CLOSE WINDOW

Gbr008.15: 'jam dpal 'dus pa'i rgyud
Wyliee-texts produced with BDRC’s OCR application

ཡང་ཏི་ནག་པོའི་འབྲ་གཅིག་པ་བཞུགས་སོ།། ་རྒྱ་གར་སྐད་དུ། ཤྲཱི་མན་ཛུ་ཏན་ཏྲ་དུ། བོད་སྐད་དུ། འཇམ་དཔལ་འདུས་པའི་རྒྱུད། འཇམ་དཔལ་ཡིས་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ ་དུས་གཅིག་ན། འོག་མིན་དུ་ནི་བཞུགས་ནས་ནི།། སངས་རྒྱས་སེམས་ཅན་རྒྱབ་གྱེས་དུས།། འཁོར་གྱི་རྡོ་རྗེ་སེམས་དཔའ་ལ།། ཡང་ཏི་ནག་པོའི་བསྟན་པ་ཤར།། བསྙུང་བྱེད་རོ་ལངས་བདེ ་བས་བསྡུས།། གླེང་གཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྡོ་རྗེ་སེམས་དཔའ་ཡིས།། ཀྱེ་སྟོན་པ་ཀུན་ཏུ་བཟང་པོ་ལགས།། རྫོགས་པ་ཆེན་པོའི་དོན་ཆེན་ལ།། དབང་ལ ་བསྐུར་བའི་དོན་རྣམས་དང་།། ལམ་སྦྱངས་བགྲོད་ཚོགས་བསག་པ་དང་།། སྒྲིབ་སྦྱང་དམ་ཚིག་དཀྱིལ་འཁོར་དང་།། ལྷ་སྒོམ་སྔགས་བཟླས་ཏིང་འཛིན་དང་།། སྦྱིན་དང་ཚུལ་ཁྲིམས་སྨོན ་ལམ་དང་།། དེ་རྣམས་དོན་ཀྱང་བཤད་དུ་གསོལ།། ཅེས་ཞུས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ཞུས་པའི་ལེའུ་སྟེ་གཉིས་པའོ།། ། ཀུན་ཏུ་བཟང་པོས་བྱཀྵ། ་སྩལ་པས།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། དབང་ལ་བསྐུར་མི་དགོས་པ་ནི།། བུཾ་བ་ཐབས་དང་གསང་དབང་དང་།། ཚིག་གི་དབང་དུ་ཐཱད་འདུས།། རང་ལུ་བུཾ་པར་ཤེས་པ་ནི།། དེ་ནི་དབང་བསྐུར་དང་པོ་ཡིན ་རིག་སྣང་གཉིས་སུ་སྦྱོར་བ་ནི།། དེ་ནི་དབང་མཆོག་གཉིས་པ་ཡིན།། ཡིས་སྐུའི་དོན་མཆོད་པས།། དེ་ནི་དབང་བསྐུར་གསུམ་པ་ཡིན།། ཚིག་རྣམས་ཐད་དོན་ལ་བསྡུས།། དེ་ནི་དབང་བསྐུར་བཞི་པ་ཡིན།། དབང ་རྫས་རང་ལ་རབ་རྫོགས་པས།། སྣང་བ་རྫས་ཀྱི་ཁར་མ་ལུས།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། དབང་གི་ལེའུ་སྟེ་གསུམ་པའོ།། །། ། ལེ་སྦྱང་མི་དགོས་པའི་དོན་འདིའོ།། ་འབྱུང་བ་ལྔ་ལ་ལོངས་སྤྱད་པས།། དེ་ནི་ཚོགས་ཀྱི་ལེ་པའོ།། དེ་ཉིད་འོད་གསལ་ཉིད་དུ་ཤར།། དེ་ནི་མཐོང་བའི་ལམ་པ་ཡིན།། གཉིས་སྣང་མེད་པའི་ཡིས་གསལ།། དེ་ནི་སྦྱོར་བའི་ལེ་པ་ཡིན།། དེ་ཉིད་རིག་པ ་རང་ཡིན་པས།། དེ་ནི་སྒོམ་པའི་ལེ་པའོ།། དེ་རྣམས་གཉི་སུ་མེད་པར་གནས།། དེ་ནི་མཐར་ཕྱིན་ལཾ་པའོ།། ཅེས་གསུངསོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ལཾ་གྱི་ལེའུ་སྟེ་བཞི་པའོ།། ། ་ས་རྣམས་མི་བགྲོད་དོན་འདིའོ།། ས་རྣམ་མི་བགྲོད་རང་ལ་རྫོགས།། མཉམ་པར་ཤེས་ནས་ས་རྣམས་ཀུན་དང་མཉམ།། བགྲོད་མེད་དོན་ལ་གང་གནས་པ།། དེ་ནི་ས་རྣཾས་ནོན་པ་སྟེ།། གང་ཞིག་ས་རྣཾས་བགྲོད ་འདོད་པ།། ཕྱིན་པའི་དུས་མེད་ནོན་པའི་ཐབས་མེད་ཏེ།། དཔེར་ན་རི་དགས་སྨིག་རྒྱུ་སྙེག་དང་མཚུངས།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། སའི་ལེའུ་སྟེ་ལྔ་པའོ།། ་ཚོགས་རྣཾས་མི་སོག་དོན་འདིའོ།། ཚོཊ་སོག་དོན་ལ་རྣམ་གཉིས་ཏེ།། རྒྱུའི་ཚེ་ཊ་དང་འབྲས་བུའོ།། རྒྱུ་ནི་ཐིག་ལེ་ལྷུན་གྲུབ་ལ།། འབྲས་བུ་ཐཾད་མཁྱེན་པ་ཡིས་སོ།། གཉི་སུ་མེད་པའི་ཆོས་སྐུ་ལ།། ཚོགས ་ཉིད་རྣམ་པ་གཉིས་རྫོཌ་པས།། ཚོཊ་རྣམས་མི་སོག་ཡེ་ནས་རྫོགས།། གཉིས་སྣང་མེད་པས་བསག་ཏུ་མེད།། ཅེས་གསུངསོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ཚོགས་ཀྱི་ལེའུ་སྟེ་དྲུག་པའོ།། ། ་སྒྲིབ་པ་སྦྱང་བའི་དོན་འདིའོ།། སྒྲིབ་པ་ལ་ཡང་རྣམ་བཞི་སྟེ།། རིག་པ་སྤྲུལ་པའི་སྐུར་གྲུབ་པས།། ཤེས་བྱའི་སྒྲིབ་པ་དེ་ལ་མེད།། སྣང་བ་རང་སྣང་ལོང་སྐུ་ལ།། ཉོན་མོངས་སྒྲིབ་པ་སྦྱང་དུ་མེད།། གཉིས ་སྣང་མེད་པའི་ཐིག་ལེ་ལ།། ལས་ཀྱི་སྒྲིབ་པ་སྦྱང་དུ་མེད།། ཆཊ་པ་རང་འབྱུང་ཡིས་ལ།། བག་ཆགས་སྒྲིབ་པ་སྦྱང་དུ་མེད།། ཐད་ཐིག་ལེ་ཆོས་སྐུ་ལ།། སྒྲིབ་པ་བཞི་པོ་གང་དུ་སྦྱང་།། སྦྱང་བའི་ས་དང་སྦྱང ་བའི་རྒྱུ།། གཉིས་སྤྱོད་ཕྱིར་ན་ཡང་ཏི་མིན།། ཇི་སྙེད་ཐེག་པ་འོག་མར་གོལ།། གོལ་ས་བཅད་ཕྱིར་དོན་འདི་བསྟན།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། སྒྲིབ་པོ་སྦྱང་བའི་ལེའུ་སྟེ ་བདུན་པའོ།། །། དམ་ཚིག་བསྲུང་དུ་མེད་པའི་དོན་འདིའོ།། ཆོས་སྐུས་ཁྱབ་པས་ཅིག་པའི་ཕྱིར།། བསྲུང་བའི་དེ་ཚིག་ས་མ་ཡ།། འབུམ་སྡེ་བཀོད་པའི་ཚིག་ཡིན་ཏེ།། ཚིག་ལ་མི་རྟེན་རང་བྱུང ་བས། དེ་རྣམས་ཐིག་ལེར་འདུས་པས་ན།། ཐཾད་བསྲུངས་བྱ་གང་ཡང་མེད།། བསྲུང་བྱ་བསྲུང་བྱེད་གཉིས་བྱུང་ན།། དེ་ནི་ཡང་ཏི་ནག་པོ་མེན།། ཡུལ་དང་ཡུལ་ཅན་ཡིན་པའི་ཕྱིར།། ་ཐེག་པ་འོག་མའི་ཁྱུ་རུ་གོལ།། དེ་ཕྱིར་ཡེ་སྲུངས་དོན་འདི་སྟན།། ཅེས་གསུངས་སོ།། འཛི་དཔལ་འདུས་པའི་རྒྱུད་ལས།། དེ་ཚིག་བསྲུང་བའི་ལེའུ་སྟེ་བརྒྱད་པའོ།། །། དཀྱིལ་འཁོར ་བསྐྱེད་དུ་མེད་པའི་དོན་འདིའོ།། ལྟེ་བ་མུ་ཁྱུད་འཁོར་ལོ་འཕགས།། ཟླ་ཁམ་རིན་ཆེན་ཟུར་གསུམ་རྣཾས།། རང་ལས་སྣང་བ་ཕྱིར་རུ་ཤར།། དེ་ལ་དེ་པར་འཛིན་པ་ནི།། ཐེག་པ་འོག་མའི་འདོད་གཞུང་ངོ་།། ་ཡང་ཏི་ནག་པོ་འདི་ལྟར་འདོད།། ཕྱིའི་དཀྱིལ་འཁོར་རང་སྣང་ཡིན།། ནང་གི་དཀྱིལ་འཁོར་རང་བྱུང་ཡིན།། གསང་བའི་དཀྱིལ་འཁོར་གཉིས་མེད་ཡིན།། ཡང་ཏིའི་དཀྱིལ་འཁོར་བསྟན་པ་ནི།། ཐཾད་ཡེ་ནས ་སངས་རྒྱས་ཡིན།། ཡིན་པར་ཤེས་པས་བསྐྱེད་དུ་མེད།། ཅེས་གསུངས་སོ།། འཇམ་དཔལ་འདུས་པའི་རྒྱུད་ལས།། ཡང་ཏི་ནག་པོའི་དཀྱིལ་འཁོར་གྱི་ལེའུ་སྟེ་དགུ་པའོ།། །། ་ལྷ་ལ་སྒོམ་དུ་མེད་པའི་དོན་བསྟན་པ།། དབྱིངས་ཕྱུག་ལ་སོགས་ཡུཾ་རྣམས་ནི།། རང་སྣང་ཡུལ་དུ་བཟུང་བས་འཁྲུལ།། ཧེ་རུ་ཀ་སོཊ་ཡབ་རྣམས་ནི།། རང་ཤར་རྟགས་ཏེ་ཡབ་ཏུ་བཟུང་།། ཐུཊ་ལས་སྐྱེས ་པཱི་སྲས་མཆོག་ནི།། ཡབ་ཀྱི་རང་བྱུང་ཆ་ལས་བཟུང་།། དེའི་ཡུཾ་རྣམས་ཐཾད་ཀྱིས།། ཡུམ་གྱི་སྣང་བའི་ཆ་ལས་བཟུང་།། གཉིས་མེད་ཟེར་གྱིས་གཉིསུ་སྒྲུབ།། དེས་ན་སྒྲུབ་པའི་གོལ་ས་ཡིན།། ཡང་ཏི ་ནག་པོའི་ལྷ་སྒོམ་ནི།། རིག་པའི་ཡིས་ཐདེ་ལྷ།། རིག་པའི་ལྷ་ལ་འདུན་རྒྱབ་མེད།། ཡབ་ཡུམ་གཉིས་ཕྱི་ནང་མེད།། ཕྱི་ནང་མེད་པའི་ཐིག་ལེའོ།། དེ་ཡི་དོན་ནི་དཀྱིལ་འཁོར་ཡིན།། ཅེས་གསུངས་སོ།། ་འཇམ་དཔལ་འདུས་པའི་རྒྱུད་ལས།། ལྷ་སྒོམ་པའི་ལེའུ་སྟེ་བཅུ་པའོ།། །། གསང་སྔགས་བཟླས་སུ་མེད་པ་ནི།། མི་གསུང་མཉམ་པར་ཤེས་པ་ནི།། དེ་ནི་སྔགས་ཀྱི་ཏིང་འཛིན་ཡིན།། ་ཐིག་ལེ་གཅིག་ཏུ་གནས་པ་ནི།། དེ་ནི་སྔགས་ཀྱི་འཕྲོ་འདུའོ།། ཐཾད་མཁྱེན་པའི་ཡིས་ཤར།། དེ་ནི་སྔགས་ཀྱི་གྲངས་ཚད་དོ།། ལྷུན་གྱིས་གྲུབ་ནས་རང་ལ་རྫོགས།། དེ་ནི་སྔགས་ཀྱི་འབྲས་བུའོ།། ཟླས ་པའི་དུས་དང་གྲངས་རྣམས་དང་།། དངོས་གྲུབ་གཞན་ནས་རེ་བ་ནི།། དེ་ནི་ཡང་ཏི་ནག་པོ་མེན།། བརྗོད་མེད་དོན་ལ་གང་གནས་པ།། གསང་སྔགས་ཀུན་གྱི་བདག་པོའི་མཆོག། ཅེས་གསུངས་སོ།། ་འཇམ་དཔལ་འདུས་པའི་རྒྱུད་ལས།། སྔཊ་བཟླས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། སྨོན་ལཾ་བདབ་ཏུ་མེད་པ་ནི།། ཐཾད་ཡང་ཏི་ནག་པོ་ལ།། ཤིས་པར་ཡུལ་བརྗོད་ག་ལ་ཡོད ་ཐད་བཀྲ་ཤིས་ཆེན་པོ་ཡིན།། ཡེ་ནས་ཤིས་པའི་འདུག་ཚུལ་ལ།། ད་བརྗོད་ཤིས་པ་བརྗོད་མི་དགོས།། ཡེ་ནས་ལྷུན་གྲུབ་ཆོས་སྐུ་ལ།། དྲ་ལྟ་སྨོན་སྒྲུབ་ཏུ་མེད།། ཡིན་ཕྱིར་སྨོན་ལ་གདབ་མི་དགོས།། ་མེན་པར་བཏབ་པས་དགོས་པ་མེད།། ཅི་སྟེ་ན་མཁའི་མེ་ཏོག་འདྲ།། ཅེས་གསུངས་སོ།། འཛི་དཔལ་འདུས་པའི་རྒྱུད་ལས།། སྨིན་ལཾ་དང་ཤིས་པ་བརྗོད་མེད་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ་ཚུལ་ཁྲིམས་བསྲུང་དུ་མེད་པའི་དོན་བསྟན་པ།། ཚུལ་ཁྲིམས་དུས་རྣམས་ཐད་དུ།། མ་སྲུང་མ་ཉམས་ཡེ་ནས་སྲུངས།། ཡེ་སྲུངས་བརྡེང་དང་ལྡན་པ་ལ།། ད་བསྲུངས་ཞེས་ནི་གང་འན ་པ། དེ་ནི་ཉན་ཐོས་སྡེ་པར་གོལ།། ཡང་ཏི་ནག་པོའི་ཚུལ་ཁྲིམས་ནི།། ལྷུན་གྲུབ་ཐིག་ལེ་ཆོས་སྐུ་ལ།། སྲུང་དུ་མེད་སྣང་མེད་པའི་ཕྱིར།། ཐཾད་ཡེ་སྲུངས་ཆེན་པོར་འདུག། དེ་ནི་ཚུལ་ཁྲིམས་ཆེན་པོ་ཡིན།། ་དེ་ཚིག་ཆེན་པོ་དེ་ཡིན་ནོ།། ཅེས་གསུངསོ།། འཛེ་དཔལ་འདུས་པའི་རྒྱུད་ལས།། ཚུལ་ཁྲིམས་དང་དམ་ཚིག་བསྲུངས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། སྦྱིན་པ་སྦྱིན་ས་མེད་པར ་བསྟན་པ་ནི།། སྦྱིན་པ་ཀུན་གྱི་རྩ་བ་ནི།། སྣང་བ་འོད་གསལ་དོན་རྟོགས་པས།། ལོངས་སྐུའི་སྦྱིན་པ་ཆེན་པོ་ཐོངས།། རིག་པ་རང་བྱུང་སྤྲུལ་སྐུ་ལ།། སྦྱིན་པ་ལེན་པའི་ཡུལ་ཀྱང་རྫོགས།། སྣང་བ་མེད ་པབའི་ཆོས་སྐུ་ལ།། རང་གི་རིག་པ་སྦྱིན་པ་རྫོཊ།། སྣང་བྱ་སྣང་བྱེད་གཉིས་མེད་ཅིང་།། བཏང་བྱ་སྟོང་བྱེད་གཉིས་མེད་པས།། ཡང་ཏི་ནག་པོའི་སྦྱིན་པ་རྫོགས།། གྲགས་སྣང་གཞན་གྱི་སྦྱིན་པ་རྫོགས།། ཡུལ ་དང་ཡུལ་ཅན་སྦྱིན་པ་སྟོངས།། གཉིས་མེད་གཉི་སུ་བཏང་པས་གོལ།། ཅེས་གསུངསོ།། འཛི་དཔལ་འདུས་པའི་རྒྱུད་ལས།། སྦྱིན་པ་ཡོངསུ་བཏང་པར་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། །། ་དེ་ནས་རྗེ་སོས་དཔས་བཀའ་སྩལ་ཏེ།། དངོས་པོའི་གནས་ལས་བྱུང་བ་ཡི།། ཡང་ཏི་ནག་པོའི་དོན་རྫོཊ་པས།། སེན་དབང་པོ་སྨན་པ་དང་།། རང་གི་ཤེས་རབ་ཆུང་བ་དང་།། གྲོལ་བའི་ཐབས་ཆེན་བསྟན་དུ་གསོལ། ་ཅེས་གསུངསོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། སེནཱི་དབང་པོ་ཞན་པ་ལ།། ངོ་སྤྲོད་བཞི་ཡང་སྦྱོར་དུ་ཆུག། འཁྲུལ་པའི་རྩ་བ་གཏིང་ནས་ཐོན།། ལྷག་མཐོང་རིག་པའི་འཁོར་ལོ་བསྐོར།། དེ་ནི ་སྤྱོད་གཉིས་པའོ།། ཡིད་ཕུང་ཐག་ནག་པོ་རྩད་ནས་ཆོད།། རིག་པ་གོས་དང་དཔྲལ་བའོ།། དེ་ནི་ངོ་སྤྲོད་བཞི་པའོ།། ཡང་ན་བར་དོའི་རྐྱེན་གསུམ་སྟོན།། སྣང་བ་ངོ་སྤྱོད་བླ་མའི་ངག། རིག་པ་གཅེར་བུ་བཟུ ་བ་དང་།། རིག་པ་གོས་དང་དཔྲལ་བ་དང་།། གཟུང་འཛིན་ཞགས་པ་བཅད་པའོ།། འབྲིང་དང་ཐ་མའི་མན་ངག་གོ། རབ་ཀྱི་དབེན་རྣམ་པ་གསུཾ་སྟེ།། རྒྱ་མཚོ་སྦུ་བ་ན་མཁའི་སྤྲིན།། ཨུཏྤལ་ཡི་མདོག་བཞིན་ནོ།། ་ཡང་ན་དཔེ་ཅིག་འདི་ལྟ་སྟེ།། བ་ན་སེའི་འབྲས་བུ་བཞིན།། གཞི་ལས་འདས་པ་མེད་པའོ།། ཅེས་གསུངསོ།། འཛ་དཔལ་འདུས་པའི་རྒྱུད་ལས།། གནས་ཡུནཊ་ལ་ངོ་སྤྲད་པ་དང་། གྲོལ་བ་གྲོལ་བར་བྱ་བའི་ལེའུ་སྟེ ་བཅཝོ་ལྔ་པའོ།། །། དེ་ནས་རྡོ་སེམས་དཔའ་ཡིས།། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ།། ལེགསོ་ཞེས་ནི་རབ་བསྟོད་ནས།། བདག་བཅག་ཤིན་ཏུ་ཡིད་རང་སྟེ།། རྒྱུད་ཆེན་འདི་ལ་མིང་འདོགས་ཞུ།། ་ཅེས་གསུངས་སོ།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། ངའི་བྱིན་བཤད་རྒྱུད་ཆེན་འདི།། འཛི་དཔལ་ཡེ་ཤེས་འདུས་པར་ཟུང་།། ཐད་གང་ཡང་མ་ལུས་རྫོགས།། ཐ་དེ་འདུས་པའི་རྒྱུད་དུ་ཟུང་།། སངས་རྒྱས ་རང་འགྲུངས་བསྟན་པས་ན།། སངས་རྒྱས་འདུས་པའི་རྒྱུད་དུ་ཟུང་།། ཡིས་རང་ལ་བསྟན་པས་ན།། ཡེ་ཤེས་ཁོང་ཤར་རྒྱུད་དུ་ཟུང་།། ལྟ་སྒོམ་སྤྱོད་པ་སུན་འདོན་པས།། ལྷུན་གྲུབ་རང་ཆས་རྒྱུད་དུ་ཟུང་།། ་ཅེས་གསུངས་སོ།། ཞུ་བ་པོ་རྡོ་རྗེ་སེམས་དཔས་ཞུས།། བསྲུང་པ་པོ་རོ་ཡངས་བདེ་བས་བསྡུས།། འཇམ་དཔལ་འདུས་པའི་རྒྱུད་ལས། མཚན་མའི་ལེའུ་སྟེ་བཅུ་དྲུག་པའོ།། ་ཡང་ཏི་ནག་པོའི་འབྲུ་ཅིག་པ་རྫོགས་སོ།། ་