྱིངས་ན་གསས ་རྣམ་ཤེས་དགུ་ནི་ཀློང་ན་འཕྱོ།། ཧེ་རུ་དགུ་ནི་རོལ་པ་མཛད།། ཡེ་ཤེས་དགུ་ནི་མྱ་ངན་འདས།། ཐིག་ལེ་དགུ་ནི་དོན་ལགས་ལ།། ཕྲིན་ལས་དགུ་ནི་མཁའ་ལ་རྫོགས།། ལུང་ཆེན་དགུ་ནི་མཁའ་ལས་གྲོལ།། བླ་གམ་དགུ་ནི་ཡུམ་གྱི་དབྱིངས། ་སྣང་གསལ་དགུ་ནི་རིག་པའི་གདེང་།། དག་པོ་སྐྱེས་བུ་ཆེན་པོའི་ལྷ།། རྡོ་རྗེ་ལ་ཡང་ཉིད་འབྱོར་པས། དང་དོན་དུ་ཡང་སྒྲུབ་པའི་ལྷ།། གཞན་ནས་སངས་རྒྱས་ཉིད་མེད་པས།། དུ་གསུམ་རྒྱལ་བས་འདི་བསྔགས་པའོ།། དེ་ནས་རྡོ་རྗེ་སེམས། ་དཔས་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་ཧོ། ངོ་མཚར་རབ་འབྱམ་གྱིས། སངས་རྒྱས་སྤྱོད་པ་ཁྱད་པར་ཆེའོ།། ཇི་ལྟར་སྤྱད་ཀྱང་དོན་དང་མཐུན།། འདྲེན་པའི་ལྷ་ལ་ཕྱག་འཚལ་བསྟོད།། ཅེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁམས ་གསུམ་གྱི་སེམས་ཅན་ཐམས་ཅད་རྒྱུ་རྣམ་པར་དག་པ་མ་རྟོགས་པས།། ལས་དང་སྤྱོད་པ་ཐམས་ཅད་འཁོར་བའི་རྒྱུད་ཉིད་དུ་གོལ་བས།། རྣལ་འབྱོར་པ་གསར་བུ་དོན་མ་རྟོགས་པས།། ཐེ་ཙོམ་ཟ་བ་ལ་གང་ཟག་ར་ཆོད་མཁན་གྱིས ་བཀའ་ཕྱིན་ཅི་ལོག་ཏུ་བསླང་།། རྒྱུ་ལས་ལོག་པར་ཁྲིད།། དྲག་ཤུལ་བཙན་ཐབས་ལ་ནི་སྟོན་པ་འཇིག་རྟེན་སྒྲོན་མས་ཀྱང་མ་བཏུལ།། ང་རྒྱལ་གྱི་བརྩན་ཚིག་ལ་བྱམས་པའི་ཏིང་འཛིན་གྱིས་ཀྱང་མ་བསྒྱུར།། གཏི་མུག་གི་ཚེ་དག་ལ་ཞི་བའི་ཆོས ་ཀྱི་ཀྱང་མ་ཁྲོལ་བ།། ལྟ་བ་མེད་པའི་ར་ཆོད་དམ་ཚིག་ཉམས་པའི་གཟུ་ལུམས། སྤྱོད་པ་རྩིང་པོའི་ཐོ་ཚོ།། མན་ངག་མེད་པའི་བརྩན་སྦྱོར། སྙིང་རྗེ་མེད་པའི་བརྩན་སྒྲོལ། ཐར་པའི་ལམ་ནུབ་ཅིང་། བདེན་པའི་གཞུང་ཤོར་བའི་གང་ཟག་སྲན ་པོའི་སྤྱོད་པ་བྱེད་པ་རྣམ།། དང་པོ་ཐབས་ཀྱིས་འདུལ་བའི་ཕྱིར། ཨོཾ་ཧ་ཧེ་ཕཊ་བྷྱོ། དེ་ནས་དྲག་པོས་འདུལ་བར་མཛད་པའི་ཕྱིར། གུ་ཧྱ་རུ་ཀ་རུ་ཏྲ་ཚལ་པ་ཧ་ན་ཧ་ན་ཧཱུཾ་ཕཊ། དེ་ནས་མངོན་སྤྱོད་ཀྱིས་འདུལ་བའི་ཕྱིར། གུ་ཧྱ་རུ་ཏྲ་མ་ར ་ཡ་སྥ་བན་ཙན་ཀྲ་པྲ་བེ་ཤ་ཡ་ཕཊ། དེ་ནས་རྣམ་ཤེས་ཧཱུཾ། དེ་ནས་ཕུང་པོ་བྷྲཱུཾ། དྲི་ནས་དུབ་གསུམ་ཕཊ། དེ་ནས་རྒྱུ་དྲུག་ཧཾ། དེ་ནས་ལྟ་བས་འདུལ་བར་མཛད་པའི་ཕྱིར། ཞི་ཞི་དེ་དེ་མ་མ་ཨ། དེ་ནས་དོན་དང་མཐུན་པར་བྱ་བའི་ཕྱིར ་འདིན་ཅེས་པ་འགྱུལ་ཏོ།། དང་པོ་གང་ཡིན་པ་ཡིན་པས།། ང་ནི་རྒྱལ་བཀུན་གྱི་ཡག། བར་དུ་ཐམས་ཅད་སངས་སྐྱོང་བས། ཡང་ནི་ཐམས་ཅད་ཀུན་ཀྱི་རྗེ། ཐམས་ཐབས་ཀྱི་འདུལ་བསན།། བ་ནི་རྨ། ་འབྱོར་ཡོངས་ཀྱི་དཔོན།། ཁམས་གསུམ་དག་ལང་དབང་ཆེ།། ངའི་གོང་ན་སུ་ཡང་མེད།། སྲིད་གསུམ་ཆང་ལྟར་ཕབ་ཀྱང་ངམི་གཤེས།། ཁམས་གསུམ་ཆུ་ལྟར་འཁྲུག་ཀྱང་ང་མི་འཁྱེར།། རྒྱུ་དྲུག་མེ་ལྟར་འབར་ཡང་ང་མི་འཆིག ་སྟོང་གསུམ་རླུང་ལྟར་འཕྱོས་ཀྱང་ང་མི་བསྐྱོད།། དུག་གསུམ་མུན་པར་གཏབ་ཀྱང་ང་མི་འཐིབས། ཡེ་ཤེས་ཉི་མར་ཤར་ཀྱང་གསལ་རྒྱུ་མེད།། མ་རིག་མུན་པར་བྱུད་ཀྱང་གནག་རྒྱུ་མེད།། སྐྱེ་ཤི་རིས་སུ་བཅད་ཀྱང་འཆི་བ་མེད།། ཉོན་མོངས་དུག་གསུཾ། ་གནས་ཀྱང་རྒས་པ་མེད།། དངོས་གྲུབ་རྣམ་གསུམ་བྱུང་ཡང་ཆགས་པ་མེད།། ཆོས་སྐུ་འགྱུར་མེད་གྲུབ་ཀྱང་བརྩལ་བ་མེད།། རང་བྱུང་ཉིད་གནས་པར་རག་མི་ལུས་སྙིང་པོ་ལྷུན་གྱིས་གྲུབ་པས་རྟེན་མི་འཆལ།། རྣལ་འབྱོར་པའི་འཕྲིན་ལས་ནི ་དང་པོ་ཐ་མ་མེད་པ་ལ།། སྤངས་པ་མེད་པའི་ལས་སྤྱོད་པ།། འདི་ནི་འཕྲིན་ལས་དང་པོའོ།། ཡིད་ཀྱི་ཤེས་པ་གསལ་གཏབ་ནས།། གསང་ཆེན་ངེས་པའི་དོན་རིག་པ།། འདི་ནི་ཕྲིན་ལས་གཉིས་པའོ།། རྣལ་འབྱོར་བླ་མའི་བློ་ལྡན་ལ། ་ལུང་དང་མཐུན་པའི་ངན་སྟོན་པ།། འདི་ནི་འཕྲིན་ལས་གསུམ་པའོ།། གཞན་ཡང་འཕྲིན་ལས་འདི་སྤྱོད་ཅིང་།། རྒྱུད་འདི་ཉན་པར་གང་བྱེད་པ།། སྣོད་ཀྱི་རིམ་པ་འདི་དག་གོ།། དང་པོ་དད་པའི་ཡོན་གྱིས་འདྲེན།། བར་དུ་སློབ་དཔོན་མི ་ལྟར་བཀུར།། ཐ་མ་མན་ངག་གཏིང་ནས་ཤོང་།། ལྟ་བའི་མན་ངག་གདེང་དུ་འཇོགས།། སྒྲུབ་པའི་མན་ངག་ཕུལ་དུ་ཕྱིན།། སྤྱོད་པའི་མན་ངག་གཞུང་དུ་སྤྱོད།། མཚན་ཉིད་ངང་ཚུལ་བཟང་ལ་ཤིས།། ཡོངས་ལ་ཕྲག་ཡངས་དོག་པ་མེད།། ཀུན ་དགའ་འཐུན་ལ་སྤྱོད་ལམ་གསལ། རང་ཤེས་སྐུ་ལ་གཞན་མི་སྨོད།། དམ་ལ་གནས་ཤིང་བསྒྲུབ་ལ་བརྩོན།། གཡོ་མེད་ཁོང་སྐྱོན་རྗེས་པར་སྤངས།། བཀའ་ཞིན་བྱེད་ཅིང་དོན་དང་མཐུན།། འདི་དག་བཤད་པའི་སྣོད་ཡིན་ནོ།། སྣོད་མེད ་རྣམས་ཀྱི་རིམ་པ་ནི།། དོན་དུ་ཁྱོད་ལ་བཤད་པར་བྱའོ།། དང་པོ་དད་པ་གཞུང་མེད་པས།། དབུལ་མི་དགའ་གཞན་ཡང་སྡོམ།། མན་ངག་ལུང་མེད་བཞོག་སློངས་བྱེད།། སྟོན་པའི་བཀའ་མེད་ཡུག་པའི་ཚིག། ཁེངས་དང་གྲགས་པའི་མཚན ་ཉིད་པས།། བླ་མར་བཀུར་བར་མི་སེམས་ཤིང་།། རང་ཉིད་ཆེ་འདོད་ཚུལ་འཆོས་བྱེད།། བཀའ་རྣམས་མིཉན་འཁོར་ཀུན་སྦྱར།། ཕན་པ་མེད་པའི་ཚིག་རྣམས་ཀྱིས།། གྲོགས་པོ་རྣམས་ཀྱི་ཞེ་གཅོད་ཅིང་།། ཉན་དང་སྒྲུབ་པ་མ་བྱས་པར ་མཁས་པའི་ཆོས་པ་གཞན་ལ་སྨོད།། གསང་བའི་བཀའ་འཆོལ་ཡོངསུ་ཁྱབ།། མན་ངག་གསང་འཛགས་ཕྱལ་བརྡོ་བཏས།། མཚན་ཉིད་ངང་ཚུལ་ན་བ་དེས།། འདི་དག་སྙད་ཀྱང་གོ་མི་འགྱུར།། འཁམ་པ་ལ་སོགས་སྣོད་སྣང་དུ།། ་སེང་གེའི་འོ་མ་གཞོས་པ་ལྟར།། སྣོད་ཀྱང་ཆག་ལ་བཅུད་ཀྱང་པོ། དེ་བས་རིན་ཆེན་སྣོད་ནང་དུ།། བཅུད་མི་འགྲོ་བར་གནས་པ་བཞིན།། བཀའ་དང་མི་ལྡན་རྣལ་འབྱོར་པ།། གཞན་གསུང་ཡུན་དུ་བསྟན་མི་བྱ།། ཉམས་པའི་རྒྱུར་འགྱུར ་འཚིག་པར་ངེས།། དེ་བས་སྣོད་དང་ལྡན་པ་ཡིས།། དོན་གྱི་གཏེར་དུ་འདི་བཅང་ངོ་།། འདི་ནི་སྤྱོད་པའི་འཕྲིན་ལས་ཏེ།། འཇམ་པོར་སྤྱོད་ན་ཞི་བའི་ལས།། མང་པོ་སྤྱད་རྒྱས་པའི་ལས།། ཀུན་བསྡུས་པས་ན་དབང་གི་ལས། ་དྲག་པོར་སྤྱད་ན་མངོན་སྤྱོད་པས།། མ་སྤྱན་གཞན་གྱི་ཆོས་ཉིད་ལས།། སྤྱོད་པའི་ཕྲིན་ལས་མཐར་རྫོགས་པས།། འདི་ལྟར་སྤྱོད་པའི་ཕྲིན་ལས་ཡིན།། སྤྱོད་པའི་རྒྱལ་པོ་བདེ་བརྡལ་ལས།། ཀུན་ལ་རོལ་ཅིང་ཐ~ཾང་འགྲུབ། ཡོང་སུ་སྤྱོད་ཅིང ་པ་མེད། སྣོད་དང་མཐུན་པས་ཐམས་ཅད་འགྲུབ།། སྤྱོད་པ་འདི་ལ་གང་གནས་པ། དེ་ནི་སྨིན་ཅིང་གྲོལ་བར་འགྱུར།། རྣལ་འབྱོར་ཚོགས་གཉིས་རྫོགས་པ་ཡིན།། ངེས་པའི་གཞུང་དུ་དེ་འགྱུར་རོ།། འདི་དང་མི ་ལྡན་གང་ཟག་རྣམས།། ཇི་ལྟར་སྤྲད་པ་ལོག་པའི་ལམ།། ཐར་པའི་དུས་མེད་པོ་འདོད་འབོད།། འཁོར་བར་འཁྱམས་པས་སྡིག་པའི་ཆོས་ན། མནར་མེ་ད་ཉམས་པར་དེ་འགྱུར་རོ།། དེ་ལ་དངོས་གྲུབ་འབྱུང་བར་བཀའ།། བུས་པས་ནོར་པ་འཁྲལ ་པའི་ཆོས་ནས་ཤིན་ཏུ་ཐག་རིང་སྤད་པར་བཀའ།། གླང་ཆེན་འདམ་དུ་ཞུགས་པ་བཞིན།། ཡན་ལག་སྨད་པ་ཕྱི་ཕྱིར་དམ།། དེ་འདྲ་མི་ཤེས་གླེན་པ་ཡིན།། སྤྱད་ཅིང་བརྩལ་བས་ཕྱེ་ཕྱིར་ངམ།། དེ་བས་རྣལ་འབྱོར་སྐལ་པ་བཟང་། ཐམས་ཅད་ཀུན་གྱི་སྙིང་པོ་མཆོག། ་སྟོན་པ་ཉིད་ཀྱིས་འདི་སྔགས་པས། སྣོད་མེད་རྣམས་ལ་མི་བསྟན་པས།། ཕྲིན་ལས་ཐ~ཾད་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུད་ལས།། སྤྱོད་པ་སྐབས་སྦྱོར་གྱི་ལེའུ་སྟེ་དྲུག་པའོ།། ། དེ་ནས་དམ ་ཚིག་གི་སྐབས་སྦྱོར་འདི་ཡིད་ལ་ཐུབ་ཅིག། དེ་ལ་སངས་རྒྱས་ཀྱི་དམ་ཚིག་གང་ཡིན་པ།། སེམས་ཅན་གྱི་སྡོམ་པ་ཡིན་ལ། སེམས་ཅན་གྱི་སྡོམ་པ་གང་ཡིན་ལ།། སངས་རྒྱས་ཀྱི་དམ་ཚིག་སྟེ།། རྩ་བ་དང་ཡན་ལག་གི་དམ་ཚིག་བསྲུད་ཀྱང་རུང་མ་བསུང ་ཀྱང་རུང་། ཉམས་ཀྱང་རུང་ག་མ་ཉམས་ཀྱང་རུང་། ཤེས་ཀྱང་རུང་། མི་ཤེས་ཀྱང་རུང་། འཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་ཉིད་དུ་མཛད་པ་སྟེ། དེ་ཅིའི་ཕྱིར་ཞེས་ན། དེ་ནི་འདི་ལྟར་དམ་ཚིག་ཤེས་ན། དམ་པ་ནི་སངས་རྒྱས་དེས་ཞལ་ནས་གསུང་པའི་ཚིག་ཡིན ་པས། དམ་ཆོས་རྣམས་བསྒྲོགས་པའི་ཕྲིན་ལ་སོ།། དམ་ཚིག་འདི་དག་མི་ཤེས་ན།། ཡང་དག་པ་མ་ནོར་བའི་ཆོས་ཉིད་ཏེ།། ཚིག་དང་ཡི་གེར་བྲི་བ་ལས་འདས་པས། དམ་ཚིག་ཆོས་ཉིད་ཀྱི་འཕྲིན་ལ་སོ།། རྩ་བ་དང་ཡན་ལགས་གི་དམ་ཚིག་འདི་ལྟར ་བསྲུང་ན།། ཐབ་ས་དུམ་གཡོས་པའི་དོན་ལས། ཆོག་དང་ཡི་གེ་གཟུང་འཛིན་གྱི་རྟོག་པ་སྲུངས་པས་འདམ་ཆོག་བཀའ་དང་མཐུན་པའི་ཕྲིན་ལསོ།། འདམ་ཚིག་འདི་དག་མི་སྲུང་ངོ་།། ཐམས་ཅད་བདག་ཉིད་བྱང་ཆུབ་སེམས་སུ་སྣང་བ་ལས།། གཞན་གང་ཡང ་མ་གྲུབ་པས་ཅི་བསྲུངས་སྟེ།། དམ་ཚིག་འདའ་བ་མེད་པའི་ཕྲིན་ལསོ།། དམ་ཚིག་འདི་དག་མ་ཉམས་ན་རྟོགས་པའི་ཀློང་དུ་འགྲོལ།། བརྩམས་པ་མཐར་ཕྱིན་ནས་དངོས་གྲུབ་ལས་རུང་བས་། དམ་ཚིག་མ་ཉམས་པའི་ཕྲིས་ལ་སོ།། དམ་ཚིག་འདི་དག་ཉམ ་ན་ཡང་རྒྱ་ཆེན་པོར་གཏབ་ལ།། ཉམས་པའི་རྒྱུ་མེད་པས་དམ་ཚིག་བསྲུངས་པ་མེད་པའི་ཕྲིན་ལ་སོ།། དེ་བས་ན་དམ་ཚིག་འཕྲིན་ལས་ནི་ཐམས་ཅད་ནས་ཐ~ཾད་དུ་བསྲུང་དུ་མེད་ཅིང་མ་ཉམས་པའི་དམ་ཚིག་སྟེ།། དེ་ལ་འདི་སྐད་ཅེས་བརྗོད་པར་བྱའོ། ་དམ་ཚིག་རྒྱལ་པོ་ལྷུན་གྲུབ་སྙིང་པོ་མཆོག། གསང་ཆེན་ངེས་པའི་ཟླ་མེད་དམ་པ་ལ། དོན་གྱིས་སྐྱེས་བུས་གཞུང་ལས་རབ་བཀྲོལ་ན།། མིའི་སེང་གེས་ཀུན་ལས་བསྟན་པར་བྱའོ།། དངོས་པོ་མཚན་མ་ཐམས་ཅད་ལ།། འདའ་བ་མེད་པར་གང་བསྐུ ་པ། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ཉོན་མོངས་ཟུང་རྔུ་ཐམས་ཅད་ལ།། གཡོས་པ་མེད་པར་གང་བསྲུང་པ།། འདི་ཡང་དམ་ཚིག་ཕྲན་ལས་ཡིན།། ཀུན་དང་མཐུན་པ་ཡོངས་བྱེད་པ།། འདི་ཡང་དམ་ཚིག་ཕྲན་ལས་ཡིན།། ཤེས་པ་སྒོ་ཡངས་ཆོས་དང ་མཐུན།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། གཙང་རྗེ་མེད་པར་གང་ཟ་བ། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། བཟང་ངན་མེད་པར་གང་སྦྱོར་བ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན། ཆགས་སྡང་མེད་པང་གང་སྒྲོལ་པ་། འདི་ཡང་དམ་ཚིག ་ཕྲིན་ལས་ཡིན།། སྤོང་ལེད་མེད་པར་གང་སྒྲུབ་པ། འདི་ཡང་དམ་ཚིག་ཕྲིན་ལས་ཡིན་འཐོགས་ཆག་མེད་པར་གང་སྤྱོད་པ། འདི་ཡང་དམ་ཚིག་འཕྲིན་ལས་ཡིན།། ཆག་སྡང་མེད་པར་གང་ཤེས་པ། འདི་ཡང་དམ་ཚིག་ཕྲིན་ལས་ཡིན་པ་ཆོས། ་དང་ལྡན་པས་གསང་ཐུབ་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། སྣོད་དང་ལྡན་པ་དོན་འབྱིན་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། ངེས་པའི་ཀླུང་ལ་ཡེངས་པ་མེད།། འདི་ཡང་།། ་དམ་ཚིག་ཕྲིན་ལས་ཡིན།། རྒྱུད་འདི་འཛིན་གཏམ་འཆང་བ་དང་། ཀློག་གམ་རབ་ཏུ་སྒྲུབ་པ་དང་།། ཡིད་ལ་སེམས་པ་གང་ཡིན་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། སྔགས་པ་བློ་ལྡན་དམ་ཚིག་ཅན།། ཟང་ཟིང་ནོར་ལ་ཆགས ་མེད་པ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། གཡོ་རྒྱུ་ཐོལ་སྤངས་བདེ་བའི་ལམ།། འདི་ཡང་དམ་ཚིག་ཕྲིན་ལས་ཡིན།། དངོས་པོའི་ཆོས་རྣམས་ཐམས་ཅད་ཀུན།། སྐྱེ་བ་མེད་པར་གང་ཤེས་པ།། འདི་ཡང་དམ་ཚིག་ཕྲིན་པས ་ཡིན།། དམ་ཚིག་ཕྲིན་ལས་མི་ཤེས་པས།། བསླབ་པའི་ལས་རྣམས་ལོག་པར་བྱེད།། སྒྲོས་མེད་ཆོས་ལ་ཨ་ག་འདོགས།། རང་བཞིན་མེད་ལ་ཕྱོགས་ཆར་འཛིན།། མཉམ་པ་ཉིད་ལ་བླང་དོར་སྤོད།། ངེས་པའི་དོན་ལ་དབྱེ་བ་སྲེ་ཅན།། ་བླ་མའི་མྱེད་ང་རྒྱལ་ཚིག། རང་ཤེས་བྱེད་འདོད་ངེས་པ་མེད།། ལོག་པའི་ལམ་ཚོལ་བདེན་པ་ནུབ་ཡོངས་ལ་ཕྲག་དོག་ཀུན་ཀྱང་འབྲས།། དམ་ཚིག་ཚུལ་མེད་ཉམས་པའི་ཞིང་།། འཁོར་པའི་ཆོས་སྟོན་ལོག་པའི་ལམ།། ཤེས་རབ ་དོན་མེད་འཆལ་བའི་ཚིག་གདོན་མེད་ཡུག་པ་མུ་སུ་པ།། དོན་དང་མཐུན་པའི་གཏན་ཚིགས་མེད།། མུ་མེད་གང་ཟག་སྨྱོན་པའི་ཚིག། དེས་ནི་འཁོར་བའི་སྒོ་ཆེ་ནས།། ལག་ན་བཟུང་ལ་མངོན་གསུམ་སྦྲུལ།། སེམས་ཉིད་བདག་དང་གཅིག ་པའི་ཕྲིང་།། སྙིང་ཁྲག་ཁར་ཡང་རྔུབས་པར་བྱའོ།། དེ་དག་བསྒྲལ་ན་བདེ་ཆེན་འཐོབ།། འདི་ཡང་དམ་ཚིག་ཕྲིན་ལ་སོ་ཡིན།། གཞག་ན་ཉམས་པའི་རྒྱུར་འགྱུར་རོ།། དེ་ནས་སྟོན་པ་མཉམ་གཞག་གིས།། རྡོ་རྗེ་སློབ་དཔོན་བཀའདི་བཤ ་ཡིད་བཞིན་རིན་ཆེན་འབྱུང་བའི་གཏེང་།། སློབ་དཔོན་བློ་ལྡན་མན་ངག་ཅན།། ངེས་པའི་སྒོ་འབྱེད་གང་ཡིན་པ།། ཕངས་མེད་ཡོན་གྱི་སྣ་དྲངས་ནས།། ལུས་ངག་ཡིད་གསུམ་ཕུང་པོ་རྣམས།། རྩེ་བས་གུས་པས་དབུལ་བར་བྱའོ།། ་སློབ་དཔོན་དེ་ལ་མཆོད་བྱས་ནས།། ཕྱོགས་བཅུའི་སངས་རྒྱས་མཆོད་དང་འདྲ།། བླ་མ་དེ་ལ་ཕུལ་བྱས་ན།། སངས་རྒྱས་བཀུར་སྟི་བྱས་པ་ཡིན།། རྡོ་རྗེ་སློབ་དཔོན་བསྙས་བྱས་ན།། སངས་རྒྱས་ཐམས་ཅད་བསླུས་དང་འདྲ།། སློབ་དཔོ། ་བསྐུར་བ་མ་བྱས་ཞིང་།། མན་ངག་ངེས་པར་མ་ཐོབ་པར།། གང་ཞིག་ལུང་ལ་སྤྱོད་པ་དེ།། འབྲས་བུ་མེད་ཅིང་བརླག་པར་འགྱུར།། དུས་གསུམ་ནམ་དུ་མི་འབྲལ་ཞིང་།། བླ་མ་དེ་ལ་ཡོན་གྱིས་བླའོ།། ཐུགས་ཉིད་བྱང་ཆུབ་སེམས་དྲངས་ནས ་རྒྱལ་བ་ཀུན་ལ་མཆོད་དང་འདྲ།། གཉིས་མེད་དངོས་གྲུབ་དེ་ཡིས་ཐོབ།། སངས་རྒྱས་ཉིད་དུ་དེ་འགྱུར་རོ།། དེ་ནས་རིག་ཀྱི་བུ་མཆོག་དེས།། རྒྱུད་འདི་གཞུང་དང་མཐུན་པར་མཉན།། ལེགས་པར་བསྒྲིབས་ལ་སེམས་ལ་བཅང་།། སྔགས ་དང་ཕྱག་རྒྱ་རྒྱུན་མི་གཙང་།། དུས་དང་གྲངས་དང་བསྐལ་པའི་རྒྱུན།། འདི་དག་རྣམསུ་བར་མ་གཅད།། གསང་བ་ལ་ནི་དབྱེར་མེད་ཀྱང་།། དམ་ཚིག་ཉམས་ལ་གསང་བ་དང་།། གཞན་དུ་མིན་ལ་ཤིན་ཏུ་གསང་།། སྤྱད་པར་བྱ་བ་དེ་དག ་ལ།། གང་ཡིན་རིམ་པས་གས་ལ་རྟོགས་ནས།། ངེས་པར་ཕྱེ་སྟེ་བཤད་པའི་ཕྱིར།། ལུང་ལས་བཀྲོལ་ཏེ་བསྟན་པར་བྱའོ།། དེ་སྐད་ཅེསབཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔས་གསོལ་པ།། བཅོམ་ལྡན་འདས ་ཆོས་ཐམས་ཅད་རྒྱུ་དང་འབྲས་བུ་དང་བྲལ་ཏེ།། ཡེ་ནས་ལྷུན་གྱིས་གྲུབ་པའི་ངོ་བོ་གང་ལགས།། དེ་ཅིའི་སླད་དུ་དམ་ཚིག་གི་རིམ་པར་ཕྱེ་བ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། རྡོ་རྗེ་སེམས་དཔའ་ཕྱོགས་བཅུ་དུས ་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ནི་མཛད་པ་ཐམས་ཅད་མི་མཛད་པ་ཡིན།། དེ་ཅིའི་ཕྱིར་ཞེ་ན། དེ་ན་འཛིན་ཆགས་མི་མངའ་བའི་དོན་ཏོ།། རྡོ་རྗེ་སེམས་དཔའ་བདེ་བར་གཤེགས་པ་རྣམས་ནི། ་མི་མཛད་པ་ཐམས་ཅད་མཛད་པ་སྐྱེ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྐྱེ་བ་མེད་པ་ལ།། སྐྱེ་བའི་ཆོ་འཕྲུལ་འབྱུང་བའི་དོན་ཏོ།། སེམས་དཔའ་ཆེན་པོ་ཕྱོགས་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱིས།། ཞལ་ནས་གསུངས་པ་ཐམས་ཅད ་མ་གསུངས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འདི་ལྟར་ཆོས་ཉིད་སྟོང་པ་ལ་ཏིང་འཛིན་གྱི་སྒོ་ནས་ཆོས་སྟོན་པས། མ་ཡེངས་པའི་ཀློང་ལ་གསལ་བར་བྱེད་པའི་དོན་ཏོ།། སེམས་དཔའ་ཆེན་པོ་ཕྱོག་བཅུ་དུས་གསུམ་གྱི་བདེ་བར་གཤེགས་པ་ནི། ་བཞུགས་པ་མི་བཞུགས་པ་ཡིན།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་སྣང་ལ་རང་བཞིན་མེད་པའོ།། སེམས་དཔའ་ཆེན་པོ་བདེ་བར་གཤེགས་པ་རྣམས་ནི། མི་བཞུགས་པ་བཞུགས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཐུགས་ན་མཁའ་ལྟར་ཀུན་ལ་ཁྱབ ་མངོན་པར་ཤེས་པའི་ཡེ་ཤེས་དང་ལྡན་པས།། ཇི་ལྟར་རྟགས་པ་བཞིན་མཚན་དང་དཔེ་བྱད་དུ་ལྡན་པའི་དོན་སྟོ།། སེམས་དཔའ་ཆེན་པོ་དེ་བཞིན་དུ། དེ་བཞིན་གཤེགས་པ་དམ་ཚིག་འདི་དག་བསྲུངས་པ་མ་བསྲུངས་པ་ཡིན། དེ་ཅིའི་ཕྱིར་ཞེ་ན།། ་དེ་ནི་རིས་མེད་ལ་གཉིས་སུ་མེད་པའི་དོན་ཏོ།། སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱི་དམ་ཚིག་མི་བསླང་བ་བསྲུང་བ་ཡིན།། དེ་ཅིའི་ཕྱིར་ཞེ་ན།། དེ་ནི་མཉམ་པ་ཉིད་ཀྱི་ངང་ལ་མི་འདའ་ཞིང་། ཉམ་སུ་མེད་པའི་དོན་ཏོ།། སེམས་དཔ ་ཆེན་པོ་དེ་བཞིན་དུ་ཆོས་ཐམས་ཅད་ཡོད་པ་མེད་པ་ཡིན། དེ་ཅིའི་ཕྱིར་ཞེན་དེའི་དངོས་པོར་མ་གྲུབ་ཅིང་། རྟག་པ་ཅང་མ་ཡིན་པའི་དོན་ཏོ།། སེམས་དཔའ་ཆོས་ཐམས་ཅད་མེད་པ་ཡོད་པ་ཡིན་ཏེ།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་ཆོས་ཐམས་ཅད་སྟོང་པ ་རྟིག་ཆད་པ་ཉིད། དངོས་པོའི་རྒྱུར་གྱུར་པའི་དོན་ཏོ།། སེམས་དཔའ་ཆེན་པོ་ཆོས་ཐམས་ཅད་སྣང་བ་མི་སྣང་བའོ།། དེ་ཅིའི་ཕྱིར་ཞེ་ན། མ་རྟག་པའི་མཚན་ཉིད་དོ།། ཆོས་ཐམས་ཅད་མི་སྣང་བ་སྣང་བ་ཡིན།། དེ་ཅིའི་ཕྱིར་ཞེ་ན། ཉོན་མོངས།། ་པ་ཕྱིན་ཅི་ལོག་གི་ལས་བརྩན་པའོ།། སེམས་དཔའ་ཆེན་པོ་ཆོས་ཐེང་དོན་མི་དམིགས་པའི་གཏན་ཚིགས་ཀྱི་སོ་སོར་འབྲེལ་ཏེ། ཇི་སྐད་ཀྱང་གསུངས་ལ། གང་དུ་ཡང་གསུངས་པ་མེད་པའི་དོན་ཏོ།། དེ་སྐད་ཅེས་བཀའ་སྩལ་པ།། རྡོ་རྗེ ་སེམས་དཔའ་རྟོགས་པའི་བག་ཆགས་བྱང་ངོ་།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། དམ་ཚིག་འདི་ནི་གང་སྲུངས་པ།། དེ་ནི་མི་ཉམས་ཐར་པར་འགྱུར།། སྔགས་པ་དམ་ཚིག་མཐར་ཕྱིན་པའི།། ་ས་མ་ཨའི་གཞུང་དུ་འགྱུར།། གང་གིས་གཞུང་འདི་མི་ཤེས་ན།། ཇི་ལྟར་བསྲུངས་ཨང་ཉམས་འགྱུར་བས།། དམྱལ་བའི་སྤྱོད་པ་ཡ་རེ་ཆ།། འཁོར་བའི་སྡུག་བསྔལ་བཟོད་ལགས་མེད།། དེ་ལས་ཐར་པ་རབ་ཏུ་དཀའ།། ནོར་བས ་ལམ་ཡང་ལོག་པར་ཁྲིད།། འཁྲུལ་པས་བྱང་ཆུབ་ཉིད་ལ་གོལ། ཐམས་ཅད་ཀུན་གྱི་འདའ་དཀའ་བས། སྙིང་པོ་ལུང་དུ་འདི་བསྟན་པས། སྣོད་ལྡན་པ་སྟན་པའི་ཕྱིར།། ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་འདུན་པའི་རྒྱུད་ལས ་དང་ཚིག་གི་སྐབས་སྦྱོར་གྱི་ལེའུ་སྟེ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱི་རྒྱུད་ཀྱི་ཕན་ཡོན་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་དཔའ་ཆེན་པོ་རྒྱུད་འདི་གང་ཞིག་འཛིན་པ་ནི། སངས་རྒྱས་ཐམ ་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཉིད་ཡོངས་སུ་རྫོགས་པར་འཛིན་པས་སྟེ། དེ་ནི་ཆོས་ཀྱི་དབྱིངས་དང་ཐ་མི་དད་ལ། རང་བྱུང་གི་ཡེ་ཤེས་ཀྱང་བརྩལ་བ་མེད་པར་ལྷུན་གྱིས་གྲུབ་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐ~ཾད ་ཐུགས་ཡེ་ཤེས་ཀྱང་རྒྱུད་འདི་ཡིན་ལ། རྒྱུད་འདི་ཡང་ཐུགས་ཡེ་ཤེས་ཏེ། རྒྱུད་འདི་འཛིན་པ་ཐམས་ཅད་ཀྱི་བདག་ཉིད་སྟོན་པའི་སྒྲོན་མ་ཞེས་སྟོན་ཏོ།། དུས་གསུམ་དུ་ཕན་ཡོན་ཆེ་བར་ཤེས་ཀྱི་ཤིག། ་དེ་སྐད་ཅེས་བཀའ་སྩལ་པ་དང་། རྡོ་རྗེ་སེམས་དཔའ་ལ་སོགས་པ།། གཉི་སུ་མེད་པའི་འཁོར་ཐམས་ཅད།། ཕྲིན་ལས་ཀྱི་རྒྱལ་པོ་མཐར་དུས་གཅིག་ཏུ་རྫོགས་ནས། མ་བཅོས་པའི་ཀློང་ན་དགོངས་པ་ལྷན་གྱིས་གྲུབ་ནས་བཞུགས་སོ། ་དེ་ལྟ་བུའི་རྒྱུད་འདི་སྟོན་པ་གང་གི་ཞལ་ནས་གསུངས་པར་མི་འགྱུར་ལ། སྟོན་པ་དེ་ཉིད་ཀྱིས་གསུངས་ཞིང་བསྟན་པས་ན་དེ་ཉིད་ཀྱི་དོན་དེ་ཉིད་ལ་ཡིད་ཆེས་ནས། དེ་ཉིད་ལ་གསལ་བར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐད་ཀྱི་སྐུ་དང་གསུང་དག ་ཐུགས་ལ་སོགས་པའི་ཕྲིན་ལས་ཀྱི་རྒྱལ་པོ་སྐབས་སྦྱོར་བདུན་པའི་རྒྱུདངེས་པར་བསྟན་པའི་འབྲས་བུ་བཀོད་པ་རྫོགས་སྷོ།། ། མངྒ་ལམ ་