| Wylie | e-texts produced with BDRC’s OCR application |
རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་བཞུགས་སྷོ།། ་རྒྱ་གར་སྐད་དུ། སན་ཏི་མ་ཧཱ་དྷ་ཐ་ས་ཐག་པ་ཏན་ཏྲ་ན་མ། བོད་སྐད་དུ། རྫོགས་པ་ཆེན་པོའི་ལྟ་བ་ཐམས་ཅད་ཀྱི་སྙིང་པོལ་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་མཉམ་པ ་ཉིད་ཀྱི་རྒྱལ་པོ།། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི་དུས་གཅིག་ན། ཀུན་རིགས་ཀྱི་རྒྱལ་པོ་དེས།། འོག་མིན་ཆོས་ཀྱི་དབྱིངས་དག་ནས།། མཉམ་པའི ་དོན་ལ་རབ་བཞུགས་ཏེ། གསང་སྔགས་རྒྱལ་པོ་ལ་སོགས་པའི།། འཁོར་རྣམས་འདུས་ནས་རབ་ཏུ་འཁོད།། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས་པའི་ཚོགས་ལ་ཕན་གདགས་ཕྱིར།། གུས ་པའི་ཚུལ་གྱི་ཐལ་སྦྱར་ཏེ།། བདེན་པའི་ཚོགས་གིས་འདི་སྐད་གསོལ།། རྩ་བ་ཅིག་པའི་སེམས་ཉིད་ལས།། སངས་རྒྱས་ཆོས་རྣམས་རྔ་ལྟར་གསུངས།། དེའི་དགོངས་པ་ཇི་ལྟར་ལགས།། ཆོས་རྣམས་གཏན ་ལ་དྷི་ད་བར་སྨད་ཀྱི་རིམ་པ་གང་ལ་བསྟན།། མཉམ་པའི་རྒྱལ་པོས་ལུང་བདུན་གསོལ།། དེ་སྐང་གས་པའི་ཚིག་པསསྟནས།། ཀུཛྙཱ་ནི་སེམས་ཀྱི་རྒྱལ་པ་སྲིས།། དུས་པའི་ཚོགས་ལ་དཀའསྩལ་པ།། ལེགས ་སེམས་དཔའ་རྡོ་རྗེ་ཁྱོད། དད་ལྡན་བུ་ལྡངས་བཤད་ཀྱིས།། ལེགས་པར་ཉོན་ལ་ཡིད་ཀྱི་ཟུང་།། དུས་གསུམ་སངས་རྒྱས་ཐམས་ཅད་དང་།། རྩ་བ་སེམས་ཉིད་རྟོགས་པའི་ཕྱིར།། གཟི་ལྡན་ནོར་བུ་རིན་ཆེན་བཞིན།། སངས་རྒྱས་ངོ་བོ་སྐུ་གསུམ་ཏེ།། ཆོས་སྐུ་ན་མཁའ ་ལྟ་བུ་ལ། རང་གི་ངོ་བོ་བརྗོད་དུ་མེད།། ཞིང་ཁམས་ཀུན་གཞིའི་སེམས་ཉིད་ལ།། ཐུགས་ཀྱི་སྒོམ་ནས་ངེས་པའི་དོན།། རྒྱུ་འབྲས་དབྱེར་མེད་ལྷུན་རྫོགས་ཆོས།། བྱིན་རླབས་བདེ་བཤེགས་འཁོར་ལ་གསུངས།། ལོངས་སྐུ་འཇའ་ཚོན་ལྟ་བུ་ལ།། ངོ་བོ་རིགས་ལྔའི ་སངས་རྒྱས་ཏེ།། ཞིང་ཁམས་འབྱུང་བ་ཆེན་པོ་ལྔ།། འབྲས་བུ་ཕྱེ་ནང་གསང་བའི་ཆོས།། སྐུ་ཡི་སྒོ་ནས་ལྡེམ་དགོངས་ཀྱིས།། ས་བཅུའི་འཁོར་ལ་ངོ་བོས་གསུངས།། སྤྲུལ་པའི་སྐུ་ནི་ངེས་མེད་ལ།། ཐུབ་དྲུག་པོ་བོ་ཤཀྱ་ཐུབ།། ཞིང་ཁམས་ཁམས་གསུམ ་སེམས་ཅན་ལ། རྒྱུ་འབྲས་དགེ་སྡིག་གཉིས་ཀྱི་ཆོས།། གསུང་གི་སྒྲ་ནས་དྲང་དོན་གྱིས།། སྡེབ་སྦྱོར་ལེགས་པའི་ཚིག་གི་གསུངས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུན་ལས།། མན་ངག་འབྱུང་བ་སྐུ་གསུམ་གྱི་གླེང་བཞི་བསྟན་པའི་ལེའུ་སྐེ ་པ་པོའོ།། ། དེ་འདུས་པའི་ཆོ་ག་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་ནི།། ཤེས་རབ་བློ་ཡིས་ཁྱད་པར་ལས།། སྐུ་གསུམ་ཆོས་རྣམས་ཅི་གསུངས་ཀྱང་།། དེ་དག་དབྱེར་མད་ཙ་གཅིག། འ ་བམྱ་ངན་འདས་པའི་ཆོས།། ཐམས་ཅད་རྩ་བཅིག་པའི་དོན།། རང་སེམས་རྟོགས་པས་ཆོས་སྐུ་ལ།། སྣང་བའི་གཟུགས་བརྙན་མི་འགོག་པས།། སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན།། ཡེ་ནས་དགོངས་པ་ངོས་ཟིམ་པས།། བྱ་བ་མེད་ཅིང་སྒྲུབ་ཏུ་མེད།། ་xxx ་མ་སྐྱེས་མི་ནུས་ཡེ་ཤེས་ཀྱིས།། མི་འབྱུང་མི་འགྲོ་ཡི་གནས་པས།། དེ་ཡང་སངས་རྒྱས་དགོབ་པ་ཡིན།། ཀུན་ལ་ཁྱབ་པར་མི་འབྱེད་པས།། ལྷ་རུ་མེད་པས་ཐ་སྤྱད་མེད།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། མངོན་དུ་དཔེ་མེད་རྟོགས་ལས་འདས།། བསམ་དུ་མེད། ་ས་བསམ་མེ་ཁྱ།། རེ་ཡང་སངས་རྒྱས་དགོངས་པ་ཡིན།། སྦྲུ་ལས་མ་བྱུང་རྐྱེན་མེད་པས།། དངོས་པོར་མ་ཡིན་རྟག་ཆད་མེད།། དེ་ཡང་སངས་རྒྱས་དགོངས་པ་ཡིན།། སྤྱོད་དང་བྲལ་བས་སྒོ་སྲུང་མེད།། མཐའ་དབུས་མེད་པར་རྒྱུ་འབྲས་ཅིག། དེ་ཡང་སངས་རྒྱས་དགོས ་པཔཡིན། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། གཅིག་ལས་ཐམས་ཅད་རྫོགས་པ་སྟེ།། སངས་རྒྱས་རྣམས་ཀྱི་དགོངས་པ་དེ།། ཚིག་ཏུ་མཚོན་ནས་སླད་ཅི་བཅོས།། ཐམས་ཅད་རང་བྱུང་ཡེ་ཤེས་ཉིད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ལས། ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཆོས་རྣམས་གཏན་ལ་དས་པའི་ཕྱིར།། དོན་གྱི་སྙིང་པོ་འདི་རྟོགས་པའི་ཐ་། ་བ་བཞི་རུ་མདོར་བསྡུས་ནས།། འཕྲང་ཆེན་དྲུག་གྲི་གཏན་ལ་དབབ།། མན་ངག་ལྔ་ཡིས་ཁ་བཟླས་ལ།། གཏན་ཚིགས་བཞི་ཡིས་ཡིད་ཆེས་བྱ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། རྩ་བ་བཞི་རུ་མདོར་བསྡུས་ནས།། གཞི་ངེས་ལྟ་བ་ཕྱོགས་མེད་དང་།། དོན་དང་མི་འབྲལ ་ཏིང་འཛིན་པས།། སྤང་བླང་མེད་པའི་སྤྱོད་པ་དང་།། རེ་བ་མེད་པའི་འབྲས་བུ་ལ། རྣམ་པ་བཞི་རུ་སྡུས་པ་ཡིན།། འཁོར་བའི་སྙིང་པོ་ད་ཉོན་ཅིག། གཏན་ལ་དབབ་པའི་ཕྲེང་དྲུག་ནི།། ལྟ་བ་སྐྱེ་མེད་དོན་གྱི་འཕྲང་།། བརྩལ་བ་མེད་པས་ལྷུན་གྱིས་གྲུབ།། རང་བློ་འགྱུར་མེད ་ཏིང་འཛིད་འབྲང་། སྒོམ་པ་རད་པང་ཡེ་ཤེས་གས་པ།། ཉམས་ཀྱི་རིན་པ་གདམས་ངག་འཕྲང།། པོ་རིངས་མ་འཁྲུགས་དབྱིས་སུ་སླེབས། ལྦ་བ་ཤེས་དབ་བློའི་འབྲང་།། ཆས་རྣམས་ཀྱི་ཁྱད་པར་འབྱེད།། སྭ་བ་སྲེང་མེད་ག་ལ་སའི། ་འབྲང་། ཇི་ཙམ་བསྐམས་ཀྱང་དོན་མེད་འབྱམ།། ཕྱིར་རྒོལ་རྩོད་ཆང་ཚིག་གིས་འབྲང་།། གཞན་ཚིག་སྐྱོན་ལ་རང་གཞུང་བསྐྱ།། དེ་དག་དྲུག་གིས་གཏན་དང་བ།། དེ་ཡང་སེམས་དཔའ་རྡོ་རྗེ་ཉོན།། མནངག་ལྔ་ལ་ལ་བཟླས་པ། སངས་རྒྱས་སེམས་ཅན་རྒྱུ་ག་ཅིས ་ཕྱིར། གཉིས་སུ་མེད་པར་ལ་བཟླའོ།། འཁོར་འདས་རྩ་ཁ་ཅིག་པའི་ཕྱིར། ལྷུན་གྱིས་གྲུབ་པར་ལ་བཟླའོ།། གཙང་དང་མི་འཙང་གཞི་གཅིག་པས། བླང་དོར་མེད། པང་ལ་བཟླའོ།། སྐྱོན་དང་ཡོན་ཏན་དབྱེར་མེད་པས།། བསྒོམ་དུ་མེད་པར་ལ་བཟླའོ།། འཁྲུལ་དང་མ་རིག ་དངོས་མེད་པས། དུག་ལྔ་ཡེ་ཤེས་ལྔ་རུ་ལཱ་འདྲའོ།། དེ་ཡང་འདུས་པའི་ཚོགས་རྣམས་ཀུན།། ཡིད་ཆེས་པ་ཡི་གཏན་ཚིགས་ནི།། རང་བཞིན་སྐྱེ་མེད་གཏན་ཚིག་ཀྱི།། ལྷུན་གྱིས་གྲུབ་པར་ཡིད་ཆེས་བྱ།། རོལ་པ་འགག་མེད་གཏན་ཚིག་ཀྱི།། གང་ཡང་མི་འགལ་ཡིད ་ཆེན་བྱ། མཚན་ཉིད་གཉིས་མེད་གཏན་ཚིགས་ཀྱིས།། ཆོས་རྣམས་གཅིག་པར་ཡིད་ཆེས་བྱ།། ངོབ་བློ་གྲོས་གཏན་ཚིགས་ཀྱིས།། ཅོལ་བ་མེད་པར་ཡི་ཆེས་བྱ།། སྙིང་པོའི་དོན་འདི་རྟོགས་འདོད་པས།། དམ་པའི་རྒྱུད་དོན་གནས་པར་གྱིས།། རྫོགས་པ་ཆེན ་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ཆོས་རྣམ་ཀྱི་རང་བཞིན་གཏན་ལ་དབབ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཀུན་རིགས་རྒྱལ་པོ་ཡིས།། འདུས་པའི་ཚོག་ལ་བཀའ་སྩལ་པ།། དོན་དམ་སྣང་བཅུང་རིམ་པ་ནི།། གས་སྔགས་རྣམ ་ཟིཅི་བ་ཡིན་དང་རྣམས་རི་ང་རྫོགས་བྱནས།། རྨ་སསམ་གྱུ་ལམས་རྒྱས་ནས།། དམ་པའི་མོན་གྱིགཉེ་ལྡན་ཞིང། སྲིད་གཞུས་ཀྱི་ང་མེད་པའི་ཐམ་ལ་སུ་དཔན་དེ།། དབང་ནགས་ཀྱིས་དག་བཞིན།། ཅིག་ཐུས་ནས་ཀྱི་དོ་ལྡན ་སྐལ་ལྡན་མའི་མཚན་ཉིད་ནི།། བླ་མ་ལ་གུས་དང་བར་ལྡན།། སེར་སྣ་ཆུང་ལ་བརྩོན་འགྲུབ་ཆེ།། དོན་གསང་ཐུབ་ལ་ཤེས་རབ་ཟབ།། ཚུལ་ཤེས་དང་བཟང་རྣམས་ཀྱི་གཏེར་།། དེ་དང་མི་ལྡན་འདི་བསྟན་ནཱ།། སངས་རྒྱས་ཀུན་གྱི་བཀའ་འཅག་སྟེ།། མཚམས་མེད། ་སྡིག་པའི་ཆར་མི་འོད།། དམྱལ་བའི་འོག་གཞི་བྱེད་པང་གསུངས།། རྫོགས་པ་ཆེན་པོ་རྒྱ་ལ་ཐམས་ཅད་ཀྱི་སྙིང་པོ་ལས།། སྣོད་བཅུང་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ཀུན་རིག་རྒྱལ་པོ་ཡི།། སེམས་དཔའ་རྡོ་རྗེས་དོན་ལུས་པ། ་འགྲོ་དྲུག་སྡུག་བསྔལ་ཅི་ལས་བྱུང་།། མུ་སྟེག་རྟག་ཆར་ཇི་ལྟར་འཕྲུལ།། ཐེག་པའི་རིམ་པ་གང་ལྟར་འབྱུང་།། དེ་སྐད་གསོལ་པའི་ཚིག་གསན་ནས། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། རྩ་བ་གཅིག་པའི་སེམས་ཉིད་ལ།། འགྲོ་དྲུག་སྡུག་བསྔལ་འབྱུབ་བ ་ནི་རྫག་པ་སྦྲུལ་དུ་ལ་ནི་མ་བཞིན།། མ་རིག་ལྷན་ཅིག་རྒྱུ་ཉིད་ལས། ཀུན་རྟགས་མི་དག་རྐྱེན་རྒྱས་། མ་སུམ་ལས་སྤྱན་བྱའི་ཕྱོར།། བས་ཆགས་ལྔལ་ལོངས་སྤྱོད་ནས།། དམྱལ་བ་དང་སྐྱེས་མ་རྫོགས་མཐའ།། ཡི་དགས་མི་གཙང་མཐོང་ཡུལ་སྣུ ་མི་ཡིས་མཐོང་ཡུལ་བཞིན་དུ་སྣང་།། བྱོལ་ལོང་ངམ་འགྲོག་གྱེན་ཐུང་སྣང་།། ལྷ་མ་ཡིན་གྱི་གོ་མཚོན་མཐོང་།། ལྷ་རྣམས་རིན་ཆེན་སྣ་བདུན་མཐོང་།། དེ་དག་འགྲོ་དྲུག་སྡུག་བསྔལ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པ་ལས། @ ་དྲུག་གི་སྡུག་བསྔལ་བསྟན་པའི་ལེའུ་སྟེ་ལྔ་པའོ།། དེ་ནས་འདུས་ཚོགས་རྣམས་ལ། ཀུན་རིགས་སེམས་ཀྱི་རྒྱལ་པོ་ཡིས།། མུ་སྟེག་འ་ཁྲལ་ལུགས་བཀའ་སྩལ་པ། ཡོངས་མཐའ་འཛིན་པའི་ལྟ་བ་ནི།། འགྱུར་བ་བཞི ་དགམ་པརྫ། མམས་ཅད་འདག་ནི་བྱིས་པཔདས། རྒྱུ་ཐས་ལག་པའི་འཚུལ་ཐུམས་ཀྱིས། རང་འམ་མོ་ཟེར་འཁོར་བ་སྲུག། མ་དང་བྱེ་མ་འདི་བ་འང།། ཡིན་ཅ་པར་འད་འནི། སྲ་མོས་སྨྲས་པའི་ཆོས་རྣམས་ཐབ། རྡུས་ཐམས ་ལས་འབྱུང་བའི་ཕྱིར། འབྱུང་བ་ལྔ་བཞི་པང་ཐིམ་ནས། མི་ཤི་ཐལ་བ་དྲུང་ཁྱེར་འདྲ།། དེ་ཡང་སེམས་དཔའ་རྡོ་ལྔ་ཁྱོད།། གཉིས་གའི་གཞི་མདོར་མུ་སྟེགས་ནི།། རིག་བྱེ་གསང་བང་སྤྲུ་ལ་སྟེ།། གཞི་ནི་ངས་མེད་པ་ལ། སྭ། ་པགང་ཡང་མི་འནོག་འད།། གདོན་གྱི་ཟིན་པའི་ནད་པ་བཞིན།། སེམས་ཀྱི་རང་བཞིན་མ་གོས་ན།། འབྱུང་ཆེན་བཏོས་ཀྱི་རྣམཁའ་བཞིན།། ཐུག་རྗེའི་ཕྲེང་ཞག་ཐག་ཆ་ནས།། དམྱལ་བའི་འབྲས་ཆུང་ཐེ་ཚོམ་མེད།། རྫོགས་པ་རྒྱན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་། ་ལས། མུ་སྟེགས་འཁྲུལ་ཚུལ་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་འདུས་པའི་ཆོ་ག་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ། སེམས་ཉིད་རྔ་བ་ཉིད་ཀྱི་སྐུ།། མཐུན་དཔེ་མེ་ལོང་ལྟ་གུ་ལ།། གཟུགས་བརྙན་ཐེག་པ་རིམ་དགུ་བྱུང་།། དེ་ཡང་གང ་དང་གང་ཞེ་ན། འཕགས་པ་ཉན་ཐོས་ལྟ་བ་ནི། མདོ་སྡེ་བྱེ་བླ་རྣམ་གཉིས་ཆོས།། ཆོ་ག་ཡུལ་གྱི་ཁྱད་པ་ལས།། ལུས་གདུངས་སེམས་ཀྱི་བརྩོན་བཟུ་ཀྱང་།། རྡུལ་དང་ཤེས་པ་གཉིས་འདོད་པས།། གླང་ཆེན་འདམ་དུ་བྱིང་བ་བཞིན།། ལུས་ངག་ལས་ཀྱི་རྩོ ་ཡིན། འབྲས་བུ་མེད་པ་སྙིང་རྗེ་གནས།། བླ་མ་དག་ལ་མི་རྟེན་པར།། རང་སེམས་དོན་ལ་ལོ་སྦྱང་ཕྱིར།། རྟེན་འབྲེལ་ཕྱིན་པ་གཙང་བཅད་ནས།། རང་བཞིན་མེད་པཔ་བདེ་འཆའ་བ།། བརྩན་པར་མི་འགྱུར་ཉམས་པའི་ཕྱིར།། ནོར་བུ་རྒྱལ་སྲིད་སྒོམ་པ་འདྲ།། ཆོས་རྣམས་སེཾས ་གྱིརང་བཞིན་ལ།། ཀུན་རྫོབ་དང་ནི་འོན་དམ་དུ།། སོ་སོར་རྟོག་པའི་ཡེ་ཤེས་རབ་ཀྱིས།། བདེན་པ་གཉིས་སུ་རྣམ་པར་ཕྱེ།། ཅིག་གཤིགས་ནས་ནི་ཅིག་ཚོལ་བ།། ཆུ་བདག་ཟླ་བ་ངེས་འཛིན་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། ཐམས་ཅད་རྩ་བཅིག་མ་ཡིན།། རང་གི་ས ་ཀྱི་སྙིང་པ་འདོན་བསམ་གྱི་མི་ཁྱབ་ཡེ་ཤེས་འབར་།། བསམ་མེད་པ་དུག་འཛིན་པ།། བྱིས་པ་དེ་ནི་ཐུན་པ་སྟེ།། མུན་པའི་སྐྱེ་མཆེད་ཉིད་དུ་འགྱུར། རྫོགས་པ་ཆེན་པོ་ལྟ་འ་ཐམས་ཅད་ཀྱི་སྙིང་པོ་ལས།། རྒྱུ་མཚན་ཉིད་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ཆོས་ཉིད་སྡུང་པའི་ངང་ལས་ནི།། དག་པ་བཞིའི་སྒོང་ཞུག་ནས།། ཡོ་བྱད་ཕྱི་ལ་གཙོང་འཛིན་ཅིང་།། ཀུན་རྫོབ་ལྷའི་དཀྱིལ་འཁོར་རུ།། རྒྱུ་ཉིད་པའི་ཏིང་འཛིན་གྱིས།། སྐུའི་གཟུགས་བརྙན་ཕྱག་འཚན ་དང་། བཟླས་བརྗོད་གཙ་སྒྲ་དུས་ཚིགས་ཀྱིས།། རྒྱུ་རྐྱེན་ཚོགས་པའི་ནུས་མཐུ་ཡིས།། རིགས་གསུང་དཀྱིལ་འཁོར་ལྷར་གསལ་ཡང་།། དངོས་གྲུབ་གཞན་ནས་རེ་བ་ཡིས།། ཁྱིནན་འདབ་ཆག་སྙེག་པ་འདྲ།། རབ་སེམས་དབྱེ་བ་མེད་པ་ལ།། ཨུ་པ་ཡ་ཡི་ལྟ་བ་ནི།། གོང་འོག་ལྟ་སྤྱོད ་གཉིས་འཛིན་པ།། ནེ་ཙེ་མི་སྐད་བཟློས་པ་འདྲ།། ཡོ་ག་རྣལ་འབྱོར་སེམས་དཔའ་ཡིས།། ཕྱག་རྒྱ་བཞིའི་སྒོར་ཞུགས་ནས།། ཡོ་བྱད་གཙོ་རུ་མི་འཛིན་པའི།། དོན་དམ་སྐྱེ་འགག་མེད་པ་ཡིས།། ལྷའི་དཀྱིབ་འཁོར་འཕགས་པའི་སྐུ།། རྣམ་པར་སྣང་མཛད་ཆེན་པོ་ཡི།། ཆོས ་དབྱིངས་དག་གི་བྱིན་རླབས་པས།། ལྷ་དང་བདག་ཏུ་མཉམ་པ་ཡིས།། དམ་ཚིག་ཡེ་ཤེས་ལྷང་གསལ་ཀྱང་།། རྒྱལ་སྲིད་མེད་པའི་བློན་པོ་འདྲ།། དེ་ཡང་འདུས་པའི་ཚོགས་རྣམས་ཀུན།། བླ་མའི་དོན་མེད་ནམ་རྟགས་ཀྱིས།། དམིགས་པ་ཅན་ལ་སེམས་གཏད་ཀྱང་།། རྣམ་པར་གྲོལ ་ར་མི་འགྱུར་ཏེ། ན་མཁའ་དག་ལ་འཇིན་པ་འདྲ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལ། ཕྱི་འ་ཐུབ་པ་རྒྱུདན་ཀྱི་ལྟ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་འདུས་པའི་ཚོག་ཆེན་ལ། ཀུན་རིག་རྒྱལ་པོས་བཀའ་སྩལ།། འཁོར་བ་མྱ་ངན་འདས་འདས ་པའི་ས། སེམས་གི་རྟག་ཅི་སྐྱེས་ཀྱང་།། མཚན་མ་དངས་པོ་མ་གྲུབ་པས།། དཔེ་ན་རྣམ་ཁའི་སེར་བུབཞིན།། ཡོད་མ་དབུས་ལས་མི་གནས་པས།། སྐུ་གསུམ་ཡེ་ཤེས་ལྷུན་གྱིས་གྲུག། ཡུལ་སེམས་དབྱེ་བ་མེད་པ་ལ།། ཐབས་དང་ཤེས་རབ་སྤང་ཞུགས་ནས། ་ཏི་འཛིན་གསུང་གྱིས་ལྷུར་བསྒོམས་པས།། གྲིབ་མ་གཟུགསུ་གྱུར་པ་འདྲ།། ཕྱི་ན་ཆོས་རྣམས་མ་ལུས་ཀུན།། ཡིད་དང་ཀུན་གཞི་གཉིས་འདུས་ནས། ཀུན་གཞི་རྣམ་དག་མཁའ་ཀློང་དུ།། རྣམ་རྟོགས་མཚམ་མཚན་མ་གང་སྤྱོད་ཀྱང་།། ནམཁའི་གཟའ་སྐད་བརྩལ་མེད ་བཞིན།། ཀུན་བཟང་དེ་ཆེན་ཐབས་ཀྱི་གཙོ།། ཀུན་ཏུ་ཐ་མ་དདི་ཅན་མཁའ།། འདུ་འབྲལ་མེད་པའི་ཆོས་སུ་ནི།། སེཆེན་གཉིས་རིག་པའི་རྒྱལ།། ངེས་པའི་གསལ་བློ་མ་ཤེས་པར།། ཀུན་པརབ་སྤྱད་པས་དོན་མི་རྟགས། ཉི་མ་སྨིན་གྱིས་སྨིན་པ་། ་སེམས་ཉིད་རྩོལ་བ་མེད་པ་ལ། བསམ་པའི་དབང་གིས་བསྒྲུར་བྱས་པས།། འཁོར་བའི་རྒྱ་མཚོདར་ཡེངས་གྱུར་ཏེ།། མི་ཤེས་པ་ལ་དེ་ལྟར་སྣང་།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། བསྐྱེད་རྫོགས་གཉིས་བསྟན་པའི་ལེའུ་སྟེ་དགུ་པའོ།། ་དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས་པའི་ཚོ་ག་ལ་ཕན་གདགས་ཕྱིར།། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ཡིད་ཀྱི་དྲན་པས་འདི་སྐད་གསོལ།། ཆོས་རྣམས་སེམསུ་འདུས་པ་ཡི།། སྤྱན་གྱིས་གྲུབ་པའི་ལྷ་གང་།། མཚན་མ་ཟིལ་གྱིས་ཇི་ལྟར་གཙང་།། འགྲོ་དྲུག་གཡང ་ས་ཇི་ལྟར་གཙང་། ཡེ་ཤེས་དོན་ལ་ཇི་ལྟར་བསྒོམ།། མཉམ་པའི་རྒྱལ་པོས་བཤད་དུ་གསོལ།། དེ་སྐད་ཞུས་པའི་ཚིགས་གསན་ནས།། ཀུན་རིག་སེམས་ཀྱི་རྒྱལ་པོས་ཡིས་འདུས་པའི་འཁོར་ལ་བཀའ་སྩལ་པ།། སེམས་སུ་ཆོས་རྣམས་གཅིག་པ་ནི།། འཁོར་བ་མྱ་ངན་འང ་པའི་ཆོས། སྒྱུ་མ་རྣམ་གཉིས་སྤྱོད་ཡུལ་ཏེ།། ལོག་རྟོགས་ཡེ་ཤེས་ཐ་དད་ཀྱང་།། སེམས་ཀྱི་ཆོས་ཉིད་ང་དུ་གཅིག། དེ་ཡིས་དེ་ཉིད་མཚོན་པའི་དཔེ།། ན་མཁའ་འཇའ་ཚོན་ཇི་བཞིན་དུ།། ཡུལ་གྱིས་ཐ་སྙད་མཚན་མ་རྣམས།། རང་གི་སེམས་ཀྱི་བརྟགས་པའི ་ཕྱིར། ཕྱི་ནང་ཆོས་རྣམས་མ་ལུས་པ།། རིག་རྒྱུད་མེད་ཕྱིར་སེམསུ་གཅིག། དེ་ཉིད་ལྷུན་གྱིས་གྲུབ་པ་ནི།། འགྲོ་ལ་སེམས་ཉིད་གཉིས་མེད་དེ།། ཇི་ལྟར་དམིགས་ཤིང་བསམ་པར་སྣང་།། དཔེར་ན་ཡིད་བཞིན་ནོར་བུ་བཞིན།། དེ་ནི་ལྷུན་གྱིས་གྲུབ་པའི་གཞི།། དེ་ཡང ་སེམས་དཔའ་རྡོ་རྗེ་ཁྱོད།། ཀུན་ལ་ཁྱབ་པའི་རིག་པ་ཡིན།། འདུས་མ་བྱས་པའི་དོནི་རྟོགས་པས།། ཡེ་ཤེས་རིག་པ་གཅིག་ཡིན་ནོ།། དེ་ཡང་གང་དང་གང་ཞེ་ན།། ཀུན་གྱི་མཉམ་ཉིད་རྒྱལ་བའི་ཐུགས།། མ་ལུས་སེམས་ཅན་ཐམས་ཅད་ལ།། ཆོས་སྐུ་ཁྱབ་པ་བརྡལ་གི། ་འབྱུང་བ་ལྔ་ལ་རག་མ་ལུས།། མི་འགྱུར་ལོ་མ་བྱེད་རྡོ་རྗེ་འདྲ། བླ་མས་དོན་བསྟན་རྣལ་འབྱོར་པས།། ཐེ་ཚོམ་མེད་པར་སེམས་ཉིད་རྟོག།། ཐབས་སུ་ཅིག་ལ་མ་འདྲེས་པ།། ཀ་ཤི་རས་ཀྱི་རིན་ཆེན་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། སེམས་ཀྱི་སྙིང་པོའི་དོན ་རྟོགས་ནས། སེམས་སུ་སྣང་བའི་མཚན་མ་རྣམས།། རང་བྱུང་ཡེ་ཤེས་ཡང་དག་ཤར།། སྤྲོས་མེད་ངོ་བོ་ལྷུན་གྱིས་གྱ་།། སྲིད་པ་གསུང་ནི་རང་གིས་རྐྱེན།། མ་བཅོས་པའི་ཡེ་ཤེས་ཡིན།། བརྩལ་དུ་མེད་པའི་སེམས་ཉིད་ལ།། རྒྱུ་འབྲས་གཉིས་ཀ ་མྱ་ངན་འདས། ཁམས་གསུམ། སྤྲོས་མེད་དབྱིངས་སུ་གཅིག། ཡུལ་དུ་སྣང་བ་ཐམས་ཅད་ཀྱང་། ཡ་ནས་དབྱེར་མེད་མཉམ་པར་གནས།། ཐམས་ཅད་རང་བྱུང་འགག་པ་མེད། གདོད་ནས་མ་སྐྱེས་ལྷུན་གྱིས་གྲུབ།། ཐམས་ཅད་ཡེ་ནས་དབྱེར་མེད་པར།། དབྱིངས ་ཉིད་ན་མཁའ་ལྟ་བུའི་ངང་།། དེའི་ངང་དུ་ཐམས་ཅད་འདུས།། རྒྱུ་དང་རྐྱེན་ལ་མ་ལྟོས་ཤིང་།། དུས་གསུམ་དབྱེར་མེད་མཉམ་ལྟ་བ། དཔེར་ན་ན་མཁའི་ཉི་མ་བཞིན།། མ་རིག་མུན་པ་ཐམས་ཅད་འཇོམས།། དེ་ཉིད་རྟོགས་པར་བྱ་བའི་ཕྱིར།། ལྟ་བ་ཡིན་པའི་དོན་ཉིད ་ལ། མ་ནོར་རིག་པ་གཅིག་ཡིན་ཏེ། ལྷུན་གྲུབ་འབྲས་བུ་ཅིག་པུ་སྟན། རྫོག་པ་ཆེན་པོའི་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ལྷུན་གྱི་གྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་སེམས་དཔལ་རྡོ་རྗེ་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས ་མཚན་མཐིལ་གྱིས་མནན་པའི་ཕྱིར།། མ་རིག་མུན་པ་ལྟ་བུ་ལ།། རིག་པའི་ཡེ་ཤེས་བསྟན་པའི་ཐབས།། རིག་པའི་ཡེ་ཤེས་དབང་བྱེད་བཀའ་སྩལ་པ།། དེའི་དབང་པོ་དཔའ་བསྟན་ཏེ།། བྲམ་ཟེ་གཙང་མ་ཁྲུས་གསོལ་ཏེ།། རྒྱལ་སྲིད་དག་ལ་ཁྲུས་གསོལ་ཏེ།། རྒྱལ་སྲིད ་ངག་ལ་དབང་སྒྱུར་ཞིང་།། དོན་གྱི་སྣོད་ལ་རང་བྱུང་འཆང་།། དེ་དོན་ཤེས་རབཾ་དྲང་ཐམས་ཅད་ཀྱིས།། འདུས་མ་བྱས་པ་དཔེ་ཉིད་ལ།། རང་གི་ཚད་དང་ལྡན་པ་ལ།། སེམས་ནི་དྲག་ཏུ་གཏད་པར་བྱ།། དབེདན་གྱི་གླིང་རྟ་འདུལ་བཞིན།། རང་གི་ཤེས ་པ་མ་ཡེངས་པ། དྲ་གཞན་པར་ན་རྩོལ་བ་གནོན།། ཚད་ཟིན་དོན་ལ་གནས་པར་བྱ།། དེ་ཡང་ཁམས་དང་སྦྱར་བྱས་ལ།། ཁམས་བདེ་ཐུན་ཐུང་དུ་བྱ།། ཡངས་ན་ལགས་ལ་ཅུང་ཟད་བཅག། རྟག་ནི་ལུས་སེམས་གཉིས་འབྱུང་སྟེ།། ལུས་ཏྲི་དང་ཥཱ་ཆི་མ་འབྱུང་།། སེམས ་ནི་བདེ་ལ་བཏང་དཀའ་སྟེ།། རང་སེམས་རྩལ་གྱིས་རྟགས་རྣམས་འབྱུང་།། རྟོག་པ་མེད་པར་གནས་པ་ནི།། བྱ་བ་བཏང་བའི་སྐྱེས་བུ་བཞིན།། ཅི་ལ་མི་གནས་རང་བཞིན་ལ།། མ་ཡེངས་གསལ་བ་ལྷུག་པར་བཞག། གདོད་ནས་ན་མཁའི་སྤྲིན་བཞིན་དུ།། བྱུང་ཡང་གཞི ་ལ་གནོད་མེད་ལྟར།། སེམས་ཀྱི་རྩོལ་བ་ཆད་ཟིན་ན།། རྟོགས་མེད་མི་སྒྲིབ་བཅོས་མི་དགོས།། དེ་ཡིས་ཡེ་ཤེས་ངོས་ཟིན་ན།། ཐོག་མ་མེད་པར་བསགས་པ་ཡི།། རྣམ་རྟོག་སྤྲིན་སྤུ་དཔག་མེད་པ།། སྟོང་ཉིད་སྐད་ཅིག་རིག་པ་ཡིས།། རྣམ་རྟོག་སྟོང་པའི་བང་དུ་སངས ་སངས་རྒྱས་སེམས་ཅན་ལ་སོགས་པས།། ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད།། སྟོང་ཉིད་སྐད་ཅིག་རིག་པ་ཡིས། རྣམ་རྟོག་སྟོང་པའི་ངང་དུ་སངས།། སངས་རྒྱས་སེམས་ཅན་ལ་སོགས་པས།། ཀུན་ཀྱང་རང་བྱུང་ཡེ་ཤེས་ཉིད།། སྟོང་ཉིད་ནམཁའི་ངང་བུ་ཅིག། མཐུན་པ་དང ་མཉེན་པོ་གཉིས།། ཡེ་ནས་གཉིས་མེད་གཅིག་པས་ན།། གདོད་ནས་འཇིགས་པ་ག་ལ་ཡོད།། སེམས་དཔའ་ཆེན་པོ་རིགས་འཛིན་ཁྱོད།། འཇིག་མེད་འཁོར་བའི་ལ་བརྒྱུད་པ།། མ་རིག་ངོ་བོ་དེ་བཞིན་པས།། ཞི་བ་མེད་པའི་སྐད་ཅིག་མ།། དེ་ཉིད་རིག་པ་པདེ་ཆེན་གནས།། ས ་གྱིས་མི་ཁྱབ་ཆོས་དབྱིངས་རྣམས། དེ་བཞིན་ཉིད་དུ་གཅིག་བས་ན། གང་གིས་ཡེ་ཤེས་དོན་རྟོགས་པ།། ཀུན་ལ་དབང་སྒྱུར་ཐོབ་པ་ཡིན།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། སེམས་ཀྱི་སེམས་ཉིད་ལས་རིག་པ་རྩལ་གྱི་དབང་བསྐུར་བའི་ལེལུ་སྟེ་བཅུ་གཅིག ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ས།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ཡེ་ཤེས་སྤྱི་བླུགས་བཀའ་སྩལ་པ།། ཐིག་ལེ་ཅིག་ཏུ་རྫོགས་པ་ཡིས།། ཡེ་ཤེས་ཆེན་པོའི་ཐུན་དཔེ་ནི།། མཐའ་དང་དབུས་མེད་ན་མཁའ་འདྲ།། མི་གཡོ་སྙམ ་མཚོ་འདྲ། ཕར་འཇོམས་པས་ན་རྡོ་རྗེ་འདྲ།། དེ་དོན་དབྱུང་ཡེ་ཤེས་ལ།། སྣང་སྲིད་གསལ་བསྒོ་ལྔའི་ཡུལ།། ཤེས་པ་གསལ་བ་ཆོས་ཀྱི་སྐུ།། འཛིན་པ་མེད་པས་སྤུན་གྱིས་གྲུབ།། ཁྱུ་ཆེན་ན་མཁང་ལྡིང་བའི་ཚེ།། འཕུབ་རླ་འོག་ཏུ་ཀུན་ཆུང་བྱེད།། རྫོགས་ཆེན་རྟོས ་པས་སྐུ་གསུམ་རྫོགས།། འབྱུང་འཇུག་མེད་པར་གཞག་པར་བྱ།། ཇི་བཞིན་ཉམས་ཀྱི་གནས་ལུགས་ནི།། རྣམ་པར་རྟོག་ས་ལེ་བ། ས་ལེ་བ་ལ་རྟོག་པ་མེད།། དེ་ནི་རང་བྱུང་ཡེ་ཤེས་ཏེ་ཨ་མིང་དུ་མི་ཐོགས་ཉམས་མྱོང་བཞིན།། མཁུར་བ་ཆུ་བྲུག་ཇི་བཞིན་དུ།། ཡེ་ཤེས ་རྣལ་མིའི་དོན་ལ་ཕེབས།། ནོར་བུ་རིན་ཆེན་ཡིན་ཏན་ཡ།། དགོས་འདོད་ཐམས་ཅད་ཤུགས་ཀྱི་འབྱུང་།། དེ་བཞིན་ཡེ་ཤེས་ངོས་ཟིན་པ།། བྱིབ་རྒོད་མི་འབྱུང་ཡེ་ཤེས་གསལ།། དཔེངར་ན་དུག་ལ་སྔགས་བཏབ་བཞིན།། ནད་རྣམས་སེལ་ཞིང་སྨན་འགྱུར་ལྟར།། ཆགས་སྤབ ་ལ་སོགས་དུག་རྣམས་ལ།། དེ་ཉིད་གསལ་བཏབ་ལྟ་བའི་སྟོང་།། དེ་རྟགས་སྒྲ་ཐོབ་སྨི་ལམ་བཟང་།། གཟུགས་རྣམས་མཐོང་ཞིང་སྐོར་བ་བྱེད།། བདུད་རྩི་འདྲེན་ཞིང་ཆོས་སྟོན་པ།། རྟོག་པ་བཟང་ན་ཅི་སྐྱེས་ཀྱང་།། བླང་དོད་དགའ་བྲོད་སེམས་མི་བྱ།། སྣང་བ་མི་འག། ་རང་བྱུང་ཉིད། ཁྱད་སྨོ་ལན་ཚྭ་ཇི་བཞིན་དུ།། སེམས་ལས་མ་གཡོས་དམ་པའི་རྟགས།། སེམས་དཔའ་ཆེན་པོ་དེ་ཉོན་ཅིག། གསལ་མི་རྟོག་མི་གཡོ་བའི།། ཉིད་གསུམ་བསྲེས་པའི་ཆོས་ཉིད་འདི།། ཡེ་ཤེས་རབ་བྱུང་ཆེན་པོའི་དོན།། རྒྱུ་དང་འབྲས་བུ་དབྱེད་མེད་པས།། ་མིརྟོག་ཡེ་ཤེས་སྤུམཛུགྲུབ་སྟེ།། རྩོལ་གྲུབ་འདས་པའི་བྱང་ཆུབ་སེམས།། གཟུང་འཛིན་འདས་པའི་ཡེ་ཤེས་གསལ།། གསལ་ཙམ་ཉིད་ན་དམིགས་པ་མེད།། དེ་བཞིན་ཉིད་དུ་ཀུན་རིག་པ།། དེ་ཁྱ་གང་གནས་སངས་རྒྱས་ཡིན།། ཡོན་ཏན་རིན་ཆེན་སྤྲིན ་6། བཀོད་པ། དམིག་པ་བྱབ་ལ་ཅི་འང་མེད།། ཆོས་སྐུ་སྙིང་པོ་བྱང་ཆུབ་ལ།། དེའི་སེམས་ཉམས་བསྟན་པ་ནི།། དམིགས་པའི་ངན་ལ་སེམས་གཏད་ཀྱང་།། ཤེས་པ་གཏད་དུ་མི་ཆུང་བབ། ཡུལ་མ་མི་རྟགས་དེ་བང་བ་ནས།། ཞེས ་པ་རྟོག་པ་སྨྲས་ན་ཡང། ཛྭ་ལན་ཅི་ག་ཤིན།། རྗེས་སུ་མི་འདྲང་ལྡན་གྱི་ས~ཾ་ཀྲ།། ཙམ་ཉིད་ནམཚན་མ་རྣམས། སྣ་ལ་ཆུ་བ་སྣང་ལག་ཙམད།། སྣང་བཅས་དོན་ཟིན་ཅིང་འཛིན་ཉམས།། ཉིད་གོམས་པ་ལམ་དུ་ན།། སེམས ་xxx ་ཉི་ཟླ་གཟས་ཟིན་ཇི་བཞིན་དུ། ཕྱི་ནང་གསང་ས་གསུམ་བསྟན་པ། ཐབས་ཀྱི་ལམ་དུ་བསྟན་པ་ཡིན། རྟོག་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ནམ་ཁའི་མཚན་ཉིད་ལ་རིག་པ་བརྩལ་གྱི་དབང་བསྲུང་བའི་ལེའུ་སྟེ། ་བཅུ་གཉིས་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འགྲོ་དྲུག་གཡངས་གཅད་པའི་ཕྱིར།། རྩ་བ་སེམས་ལས་འདས་ཡི།། ཡེ་ཤེས་ངོས་གཟུང་བཀའ་སྩལ་པ།། ཀུན་གཞི ་དགེ་སྡིག་རྣམ་བཞི་ལ།། ཆོས་སྐུའི་ངོས་བཟུང་མཐུན་དཔའ་ནི།། རྩ་ཆུ་རྟ་ག་ནས་ངོས་འཛིན་པ།། སྨན་པ་མཁས་པ་ཇི་བཞིན་དང་།། ནོར་བུ་མུ་མང་མ་དྲི་བཞིན་ནོ།། བྱང་ཆུབ་སེམས་ཀྱི་རིག་པའི་དོན།། སྔ་མའི་བག་ཆགས་ཡིད་ཡིན་ཏེ།། ཕྱི་མ་སྐྱེ་བཉོན། ་མོངས་ཡིན་། རྟོག་པ་སྐྱེ་བ་སྒོ་ལྔ་སྟེ།། གསུམ་དུ་མ་སོང་གཉུན་མང་གནས།། དམིགས་འཛིན་མེད་ལ་རང་གིས་གསལ།། ཡེ་ཤེས་ཟང་ཐལ་ཉིད་ཡིན་ཏེ།། རང་གི་ངོ་བོ་ཆོས་ཀྱི་སྐུ།། ཤེས་པ་རྩིས་མེད་དྲུང་པོར་འཇུག། དཔེར་ན་ཏི་བྱ་ཚང་འཇུག་བཞིན།། ་རང་གི་སེམས་ཀྱི་ཆོས་ཉིད་ལ།། སྒོམ་དུ་མེད་པའི་བསྒོམ་པ་བྱ།། དེ་དོན་རྟོག་ན་དངས་ཞིང་བདེ།། ཤེས་པ་མི་འགྱུར་འགྲོས་མི་འཇུག། ཆུ་ལས་མི་འདའ་ཉ་བཞིན་དུ་ཀ། དོན་ལས་མི་འདའ་ཆོས་རྟགས།། དེ་རྟོག་ལྡན་པའི་རྣལ་འབྱོར་པས།། རྒྱལ་པོས ་མངའ་བྱེད་བཙུན་མོ་བཞིན།། ལྔ་ཕྱི་གཉིས་པ་སྐྱེ་བའི་ཚེ།། དེ་རྗེས་མི་གཅོད་བྱང་ཆུབ་སེམས།། འཕྲོས་ན་ཀུན་མོ་ཆོར་མ་ཐག། མ་བསླད་རང་བཞིན་དེངས་པ་ལྟར།། རང་སེམས་རྩོལ་བ་མེད་པ་ལ།། མི་གཡོ་མཉམ་པའི་དོན་ལ་བཞག། དེ་ལྟར་རྟོག ་པའི་རྣལ་འབྱོར་པས། ཤིང་བལ་ལྟ་བུའི་ལུས་འཇམ་པ།། ཕྱི་ནང་འབྱུང་འཇུག་དབུགས་རྣམས་སྙོམས།། ཆོས་ཉིད་བདེ་ཆེན་གསང་བའི་ཉམས།། སེམས་དཔའ་ཆེན་པོ་དེ་ཉོན་ཅིག། ངའི་ཆོས་ཉིད་འབྲས་བུ་འདི།། མ་བཅོས་མཁའ་ལ་ཉི་ཤར་བཞིན ་མུན་པ་མེད་པར་གསལ་བ་ཡི།། ལྷངས་ཀྱི་རྟོགས་ན་ལྟ་བའི་མཆོག། དོན་ལས་མ་ཡེངས་སྒོམ་པ་ཡི།། གང་ཡང་ཨ་བཀག་སྤྱོད་པའི་ཕུལ།། དེ་ལས་མི་འདའ་དམ་ཚིག་ཡིན།། དབྱིངས་ནས་རིག་པ་རང་ལ་ཤར།། སྔ་ཕྱི་ནུས་པ་ག་ལ་ཡོད།། ཉོན་མོངས ་བག་ཆགས་རྟག་པ་ཡི།། ཇི་བཞིན་པ་ལ་གཉིས་ག་སྒྲིབ།། རང་བཞིན་དབྱེར་མེད་ཉིད་ལས་ནི།། གཉིས་མེད་ཤེས་པ་གཅིག་དུ་རྫོགས།། ཕྱི་ནང་གཉིས་མེད་ས་རྟོགས་པའོ།། མཁའ་ལ་བློ་བུར་སྤྲིན་གཏིབས་ལྟར།། མཁའ་དག་ནང་དུ་སྤྲིན་བསང་བཞིན།། ་མཚོན་དུ་མེད་པས་བརྒྱན་དང་བྲལ།། མེད་པ་མ་ཡིན་ཆོས་ཉིད་འདི།། བཀའ་དགུ་སྔོས་པའི་དང་ལྡན་གྱིས།། ཀུན་གྱིས་རྩ་བ་འདི་སྤྱད་པས།། འདི་དོན་རང་རིག་ཐོས་པའི་མཆོག། ཐམས་ཅད་འདི་ལས་བྱུང་བ་ཡིན།། འདི་ཤེས་ཀུན་ཤེས་པ་ཡི་མཆོག། གས།། ་བའི་ན་ན་གས་ཆེན་འདི།། ཉིད་ཀྱི་ཉིད་ཀྱ་མི་མཐོང་བར།། གཞན་གྱིས་མཐོ་རག་ལ་འགྱུར།། ཇི་སྤང་བསམ་གྱིས་མི་ཁྱམ་ཡང་།། ཆོས་ཉིད་རྟོགས་པཔང་མེས་ན།། སངས་རྒྱས་སུ་དང་མཉམ་མྱོང་བའི།། རྣལ་འརྒྱ་ཆེན་པོའི་བསམ་པན་ཡིན།། རྫོགས ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས། ཡེ་ཤེས་སྤྱི་བླུགས་ཀྱི་ཆོས་ཀྱི་ཆོས་ཉིད་ལ།། རིག་པ་རྩལ་གྱིས་དབང་བསྲུང་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ལ།། སེམས་དཔའ་རྡོ་རྗེ་དོན་ཞུས་པ།། མ་བསྒོམས ་ཡེ་ཤེས་ཇི་ལྟར་ལགས། ཕྱི་ནང་ཆོས་ཀུན་ཇི་ལྟར་རྫོགས། དབང་ཆེན་འབྲས་བུ་ཇི་ལྟ་བུ།། ཆེ་བའི་ཡོན་ཏན་ཇི་ལྟར་འབྱུང་།། དེ་སྐད་གསོལ་བའི་ཚིག་གསན་ནས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། མ་སྒོམས་དོན་དང་མི་འབྲལ་བས།། ཐི་ལེ་གཅིག་ཏུ ་རྫོགས་པ་ཡི། ཀུན་གཞི་མ་བཅོས་ཆོས་སྐུ་ལས།། སྣ་ཚོགས་སྣང་ཡང་འགྱུར་བ་མེད།། ལྷ་དང་ལྷ་མིན་མི་རྣམས་ཀྱིས།། སྐྱེ་བར་བྱེད་པ་སྔ་མའི་ཡིད།། དམྱལ་བ་ཡི་དགས་བྱོལ་སོང་གིས།། སྐྱེ་བར་བྱེད་པ་ཉོན་མོངས་ཡིན།། སྒོ་ལྔ་རྗེས་འབྲང་རྣམ་རྟོག་སྟེ།། ་ཐག་པ་སྦྲུལ་དུ་བློ་སྣང་བ།། སྦྲུལ་སྣང་ཙམ་ཉིད་ཐག་པ་བཞིན།། ཡུལ་དུ་སྣང་བའི་མཚན་མ་རྣམས།། རང་རིག་ཡེ་ཤེས་ངོས་ཟིན་ཡིན།། ཐམས་ཅད་རང་བྱུང་བ་ཉིད་ཀྱི་དོན།། མཁའ་ལྟར་ཁྱབ་ཅིང་ཉི་ལྟར་གསལ།། གསལ་ཙམ་ཉིད་ན་ནུབ་པ་མེད།། མེད་པ ་མ་ཡིན་ཤེས་ཤིང་རིག། རིག་ཙམ་ཉིད་ན་རང་གིས་སྟོང་།། སྟོང་པ་ཉིད་ན་མཐའ་དབུས་མེད།། ཡེ་ཤེས་ལྷུན་གྲུབ་ཆེན་པོ་ལ།། བྱིང་རྒོད་ཞེ་འཛིན་སྐྱོན་བྲལ་བས།། གསལ་འདེབས་སྟོང་ཆེན་པོ་ལ།། དང་དུ་བཞག་པ་ཅི་ཡང་མེད།། མཉམ་བཞག་མེད་པས་རྗེས་ཐོབ་མེད། ་སངས་རྒྱས་མེད་པས་སེམས་ཅན་མེད།། ཐམས་ཅད་ཡང་བྱུང་ཆེན་པོ་ལ།། གཞན་དུ་གཡོ་བ་རྡུལ་ཙམ་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཉི་མའི་སྙིང་པོ་ལ།། གཞན་གྱིས་མ་བྱས་རང་གསལ་ཞིང་།། ཐམས་ཅད་ཡེ་ཤེས་ངོ་བོར་གསལ།། མ་རིག་མུ། ་པ་འདོད་ནས་སངས།། དེ་ཡང་ཀུན་འདུས་སྙིང་པོ་ཁྱོད།། དཔེར་ན་རྒྱལ་པོ་མཐོང་བའི་ཚེ།། མཉམ་ཉིད་གུས་པའི་བློ་སྐྱེ་ཞིང་།། ཆོས་ཉིད་གསལ་བས་རྟོག་པ་མེད།། རིག་པ་རྒྱུན་ཆགས་ཉིད་དུ་གནས།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ན་མཁའི་སྤྲིན་བཞིན་དུ ་བྱུ་བ་ཡང་གཞི་ལ་གནོད་མེད་ལྟར།། རྣམ་རྟོགས་ཐམས་ཅད་སེམས་ཡིན་ཏེ།། ཡེ་ཤེས་ཉི་དུ་ཐམས་ཅད་གསལ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་རྒུན་ཟླ་འབྲིང་པོ་ལ།། སྤབ་ལ་མེད་མཆེད་ཇི་བཞིན་དུ།། རྣམ་རྟོགས་མཚན་མ་ཐམས་ཅད་ཀྱང་།། ཐམས་ཅད ་ཡེ་ཤེས་ཉིད་དུ་གསལ།། དཔེར་ན་རིན་ཆེན་གསེར་གླིང་དུ།། ས་རྡོ་བཙལ་གྱིས་མི་རྙེད་བཞིན།། ཐམས་ཅད་སེམས་སུ་དོན་རྟགས་ན།། ཏིང་འཛིན་དག་ལ་འབྱུང་འཇུག་མེད།། འཁོར་བ་མྱ་ངན་འདས་པའི་ཆོས།། ཐམས་ཅད་ཆོས་ཉིད་གྱུར་པ་ལ།། བསྒོམ་པའི་ཐ་སྙད ་བྲལ་བའི་དོན།། ཐམས་ཅད་ཡེ་ཤེས་ཉིད་དུ་གསལ།། ཐུག་ལས་འདས་པས་གསལ་དུ་མེད།། སྐུ་ལས་འདས་པས་གཟུང་དུ་མེད།། སྒྲ་ལས་འདས་པས་བརྗོད་དུ་མེད།། རྟོག་པ་མེད་པས་ལྷུན་གྱིས་གྲུབ།། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། རྣམ་རྟོག་མཚན་མ་སྐྱེ་བའི་ཚེ ་ཆོས་སྐུ་རྟོག་པ་མེད་པའི་ངང་།། འབྱུང་བའི་ཡོན་ཏན་ལ་སྤྱོད་ཚེ།། ལོངས་སྤྱོད་རྫོགས་པའི་སྐུའི་ངང་། འགྲོ་དྲུག་གཟུགསུ་སྣང་བའི་ཚེ། སྤྲུལ་སྐུ་ཐུབ་པ་ཆེན་པོའི་ངང་།། སྡུག་བསྔལ་སྣ་ཚོགས་སྐྱེས་པའི་ཚེ།། ཡེ་ཤེས་བདེ་བ་ཆེན་པོའི་ངང་།། ཕྱི་ནང་སྒྲ་སྐད ་སྣ་ཚོགས་པ། གསང་སྔགས་གི་འཁོར་ལོ་ཡིན།། རྐྱེན་གྱིས་ཆག་སྡང་སྐྱེས་པ་ཚེ།། རང་བྱུང་ཡེ་ཤེས་ཤར་བ་ཡིན།། ཤཱ་དང་སེར་བ་ལ་སོགས་པ།། ཀུན་བཟང་ཐུགས་རྗེའི་རོལ་པ་ཡིན།། ངམ་གྲོག་གཡངས་ས་ཚེར་དོད་ཡང་།། རྣམ་པར་དག་པ་ཞིང་ཁམ ་ཡིན།། མཚན་མ་སྤངས་པའི་ཕ་རོལ་ན། སྒོམ་པ་བྱ་བ་ལོག་ན་མེད། སྡུག་བསྔལ་སྤངས་པའི་ཕ་རོལ་ན།། བདེ་བ་བྱ་བ་ལོགས་ན་མེད།། གཏི་མུག་སྤངས་པའི་ཕ་རོལ་ན། ཡེ་ཤེས་ཆེན་པོ་ལོགས་ན་མེད།། རང་སེམས་སྤངས་པའི་ཕ་རོལ་ན།། སངས་རྒྱས ་བྱ་བའི་ལོགས་ན་མེད།། ཆོས་ཅན་སྤངས་པའི་ཕ་རོལ་ན།། ཆོས་ཉིད་རྣམ་རྟོག་ལོགས་ན་མེད། གནོད་རྐྱེན་སྤངས་པའི་ཕ་རོལ་ན། སྙིང་རྗེ་བྱ་བ་ལོགས་ན་མེད།། འཁོར་བ་སྤངས་པའི་ཕ་རོལ་ན།། མྱ་ངན་འདས་པའི་མིང་ཡང་མེད།། དེ་ཡང་སེམས་དཔ ་བྷྱས་ས་ན[ऽ]#ས་སྲུང་ལན་ཀྱ་ས་ས་ས་གན་སྣ་# ་རྡོ་རྗེ་ཁྱོད།། དཔེར་མ་ཟངས་ལྕགས་ལ་སོགས་པ།། གསེར་འགྱུར་རྩི་ཡིས་བཏབ་གྱུར་ན།། ཐམས་ཅད་གསེར་དུ་འགྱུར་བ་ལས།། ཟངས་དང་ལྕགསུ་མི་འགྱུར་བཞིན།། རིག་རྣམ་རྟོག་མཚན་མ་ལ།། ཡེ་ཤེས་ཆེན་པོས་རྒྱས ་འདེབས་ན། སྐུ་གསུམ་ཡེ་ཤེས་རང་བཞིན་ལས།། ཁམས་གསུམ་འཁོར་བར་མི་འགྱུར་ཏེ།། གདོད་ནས་མ་སཱ་དཱ་ཡེ་སངས་རྒྱས།། བརྩལ་བ་མེད་པར་ཡེ་ནས་འགྲུབ།། མི་ནུབ་པ་ལ་དོན་གསལ་བའི།། དེ་ཉིད་ལྷུན་གྲུབ་དོན་རྟོགས་ན།། རྟག་ཀྱང ་ཡེ་ཤེས་ཆེན་པོ་རྟག། ཆད་ཀྱང་འཁོར་བརྩད་ནས་ཆད།། ལྡན་ན་སྐུ་གསུང་ཐུགས་དང་ལྡན།། ཡིན་ན་ཡེ་ནས་སངས་རྒྱས་ཡིན།། མེད་ན་ཁམས་གསུམ་འཁོར་བ་མེད།། གོལ་ན་ཆོས་ཀྱི་ཨཱུ་ལུ་གོལ།། མ་བསྒོམས་ཡེ་ཤེས་པོའི་དོན།། བརྗོད་པ་མེད་པའི ་ཤེས་རབ་ལ། དམིགས་པ་མེད་པའི་ཏིང་འཛིན་གསལ།། ཤེས་རབ་དྲང་ཐང་སོ་མ་ལ།། འདུ་ཤེས་མི་བསྐུལ་བཏུལ་ཞུགས་བསྐྱེད།། ཅི་ཡང་མི་བསྒོམ་ཅི་ཡང་ཡིན།། ཡེ་ཤེས་ཟང་ཐལ་ཉིད་དུ་བཞག། ཐམས་ཅད་ཡེ་ནས་མཉམ་ཉིད་ལ།། རྒྱུད་འབྲས་བུར ་དབྱེར་རུ་མེད། ཐ་སྙད་གང་ཡང་མི་གནས་པས།། བརྩལ་དུ་མེད་པས་དངོས་པོ་མེད།། དེ་ཉིད་མི་གནས་བྱང་ཆུབ་སེམས།། སེམས་ཞེས་བྱ་བའི་དོན་རྟོགས་ན།། སེམས་ལ་གཏན་ཚིགས་བཟུང་དུ་མེད།། ཇི་སྲིད་བར་དུ་བཏང་ཡོད་ན།། དེ་སྲིད་བར་དུ་ཁྲུལ་པ་ཡིན།། ་མི་ཤེས་མ་གོ་དྲ་བ་བ་ཙམ།། དེ་ལྟར་རྟོགས་པའི་རྣལ་འབྱོར་ཐུགས། 1པ་ཡིས་རིག་པ་འདི་སྤྱོད་ན།། རང་བྱུང་ཡེ་ཤེས་རྩ་བ་ནི།། བྱང་ཆུབ་སེམས་དཔའ་ཉིད་ཡིན་པས།། དེ་ཉིད་རྟོག་པར་བྱ་བའི་ཐབས།། ཕྱི་ནང་ཆོས་མ་ལུས་པ།། ཇི་སྙེད་རང་བྱུང་ཉིད་ཀྱི་དོན།། ་དེ་ལས་གཞན་པའི་ཆོས་མེད་དོ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ཡེ་ཤེས་ཀློང་དུ་ཕྱིན་པ་ལས།། མ་སྒོམ་ངོན་དང་མི་འབྲལ་བའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་སེམས་དཔས་རྡོ་རྗེ་ལ། ཀུན་རིག་རྒྱལ་པོས ་བཀའ་སྩལ་པ། ཆོས་རྣམས་ལྷུན་གྱིས་རྫོགས་པ་ནི།། རྣལ་འབྱོར་ཆེན་པོ་སྐལ་ལྡན་དེ།། སྙིང་རྗེའི་རླན་དང་མ་བྲལ་བས།། སེམས་བསྐྱེད་རྣམས་གཉིས་དེ་ལ་རྫོགས།། བྱིང་རྒོད་རྣམ་གཉིས་སྐྱོན་བྲལ་བས།། ཞི་གནས་བདེ་བ་དེ་ལ་རྫོགས། སྒྱུ་མ་ལྟ་བུམ། ་རབ་ཤེས་པས། དངོས་མེད་རྟོགས་པའི་ལྷག་མཐོང་རྫོགས།། སེར་སྣ་འཛིན་པའི་སེམས་མེད་པས།། སྦྱིན་པའི་ཕ་རོལ་ཕྱིན་པ་རྫོགས།། མི་དགེ་ཉེས་བྱས་མི་འབྱུང་བས།། ཚུལ་ཁྲིམས་ཕ་རོལ་ཕྱིན་པ་རྫོགས།། ཆོས་ཀྱི་དབྱིངས་ལ་ཀུན་ཤོད་པས།། བཟོད་པའི ་ཕ་རོལ་ཕྱིན་པ་རྫོགས།། ལྟ་བའི་དོན་ལམ་གཡོས་པས།། བརྩོན་འགྲུས་ཕ་རོལ་ཕྱིན་པ་རྫོགས།། སེམས་ཉིད་དོན་ལ་མི་གོལ་བས།། བསམ་བཏན་ཕ་རོལ་ཕྱིན་པ་རྫོགས།། ཆོས་རྣམས་ལྟ་བས་ཐག་ཆོད་པས།། ཤེས་རབ་ཕ་རོལ་ཕྱིན་པ་རྫོགས།། སྣང་བ་གང་ཡང ་མི་འགོགས་པས། ཐབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། མི་གནས་བླ་མེད་དེན་རྟོགས་པས།། སྨོན་ལམ་ཕ་རོལ་ཕྱིན་པ་རྫོགས།། མ་རིག་མུན་པ་ཀུན་འཇོམ་པས།། སྟོབས་ཀྱི་ཕ་རོལ་ཕྱིན་པ་རྫོགས།། འཁོར་འདས་ཡེ་ཤེས་ལྷུན་རྫོགས་པས།། ཡེ་ཤེས་པ ་རོལ་ཕྱིན་པ་རྫོགས།། ལུས་ངག་དེ་ལས་མ་ཉམས་པས།། ཚོགས་ཆེན་མ་ལུས་ཐམས་ཅད་རྫོགས།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དཔེར་ན་ཡིད་བཞིན་ནོར་བུ་ལ།། དགོས་འདོད་ཐམས་ཅད་རྫོགས་པ་བཞིན།། ཆོས་ཉིད་རིག་པ་དབང་ཐོབ་པས།། ཕྱི་ནང་དབང་རྣམས ་དེ་ལ་རྫོགས།། མི་རྟོགས་ཡེ་ཤེས་བགེགས་གསལ་བས།། ཕྱི་ནང་མཚམ་བཅད་དེ་ལ་རྫོགས།། མ་རིགས་རྣམས་རྟོགས་སྒྲིབ་མེད་པས།། དོན་གྱི་བཤགས་པ་དེ་ལ་རྫོགས།། གཉིས་མེད་དོན་ལ་བློ་གནས་པས།། བྱིན་ཆེན་དབབ་པ་དེ་ལ་རྫོགས།། ཉོན་མོངས་བདུད་རྩི་ཆེན་པོ་ལྔ། ་ཡེ་ཤེས་བྱིན་རླབས་དོན་ལ་རྫོགས།། འབྱུང་བ་ལྔ་ཡིས་ཀུན་ཁྱབ་པས།། དབང་ཆེན་རིམ་པ་དོན་གྱིས་རྫོགས།། ཕྱོག་བཅུར་རང་བཞིན་ལྷུན་གྲུབ་པས།། གཞལ་ཡས་ཁང་ཆེན་དེ་ལ་རྫོགས། རིག་ཚོར་དོན་གྱི་ལྷ་ཡིན་པས།། ཡེ་ཤེས་ལྷ་རྣམས་དེ་ལ་རྫོགས།། སངས་རྒྱས ་སེམས་ཅན་དབྱེར་མེད་པས། སྤྱན་དྲངས་བསྟིམ་པ་དེ་ལ་རྫོགས།། ཆོས་ཉིད་རྣོལ་མི་འགྱུར་བས།། བསྟན་པར་བཞུགས་པ་དེ་ལ་རྫོགས།། ཐམས་ཅད་བཟང་ངན་མི་དབྱེ་བས།། ཟིལ་གྱི་མནན་པ་དེ་ལ་རྫོགས།། ཐམས་ཅད ་འདྲེས་པ་ཆེན་པོ་ལ།། ནན་ཏན་ཕྱག་རྒྱ་དེ་ལ་རྫོགས།། བསྐུལ་བསྐྱོད་ཐམས་ཅད་ཡེ་ཤེས་པས།། ཕྱག་རྒྱའི་མཆོད་པ་དེ་ལ་རྫོགས།། སེམས་དང་ཆོས་སུ་དོན་སྦྱོར་ལ། སྦྱོར་སྒྲོལ་མཆོད་པ་དེ་ལ་རྫོགས།། ཡོན་ཏན་ཐམས་ཅད་ལྷུན་གྲུབ་པས།། མཐར་ཕྱིན་སྨོན ་ལམ་དེ་ལ་རྫོགས།། སྐུ་གསུང་ཐུགས་ཀྱི་དོན་རྫོགས་པས།། བཟླས་བརྗོད་འཕྲོ་འབུ་དེ་ལ་རྫོགས་ཚོགས་རྣམས་སྣོད་བཅུད་ཡེ་ཡིན་པས།། ཚོགས་ཀྱི་མཆོད་པ་དེ་ལ་རྫོགས།། བདེ་ཆེན་གཉིས་མེད་དོ་ག་ལ། ལྷག་མའི་མཆོད་པ་དེ་ལ་རྫོགས།། མི་བཟུང་ཡེ་ཤེས་ཆེན ་པོ་ལ། གཏོང་མ་འི་མཆོད་པ་དེ་ལ་རྫོགས།། ཐིག་ལེ་ཅིག་ལ། འདུས་པ་ལ།། དཀྱིལ་འཁོར་བསྡུ་བ་དེ་ལ་རྫོགས།། ཡེ་ཤེས་ལྷུན་གྲུབ་གོ། ལྡན་པས།། བཀའ་ནན་ལུས་སྲུང་དེ་ལ་རྫོགས། གཉིས་མེད་དོན་དུ་སངས་རྒྱས་པས།། དག་རྩ་སྔོ་པ་དེ་ལ་རྫོགས།། མཚན ་དང་དཔེ་བྱད་ཐམས་ཅད་ཀྱིས།། ཡེ་ཤེས་ལྷུན་གྲུས་དེ་ལ་རྫོགས། རྫོགས་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ཆོས། ཐམས་ཅད་ལྷུན་གྱིས་རྫོགས་པའི་ལེའུ་སྟེ་བཅོ་ལྔ་པའོ།། ། དེ་ནས་སེམས་དཔའ་རྡོ་རྗེ་ལ།། ཀུན་རིག་སེམས་ཀྱི་རྒྱལ་བ ་ཡིས། དབང་གི་ཆེ་བ་བཀའ་སྩལ་པ།། སངས་རྒྱས་རྣམས་ཀྱི་དགོངས་པ་ཡིན།། ན་མཁའ་རྒྱ་མཚོ་ཉ་ཅིག་བཞིན།། མ་སྤྲོས་མ་བསྡུས་རབ་སྣང་བཞིན།། བྱང་ཆུབ་སེམས་ལས་མ་གཡོས་པའི།། ཀུན་ལ་ཁྱབ་པའི་རིག་པ་གསལ།། དབབ་མུ་མར་མེ་དུག་སྔ ་བཞིན། དམིགས་པ་དྲུག་ལ་སྒོ་ལ་གསལ།། རྣམ་རྟོག་ཉིད་ཀྱང་ཡེ་ཤེས་གསལ།། གཅལ་ཙམ་ཉིད་ན་ནུབ་པ་མེད།། ས་གཞི་ཆུ་ཟླ་གང་ག་བཞིན།། སྣ་ཚོགས་ཉིད་ན་གཟུང་དུ་མེད།། ཆེ་བའི་ཡེ་ཤེས་རྒྱུན་མི་འཆད།། མེད་ལ་མི་ཟད་འབྱུང་བའི་གཏེར།། མཚན་མ་ཐིལ ་གྱིས་གནོན་པ་ཡིས།། སེམས་ཀྱི་དབང་ཆེན་དང་པོ་ཡིས།། འདོད་ཁམས་ཉི་ཤུ་ཟིལ་གྱིས་གནོན།། འགྲོ་དྲུག་གཡངས་གཅོད་པ་ཡི།། ཡེ་ཤེས་ཆེན་པོས་ཟིན་པས།། གཟུགས་ཁམས་བཅུ་འདུན་དེ་མི་འཁོར།། ཡེ་ཤེས་སྤྱི་ཐུགས་ངན་སྐམས་པས།། གཟུ། ་མེད་ཁམས་བཞིར་དེ་མི་སྐྱེ།། ཡེ་ཤེས་ཆེན་པོ་ལ་བཟློས་པས།། ས་བཅུར་རིམས་ཀྱི་དེ་མི་བགྲོད།། དབང་གསུམ་གཅིག་ཏུ་རྟོགས་པ་ཡིས།། མ་བཅོས་པ་ཡི་ཆོས་ཉིད་ཀྱིས།། བཅོས་པའི་མཚན་མ་ཟིལ་གྱིས་མནན།། དམིགས་པ་མེད་པའི་ན་མཁའ་ཡིས།། མིན། ་པའི་འབྱུང་བ་ཟིལ་གྱིས་མནན། སྐྱེ་བ་མེད་པའི་ཡེ་ཤེས་ཀྱིས།། སྐྱེ་བའི་ཕུང་པོ་ཟིལ་གྱིས་མནན།། རིག་པ་ཆོས་ཀྱི་ཆོས་ཉིད་འདི།། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས།། དུར་ཁྲོད་ཆེན་པོའི་དེའི་སེམས།། སེམས་ལས་མ་རྟོགས། སངས་རྒྱས་མེད།། ་རིག་པ་ཐུགས་ཀྱི་དབང་ཆེན་ནི། སངས་རྒྱས་ཀུན་གྱི་མེས་པོ་ཡིན།། འདི་ལས་མ་བྱུང་སངས་རྒྱས་མེད།། དེ་ཕྱིར་དབང་གསུམ་རབ་ཏུ་བསྔགས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། རིམ་པ་དབང་གི་ཆེས་བསྟན་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། ་ཀུན་རིག་སེམས་ཀྱི་རྒྱས་པོ་ཡིས།། ཆེ་བའི་ཡོན་ཏན་བཀའ་སྩལ་པ།། སྙིང་པོ་དོན་གྱི་འབྲས་བུ་སའི་ཆོས།། ཤེས་ནས་དེ་ལ་གང་གནས་པ།། རང་རིག་ཉིད་ལ་དབང་ཐོབ་ནས།། སྐྱེ་བ་གཞན་དུ་མི་ལེན་པར།། སངས་རྒྱས་རིག་འཛིན་ཆེན་པོ་ཐོབ།། རྡོ་རྗེ་སེམས ་དཔའ་ཆེན་པོའི་ངན།། ཇི་བཞིན་མ་བཅོས་དེ་ཉིད་ལ།། དེ་བཞིན་པའི་བློ་བཞག་ནས།། ཡེ་ཤེས་དེ་ཉིད་མ་ཡིན་པ།། སྒྲུབ་དང་སྒྲུབ་པ་ག་ལ་ཡོད།། དེ་ལ་ཡེ་ཤེས་མངོན་གྱུར་ན།། མེད་ལ་མི་ཟང་འབྱུང་བའི་གཏེར།། ཁམས་གསུམ་རིན་ཆེན་རྙེད་པའི་མི།། ཇི་ལྟར ་འདོད་པ་བཞིན་དུ་འབྱུང་།། ཡེ་ཤེས་ཆེན་པོ་འདི་རྟོགས་པས།། ཆེ་བའི་ཡོན་ཏན་རྒྱུན་མི་ཆད།། ཅི་ཡང་ཀུན་འབྱུང་རིན་ཆེན་གཏེར།། དེ་བཞིན་ཉིད་དུ་ཀུན་རིག་ན།། འཁོར་བ་དང་ནི་མྱ་ངན་འདས།། སོ་སོར་སྣང་བ་མ་ཡིན་ཏེ།། ཇི་བཞིན་པ་དེ་རྟོགས་ངེས་ན།། དེ་ལ་ལ ་6། བའི་རང་བཞིན་མེད།། རྡོ་རྗེ་སྙིང་པོ་ང་ཉོན་ཅིག། མ་བཅོས་པའི་མནངག་གིས།། ལྷ་བ་ཡངས་པའི་ནམཁའ་ལ། འཛིན་རྟོག་མེད་པའི་ཡེ་ཤེས་དཔལ།། གང་ཡང་མ་སྤངས་ལྷུན་གྱི་གྲུབ།། མུན་པ་འཐིབས་པ་དེ་དག་གི། མིན་མོ་མཇུན ་དེ་ཉིད་བལྟ། དེ་མཐོང་མུན་པ་རྣམ་དག་སངས།། སངས་རྒྱས་ཀུན་གྱི་མཆོག་ཏུ་བཤད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། བྱང་ཆུབ་སེམས་ཀྱི་ཆེ་བ་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་སེམས་དཔའ་རྡོ་རྗེ་ཡིས།། འདུས ་པའི་ཚོགས་ལ་ཕན་བདགས་ཕྱིར། ཀུན་རིག་སེམས་ཀྱི་རྒྱལ་པོ་ལ།། ངེས་པའི་ཚིག་གིས་འདི་སྐད་གསོལ།། དེ་ལྟར་རྟོག་པའི་རྣལ་འབྱོར་པ།། གོལ་ས་སྒྲིབ་པ་ཇི་ལྟར་མེད།། སྒོམ་དུ་ཡོད་མེད་ཇི་ལྟ་བུ།། འབྱུང་བའི་ཉོན་མོངས་ཇི་ལྟར་དག། ཡོན་ཏན ་གདུལ་བྱ་ཇི་ལྟར་འབྱུང་།། ལ་བཟླ་བའི་གཏན་ཚིགས་ཡང་།། མཉམ་པའི་རྒྱལ་པོས་བསྟན་དུ་གསོལ། དེ་སྐད་གསོལ་པའི་ཚོགས་གསན་ནས།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ལྟ་བ་ལྷུན་གྲུབ་ཆེན་པོ་ལ།། གོལ་སླེབ་ངེས་པར་བསྟན་པ་ཡང་། ་བཅུ་གཉིས་གསུམ་དང་བདུན་བསྟན་པ། ཡིད་ལ་མི་བྱེད་གོལ་སྒྲིབ་མེད།། དེ་དོན་རྣམ་པར་དབྱེ་བ་ནི།། བྱུང་ཚོར་རྗེས་སུ་མ་འབྲེངས་པས།། འཇིག་རྟེན་ཕལ་པའི་སང་མི་གོལ།། ཡོད་མེད་ཡུལ་དུ་མ་སྒོམས་པས།། རྟག་བཅད་མཐར་ནི་དེ་མི་གོལ།། ཤེས་རབ་ཐ ་མོའི་དོན་གོབས། ལུང་དུ་མ་བསྟམ་དེ་མི་གོལ།། ཞི་གནས་རོལ་མ་ཆག་པས།། འཇིག་རྟེན་བསམཏན་སར་མི་གོལ། སྒོ་ལྔའི་རྣམ་ཤེས་མི་འགོགས་པས།། འདུ་ཤེས་མེད་པ་དེ་མི་གོལ།། རྣམ་རྟོག་མ་སྤངས་མ་ཞི་བས།། ཉན་ཐོས་འགོག་པར་དེ་མི་གལ ་རྣམ་རྟོག་སྟོང་པར་མ་སྒོམ་པས།། རང་རྒྱལ་སེམས་དེ་མི་གོལ།། རང་རིགི་གསལ་བར་མ་བསྒོམས་པས།། སེམས་ཙམ་པར་ནི་དེ་མི་ག་ལ། མཚན་མ་སྟོང་པར་མ་བསྒོམས་པས།། དབུ་མ་གཉིས་སུ་དེ་མ་གོལ།། ཐབས་ཀྱི་བདེ་ལ་མ་སྒོམས་པས།། ཆས། ་པའི་ལམ་དུ་དེ་མིནས།། རྒྱུ་འབྲས་རྐྱེན་ལམ་ནུས་པས།། འདུས་བྱས་ཆོས་སུ་དེ་མིགག།། དགེ་སྡིག་རེ་དགས་པབཙལ་མེད་པས།། སེམས་ལ་བེན་པའི་ཡུལ་མེད་པས།། འབྲས་བུའི་ལམ་དུ་དེ་མི་གོལ།། ལམ་ལྔ་རིམས་ཀྱིམ་སྦྱངས་པས།། ས་བཅུ་རྗོ། ་པར་དེ་མི་གོལ།། དག་པའི་ལྷར་ནི་མ་བསྒོམས་པས།། མ་ཧ་ཡོ་གར་དེ་མི་གོལ།། འདུ་འབྲལ་མེད་འཇོམས་ཡིད་མེད་པས།། ཨ་ནུ་ཡོ་གར་དེ་མི་གོལ།། ཆོས་ཉིད་མཚོན་དུ་མེད་རྟོགས་པས།། མཚན་མའི་སྐྱོན་དུ་དེ་མི་གོལ།། ཚུལ་ཤུགས་ཕྱི་ནང་མི་གོལ་བས ་བླང་དོར་སྤྱོད་པར་དེ་མི་གོལ།། གཉིས་མེད་དོན་ལ་མི་སྟོད་པས།། ཕྱོགས་ཆར་ལྟ་བར་དེ་མི་གོལ།། སེམས་ཉིད་དོན་ལ་མི་རྩོལ་བས།། མཉམ་ཉིད་དོན་ལ་དེ་མི་གོལ།། དེ་ལས་གཞན་པའི་གོལ་ས་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། བསྒྲིབ་པ་གང་ཡིན ་མཚན་ཉིད་ནི། ཡེ་ཤེས་ཆེན་པོ་ངོས་ཟིན་པས།། སྐབས་འབྱེད་པ་སྒྲིབ་པ་དེ་ལ་མེད།། ལྔ་ཕྱི་རྗེས་སུ་མ་འབྲེངས་པས།། བསླང་བའི་སྒྲིབ་པ་དེ་ལ་མེད།། ལྔ་ཕྱི་བློ་བུར་དངོས་མེད་པས།། ཕྱོགས་ལྷུང་སྒྲིབ་པ་དེ་ལ་མེད།། ལྟ་བ་ངེས་པའི་སྡེང་ཟིན་པས ་ཚོགས་ཀྱི་སྒྲིབ་པ་དེ་ལ་མེད།། བྱ་བ་མེད་པའི་དོན་རྟོགས་པས།། ལས་བཞིའི་སྒྲིབ་པ་དེ་ལ་མེད།། མ་ཆགས་མི་གཡོའི་སྟོབས་ལྡན་པས།། མཆོད་པའི་སྒྲིབ་པ་དེ་ལ་མེད།། ངེས་པའི་ལུང་ལ་ཡིད་ཆེས་པས།། ལུང་གི་སྒྲིབ་པ་དེ་ལ་མེད།། དེ་དག་གོལས ་སྒྲིབ་པ་ཀུན། རང་དུ་འཇོག་དང་སྨ་ཡན་ལ།། བརྒྱ་དང་རྒྱ་བཅུ་ལ་སོགས་པའི།། གོལས་སྒྲིབ་པ་མུན་མཐའ་ཡས།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། གོལ་ས་དང་སྒྲིབ་པ་མེད་པར་བསྟན་པའི་ལེའུ་སྟེ། བཅོ་བརྒྱད་པའོ།། ་དེནས་སུ་རིག་རྒྱལ་པོ་ཡིས།། ལུས་པའི་ཚོགས་ལ་བཀའ་སྩལ་ལ།། ང་ཡིས་བྱམ་པའི་ཆོས་རྣམས་ལ།། སྦོམ་དུ་ཡོད་མེད་མཐའི་ཆོས།། སེམས་ཅན་སངས་རྒྱས་ཚུལ་ཅིག་བྱིང།། རྒྱུ་འབྲས་དབྱི་མེད་ལྷུན་གྱིས་ཐུག། དེ་ཡང་འདུས་པའི ་པོ་ཁྱུད། སྐྱོན་དང་ཡོན་ཏན་རྣམས་གཉིས་ཀྱིས།། ཆོས་ཉིད་འཁྲུལ་པའི་གཞི་གཞག་ནས།། གཉིས་ཀ་ལྕང་ཡང་མི་འགལ་ཕྱིར།། ཀུན་ཀྱང་ཡིན་ལ་ཐམས་ཅད་མེན།། དཔེར་ན་ཉི་མའི་སྙིང་པ་ལ།། མུན་སྣང་གཉིས་ཀ་མི་འགལ ་བཞིན། གཞི་ཅིག་གང་ཡང་མི་འགགས་པས།། དེ་ཉིད་དུས་ན་དངོས་གཟུངས་མེད།། དེ་ཡང་རྡོ་རྗེ་སྙིང་པོ་ཁྱོད།། ཆུ་བྲན་རྒྱ་མཚོར་རོ་ཅག་བཞིན།། སྣང་སྲིད་ཡེ་ཤེས་ཆེན་པོ་ལ། བྱིས་པ་རྣམས་ཀྱིས་ཐ་དད་བཟུང་།། དེ་ཕྱིར་བློ་ཡི་སྣང་བ་ཡིན།། འབྱུང་བ་ནམ ་མཁའ་གཞི་ཅིག་བཞིན།། ཆོས་རྣམས་སེམསུ་གཅིག་པ་ལ། བློ་གཞན་ཐེགས་པ་རིམ་དགུ་བྱུང་།། འབྱུང་བ་ལྷུན་གྲུབ་ཅིག་ལས་མེད།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། རང་བྱུང་ཆེན་པོའི་རྩ་བ་ནི།། དངོས་པོར་མེད་ལ་ཤེས་པར་ཡོད། སྣང་པ་སེམ ་ཀྱི་རང་བཞིན་ལ།། ངེས་དོན་བཀའ་དང་དྲང་དོན་ལས། ངོ་བོར་གཞི་ཅིག་མི་འགལ་ཀྱང་།། ཤག་ཐུབས་རྣམ་སྣང་མི་མཁས་བཞིན།། དྲུག་གི་སྣང་བ་ཐ་དད་པ།། མཉེན་པོ་བཞིའི་རང་བཞིན་ལ།། སྣང་བ་ཞེན་པ་གང་འགོག་པ།། ལྟ་བའི་ཡུལ་ཡང་རྣམ་ཞི ་སྟེ། གཉིས་མེད་སྣང་བ་སྟོང་ཁས་མི་ལེན།། ཐམས་ཅད་བློ་ཡི་སྣང་བ་སྟེ།། དེ་བས་རང་སེམས་རྟོགས་པའི་ཐབས།། ཀུན་གཞི་ཆོས་སྐུ་ངོས་ཟིན་པའི།། ཐཾད་རང་འབྱུང་དབྱེར་མེད་མཛོད།། དེ་ཡུ་འཇུག་ཅིང་རྟོག་འདོད་པས།། སྒོ་གསུམ་སྡེ་མག ་ཕྱེ་ནས་ཀྱང་། ཡེ་ཤེས་ལྷུན་གྲུབ་རྫོང་ཆེན་དུ།། རང་གི་རྒྱལ་པོ་ཤེས། འཕྱོ།། དེ་ཡང་འདུས་པའི་ཚོགས་རྣམས་ཉོན།། མ་རྟོག་པར་ནི་དག་པའི་ཕྱིར། མདོ་སྡེ་དང་ནི་རྒྱུད་སྡེ་ལས། མཚན་མ་བཞིའི་གཏན་ཚིགས་ཀྱིས།། ཆེ ་པ་གོང་འོག་ཁྱད་པར་གྱིས། མིང་ད་ཐ་སྙད་བསམ་ཡས་ཀྱང་།། ཞེན་པ་བཟློག་པའི་ཐབས་སུ་ཟད།། རྡོ་རྗེ་ཐེག་པའི་ལས་མེད་དེ། དེ་བཞིན་རྟོག་པའི་རྣལ་འབྱོར་པ། ཡལ་བར་འདུག་པ་ལམ་ཡང་མེན།། དེ་དོན་རྒྱུན་དུ་མ་ཡ་ན།། དགོངས ་པ་ཀུན་བཟང་བ་དང་མཉམ། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། སྣང་བ་མི་འགག་རང་བྱུང་ལ།། ཞེན་པ་མེད་པའི་ཡེ་ཤེས་དེ།། ཐམས་ཅད་རབུ་མ་བཅོས་པས།། དེ་ཉིད་དོན་དང་གང་ལྡན་ན།། དམན་པའི་ལུས་ལ་སངས་རྒྱས་ཡིན།། ཆོས ་ཉིད་འབྲས་བུ་ཡེ་རྫོགས་པ། དོག་གཉིས་བྲལ་དེ་ཁོ་ན།། དོར་བར་བྱ་བའི་དངོས་མེད་པར།། བླང་བར་བྱ་བ་ག་ལ་ཡོད།། སེམས་དཔའ་རྡོ་རྗེ་ང་ལ་ནི།། ལམ་མེད་ལམ་ལྟར་མ་སྦྱར་ཅིག། ས་མེད་ས་བཅུར་མ་བགྲོད་ཅིག། རྟེན་འབྲེལ་དམིགས ་ཀྱང་མ་འཆའ་ཅིག། སྒྲིབ་མེད་སྒྲིབ་པ་མ་སྤྱོད་ཅིག། ཡུལ་མེད་ཚོགས་གཉིས་མ་སོག་ཅིག། སེམས་ལ་མཉེན་པོ་མེད་པ་སྤྱོད། ལུང་ལས་མ་བཏུས་མན་ངག་གཱི། སེམས་ལས་མ་རྟོགས་སངས་རྒྱས་མཉེས།། རྒྱུ་ལས་མ་བྱུང་འབྲས་བུ ་ལས་བརྩོན་འདྲ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། ཇི་བཞིན་པའི་དེ་ཉིད་ལ།། སངས་རྒྱས་ཉིད་ཀྱིས་བྱང་མེད་པས།། བློ་དང་བློའི་སྣང་བ་ཡིན།། གང་གི་བྱས་དང་སུ་ཡི་བྱས།། བྱེད་པ་པོ་ཡང་ག་ལ་ཡོད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ ་ལས། ཐེ་ཚོམ་བཀའ་སྩལ་བའི་ལེའུ་སྟེ་བཅུ་དགུ་པའོ།། ། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། འདུས་པའི་ཚོག་ལ་བཀའ་སྩལ་པ།། སེམས་དཔའ་རྡོ་རྗེ་ང་ཡི་ཆོས།། འབྱུང་བ་ལྔ་དག་ཉོན་མོངས་དག་པ་ནི།། སྣང་སྟོང་གོ་འབྱེད་ཀུན ་ཁྱ་མཁས།། ཐེག་པ་ཆེན་པོ་ཀུན་གནས་ས།། ཞི་གནས་རྣམ་དག་ཆུ་ཆེན་པོས།། ལྷག་མཐོ་ཡེ་ཤེས་འོད་འབར་མེ། ཤེས་བྱ་ཐོག་མེད་ཡེ་ཤེས་རླུང་།། ཀུན་ལ་ཁྱབ་པས་ན་མཁལ་ཡི།། འབྱུང་བ་ཡེ་ཤེས་ལྔ་མུ་དག། དེ་ཡང་སེམས་པའ་རྡོ་རྗེ ་ཁྱོད། མ་འདྲེས་ཡོངས་རྫོགས་གསལ་སྟོང་གཟུགས།། ཁྱབ་གསལ་རང་བཞིན་གོ་བའི་སྒྲ།། དད་པས་ཚམ་བྱེད་ཆོས་ཀྱི་དྲི།། སྣོད་བཅུད་ཉམ་སུ་མྱོང་བའི་འོ།། བདེ་མཆོག་དོན་ལ་རེག་པའི་ཐུགས།། དེ་ཡང་འདུས་པའི་ཚོགས་རྣམས་ཀུན།། ཅིར་ཡང་མི་སེམས ་གཏི་མུག་ལས། དངོས་པོ་ཀུན་བཅོམ་ཞེ་སྡང་ཉིད།། ཡེ་ཤེས་ང་རྒྱལ་བདག་ཉིད་ཆེ།། སེམས་ཉིད་མི་འགྱུར་གཞན་ཕྲག་དོག། འབྱུང་བ་འདོད་ཡོན་དུག་སྔ་ཡང་།། ཐམས་ཅད་ཡེ་ཤེས་ཆེན་པོ་དག། ཀུམ་གྱིང་བཞིན་དེ་ཤེས་པ། ་དེ་ཉིད་དབང་དུ་ཐ~ཾད་འདུས།། ཀུན་གྱིས་དབང་བསྐུར་ཐོབ་པས་ན།། ཡེ་དབང་ཆེན་པོ་རྫོགས་པ་ཡིན།། ཡེ་ཤེས་སེམས་དཔའ་ཆེན་པོ་ཁྱོད།། འཇིག་རྟེན་མ་ལུས་ཁམས་རྣམས་ཀྱང་།། བསམ་གྱིས་མི་ཁྱབ་ཚིག་འགྱུར་ཀྱང་།། ན་མཁའ་ཚིག་པར་མི་འགྱུར ་བཞིན་ཏེ་ཆོས་སྐུ་ངོ་བོ་འགྱུར་མེད་ལ།། བློ་ཡི་སྣང་བ་སྣ་ཚོགས་པ།། རྟོགས་པའི་དོན་ལ་དབྱེར་མེད་པས།། དེ་ཉིད་ཡེ་ཤེས་ལྷུན་གྲུབ་སྟེ།། བདག་དང་གཞན་དུ་སྣང་བ་མེད།། མེད་པ་མ་ཡིན་དྲན་བཞིན་མཆོད།། ཆད་པར་མ་སོ་རིག་ཅིང་གསལ།། རྟག་པར་མ ་སོ་དངོས་པོ་མེད།། གཉི་སུ་མ་སོང་ཟླ་བོ་མེད།། གཅིག་ཏུ་མ་སོང་ཀུན་ལ་ཁྱབ། སྟོང་ཉིད་རྣམ་དག་རྣ་མཁའ་ལ།། གཙང་རྨེ་དབྱེ་ལ་རྡུལ་ཡང་མེད།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། འབྱུང་བ་འདོད་པའི་ཡོན་ཏམ་ལྔ།། ཆགས་སྡང ་ལ་སོགས་དུག་ལཱ་ཡང་།། མ་ཡེངས་གནས་སུ། པྤའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་རྒྱལ་པོས་བཀའ་སྩལ་པ།། ང་ཡིས་བཤད་པའི་ཆོས་རྣམས་ལ།། གང་ཟག་བློའི་རབ་འབྲིང་གིས།། ས་དཔལམ་གྱི ་ཁྱད་པར་ལས།། དབང་དང་དམ་ཚིག་ལྟ་བ་དང་།། སྒོམ་པ་སྤྱོད་པ་ལ་སོགས་པ།། ཐ་དད་སྤྲོས་ཀྱང་གཅིག་ལས་མེད།། ཅིག་ལས་སྤྲོས་ཀྱང་ཀུན་གྱི་དང་།། སེམས་ཉིད་རྣམ་པ་སྣ་ཚོག་པས།། སྣ་ཚོགས་སྣང་ཡང་ངོ་བོང་ཅིག། དཔེར་ན་གསེར་རྒྱུ་ཅིག་པ་ལ། ་དབྱིབས་དང་གཟུགསུ་ཐ་དད་པས།། བྱས་པས་དེ་དག་མང་རེར་གྲགས།། གྲགས་ཀྱང་ངོ་བོ་གསེར་དུ་གཅིག། འདུས་པའི་རྡོ་རྗེ་སྙིང་པོ་ཁྱོད།། ཤེས་རབ་ཐབས་ཀྱི་སྤྱོད་པ་ཡིས།། ཆོས་སྐུ་ཡེ་ནས་དག་པ་ལ།། ལུང་གསུམ་ལྡན་པའི་སྐྱེ་མཆོག་གིས།། རྒྱུན་དུ ་མ་ཡེངས་རྒྱལ་བའི་སྲས།། དེ་ལ་སྐྱོན་གྱིས་གོས་མི་འགྱུར།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། རང་སེམས་ཆོས་སྐུར་རྟོགས་པ་ལས།། མེད་ལ་མི་ཟད་འབྱུང་བའི་གཏེར།། གཞན་དོན་ལམ་མཐའ་ཕྱིན་པའི།། ཐོག་མེད་གཟུགས་སྐུ་རྣམ་གཉིས་འབྱུང་།། ་གསེར་སྒྲུབ་མིག་བཞིན་དུ་གཅིག་འགྲུབ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། ཡོན་ཏན་གྱི་གདུལ་བྱ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས།། འདུས་པའི་ཚོགས་ལ་བཀའ་སྩལ་པ།། ལ་ཟླ་བའི ་གཏན་ཚིགས་ནི།། སངས་རྒྱས་ཐུགས་དང་སེམས་ཅན་སེམས།། སོ་སོར་སྣང་བ་མ་ཡིན་ཏེ།། རྩ་བ་ཆོས་སྐུང་གཅིག་པ་ཡིས།། གཉིས་སུ་མེད་པར་ལ་ཟླའོ།། འཁོར་བ་དག་གིས་བརྡུལ་བ་དང་།། གཉིས་ཀ་རྩ་བ་གཅིག་པ་ཡིས།། ལྷུན་འགྲུབ་དག་ཏུལ ་ཟླའོ།། གཙང་དང་མི་གཙང་གཉིས་བཞི།། ལུང་པ་ལ་སོགས་གང་རུང་ལ།། གྱ་ཁྱི་རྣམས་ཀྱི་ཟསུ་མཐོ་།། དེ་ཕྱིར་བླང་མྱེད་པ་ཡིན།། མཚན་དང་དཔེ་བྱད་ཡོན་ཏན་དང་།། ལུས་དང་བག་ཆགས་སྐྱོན་རྣམས་ཀུན།། དང་འཇོག་མེད་པཔ་ལ་ཟླའོ།། བཞི་མ་འཁྲུལ་པས་མ་རིག ་མེ་ཐམས་ཅད་བྱང་ཆུབ་སེམསུ་གསལ།། དུག་ལྔ་བྱང་ཆུབ་ལ་མ་ཡིན་པས།། སྤངས་དུ་མེད་པར་ལ་བཟླའོ།། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། རང་བཞིན་སྐྱེ་མེད་སྤྲོས་བྲས་པས།། བརྗོད་དུ་མེད་པར་ཡིད་ཆེས་པས།། རྒྱུ་རྐྱེན་མེད་པར་དོན་གོ་ལས།། ལྷུན་གྱིས་ཀླུ། ་པར་ཐག་གཅད་དོ།། ཕྱི་ནང་འབྱུང་སྣ་ཚོགས་པ། ཀུན་ཏུ་བཟང་རོལ་པ་ཡིན་པས་ན།། གང་ཡང་མི་འགལ་ཡིད་ཆེས་པས།། གཏན་ཚིག་ཆེན་པོར་བཞགས་པ་ཡིན།། ཆོས་ཅན་རང་གིས་མཚན་ཉིད་ནི།། གདོད་ནས་གཉིས་སུ་མེད་པ་ཡིན།། ཆོས་རྣམས་རྩལ ་གཅིག་པའི་དོན།། གཏམ་ཚིགས་ངག་གིས་ཡིད་ཆེས་བྱ།། ངོ་བོ་ཉིད་དུ་རང་གྲོལ་བས།། གཏན་ཚགས་དག་གི་ཡིད་ཆེས་བྱ།། དེ་ཡང་རྡོ་རྗེ་སེམཛད་པའི་དོན།། ཆོས་རྣམས་ཀུན་གྱིས་རྩ་བ་ནི།། ཡེ་ཤེས་ལྷུན་གྲུབ་དག་ཏུ་བསྟན།། རྫོགས་པ་ཆེན་པོ་ལྟ་བ་ཐཾད ་ཀྱི་སྙིང་པོ་ལས།། མན་ངག་གི་གཏན་ཚིགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་ཀུན་རིག་རྒྱལ་པོ་ཡིས། འཁོར་རྣམས་གུས་པའི་ཚུལ་གྱིས་ནི།། རང་རང་རྟོགས་པ་བརྗོད་པའི་ཕྱིར།། སྤྱས་སྔར་འདུག ་ནས་འདི་སྐད་གསོལ།། རིག་ནས་འདུག་ལ་བདག་ཅག་ནི། རྩ་བ་རང་སེམས་འོད་གསལ་བས།། རྩལ་བས་མ་རྙེད་རང་གི་སེམས།། དམིགསུ་མེད་པའི་ཆོས་སྐུ་ལ།། གང་ཡང་མ་བཀག་ན་མཁའ་བཞིན།། མ་སྒོམ་མ་ཡེངས་བྲས་བུ་རྟོགས།། ཞལ་མཐོང་། ་སྤྲུལ་པ་དག་གིས་ནི།། དུས་གསུམ་རང་སེམས་འགྱུར་མེད་དོན།། མེད་ལ་མི་ཟེད་མཐའ་བྲལ་བས།། གང་ཡང་མ་སྤངས་གནས་སུ་དག། མ་རྩལ་བརྙེད་ན་ནོར་བུ་བཞིན།། རང་སེམས་ཆོས་ཀྱི་དབྱིངསུ་དག། དང་ཉན་འཁོརབ་གྱི་རྟོག་པ་འདི།། འགྲོ་དྲུག་སེཾམ ་ཐམས་ཅད་ཀྱི། ཆོས་སྐུ་རང་ཆས་དོན་རྟོགས་ན།། རྩོལ་ཞིང་སྒྲུབ་པའི་ནད་བྲལ་ནས། ཡེ་ཤེས་ངོ་བོ་སངས་རྒྱས་ཏེ།། རེ་དོགས་མེད་པའི་ལམ་དུ་རྟོགས།། དེ་སྐད་འརྗོད་པའི་དོན་གསན་ནས།། ཀུན་རིག་རྒྱལ་པོ་བཀའ་སྩལ་པ། ལེགས་སོ་དང་ལྡན ་འཁོར་རྣམས་ཉོན།། ཚིག་ཏུ་བརྗོད་པ་སྣ་ཚོགས་ཀྱང་།། དོན་ལ་དབྱེར་མེད་ངོ་བོ་ཅིག། ཅིག་ལས་སྤྲོས་པ་ཀུན་གྱི་དང་།། དབྱེར་མེད་དོན་དུ་སངས་རྒྱས་ན།། འཕོ་ཞིང་འགྱུར་བར་ཆོས་མེད་དོ།། རྫོགས་པ་ཆེན་པོའི་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། འཁོར ་གྱི་རྟོགས་པ་བརྗོད་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ། དེ་ནས་འདུས་པའི་ཚོགས་རྣམས་ལ།། ཀུན་རིག་སེམས་ཀྱི་རྒྱལ་པོ་ཡིས།། ལྟ་བའི་སྙིང་པོའི་དོན་བསྟན་པ།། ཐེག་པའི་རྒྱལ་པོ་ལྷུན་རྫོགས་འདི།། སྐལ་ལྡན་འདུས་པ་རྣམས ་ཀྱིས་ཀྱང་། ཡིད་ལ་བསྟན་ཅིང་བཅང་བར་གྱིས།། དེ་ཡང་རྡོ་རྗེ་སེམ་པོ་ཁྱོད།། ང་ཡིས་བསྟན་པའི་སྙིང་པོ་འདི།། ལོག་སྲེད་ཞེན་ཆགས་མ་ངེས་པ།། ནམ་ཡང་བསྟན་པར་མ་བྱེད་གཅིག། ཉན་ཐོས་ལ་སོགས་ལྟ་དམན་ལ།། བསྟན་ཀྱང་གོ་བར་མི་འགྱུར་ཏེ། ་མི་ཐེག་ཁལ་ཆེན་བསྐལ་པ་བཞིན།། དོན་མགོ་བར་ངན་སོང་ལྷུང་།། དེ་བས་རང་སེམས་སྔོན་སྦྱངས་པའི།། རྣལ་འབྱོར་གང་གིས་དང་ལྡན་ལ།། སྙིང་པོ་འདིའི་དོན་མཚོན་ནས།། ལྟ་བའི་སྙིང་པོ་རྟོགས་པར་གྱིས།། དེ་ཡང་འདུས་པའི་སྙིང་པོ་ཁྱོད།། ཚུལ་ཆོས ་བྱེད་ཅིང་སློབ་དཔོན་སྨོད།། ནོར་ཕངས་བཞོག་དོམ་ཁ་བསག་ཅིང་།། གཡོ་རྒྱུ་ཐབས་ཀྱི་ཆོས་འདོད་པ། རྒྱུད་ཀྱི་སྙིང་པོ་ལྟ་བ་ནི།། ནམ་ཡང་བསྟན་པར་མ་གསུངསོ།། གལ་ཏེ་སྙིང་པོའི་དོན་བསྟན་ན།། འཕགས་པ་རྣམས་ཀྱང་དགྲར་ལྡང་ན།། མཁའ ་འགྲོ་དམ་ཅན་སྨོས་ཅི་དགོས།། ཐར་པའི་སྲོག་ཅད་མནར་མེད་ལྷུང་།། དེ་ལ་འདུས་པའི་སྙིང་པོ་ཁྱོད།། གསང་བ་རྒྱུད་ཀྱི་སྙིང་པོ་འདི།། མར་མེ་འཆི་ཀའི་འོད་བཞིན་དུ།། བསྟན་པ་འཇིག་པའི་དུས་དག་ཏུ།། ཀུན་བཟང་ཐུབ་པའི་བྱིན་རླབས་ཀྱིས།། རྣལ་འབྱོརས ་ལྡན་རྣམས་ལ་འབྱུང་།། དེ་ཚེ་རྒྱུད་ཀྱི་སྙིང་པོ་འདི།། གུ་ཡང་གསེར་བཞིན་མི་ནུས་པམ།། སྣོད་ལྡན་འགའ་ལ་གཏད་པ་ལས།། སྣང་དགུ་རྣམས་ཀྱི་སྤྱོད་ཡུལ་མིན།། ཀུན་ཀྱང་ངེས་པར་དེ་ལྟར་ཞོག། དེ་ཡང་སེམས་དཔའ་རྡོ་རྗེ་ཁྱོད།། དེ་ལྟར་མ་རྟོགས་དམན་རྣམས ་ཀྱིས། སྔར་ནས་སྦྱངས་བཞིན་ཚོགས་བསགས་ཀྱང་།། མཉམ་པར་མ་བཞིག་འབྲས་བུ་ཆུང་།། འགྲོ་བའི་མགོན་པོས་དེ་སྐད་གསུངསོ།། རྫོགས་པ་ཆེན་པོ་ལྟ་བ་ཐམས་ཅད་ཀྱི་སྙིང་པོ་ལས།། རྒྱུད་ཀྱི་སྙིང་པོ་གཏད་པའི་ལེའུ་སྟེ་རྩ་གཞི་པའོ།། ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ།། རྫོགས་པ་ཆེན་པོ་མི་ནུས་པའི་རྒྱལ་མཚན།། རྡོ་རྗེ་སེམས་དཔའ་མན་ངག་གི་ཁོ་ག་དོན།། ལྟ་བ་ཐམས་ཅད་ཀྱི་སྙིང་པོའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། ། དགེའོ།། ། ་