CLOSE WINDOW

Gbr008.13: byang chub sems dpa' gsang ba'i theg pa'i rgyud
Wyliee-texts produced with BDRC’s OCR application

བྱང་ཆུབ་སེམས་དཔའ་གསང་བའི་ཐེག་པའི་རྒྱུད་ཞེས་བྱ་བ་བཞུགསོ།། ་རྒྱ་གར་སྐད་དུ། བོ་དྷི་ཙིཏྟ་ཨ་ཏི་བྷྲ་མ་ནཱ་མ། བོད་སྐད་དུ། བྱང་ཆུབ་སེམས་དཔའ་གསང་བའི་ཐེག་པ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། ་བདག་མེད་གཉིས་མེད་ཡེ་ཤེས་སངས་རྒྱས་པས།། ཞེན་པ་བཟློག་ཕྱིར་རྐྱེན་བཤད་བསམ་ཡས་ཀྱང་།། ཆོས་ཉིད་དངལ་བརྗོད་བྱ་བརྗོད་བྱེད་མེད།། རྟོག་དང་ལྷ་སྒོམ་ལ་སོགས་པའི།། བསླབ་པ་མ་ལུས་ཀུན ་འཇིག་པ།། གསང་བའི་བསླབ་པ་ཡིན།། རྟོག་པ་ལ་སོག་སུ་འདོད་པ།། དེ་ལ་དེ་གསོག་ནམ་ཡང་མེད།། སྐྱེས་ན་འགག་ཅིང་འགག་ན་སྐྱེ།། དེ་ནི་བདག་བཅས་འཁྲུལ་པའི་བློ་བདག་མེད་གང་སྐྱེ་སྐྱེ་རྒྱུ་ཅིང་།། མི ་སྐྱེ་མི་འགག་ཅིར་མི་རིག། བུས་པ་མ་རབས་རྟོགས་པར་འདོད།། གང་གིས་གང་རྟོགས་ཇི་ལྟར་རྟོགས།། རྟོག་པ་བདག་མེད་སྐྱེ་མེད་ཅིང་།། བདག་སྐྱེ་འཁོར་བ་ཅི་ཕྱིར་མིན།། བློ་དང་བློ་ཡུལ་མ་ཡིན་པའི ་། འཁོར་བཀྱེ་འགག་རྒྱ་མི་ཤིག། དེ་བས་རྟོགས་པས་འབོར་བར་འཛིངས།། ཤེས་རྟོགས་ལྟ་བུའི་སྡིག་པནི།། སྟོང་གསུམ་མ་ལུས་སྲོག་གཅད་པས།། སྡིག་པས་དེ་བརྡུས་ཆ་མི་ཕོད།། ལྦ་བསྒོབ་འབྲས་བུ་དེ་དང་མཚུངས།། ་རྫོས་བྱ་རྟོག་བྱེད་གཉིས་མེད་ཅིང་། རྟོགས་ལྷ་ལ་སོགས་མི་སྐྱེན།། དགོས་ཆེད་བྱེད་དུ་དེ་བསོགས་གསུངས། མ་རྟོགས་མ་བསྒོམས་མ་ཤེས་ན།། རྡོ་རྗེ་ཀུན་དུ་བཟང་པོ་ཡིན།། བདག་མེད་དམིགས་དང་རྣམ་ཤེས་ཇི་ལྟར་སྐྱེད།། དྲ་བྱ ་དྲན་བྱེད་མེད་དེ་ཤེས་དང་མི་ཤེས་བྲལ།། རྟོགས་བྱ་རྟོགས་བྱེད་མེད་དེ་དགོས་ཆེད་དེ་རྟོགས་བརྗོད།། རྟོགས་པ་མ་སྐྱེས་པ་ནི་རྟོགས་པའི་མཆོག། འཆིང་གྲོལ་མེད་པ་གྲོལ་བའི་དམ་པ་ཡིན།། བཅིངས་ན་གྲོལ་ཞིང་གྲོལ་ན་འཆིང་།། ཡུལ་སེམས ་གཉིས་སུ་མེད་པ་ནི།། བྱང་ཆུབ་སེམས་ཞེས་བདེ་གཤེགས་གསུངས།། ཡུལ་སེམས་གཉིས་སུ་འདོད་པ་དང་། ཡུལ་མེད་སེམས་ལ་གསལ་སྟོང་དང་།། ཡོད་མེད་རྟག་ཆད་འཁྲུལ་པའི་སེམས།། འཁྲུལ་དང་མ་འཁྲུལ་གཉིས་མེད་ལ། ་མ་འཁྲུལ་དགོས་ཆེད་གཉིས་ཡོད་འཁྲུལ།། དེ་དེ་ཉིད་དེ་དགོས་ཆེད་ཀྱིས།། དེ་མཚོན་འཁྲུལ་པ་བློ་བུང་དང་།། མེད་པ་དང་ན་ཅིང་མི་རུང་།། སྐབས་ཀྱི་རེ་ཤིག་བརྗོད་པར་ཟད་།། ཡུལ་སེམས་གཉིསུ་མེད་པ་ན།། དེ་མེན་ཆོས་མེད་གཉིསུ་མེད།། སྣོད་བཅུ ་རབ་འབྲིང་ཐ་མ་ཡིས།། བཤད་དུ་ཡོད་དང་བཤད་དུ་མེད།། བཤད་བྱ་བ་ཤང་གཉིས་སུ་མང། རྟོག་སུ་ཡོད་དང་རྟོག་སུ་མེད།། རྟོགས་བྱ་རྟོགས་གཉིས་སུ་མེད།། སྒོམ་སྤྱོད་འབྲས་བུ་ལ་སོགས་མཚུངས།། བྱ་བ་མེད་པས་གྲོལ་བ་གྲོལ།། བྱ་མེད ་ལྷུན་གྲུབ་རྫོགས་པ་ཆེན།། རྟོག་སྒོམ་འབྲས་བུ་འདོད་པ་དང་།། ཐར་པར་འདོད་པའི་ཡིད་ཅན་ལ།། བྱང་ཆུབ་ནམ་ཡ་མ་ཡིན།། རྡོ་རྗེ་སེམས་དཔའི་གསང་བའི་ཐིགས་པ་འདི།། དགའ་རབ་རྡོ་རྗེའི་ཐུགས་ལ་དབྱེར་མེད་ཐིམ།། ཞེས་ལྟ་བ་ལྷག་པ་བྱང ་ཆུབ་སེམས་ཀྱི་གསང་བའི་ཐོགས་པ་ཞེས་བྱ་བ་སྟེ། ལེའུ་དང་བ་ན། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ས་བྱག་འཚལ་ལོ།། འཁོར་འདས་རྣས་པ་གཉིས་པ་ཡང་།། ཆོས་ཅན་རྟོགས ་ཚ་ཉིདི་རྟོགས།། བྱ་བ་མདོ་དང་ལྷུན་གྱིས་གྲུབ།། དོར་རྟོགས་རྟག་རྟོགས་འདུས་མ་བྱས།། བྱང་ཆུབ་སེམས་དང་འཕྲུལ་པའི་སེམས། རང་བྱུ་རྟེན་བྱུང་ལ་སོགས་ཀྱིས།། འཁོར་འདས་གཉིས་སུ་ཤེས་མེད་ཤེས།། སྨན་བརྡོ་ཙམ་ན་དུག་བརྡོ་སྔ ་སྨན་འཛཙམ་འདུག་མིགནས།། སྔ་བཛྲ་རྗེམན་དྲུག་ཀྱང་མེད། སྤྱན་འརྡོ་ཙམ་ནདུགས་སྤངས། འདེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། སྟོང་བ་ཙམ་ན་སྟོང་བ་རྔོ་མེད།། སྤང་བཇོ་ཙས་ན་སྡང་མི་གནས་གཉིས་དང་གཉིས་མེད་ལས་མ ་ཀུན་ཡིན་གང་ཡང་མ་ཡཱི་དང་།། གང་མ་ཡིན་ན་ཀུན་མི་གནས། ཀུན་ཡིན་ན་ནི་གང་མིན་མེད།། དེ་བས་བྱ་བྲལ་ཤེས་མེད་དང་། བརྗོད་མེད་ཀུན་བཟང་རྡོ་རྗེ་དགྱེ།། ཤེས་བརྗོད་ལྟ་བུའི་སྡིག་པ་མེད། བརྗོད་བྱ་བརྗོད་བྱེད་ལ་སོགས་དང་།། ་ཤེས་བྱ་ཤེས་བྱེད་གཉིས་མེད་ན།། ཚད་མེད་ཐཾད་ལྷུན་གྲུབ་སྐུ།། མཉམ་ཉིད་བསམ་འདས་གཉིས་མེད་དུ།། རང་ཉིད་ཤེས་ཤིང་མ་གྱུར་ན།། ཚིག་ཏུ་ཇི་སྐད་བརྗོད་གྱུར་ཡང་དབུལ་པོས་ཕྱུག་པོའི་ནོར་འགྲངས་འདྲ།། རང་ལ་མ་ཕན་གདུང་པས ་འཛིན།། དེ་བས་རང་ཉིད་གཉིས་མེད་ན།། ཤེས་བྱ་ཤེས་བྱེད་ལ་སོགས་མེད།། སྦྱངས་ནས་རྟོགས་ཐོབ་ཕྱིས་འདོད་དང་།། རྟོགས་ཐོབ་ཐབས་ལ་རྟེན་པ་དང་། བྱ་བ་མ་བྲལ་ཐབས་ཀྱིས་ཀྱང་།། ཡང་དག་འབྲས་བུ་ཐོབ་མེད།། བྱ་མེད་བྱེད་བྲལ ་འབྲས་བུ་དེ།། ཆོས་ཉིད་དོན་རྟོགས་བདེ་ཆེན་འགྲུབ།། འདོད་པ་མ་ཟད་འབྲས་བུ་དང་།། འདོད་པས་གྲུབ་པའི་འབྲས་བུ་དང་། འདོད་པ་མེད་པས་ལེན་པ་ནི་། བྱ་བྲལ་ལྷན་གྲུབ་ཤེས་པར་གྱིས།། མདོར་ན་ཆོས་རྣཾས་ཐཾད་ནི།། འཁོར་དང་མྱ་ངན་འདས ་པ་སྟེ།། འཁོར་བའི་སེམས་རིག་འཁྲུལ་པའི་སེམས།། མྱ་ངན་འདས་རིག་བྱང་ཆུབ་སེམས།། སེམས་ཀྱི་ཡུལ་དང་རང་རིག་ཡུལ།། སྤྱོད་ཡུལ་དག་དང་མ་དག་བགྱིས།། འཁོར་འདས་གཉིསུ་རྒྱལ་བས་མངགས།། ་སྤྱོད་ཡུལ་དག་པའི་རྣལ་འབྱོར་ནི།། འཁོར་བར་ནམ་ཡང་མི་འཁོར་ཏེ། རྟོགས་པ་བསྟན་པར་མ་གྱུར་ནས།། རྟེན་ནི་ཁམས་གསུམ་གནས་གྱུར་ཀྱང་།། སེམས་དགོངས་རྣམ་དག་རྫོགས་སངས་རྒྱས།། གལ་ཏེ་བསྟན་པར་མ་གྱུར་ན།། ་ཚོགས་དྲུག་འཇུག་པ་ལྷོད་པ་ཡིས།། དམྱལ་བའི་གནསུ་དེ་མི་སྐྱེ། ཆོས་ཉིད་རྟོགས་དང་ལྡན་པ་ཡ་སི། འབྱོལ་སོང་གནས་སུ་དེ་མི་སྐྱེ།། འདོད་པའི་གདུང་བ་ལྷོད་པ་ཡིས།། ཡི་དགས་གནས་སུ་དེ་མི་སྐྱེ།། འདོད་ཡོན་ལྔ་ལ ་ཆགས་མེད་ཅིང་།། སྤྱོད་ཀྱང་བསྟན་པོར་མ་མཐོང་སྟེ།། འཁྲུལ་ཞིག་རང་བཞིན་མེད་རྟོགས་པས།། ལྷའི་གནས་སུ་དེ་མི་སྐྱེ།། མིའི་ལུས་ཀྱི་རྟོགས་མཐུ་ཡིས།། གལ་ཏེ་རྟེན་ན་མི་ལུས་ཏེ།། གང་དུ་སྐྱེས་ཀྱང་རྣམ་དག ་གསལ།། གང་དུ་གསལ་ཡང་མངོན་སངས་རྒྱས།། དེ་ལ་འཁོར་བའི་མིང་མི་གདགས།། དེ་བས་གསང་སྔགས་བདག་ཉིད་ཆེ།། དོན་མེད་སྒྲ། ཕྱིར་དེ་འབྲངས་ནས།། དེ་ནི་འཐོམས་ནས་དམྱལ་བར་འགྲོ།། དེ་རྟོགས་དམྱལ་བའི་ས་བོན་ཟད།། ་དེ་རིང་ཕན་ཆོད་རྒྱལ་བའི་སྲས། གཟུང་འཛིན་དབེན་པ་རྒྱལ་བ་སྟེ།། དེ་ན་རྟོག་པའི་སྲས་ཞེས་བྱའོ།། རྟོག་པ་ཟད་ལ་རྟོག་ཞེས་ཏེ།། རྟོག་པ་སྐྱེས་ན་འགག་པར་ངེས།། དེ་ནི་སྐྱེ་འཇིག་འཁོར་བའི་ཆོས།། མངོན་པར་ཤེས་པ་ལ་ཡང་གཉིས།། ་ཆོས་ཅན་མངོན་པར་ཤེས་པ་དང་། ཆོས་ཉིད་མངོན་པར་ཤེས་པ་སྟེ། ཤེས་པར་བྱ་བྱེད་ཅིག་ལས་མེད།། ཅིག་པོའི་དོན་དེ་འདི་ལྟར་སྟེ།། ཤེས་བྱ་ཤེས་བྱེད་གཉིས་ཡོད་ན། ཆོས་ཅན་ཡིན་དེ་ཆོས་ཉིད་མེན།། དེ་རང་ཉིད་ལ་བྱེ་བྲག་མང་།། ཐེག་པ ་ལ་ལྟ་བ་རེགདེ་རེ་སྒོམ་རེ་མངོན་ཤེས་ཏེ།། ཆོས་ཉིད་མངོན་པར་ཤེས་པ་ནི།། ཤེས་དང་ཤེས་བྱ་གཉིས་མེད་ལ།། ཆོས་ཅན་ཤེས་བྱ་ཡང་དག་ལྡན།། དེ་སྤངས་ན་ཡང་དེ་མེད་དེ། དེ་ཡོད་ན་ཡང་དེ་མེད་དོ།། རྣམ་པ་དག་ན་ལམ་ཆེན་རྙེད་པ་གཉི་བུ་མེད། ་ན་བདེ་ཆེན་ཐོབ།། གཟུང་འཛིན་དག་ན་ཡེ་ཤེས་ཆེ།། བྱ་བ་བྲལ་ན་རྫོགས་པ་ཆེ།། བྱེད་པ་བྲལ་ན་ལྷུན་གྱིས་གྲུབ། སེམས་དང་ཆོས་ནི་ཨེ་ནས་གཉིས་མེད་ལ། རྟོགས་པར་འདོད་པས་ནམ་ཡང་ཐར་པ་མེད།། མདོར་ན་སེམས་ཅན་སངས་རྒྱས་ཀྱང་།། སེམས ་ཆོས་གཉི་སུ་ཡོད་མེད་ལས།། རྡོ་རྗེ་ཀུན་བཟང་མི་གསུང་ངོ་།། སེམས་དང་ཆོས་ནི་གཉིས་མེད་ན།། ལྟ་རྟོགས་ལ་སོགས་གང་གིས་ཀྱང་།། དེ་བས་བྱ་བྲལ་ལྷུན་རྫོགས་མོད།། དེ་བས་སྨན་པའི་ཐེག་ཕྲན་ཀུན། སེམས་ཀྱིས་ཆོས་རྟོགས་རྟོགས་པས་སྨར། ་དེ་བས་བྱ་བྱེད་དྲང་དོན་མོད།། ཅེས་ཆོས་སེམས་གཉིས་སུ་མེད་པའི་གསང་ཐིབ་སྟེ།། མན་ངག་གཉིས་པོའོ།། བཅོམ་ལྡན་འདས་ལོག་པར་དང་སེལ་ལ་ཕྱག་འཚལ་ལོ།། རྩོད་དང་གདམས་དང་བཤད་དང་གསུམ།། དབྱེ་བ་འདི་ཡིས་ཤེས་པར་བྱད་པ་རང ་བཞིན་དག་པའི་ཀུན་གཞི་དང་། རྟོགས་པས་དག་པའི་ཀུན་གཞི་དང་། འཛིན་པས་གསགས་པའི་ཀུན་གཞི་ལ།། འཁོར་བའི་ཀུན་གཞི་འདས་པའི་གཞི།། གཉིས་ཀའི་ཀུན་གཞི་དབྱེ་བ་ཡིས།། འབྱུང་བ་དང་ནི་འབྱུང་ཆེན་དང་། འབྱུང་ཆུང་གཞི་སྟེ ་སོ་སོར་དབྱེད། འབྱུང་བ་ཆོས་ཉིད་འབྱུང་ཆེན་ན་མཁའ་ལ།། འབྱུང་ཆུང་རེ་རེ་ལ་ཡང་ལྔ།། ཆོས་ཉིད་འཁོར་འདས་ཀུན་གྱིས་གཞིས་བྱབ་སེམས་འདས་ལ་ཀུན་གྱིས་གཞི།། འཁྲུལ་སེམས་འཁོར་བ་ཀུན་གྱིས་གཞི།། སེམས་དང་སེམས་ལས་བྱུང ་བ་དང་། སེམས་དང་སེམས་ལས་ཐིམ་པ་དང་། འཁོར་འདས་གཉིས་སུ་འཁས་པར་རིག། ཅིའི་ཕྱིར་ན་སེམས་ཞེས་ན།། སེམས་ཐིམ་པ་ཡི་སེམས་ཞེས་ན།། སེམས་འཛིན་པའི་སེམས་ཞེས། གང་ལྟར་བྱུང་ཡང་དེ་དེ་ཉིད།། དེ་དེ ་བསྲེག་ཤང་པར་བུ་བསྣམས།། མ་རིག་མུན་པ་གསལ་བའི་ཕྱིར།། ཆོས་ཀྱི་པུ་ཏི་རབ་ཏུ་བསྡམས།། བཀྲེས་བསྒོམ་སྡུག་བསྔལ་ཞི་བྱའི་ཕྱིར། རིན་ཆེན་སྐོམ་བུ་ཕྱག་ན་བསྣམས། ་ཆགྲང་སྡུག་བསྔལ་ཞི་བྱའི་ཕྱིར།། མེ་ཆུའི་བསིལ་གྲོ་ཕྱག་ན་བསྣམས།། གང་འཐང་ཐེག་པ་དེ་ལ་སྟན།། རྫོགས་པ་ཆེན་པོ་སྙིང་ཁྲིད་མན་ངག་གི་རྒྱུད།། སློབ་དཔོན་དགའ་རབ་རྡོ་རྗེ་ས་ཡི་གེར་བཀོད་པ་རྫོགས་སྟོད། ་