CLOSE WINDOW

Gbr008.10: lta ba thams cad kyi rgyal po kun tu bzang po che ba rang la gnas pa'i rgyud
Wyliee-texts produced with BDRC’s OCR application

ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོའི་ཆེ་བ་ལ་རང་གནས་པའི་རྒྱུད་བཞུགས་སྷོ། ་རྒྱ་གར་སྐད་དུ། སརྦ་ད་ཁེ་རཱ་ཛཱ་ས་མནྟ་བྷ་དྲ་ཨད་མ་བུར་བ་ཏན་ཏྲ། བོད་སྐད་དུ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོའི་ཆེ་བ་ལ་རང་གནས་པའི་རྒྱུད། ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ།། སེམས་ཀྱི་རང་བཞིན་གང་ཡིན་པ་དེ་ལ་ཕྱག་འཚལ་ལོ།། དེ་སྐད་ཅེས་གོ་ཞིང་རྟོགས་ནས་ཤེས་པའི་དུས་ཅིག་ན།། སྟོན་པ་ཀུན་ཏུ་བཟང་པོ་སས ་ཉིད་ཀུན་ཏུ་བཟང་པོ་ལ་བཞུགས་ནས། ཆོས་ཉིད་ཀུན་ཏུ་བཟང་པོ་ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ།། ཀུན་ཏུ་བཟང་པོ་ཆེ་བ་དང་ལ་གནས་པའི་རྒྱུད་བཀའ་སྩལ་ཏོ།། རྣལ་འབྱོར་གང་ཞིག་རྟོག ་འདོད་པས། ཀུན་ཏུ་བཟང་པོའི་རྒྱུད་འདི་ཉོན།། དོན་རྟོག་ལྟ་བའི་སྐྱེས་བུ་གང་།། འདི་དག་ཤེས་པར་སུ་འདོད་པ།། ངེས་པར་ལུང་འདི་བསྟན་པར་བྱའོ།། དེ་ལ་ཀུན་ཏུ་བཟང་པོ་ཆེ་བ་དང་ལ ་། གནས་པའི་རྒྱུད་འདི་རྟོགས་པར་འདོད་པ་རྣམས་ཀྱིས།། ངེས་པར་ཆེ་བ་བཅུ་དྲུག་པོ་འདི།། ཡིད་ལ་ཟུང་ཤིག། དེ་ལ་ཆེ་བ་བཅུ་དྲུག་གང་ཞེ་ན། སེམས་ཉིད་ཡེ་ནས་ཆེ་དང་།། ཆོས་ཉིད་ཡེ་ནས་ཆེ་བ ་དང་། འབྱུང་གཱ་ཡེ་ནས་ཆེ་བ་དང་། ཡེ་ཤེས་ཡེ་ནས་ཆེ་བ་དང་། སྲུ་ཡེ་ནས་ཆེ་བ་དང་།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཡེ་ནས་ཆེ་བ་དང་།། སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བ་དང་། འཁོར་བ་དཔང་ན་སོང་ཡེ་ནས་ཆེ ་བ་དང་། མཐོ་རིགས་དང་མྱ་ངན་འདས་པ་ཡེ་ནས་ཆེ་བ་དང་། ཐབས་ཡེ་ནས་ཆེ་བ་དང་། ཤེས་རབ་ཡེ་ནས་ཆེ་བ་དང་། སྐྱོན་གྱི་རྒྱུ་ཡེ་ནས་ཆེ་བ་དང་། ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བ་དང་།། སངས་རྒྱས་ཡེ་ནས་མེ་པ། སེམས་ཅན ་ཡེ་དང་ཆེ་བ་དང་།། རྟོགས་པ་ཡེ་ནས་ཆེ་བའོ།། དེ་ནས་སེམས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་ཏུ་བཟང་པོ་ངའི་སེམས།། རྒྱ་ཆེ་རོལ་པ་ཀུན་བསྟན་པ།། གཏི་མུག་ཆེན་པོ་ངའི་སེམས། གཏི་མུག་ཆེན་པོའི་ཡེ ་ཤེས་ཀྱིས། བྱུང་ཚོར་རྟོག་པ་ཀུན་བྲལ་བས། དམིགས་མེད་ཤེས་རབ་ཕ་རོལ་ཕྱིན།། ཆེ་བའི་རྒྱལ་པོར་གཏི་མུག་ཤར།། སངས་རྒྱས་རྗེ་བརྩན་དམ་པ་ཡིན། འདོད་ཆགས་མེད་པའི་སྔོན་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད།། འདོད་ཆག ་ཆེན་པོ་ངའི་སེམས།། ཞེ་སྡང་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། ཞེ་སྡང་ཆེན་པོ་ངའི་སེམས། ང་རྒྱལ་ཆེན་པོའི་སྔོན་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད།། ང་རྒྱལ་ཆེན་པོ་ངའི་སེམས།། ཕྲ་རོག་མེད་པའི་སྔོན ་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད།། ཕྲ་དོག་ཆེན་པོ་ངའི་སེམས།། ཉོན་མོངས་ལྔ་ལས་མ་བྱུང་བའི། གཞན་ནས་རྒྱས་ཡོད་མེད་པས།། སེམས་ཀྱི་རྒྱལ་པོ་དུག་ལྔ་ལ།། ཀུན་བཟང་ཡེ་ཤེས་རྒྱལ་པོ་སྤྱ། ཐབས་ཀྱི་འབྲས་བུ་སེམས ་ཆེ་བས། རྒྱལ་བས་ཐབས་སུ་སེམས་ལ་བསྔགས།། ང་མེད་བདག་དང་བྲལ་བ་ཡི།། ཀུན་གཞི་སེམས་ཀྱི་རྒྱལ་པོ་ལ།། ཐར་པའི་འབྲས་བུ་དོན་ཤང་བས།། འཕག་ལམ་ངེས་པར་སངས་རྒྱས་ཏེ།། བདག་ཉིད་ཆེན་པོ་རྒྱལ་བའི་བཀའ།། མི་དམིགས ་པ་ལ་དམིགས་པ་མེད།། དམིགས་པ་ལ་ཡང་དམིགས་པ་མེད།། དམིགས་མེད་སེམས་ཀྱི་ངེས་པ་ལ། ཡང་དག་གསང་མཛོད་གསུམ་དུ་བསྟམ། འབྱུང་བའི་བླ་མ་བླ་ན་མེད།། ཐམས་ཅད་འབྱུང་བའི་སྟོན་པའི་མཆོག། སྣང་བ་ཀུན་ལ་རང་གནས་པ། ་ངཔ་ཉིད་ཐབས་ཀྱི་ལོངས་སྤྱོད་སྟེ།། གཔ་ལ་ཆགས་པའི་རྒྱུ་མེད་པས།། འཛིན་ཆགས་མེད་པའི་ཡེ་ཤེས་ལ།། ཐབས་ཀྱི་ཐུགས་རྗེ་འབྲེལ་པ་སྐྱོང་།། ཆོས་རྣམས་ཐམས་ཅད་སེམས་ལ་བྱུང་།། སེམས་ཀྱིས་བསྟན་པའི་ལུང་ལ་ཉོན།། ཕྱོགས ་བཅུའི་སངས་རྒྱས་ང་ཡིས་སེམས།། ཕྱི་ནང་སྣོད་པ་ཡིས་སེམས།། ཕྱོགས་དང་སྣང་བ་པ་ཡི་སེམས།། ཕྱི་དང་ནང་ཡང་ང་ཡི་སེམས།། མཐོ་རིགས་ངན་སོང་ང་ཡི་སེམས།། སེམས་ཀྱི་སངས་རྒྱས་ཀུན་བཟང་ལ།། སྤྲུལ་པ་ཕྱོགས་བཅུའི ་སངས་རྒྱས་ཉོན།། ཕལ་ང་བསྟན་རྒྱུ་མེད་ན།། འཇིག་རྟེན་ཆོས་འདི་སུའི་ཆོས།། བདག་ལ་ཕྱོགས་དང་རིགས་མེད་ན།། ཕྱི་ང་ནང་འདི་སུ་ཡི་ཆོས།། དོན་ལ་རྒྱུ་འབྲས་ཡོང་མེད་ན།། བཟང་དང་ངན་པ་སུ་ཡི་ཆོས།། བཅོས་པ་མེད་པའི་ཆོས་ཉིད ་ལ། ཁ་དོག་ལྔ་པ་གང་ལས་བྱུང་།། བཟང་ངན་ཆེ་ཆུང་སུ་ལས་བྱུང་།། ཚོར་བ་བདེ་སྡུག་སུ་ཡིས་སྤྲས།། ཕྱོགས་རིགས་ས་མཚམས་སུ་ལ་ཡོད།། འཁྲུལ་པའི་སེམས་འདི་ཉོན་མོངས།། རྨོངས་པའི་བློ་འདི་ཡོངས་དེ་སྡུག། རྟོག་པའི་རླུང་འདི་ཉེན ་རེ་ཆེ་ཇི་ལྟར་སྣང་བའི་ཆོས་རྣམས་ལ།། བདག་གིས་སེམས་ཀྱིས་དབང་བསྒྱུར་ན།། བདག་པས་དྲག་པ་གང་ན་ཡོད།། སངས་རྒྱས་ཐམས་ཅད་སེམས་ཡིན་ན།། སེམས་དཔས་ཆེ་བགང་ན་ཡོད། འཇིམ་རྟོག་འདས་པའི་སེམས་ཉིད་ལ།། སེམས ་ཀྱི་ཆེ་བ་དེ་ལ་ཡོད། སྤོང་ལེན་མེད་པའི་འབྲས་བུ་ནི། སེམས་ཀྱི་ཆེ་བ་དེ་ལ་ཡོད།། སེམས་ཀྱི་ཆེ་བ་ཡེ་ནས་ལ། འདི་ལ་རྒྱུ་ཡིས་བཙལ་མེད་ལ། འདི་ལ་འབྲས་བུ་སྦྱང་བ་མེད།། ནམ་མཁའ་བཞིན་དུ་ཡེ་གནས་ལ། ་འཛིན་རྟོག་བཅོས་པའི་རྒྱུ་ཅི་ཡོད་།། ཆོས་དང་སངས་རྒྱས་འཚོ་ལ་འདོད་ན། སེམས་ཀྱི་ཆེ་བ་འདི་ལས་བཙལ། སེམས་ཉིད་ཡེ་ནས་ཆེ་བའི་ལེའུ་སྟེ་དཔ་པོའོ།། ། དེ་ནས་ཆོས་ཉིད་ཡེ་ནས་ཆེས་འདི་སྐད་དུ་བཀའ་སྩལ་ཏོ།། ་ཀུན་ཏུ་བཟང་པོ་ངའི་ཆོས།། རྒྱ་ཆེ་རོལ་པར་བསྟན་པ་ནི།། ཇི་ལྟར་སྣང་བ་དེའི་ཆོས།། རང་བཞིན་མེད་པའི་སྔོན་རོལ་ན།། ཆོས་ཉིད་བྱ་བའི་མིང་ཡང་མེད།། གང་ཟག་རྣལ་འབྱོར་སུ་སྤྱོད་པ།། ཆོས་ཉིད་འབྲས་བུ་སུ་འདོད་པ།། རང་བཞིན་མེད་པས ་བཙལ་བར་བྱ། ཆོས་ཉིད་རང་བཞིན་མེད་པ་ལ།། དེ་ལ་རྟོག་པ་ཆེར་སྐྱེད་ན།། ཆོས་ཉིད་ཆེ་བ་བྱ་བ་ཡིན།། ཡང་དག་ངེས་པའི་ཆོས་ཉིད་ལ།། ཆོས་ཉིད་ཆེ་བས་ཕྱོགས་རིགས་མེད།། ཆོས་ཉིད་ཆེ་བས་བཟང་ངན་མེད།། ཆོས་ཉིད་ཆེ་བས་མཐའ་དབུས་མེད།། ་ཆོས་ཉིད་ཆེ་བས་ཕྱི་ནང་མེད།། ཆོས་ཉིད་ཆེ་བས་སྟེང་འོག་མེད།། ཆོས་ཉིད་ཆེ་བས་སྤོང་ལེན་མེད།། ཆོས་ཉིད་ཆེབས་ཡོད་མེད་མེད།། མེད་པའང་མ་ཡིན་ཁྱས་པར་བརྡལ།། ཁྱབ་པར་བརྡལ་ཡང་རྫས་སུ་མེད།། འདི་འདྲའི་མཚན་ཉིད་གང་ཤེས ་པ། དེ་ནི་ཆོས་ཉིད་ཆེ་བ་སྟེ། ཆོས་ཉིད་མེད་པའི་སྔོན་རོལ་ན། སངས་རྒྱས་སེམས་ཅན་མིང་ཡང་མེད།། ཆོས་ཉིད་ཆེ་བའི་བྱིན་རླབས་ལས།། ཇི་ལྟར་སྣང་བའི་དེ་ལྟར་སྣང་།། གང་ལྟར་ཡིན་པ་དེ་ལྟར་ཡིན། ཡང་དག་པར་ཡང་བཀའ་སྩལ་ཏོ།། ་དེ་དག་ལ་སོགས་ཆོས་རྣམས་ལ། ཆོས་རྣམས་ལ་ཡང་ཆོས་རྣམས་མེད།། རང་བཞིན་ཆ་ཕྲག་པ་འཛིན་པ།། འཛིན་པ་དེ་ལ་ཆོས་ཉིད་མེད།། ཆོས་ཀྱི་འབྲས་བུ་དེ་ལ་མེད།། ཆོས་ཀྱི་འབྲས་བུ་གང་ཡིན་པ།། རིགས་པའི་དོན་ནི་འདི་རྣམས་སོ།། ་སྡོམ་དང་ཕྱི་མར་མ་གྱུར་ཅིང་།། ཕྱོགས་དང་རིགསུ་མ་ཕྱེ་བར།། འཛིམ་ཆགས་འཛིན་རྟོག་སྐྱོན་སྤངས་ན།། དེ་ནི་ཆོས་ཉིད་ཆེ་བཞི་བྱའོ།། གཞན་ཡང་ཆོས་ཉིད་ཆེར་ནི།། རྣལ་འབྱོར་གང་ཞིག་རྟོག་འདོད་ན།། རྒྱ་ཆེར་ཤེས་རབ་ཕྱོགས་ཆ་ནས།། ཆོས་ཉིད།། ་ཨེ་ནས་ཆེ་བའི་ལེའུ་འདི་ལས་ནི་བཙལ་བར་བྱའོ།། ཆོས་ཉིད་ཡེ་ནས་ཆེ་བ་སྟེ་གཉིས་པའོ།། ། དེ་ནས་འབྱུང་བ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ན་མཁའ་ཡེ་ནས་ཆེ་བ་དང་།། མེ་ཆུ་ཡེ་ནས་ཆེ་བ་དང་།། འཐོར་རླུང ་ཡེ་ནས་ཆེ་བ་དང་།། འབྱུང་བ་མེད་པའི་སྔོན་རོལ་ན། སངས་རྒྱས་སེམས་ཅན་མིང་ཡང་མེད།། འབྱུང་བ་ལྔའི་སངས་རྒྱས་ནི།། སངས་རྒྱས་ཀུན་གྱི་རྗེ་བཙན་ཡིན། འབྱུང་བ་ལྔ་པོ་མའི་དབྱིངས། མ་ལས་སྐྱེས་པས་སངྱས་སྲས། འབྱུང་བ་ལྔ་པོ ་རིགས་ཀྱི་ཡུམ།། དེ་ལ་བདག་རོལ་ཐབ་ཀྱི་ཡབ།། འབྱུང་བ་ཡེ་ནས་གནས་ཀྱི་རྗེ།། འབྱུང་བ་ཡེ་ནས་དུས་ཀྱིས་ཆེ།། འབྱུང་བ་ཡེ་ནས་གསལ་བས་ཆེ།། འབྱུང་བའི་གནས་ནི་རྣམཁའ་ལ།། འབྱུང་བའི་རྒྱུ་ནི་ས་གཞིའོ།། འབྱུ་བའི་ལོངས་སྤྱོད་མེ་ཆུ་སྟེ། ་འབྱུང་བའི་སྤྲུལ་པ་རླུང་ཡིན་ནོ།། འབྱུང་བའི་མཚན་ཉིད་རྟག་པ་མེད། འབྱུང་བའི་རང་བཞིན་འདུས་མ་བྱས། འབྱུང་བའི་འབྲས་བུ་དམིགས་པ་མེད། འབྱུང་བའི་ཡོན་ཏན་གོ་ཞིང་རྟོགས།། འབྱུང་བའི་དོན་ལ་སྦྱར་བ་མེད།། ཆོས་ཉིད་དང་ལས་ཀུན་འབྱུང་བས། ་ཐམས་ཅད་འབྱུང་བས་འབྱུང་བའོ།། འབྱུང་བའི་རང་བཞིན་དངོས་མེད་པས།། དེས་ན་འབྱུང་བ་སྟོང་པའོ།། འབྱུང་བ་ཤེས་པ་ཕ་རོལ་ཕྱིན། འབྱུང་བ་ལྔའི་འཕྲོ་འདུ་ཡིས།། ཆོས་ཀྱི་དབྱིངས་ཀྱི་ཚེ་རོལ་བསྟན།། སྟོང་པའི་དོན་རྟོགས་འབྱུང་བ་ལ།། ངེས་པའི་རིག ་ཁགས་ལ་རྟོགས་ན།། ཐབས་ལྡན་པ་ཡི་བྱིན་རླངས་ཀྱིས། འདི་དག་འབྱུང་བར་བསྟན་པར་ཟད།། དོན་ལ་ཡང་དེ་ལས་བསྟན་དུ་མེད།། རྟོགས་པ་ཆེ་བའི་ཆེན་པོ་ལས། མ་རྟོགས་སྦྱོང་བའི་ལས་བྱེད་ན།། ཆེ་བའི་ཡེ་ཤེས་ཡོད་མ་ཡིན།། མེ་བའི་ཆེ་བར ་སྐྲ#བདག་སྣན། ཆེ་མཆོག་ཐབས་ཀྱི་རྒྱལ་པོར་རོལ།། ཐམས་ཅད་འབྱུང་བ་ལྔ་ཡིས་སྐྱེད།། འབྱུང་ཆེ་བའི་དོན་རྟོགས་ན།། ཐམས་ཅད་ཆེ་བའི་རྒྱལ་པོར་འགྱུང།། ཆེ་བའི་རྫུ་འཕྲུལ་ཇི་ལྟར་སྟོན།། བདག་ཉིད་ཐབས་ཀྱིས་ཁྱིམ། ་བརླབས་ལས།། འབྱུང་བའི་ཆོ་འཕྲུལ་སྣ་ཚོགས་ཀྱིས། མ་རིག་རྟོག་པའི་ལིང་རྟོག་གསལ།། དད་པ་བདག་ཏུ་འབྱེད་པ་བཅོམ།། ཕྱོགས་དང་རིགས་སུ་ལྟ་བ་གསལ།། མཚན་མའི་འཛིན་རྟོག་གནས་ནས་བཀྲོལ།། ཡངགས་པ་ངེས་པའི་ལམ་དུ་བཞག ་ཐར་པལི་གནས་ཞེས་དེ་ལ་གསུངས།། གང་ཞིག་མ་སྐྱེས་དོན་འདོད་པས།། འབྱུང་བ་ཡེ་ནས་ཆེ་བའི་ཆེ་བ་འདི་ལས་བཙལ་བར་བྱའོ།། འབྱུང་བ་ཡེ་ནས་ཆེ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡེ་ཤེས་ཡེ་ནས་ཆེ་བ་འདི ་སྐད་ཅེས་བཀའ་སྩལ་ཏེ།། ཡེ་ཤེས་རྒྱལ་པོ་གང་འདོད་པ།། རང་གི་སེམས་ལས་བཙལ་བར་བགྱི།། འགྲོ་ཀུན་བླ་མེད་བྱང་ཆུབ་པའི།། རྟོགས་པའི་རྒྱུ་ལ་རང་རིག་པ།། དེ་ནི་ཡེ་ཤེས་ཆེ་བའོ།། སྟོང་གསུམ་ཡེ་འབྱམ་དོན་ཤེས་ཤིང་།། བརྡལ་བ ་ཆེན་པོར་ཕྱོགས་མེད་ན།། ཡེ་ཤེས་ཆེ་བའི་དམ་པ་སྟེ།། བཟང་ངན་མེད་པར་དོན་ཤེས་ན།། ཀུན་ཏུ་བཟང་པོར་སངས་རྒྱས་ཏེ།། ཆོས་ཉིད་ཡེ་ནས་མ་བཅོས་པ།། དེ་དོན་ཤེས་པ་ཡེ་ཤེས་ཡིན།། ནམ་མཁའ་ཡེ་ནས་མ་བཅོས་པ།། དེ་དོན ་ཤེས་པ་ཡེ་ཤེས་ཡིན། སེམས་ཉིད་ཡེ་ནས་མ་བཅོས་པ།། དེ་དོན་ཤེས་པ་ཡེ་ཤེས་ཡིན།། ཡེ་ཤེས་དམ་པ་འཚོལ་འདོད་པས།། གཔལ་ཐེ་ཚོམ་མ་སྐྱེས་པ།། རྟོགས་པའི་ཀློང་དུ་དོན་སྤྱོད་དང་།། རང་བྱུང་ཡེ་ཤེས་དེ་ལ་འཆར།། མི་གནས ་ཡེ་ཤེས་ཕྱི་ནང་མེད།། ལྷུན་གྲུབ་ཡེ་ཤེས་ཕྱོགས་རིགས་མེད།། སྟོང་པའི་ཡེ་ཤེས་དངོས་པོ་མེད།། མེ་ལོང་ཡེ་ཤེས་རྟོག་པ་མེད།། མཉམ་པའི་ཡེ་ཤེས་ཆེ་ཆུང་མེད།། སོ་མེར་རྟོག་པ་མ་འདྲེས་གསལ།། བྱ་བ་ནན་ཏན་ཐར་ཕྱིར ་པའོ།། རང་བྱུང་ཡེ་ཤེས་བཙལ་བ་མེད།། ཅི་སྟེ་བཙལ་བས་གྲུབ་འགྱུར་ན།། རང་བྱུང་ཡེ་ཤེས་ཡངས་མི་བདེན།། རིག་པའི་ཡེ་ཤེས་བསྒོམས་པས་མིན།། ཅི་སྟེ་བསྒོམས་པས་ཡིན་འགྱུར་ན།། རིག་པའི་ཡེ་ཤེས་ཡོབ་མི་བདེན།། རིག ་པའི་ཡེ་ཤེས་རང་ཤར་ན། བརྩལ་བ་མེད་པ་ལྷུན་གྱིས་གྲུབ། རང་བྱུང་ཡེ་ཤེས་དོན་རྟོགས་ན། བསྒྲུབ་པ་མེད་པར་ཡོངསུ་གྲུབ། བདག་ཉིད་ཡེ་ཤེས་དོན་རྟོགས་ན།། ཆོས་རྣམས་ཐམས་ཅད་བདག་ལ་གསལ། ཡངས་སོ་འདིའོ་ཡེ་ཤེས ་མཆོག། གསལ་ལ་དག་པ་དྲི་མ་མེད།། གཉིས་སུ་མེད་པས་རྟོག་པ་སྤངས།། སངས་རྒྱས་སེམས་ཅན་སོ་སོ་ན། ཡེ་ཤེས་ཆེན་པོས་ཡང་མ་གཟིགས།། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་པས།། ཡེ་ཤེས་ཆེན་པོ་འདི་དག ་འཕགས།། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡག། སངས་རྒྱས་སྲས་པོ་དམ་པ་སྟེ། ཉགཅིག་ཡབ་ལས་མ་རྟོགས་པ།། གཉིས་སུ་སྣང་བར་བསྟན་པ་མིན།། མཉམ་པའི་དོན་དང་མ་ལྡན་ན།། མི་མཉམ་སྨད་པའི་ཆོས་ཅི ་དགོས། ཐེག་པའི་བྱེ་བྲག་བསམ་ཡས་ཀྱང་།། ཡེ་ཤེས་རྟོགས་ན་གཅིག་ལས་མེད།། ཆོས་དབྱིངས་གཅིག་ལས་མེད་པ་ལ། ཡེ་ཤེས་རྟོགས་པར་མ་བཞག་པར།། མང་པོར་འབྱེད་པ་སྙིང་རེ་རྗེ།། སོ་སོར་འབྱེད་པ་ཉོན ་རེརོ་མོངས།། ཕྱོགས་རྨ་འཛིན་པ་ཡོངས་རེ་སྡུག། ལེན་ཅིག་བྱེ་ཕྲག་འབྱེད་པ་ཡང་། ཡེ་ཤེས་མགོ་དྲང་དོན་ཙམ།། དོན་ལ་འབྱེད་པ་རྒྱུས་དེ་ཆུང་།། ངེས་པར་ཅིག་པའི་ཚིག་འདི་ཉོན།། ཡེ་ཤེས་ཆེན་པོ་ཡེ་ནས་ཆེ་བ་ཡཱི་པ་སྟེ། ་བཞི་པའོ།། ། དེ་ནས་སྐུ་ཡེ་ནས་ཆེ་བ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རང་བཞིན་སྤྲོས་པ་མེད་པ་ལ།། གཡོས་པ་མེད་པའི་ཡེ་ཤེས་བཞག། གཉིས་སུ་མེད་པའི་ཐབས་ཤེས་པ།། དེ་ནི་ཆོས་སྲུ ་པའོ།། ཐམས་ཅད་འདུས་མ་བྱས་པའི་ངང་།། མི་འགྱུར་མི་ཤིགས་རྡོ་རྗེ་སྟེ། གཉེན་པོ་ཅིས་ཀྱང་མི་ཚུགས་པའི།། ཐམས་ཅད་ཀུན་ལྡན་ཡེ་ཤེས་སྨྲ།། རྡོ་རྗེའི་མུ་སྟེ་གཉིས་པའོ།། རིག་པ་རང་གནས ་མངོན་སུམ་སྣང་། ཉེས་པ་གང་གིས་མི་ཚུགས་པའི།། ལེགས་པའི་ཡེ་ཤེས་རང་སྣང་བའི།། མངོན་པར་བྱང་ཆུབ་སྐུ་བསྟན་པའོ།། གཉིས་མེད་ཆོས་ལ་ལོངས་སྤྱོད་པའི།། མ་སྤངས་ཡེ་ཤེས་ལོངས་སྤྱོད་བརྒྱན།། ཐམས་ཅད་ཆེ་བའི་རོལ་པ་ལ ་ལོངས་སྤྱོད་རྫོགས་སྐུ་མཐར་ཕྱིན་པའོ།། གཉིས་མེད་སེམས་ཀྱི་སྤྲུལ་པ་ལ། ཡོངས་སུ་མ་ཁྱབ་ཅིག་ཀྱང་མེད། དོན་དམ་ཐབས་ཀྱི་སྤྲུལ་པ་འཆར།། སྤྲུལ་པའི་སྐུ་སྟེ་ཀུན་ཁྱབ་པའོ།། སྐུའི་སུ་སྟེ་ཀུན་གྲུབ་པ། སྐུའི་བདག་ཉིད་སྐྱེ ་ཤི་མེད། རོལ་པས་སངས་རྒྱས་ཉིད་ཀྱི་རྒྱན།། སྟོང་གསུམ་སྟོང་གི་འཇིག་རྟེན་ན། འཕོ་འགྱུར་མེད་པ་སྐུ་ཡི་མཆོག། སྟོང་གསུམ་སྟོང་གི་འཇིག་རྟེན་ན། རང་བཞིན་མེད་པ་གསུང་གི་མཆོག། སྟོང་གསུམ་སྟོང་འཇིག་རྟེན་ན།། རྟག་ཆད ་མེད་པ་སྐུའི་མཆོག། སྐུ་མཆོག་དྲི་མེད་དག་པ་ལ། སེམས་ཀྱིས་ཡེ་ཤེས་མཐར་ཕྱིན་པས།། རིག་པ་བློའི་བརྟུལ་ཞུགས་ཀྱིས།། སྟོང་གསུམ་སྐུའི་དབང་དུ་བསྡུས།། དབང་དུ་མ་གྱུར་གང་ཡང་མེད།། མི་གཡོའི་བྱང་ཆུབ་མཆོག་གི་རྒྱ ་རྣམ་པར་སྣང་མཛད་པའི་སྐུ།། ཟླ་བ་དྲི་མེད་དག་པ་ཡི།། སྟོང་གསུམ་ཀུན་སྣང་ཁྱབ་པའི་དབྱིངས།། མཐའ་ལ་ཐུགས་པ་མེད་བཞིན་དུ། ཤེས་རབ་ཐབས་ཏེ་དེ་ལྟར་སྣང་།། མན་ངག་རྒྱ་མཚོ་ཆེན་པོ་འདི།། ཡོངས་ལ་བསྟན་པའི་ཤེས་རབ་ཏེ། ་ཆོས་སྐུ་བདག་པོར་ཀུན་བཅོམ་ན། དཀྱིལ་འཁོར་འཕྲོ་འདུ་ཉོན་རེ་མོངས། ཡོངས་ལ་ཤར་བའི་དོན་བྱུང་ན། རྟོག་པའི་རླུང་བསྒོམས་སྙིང་རེ་རྗེ། མཁའ་ལྟར་མཉམ་པ་ཉིད་ལ་མནོས།། རབ་སེམས་མེད་པའི་སྔོན་རོལ་ན།། སང ་རྒྱས་བྱ་བ་རྟོག་པ་ཡིན།། ཀུན་ཏུ་བཟང་པོ་བདག་ལ་འདྲི།། སངས་རྒྱས་གནན་ཡང་དག་ལ་མཛད།། བྱང་ཆུབ་དམ་པ་འདི་བསྟན་པས།། སྟོད་ཅིང་འཁོར་བསྐྱར་དུ་ཕྱུང་།། འཛིན་རྟོག་ཉོན་མོངས་གླེང་ཐག་ཆད།། མི་རྟོག་མོངས་པ ་སྨོས་ཅི་དགོས། མན་ངག་རྒྱལ་པོ་འདི་བསྟན་པས། ལྟ་བ་དམའ་བ་མིང་ཡང་མེད།། ཐམས་ཅད་ཀུན་ཏུ་བདག་ཡིན་པས། སྐུའི་རྒྱལ་པོས་དངོས་གྲུབ་བྱིན།། མཐའ་དབུས་ཆེ་ཆུང་མེད་པར་ཐོབ།། བཟོད་ནས་སྔོན་གྱི་སངས ་རྒྱས་ཡིན། ཆོས་རྣམས་ཐམས་ཅད་ཁོང་ནས་ཤར། འཕགས་པའི་འཕགས་པས་འཕགས་པར་བསྔགས།། ཕྱོགས་བཅུའི་སངས་རྒྱས་ཐུག་ངན་སངས།། དེ་ཚེ་ལས་ཆུང་མ་ཟོས་ལ། བདག་སེམས་ངལ་ཚིག་མཆོད།། ་སྐུ་ཡེ་ནས་ཆེ་སྟེ་ལྔ་པའོ།། ། དེ་ནས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཡེ་ནས་ཆེ་འི།། འདི་སྐད་གསུངས་པའོ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། སྐུའི་དཀྱིལ་འཁོར ་བསམ་ཡས་ཀྱང་། ཧེ་རུ་ཀ་ནི་སྐུའི་མཆོག། དེ་ཡང་སྐལ་ལྡན་ངའི་སྐུའོ།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། གསུང་གི་དཀྱིལ་འཁོར་བསམ་ཡས་ཀྱང་།། ཡི་གེ་འབྲུ་བརྒྱད་གསུང་གི་མཆོག། དེ་ཡང་སྐལ ་ལྡན་ངའི་གསུང་། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། ཐུགས་ཀྱི་དཀྱིལ་འཁོར་བསམ་ཡས་ཀྱང་།། ཡེ་ཤེས་སེམས་དཔའ་ཐུགས་ཀྱི་མཆོག། དེ་ཡང་སྐལ་ལྡན་ངའི་ཐུགས། སྟོང་གསུམ་སྟོང་གི་འཇིག་རྟེན ་ན། ཡོན་ཏན་འཁོར་བསམ་ཡས་ཀྱང་།། རིམ་ཆེན་ཟུར་བརྒྱད་ཡོན་ཏན་མཆོག། དེ་ཡང་སྐལ་ལྡན་པའི་ཡོན།། སྟོང་གསུམ་སྟོང་གི་འཇིག་རྟེན་ན།། འཕྲིན་ལས་དཀྱིལ་འཁོར་བསམ་ཡས་ཀྱང་།། རྣམ་པའི ་སྟན་ལ་ཁན་འཕྲིན་ལས་མཆོག། དེ་ཡང་སྐལ་ལྡན་ངའི་ལས།། གཞན་ཡང་སྐུ་གསུང་ཐུགས་ཡོན་ལས།། དེ་བས་ཀྱང་ནི་སེམས་ཡིན་ཏེ།། སྐུའི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང། ་ཆུབ་སེམས་ལ་ཡོད། གསུང་གི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཐུགས་ཀྱི་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། ཡོན་ཏན་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ ་སེམས་ལ་ཡོད།། འཕྲིན་ལས་དཀྱིལ་འཁོར་ཡང་དག་པ།། ཆོས་ཉིད་བྱང་ཆུབ་སེམས་ལ་ཡོད།། དེའི་མཚན་ཉིད་གང་ཤེས་པ། ཡང་དག་ངེས་པར་ཉན་པར་གྱིས།། སེམས་ཀྱི་རང་བཞིན་སྐྱེ་བ་མེད།། སེམས་ཀྱི་མཚན་ཉིད་དངོས་པོ་མེད། ་སེམས་ཀྱི་འབྲས་བུ་མ་བཅོས་པ།། སེམས་ཀྱི་སྐུ་ནི་སངས་རྒྱས་ལ།། སེམས་ཀྱི་གསུང་ནི་བཏགས་པ་ཡིན།། སེ་ས་ཀྱི་ཐུགས་ནི་གོ་བ་སྟེ།། སེམས་ཀྱི་ཡོན་ཏན་མི་ཟད་པ།། སེམས་ཀྱི་འཕྲིན་ལས་ལྷུན་གྲུབ་པའོ།། དེ་ཡང་མི་འགྱུར་རྡོ་རྗེ ་སྟེ། འཕགས་པའི་འཕགས་པ་རྡོ་རྗེའི་སྐུ།། སྐུའི་རྡོ་རྗེ་བརྗིད་པ་ཆེ།། ཐུག་ཀྱི་རྡོ་རྗེ་འཛིན་པ་ཆེ།། ཡོན་ཏན་རྡོ་རྗེ་ལེགས་པ་ཆེ།། འཕྲིན་ལས་རྡོ་རྗེ་གྲུབ་པ་ཆེ།། དེའི་གོང་ན་སངས་རྒྱས་མེད།། ཆེ་བ་འདི་ལས་སུ་གནས་པ། རྣལ་འབྱོར་དེ་ནི་སྐལ་བ ་བཟང་། བཟང་བ་མ་ཡིན་དེ་ཉིད་ཡིན།། ངེས་པའི་སངས་རྒྱས་ཅིག་ལས་ཡང་། དོན་ལ་ངེས་པའི་ས་ཚད་ལ། སེམས་ཀྱི་མཚན་ཉིད་འདྲ་བ་ནི།། དེ་ལ་བཅོས་པ་མེད་པར་ཞོག། དེའི་གོང་ན་ཆེ་བ་མེད།། ཡང་དག་ངེས་པར་དེ་ལ་བསྣན། སྐུ་གསུང ་ཐུགས་ཡོན་ཏན་འཕྲིན་ལས་ཆེ་བ་སྟེ། དྲུག་པའོ།། ། དེ་ནས་སྐྱོན་དང་ཡོན་ཏན་ཆེབ་འདི་སྐད་ཅེས་བཀའ་སྩལ་ལོ།། རྣམ་པར་དག་པའི་སྤྱོད་ཡུལ་ལ།། སྐྱོན་དང་ཡོན་ཏན་གཉིས་མེད་དེ།། སྐྱོན་ཉིད་དག་པར་མ་རྟོགས་ན།། ་ཡོན་ཏམ་དག་པ་གང་ན་རྙེད།། སྐྱོན་ཉིད་ཡོན་ཏན་ཡིན་ཤེས་ན། སྤང་ཞིང་བཙལ་བ་བྱ་བ་མེད།། སྐྱོན་རྣམས་སྤང་པའི་ཕ་རོལ་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། དུས་གསུམ་སངས་རྒྱས་སྐྱོན་ལས་བྱུང་།། རྡོ་རྗེ་སེམས་དཔའ་སྤྱན་གྱི། ་སྐྱོན་ཉིད་སངས་རྒྱས་ཡིན་ཤེས་ན། སངས་རྒྱས་མེན་པ་ཅིག་ཀྱང་མེད། ཡོན་ཏན་ཉིད་ཀྱང་སྐྱོན་ཡིན་ན།། སྤང་བར་བྱ་བར་གང་ཡང་མེད།། ཇི་ལྟར་སངས་རྒྱས་མཛད་སྤྱོད་ལ།། དེ་ལ་སྨད་ར་ཅི་སྟེ་བྱ། བདུད་ཉིད་སངས་རྒྱས་ཡིན་ཤེས་ན། ་དེ་ལ་རྟོག་པའི་རྫས་ཅི་ཡོད། མ་རིག་པ་ཡང་བྱང་ཆུབ་ཀྱི་སེམས་ཡིན་པས། མ་རིགས་པ་ཡང་དག་དག་པའོ།། རྨོངས་པ་ཐམས་ཅད་ཀྱང་ང་བྱང་ཆུབ་ཀྱི་སེམས་ཡིན་པས། རྨོངས་པ་ཡང་དག་པའོ།། འཁྲུལ་པ་ཐམས་ཅད་ཀྱང་ང་བྱང་ཆུབ ་ཀྱི་སེམས་ཡིན་པས།། འཁྲུལ་པ་ཡང་དག་པའོ།། བསླད་པ་ཐམས་ཅད་ཀྱང་ང་བྱང་ཆུབ་ཀྱི་སེམས་ཡིན་པས།། བསླད་པ་ཡང་དག་པའོ།། ཉེས་པ་ཐམས་ཅད་པ་བྱང་ཆུབ་ཀྱི་སེམས་ཡིན་པས། ཉེས་པ་ཡང་དག་པའོ།། དུག་ལྔ་ཡང ་པ་བྱང་ཆུབ་ཀྱི་སེམས་ཡིན་པས། དུག་ལྔ་ཡང་དག་པའོ།། འཁོར་བ་དང་ངན་སོང་ཡང་ང་བྱང་ཆུབ་ཀྱི་སེམས་ཡིན་པས། འཁོར་བ་དང་ངན་སོང་ཡང་དག་པའོ།། དེ་ལྟར་སྐྱོན་ཐམས་ཅད་ཀྱང་ང་བྱང་ཆུབ་ཀྱི་སེམས་ཡིན་པས། སྐྱོམ་ཐམས་ཅད ་ཀྱང་ཡང་དག་པའོ།། རིགས་པ་ཡང་བྱང་ཆུབ་ཀྱི་སེམས་སོ།། ཡེ་ཤེས་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ།། ཡོན་ཏན་ཡང་བྱང་ཆུབ་ཀྱི་སེམས་སོ།། ལེགས་པ་ཡང་ང་བྱང་ཆུབ་ཀྱི་སེམས་སོ།། སངས་རྒྱས་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ།། ་སེམས་ཅན་ཀྱང་ང་བྱང་ཆུབ་ཀྱི་སེམས་སོ།། མཐོ་རིགས་དང་མྱ་ངན་ལས་འདས་པ་ཡང་བྱང་ཆུབ་ཀྱི་སེམས་སོ།། སྐྱོན་དང་ཡོན་ཏན་མེད་པའི་སྔོན་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད།། མ་རིགས་པ་ཉིད་རིག་པ་ཡིན་པར་ཤེས་ན། ་རིག་པ་གང་ནས་བཙལ།། མ་དག་པ་ཉིད་དག་པ་ཡིན་ན།། དག་པ་གང་ནས་བཙལ།། ཉེས་པ་ཉིད་ལེགས་པ་ཡིན་པར་ཤེས་ན། ལེགས་པ་གང་ནས་བཙལ།། འཁོར་བ་ཉིད་མྱ་ངན་ལས་འདས ་པར་ཤེས་ན། མྱ་ངན་ལས་འདས་པར་གང་ནས་བཙལ།། ངན་སོང་ཉིད་མཐོ་རིག་ཡིན་པར་ཤེས་ན།། མཐོ་རིགས་གང་ནས་བཙལ།། སེམས་ཅན་ཉིད་སངས་རྒྱས་ཡིན་པར་ཤེས་ན།། སངས་རྒྱས་ཤེས་བྱ་བ་གང་ནས་བཙལ།། རྒྱུ་ཉིད་འབྲས ་བུ་ཡིན་པར་ཤེས་ན།། འབྲས་བུ་གང་ནས་བཙལ།། རྟོགས་པ་ཉིད་ཆོས་ཀྱི་དབྱིངས་ཡིན་པར་ཤེས་ན། ཆོས་ཀྱི་དབྱིངས་གང་ནས་བཙལ།། སྐྱོན་ཉིད་ཡོན་ཏན་ཡིན་པར་ཤེས་ན།། ཡོན་ཏན་གང་ནས་བཙལ།། དེ་ཡང་རང་གི་སེམས་ཡིན་ན ་སྤང་ཞིང་དོར་བ་དང་། བླང་ཞིང་སྤྱད་པའི་རྒྱུ་ཅི་ཡོད་དེ། སྐྱོན་ཡེ་ནས་ཆེ་བས་ནི།། འབྲས་བུ་ལ་རག་མི་ལུས་སོ།། ཡོན་ཏན་ཡེ་ནས་ཆེ་བས་ནི། འབྲས་བུ་ལ་རྟེན་མི་འཆའོ།། ཆེ་བའི་ཆེན་པོ་ཡིན་པས།། ཆུང་ངུ་མིང་མེད་དོ།། བཟང་པོའི་བཟང ་པོ་ལང་རྒྱལ་པོའི་རྒྱལ་པོ་ཡིན་པས། ངན་པ་དང་ཞན་པ་མིང་མེད་དོ།། བདེ་རོ་སྐྱེས་བུ་ཆེན་པོའི་ཐུགས།། དག་གོ་རྣམ་དག་བྱང་ཆུབ་སེམས།། རང་གི་དོན་དུ་རབ་འབྱོར་པས།། མཆོད་པ་བཀུར་བསྟི་རང་ལ་བྱ།། རང་གི་དགོངས་པ་རང་གསལ་བས།། ་རྣམ་དག་སྐྱེས་བུ་ཆེན་པོའི་ངང་།། རྣལ་འབྱོར་རྣམ་ངེས་པ་ཞེས། འདི་ལ་སྦྱར་ནས་ངེས་པར་བསྟན།། འདི་ནི་རྣམ་པར་ངེས་པའི་ས།། གང་ཞིག་ཚོལ་འདོད་འདི་ལ་ཉོན།། སྐྱོན་དང་ཡོན་ཏན་ཡེ་ནས་ཆེ་བའི་ལེའུ་སྟེ་བདུན་པའོ།། ་དེ་ནས་འཁོར་བ་དང་ངན་སོཔ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། འཁོར་བ་མེད་པའི་སྔོན་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད།། ངན་སོང་མེད་པའི་སྔོན་རོལ་ན།། དེ་བཞིན་གཤེགས་པ་ཡོངས་མི་བཞུགས། སངས་རྒྱས་ཡང ་དག་བསྟན་པ་ནི། འཁོར་བ་ངན་སོང་ནང་ན་ཡོད། སངས་རྒྱས་མིང་དུ་བཏགས་པ་ཡང་།། འཁོར་བ་འདི་ལ་བཏག་པ་ལས།། གཞན་དུ་སངས་རྒྱས་ཡོད་མ་བཏགས།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། ཁམས་གསུམ་འཁོར་བ་མ་ཡིན་པ། ་གཞན་ལས་སངས་རྒྱས་གང་ལ་བསྒོམ།། ལུས་ངག་ཡིད་གསུམ་མ་ཡིན་པ། སྐུ་གསུང་ཐུགས་གསུམ་གང་གང་ནས་འབྱུང་།། དེ་དག་འབྱུང་བར་ངས་མ་བསྟན།། ངན་སོང་འདི་དག་སུས་ཤེས་པ།། དཔྱོད་དང་རྣམ་དག་སེམས་ལ་ཁྱེ།། རྣལ་འབྱོར ་གང་ཞིག་འདི་འདྲར་བྱེད།། ངན་སོང་འཁོར་བ་ལངས་བོར་ལ།། དེ་དག་སྤངས་པའི་ཕ་རོལ་ན།། གཉན་ཞིང་བསྟོད་པའི་སངས་རྒྱས་དང་།། བདེ་ཞིང་སྐྱེད་པའི་མཐོ་རིགས་གཅིག། ལོག་ནས་བདག་གིས་ཐོབ་འདོད་པས།། ཐར་དུ་རེ་སྟེ་མ་ཐར་རོ།། ་གྲུབ་པར་རེ་སྟེ་དེས་མི་གྲུབ།། འཁོར།། ཡོངས་སུ་ཤེས་པ་ན།། མྱ་ངན་འདས་ཞེས་དེ་ལ་བྱ།། ངན་སོང་ཡོངས་སུ་ཤེས་པས་ན།། ཐར་པ་ཐོབ་ཅེས་དེ་ལ་བྱ།། ཡང་དག་བདེན་པའི་དོན་རྟོགས་ན།། སངས་རྒྱས་པས་ཀྱང་འཁོར་བ་བསྔགས།། བསྔམ ་སུ་ཡང་མེད་དེ་ཉིད་ཡིན། མཐོ་རིགས་པས་ཀྱང་ངན་སོང་བདེ། དོན་དམ་བདེན་པ་མ་རྟོགས་ཤིང་།། རང་བྱུང་ཡེ་ཤེས་མ་ཤར་ན།། དུག་ཏུ་མ་སོང་གང་ཡང་མེད།། དགྲ་རུ་མི་གནོད་གང་ཡང་མེད།། བདེ་བ་ཆེན་པོའི་དོན་རྟོགས་ཤིང་།། བྱང་ཆུབ ་སེམས་ཀྱི་སྒོ་ཕྱེ་ནས། འབྲས་བུ་མ་ཐོབ་ཅིག་ཀྱང་མེད། སངས་རྒྱས་མེན་པ་གང་ཡང་མེད།། བདེ་བ་འདི་ལས་ཆེ་བ་མེད། བརྟགས་ཤིང་རྟོགས་ན་རང་སེམས་བཟང་།། ཕྱིན་ཅི་བཙལ་བས་ཐོག་མ་ཉིད།། སུ་ཞིག་བཤད་ཅིང་སྟོན་འདོད་པས ་ག་ལ་ཤད་བདག་ལ་ཤོད།། གང་ལ་མ་རྟོགས་བདག་ལ་རྟོགས།། འབྲས་བུ་དམ་པ་འདི་ན་ཡོད།། སེམས་ལ་ཐོག་ཏུ་མ་ཕེབས་ཤིང་། ཡིད་ལ་གསལ་བར་མ་རྟོགས་ན། ཁ་བཤད་མང་པོས་དོན་མི་འགྲུབ།། དུས་གསུམ་སངས་རྒྱས ་ཐམས་ཅད་པས། འཁོར་བ་ངན་སོང་བསྔགས་པ་གྱིས།། དུས་གསུམ་སངས་རྒྱས་ཡེནས་ཡོད། ཟང་འ་ཆེན་པ་ན་འབྱེད་ཀྱིས།། ཕྱོགས་བཅུའི་སངས་རྒྱས་གསན་དུ་གསོལ།། རྒྱུ་ནི་མ་བཅོས ་ཉིད་དུ་བཞག། འབྲས་བུ་རང་བཞིན་མེད་པར་བླང་།། དོན་དུ་ཐིག་ལེ་ཆེན་པོར་བསྟན།། འདི་ལའི་ཡོད་མ་ཡིན།། འཁོར་བ་དང་ན་སོང་ཡེ་ནས་ཆེ་བ་སྟེ་བརྒྱད་པའོ།། ། དེ་ནས་མཐོ་རིགས་དང་མྱ་ངན་ལས་འདས་པ་ཡེ ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ། ཐར་པ་ཐོབ་པའི་ཐེམ་སྐས་དང་།། མྱ་ངན་འདས་པའི་ཆོས་ཉིད་རྣམས།། ཡང་དག་ཆེ་བབ་བསྟན་པ་ནི། རྣམ་ཤེས་དབང་པོ་གསལ་བར་སྣང་།། འདི་ཡང་མཐོ་རགས་ཆེ་བ་ཡིན།། ཐམས་ཅད་རྟོགས་པས ་ལོངས་སྤྱོད་པས། འདི་ཡང་མཐོ་རིགས་ཆེ་བ་ཡིན།། གཞན་ཡང་མཐོ་རིགས་ཆེ་བ་ནི།། ཇི་ལྟར་གནས་པ་དེ་ལྟར་རྟོགས།། གང་ལྟར་ཡིན་པ་དེ་ཤེས་ཤིང་།། ཀུན་གྱི་འབྲས་བུ་བདག་རྟོགས་པས།། མཐོ་རིགས་དམ་པ་བླ་ན་མེད།། མྱ ་ངན་འདས་པའི་ཆེ་བ་ནི།། ཆོས་ཉིད་ཕྱོགས་བཅུར་བརྡལ་བ་དང་།། རིག་པ་མཐའ་དབུས་མེད་པ་དང་། ཀུན་གཞི་བཟང་ངན་མེད་པ་དང་། ཤེས་པ་ཕྱིན་པ་མེད་པ་དང་།། ཡེ་ཤེས་སྤོང་ལེན་མེད་པ་ཡཱི། མྱ་ངན་འདས་པའི་དགོངས་པ ་འགྲུབ་ཏམ་གཡོས་པ་ལ་རིགས་པ་ཤར།། སངས་རྒྱས་སེམས་ཅན་མྱ་ངན་འདས།། ཡུལ་ན་ཆོས་དབྱིངས་མྱ་ངན་འདས།། རྟོགས་པའི་ཡེ་ཤེས་མྱ་ངན་འདས།། སྣོད་བཅུད་ཆོས་སྲུར་མྱ་ངན་འདས།། སེམས་ཅན་གཅིག་པར་མྱ་ངན ་འདས། དོན་དམ་བདེན་པར་མྱ་ངན་འདས། མྱ་ངན་འདས་པའི་དོན་རྟོགས་ན། འཁོར་བ་ངམསོང་མིང་ཡང་མེད།། མཐོ་རིགས་དང་མྱ་ངན་ལས་འདས་པ་ཡེ་ནས་ཆེ་བ་སྟེ་དགུ་པའོ།། ། དེ་ནས་ཐབས་ཡེ་ནས ་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཐབས་ཀྱི་རྒྱལ་པོར་བདག་གནས་པས། ཐམས་ཅད་མ་གྲུབ་གང་མེད།། ཐབས་ཆེན་མེད་པའི་སྔོན་རོལ་ན། སངས་རྒྱས་ཡོད་པ་ཡོངས་མ་ཡིན། འགྲོ་ལ་ཐབས་ཀྱི་རྒྱུ་ཡོད་པས།། ཐབས ་མཁས་ཡེ་ནས་ཆེ་བ་ཡི།། ཀུན་ཏུ་བཟང་པོའི་སྤྱོད་པ་ལ།། བྱེད་དང་སྤྱོད་པ་རྣམས་འཇིག་པ།། དེ་ཉིད་ཐབས་ཀྱི་ཆེ་བ་སྟེ།། ཐབས་མཁས་ཡོན་ཏན་ཀུན་ལྡན་ལ།། སངས་རྒྱས་ཀུན་གྱི་བླ་མར་བསྔགས།། རྣལ་འབྱོར་ཆེན་པོའི ་སྤྱོད་པ་བདེའོ།། འཕགས་པའི་འཕགས་པ་ཐབས་ལ་མཁས།། རྒྱལ་བའི་རྒྱལ་བ་ཐབས་ལས་བྱུང་།། པ་ཉིད་ཐབས་ཀྱི་རྒྱལ་པོ་ལ།། འཁོར་བའི་རྟོགས་པ་ཀུན་བྲལ་བས།། རྫོགས་སངས་རྒྱས་ཀྱི་ཐབས་ལ་བསྔགས།། ཐབས་དང ་བྲལ་བའི་སྙིང་རྗེ་ནི།། སྐྱེས་ཀྱང་ངལ་བ་དོན་མེད་ཡིན།། འདི་དག་ཐབས་ཀྱི་མཆོག་ཤེས་ན།། གང་དག་སྤྱོད་པ་བླ་ན་མེད།། སངས་རྒྱས་བྱང་ཆུབ་གདོན་མི་ཟ།། ཐབས་ལས་ཐབས་བྱུང་ཐབས་རེ་ཆ།། ཐབས་ཀྱིས་ཐབས་འདུལ་ཐབས ་བསམ་ཡས།། རྟོགས་པས་ཐམས་ཅད་ཐབས་སུ་གསལ། ཐབས་ཀྱི་ཏིང་ངེ་འཛིན་བསྒོམས་ན།། ངན་སོང་འཁོར་བ་ཐབས་ཀྱི་ཞིང་།། ཉོན་མོངས་དུག་ལྔ་ཐབས་ཀྱི་ལམ། ཐབ་ཆེན་པོའི་མཛད་སྤྱོད་ཀྱིས།། ཐམས་ཅད་མ ་ལུས་སངས་རྒྱས་སོ།། ཐར་པ་ཆེན་པོ་ངའི་སྐུས། མུན་པའི་ཐབས་པའི་སེམས་ཅན་ལ། ཐབས་ཀྱི་སྒྲོན་མ་འདི་བཏེག་པས། ཀུན་གྱི་གོ་ཞིང་གསལ་བར་ཤོག། ང་ནི་རང་བཞིན་མེད་པ་སྟེ། སྤྲོས་པ་མེད་པའི་ཀློང་བརྡལ་བས ་མཚན་མར་འཛིན་པ་པའི་དགྲ། སེམས་ཉིད་ཀུན་ཏུ་བ.རང་པོ་ལ།། ཕྱོགས་དང་རིགས་སུ་མི་སྣང་ན།། ང་དང་བདག་ཏུ་རྟོག་པ་ནི། འཁྲུལ་པ་ཡིན་ཏེ་ངན་སོང་རྒྱུ། བདག་གི་སེམས་ཉིད་བཟང་པོ་ལ། སངས་རྒྱས་ཐོག་མ་ཐ་མ ་མེང། རྒྱུ་ལ་བཟང་དང་ངན་པ་མེད།། འབྲས་བུ་གྲུབ་དང་མ་གྲུབ་སྤངས།། ཁོམ་དལ་ཆེན་པོའི་བདེ་སྒྱིད་ལ། སྡུག་བསྔལ་བའི་འཕོ་འཇུག་ཅིང་།། ཆོས་ཉིད་མཉམ་ཞིང་བདེ་བ་ལ།། གཟུང་འཛིན་རྟོག་པའི་རྫས ་ཅི་ཡོད། སངས་རྒྱས་འཁོར་བ་མ་ལུས་ཀྱང་།། ངའི་ཐབས་ལ་རབ་ཏུ་གནས། ཐབས་ཡེ་ནས་ཆེ་བ་སྟེ་བཅུ་པའོ།། །། དེ་ནས་ཤེས་རབ་ཡེ་ནས་ཆེ་བས་འདི་སྐད་ཅེས་བཀའ་སྩལ་ཏོ།། དོན་དམ་སྤྲོས་པ་མེད་པ ་ཡི། མ་གཡོས་ཆོས་ཉིད་སྐྱེ་འགག་མེད།། ཤེས་རབ་ཡེ་ནས་ཆེ་བ་ཡི།། འདིའི་གོང་ན་སངས་རྒྱས་མེད།། ཤེས་རབ་ཆེན་པོས་སྐད་གཅིག་ལ།། ཆོས་རྣམས་ཁོང་དུ་ཆུད་པར་བྱེད།། སྐྱེ་བ་མེད་པས་འགག་པ་མེད།། དམིགས་པ་མེད། ་པས་སྤྲོས་པ་མེད།། འདུས་མ་བྱས་པས་རྣམ་དག་དབྱིངས།། རང་བཞིན་མེད་པས་བརྗོད་དང་བྲལ།། ཀུན་ལ་ཁྱབ་པས་ཡབ་ཀྱི་དང་།། ཐམས་ཅད་བསྐྱེད་པས་ཡུམ་གྱིས་དབྱིངས།། བརྗོད་པ་མེད་པའི་ཤེས་རབ་ལ།། དམིགས་པ ་མེད་པའི་ཏིང་འཛིན་གསལ། ཀུན་བཞི་ཡུམ་གྱི་ཤེས་རབ་ལ།། རང་བྱུང་ཐབས་ཀྱི་ཡེ་ཤེས་ཤར། འདུས་མ་བྱས་པའི་ཀློང་དཀྱིལ་ནས། སེམས་ཀྱི་རྒྱལ་པོ་ཡེ་ཤེས་འཕྱོ།། སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས། ཤེས་རབ་མི་གཅིག་གས ་བནི། ཡོངས་ལ་དབང་བསྒྱུར་རྒྱལ་པོ་སྟེ། ཐམས་ཅད་རོལ་པའི་དབང་ཕྱུག་པས།། མ་འགགས་པར་ཡངས་ཡེ་ཤེས་གསལ།། དེས་མདུག་རྣམས་ཀུན་སེལ་བ།། ནད་དང་ཆོག་དང་བྲལ་བ་ཡི།། བདུད་རྩི་རང་བྱུང་དཀྱིལ་འཁོར་གསལ།། དབང་པོ་ཡུམ་གྱིས ་ཤེས་རབ་ལ། ཐབས་ཀྱི་ཞགས་པ་འབྲེལ་པ་སྐྱོང་།། འབྱུང་བའི་རྒྱལ་པོ་གདོད་ནས་དག། དུས་གསུམ་བདེ་གཤེགས་བསྐྱེད་པ་ཡིས།། ཡུམ་ནི་ཤེས་རབ་ཕོ་རོལ་ཕྱིན།། མི་སྐྱ་མི་འགག་བརྡལ་ས་ལ།། ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས།། དག ་ནག་ཤེས་པ་རྟེན་པའི་དཀྱིས།། འཛི་དང་བྲལ་བ་ཆགས་མེད།། རྟོག་པ་མེད་པས་སྨྲས་བསམ་འདས།། རྗོད་མད་པ་ན་མའི་རྡུལ།། རང་བཞིན་མེད་པས་རྒྱས་ཀྱི་དཀྱིས། བྱམས་སུ་རྒྱ་ཡས་སུམ་ཆད།། བྱིན་པ་དང་སུ་སུམ། ག་འདྲིམ་མེད་པར ་སྣང་ལ་རང་བཞིན་མེད་པ་ཡི།། མུཟླ་སྒྱུ་མ་སྨིག་སྒྱུ་བཞིན།། མེད་བཟང་མ་མིན་ཡིན་ལ།། ཡོད་པར་ཡང་ནི་མ་ཡིན་ན།། ཡོད་མེད་གཉིས་ལས་འདས་པ་ཡི།། གཉིས་སུ་མེད་པ་ཡིད་ལ་དྲན།། ཤེས་རབ་ཆེན་པོ་རྟོག་པའི་རྟགས།། མཁའ་ལྟར་མཉམ་པ་ཉིད ་གནས་ན། ཤེས་རབ་ཆེན་པོས་ཁྱབ་པའི་རྟགས།། མི་གཡོ་མཉམ་བཞག་འདུས་མ་བྱས།། ཤེས་རབ་ཆེན་པོ་གྲུབ་པའི་བརྟགས།། མ་ཆགས་ཐབས་ཀྱིས་ཀུན་སྤྱོད་ན། ཤེས་རབ་ཆེན་པོ་ཐོབ་པའི་རྟགས། རྣལ་འབྱོར་ཆེན་པོ་སུ་ཡོད་པ།། ཤེས་རབ་ཆེན་པོ་རྟོག་འདོད ་ན། ལེའུ་འདི་ལས་ནི་བཙལ་བར་བྱའོ།། ཤེས་རབ་ཡེ་ནས་ཆེ་བ་སྟེ་བཅུ་གཅིག་པའོ།། ། དེ་ནས་སྐྱོན་གྱིས་རྒྱུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱོན་གྱིས་རྒྱུ་ལས་མ་རྟོགས་པ། སངས་རྒྱས་གཞན་ནས་ཡོད་མེད་དེ། ་སྨན་མཆོག་བདུད་རྩིང་བྱུང་བ་ཡང་།། དུག་ཡོད་པ་ལས་སྨན་དུ་འབྱུང་།། དུག་ལས་སྐྱོན་གྱི་རྒྱུ་མེད་ན། ཐམས་ཅད་སྨན་ལ་སྨན་མིང་མེད།། ལེགས་པ་ཐམས་ཅད་འབྱིན་པ་ཡང་།། སྐྱོན་གྱིས་ལེགས་པ་འབྱུང་བར་བྱེད།། སྐྱོན་གྱི་མཚན་མ་ཅི་བྱུང་ཡང་།། དེ་ཉིད ་ལེགས་པ་ཡིན་ཤེས་ན།། གཞན་ནས་བདུད་རྩི་བཙལ་མི་དགོས།། སྐྱོན་ཉིད་དག་པར་མ་རྟོགས་ཤིང་།། རྒྱུ་ལ་འབྲས་བུ་མ་རིག་ན།། དོན་ལྡན་ངེས་པའི་གཏན་ཚིགས་མེད།། སྨོན་པ་གྲིབ་མ་སྙེག་པ་བཞིན།། འདས་ཀྱང་སླེབས་ཤིང་ཟིན་པ་མེད།། དེ་བཞིན ་སྐྱོན་རྒྱུ་མི་ཤེས་པས།། བསྒོམས་པས་འབྲས་བུ་མི་རྙེད་ལ། བརྟགས་པས་ཆོས་ཉིད་རྫས་སུ་གོལ།། བསྒྲུབས་པས་བརྟག་ཏུ་མི་སྣང་སྟེ། དེ་བཞིན་གླེན་པའི་རང་བཞིན་ཅན།། དེ་བས་དོན་འདི་གོམ་པར་བྱོས།། བྱང་ཆུབ་སེམས་ཀྱང་སྐྱོན་གྱི་རྒྱུ། ་སངས་རྒྱས་ཐམས་ཅད་སྐྱོན་གྱི་རྒྱུ།། གྱོམ་གྱི་རྒྱུ་འདི་མི་ཤེས་ན།། ཡོན་ཏན་རྒྱུ་འདི་སུ་ལ་ཡང་། སྤྱན་གྱི་རྒྱུ་འདི་མ་རིག་ན།། མ་རིག་པ་ནི་དབྱིས་ཀྱི་མཛོད།། དེའི་གོང་ན་ཆེ་བ་མེད། སྐྱོན་གྱི་རྒྱུ་འདི་འཛིན་རྟོག་གཉིས། ་འཛིན་རྟོག་ཐབས་དང་ཤེས་རབ་ན།། སྐྱོན་གྱི་རྒྱུ་ནི་ཉོན་མོངས་ལྔ།། ཉོན་མོངས་ཡེ་ཤེས་ལྔར་སྣང་བ།། སྐྱོན་གྱི་རྒྱུ་ལས་ཆེ་བ་མེད།། སྐྱོན་གྱི་རྒྱུ་ནི་རྟག་ཆད་གཉིས།། རྟག་ཆད་དབྱིངས། ཡེ་ཤེས་ན། སྐྱོན་གྱི་རྒྱུ་ལས་ཆེ་བ་མེད།། སྐུ་དང་ཡེ་ཤེས་བཤད་པ་ཡང ་སྐྱོན་གྱི་རྒྱུ་ལས་མ་རྟོགས་པ། གཞན་ནས་བཤད་པ་ཅི་ཡང་མེད།། ཡང་དག་ངེས་དོན་བསྟན་པ་ནི།། འོད་མེད་འགྲོ་མེད་འཕོ་ཡང་མེད།། སངས་རྒྱས་བྱང་ཆུབ་དེ་ལ་ཡོད།། བཅོས་མེད་འགྱུར་མེད་མ་བཅོས་པ།། ཡེ་ཤེས་ཆོས་ཉིད་དེ་ལ་ཡོད།། མ་སྤང་མ་བཙ ་མཉམ་བཞག་པ། མཉམ་པའི་ཡེ་ཤེས་དེ་ལ་ཡོད། དག་པའི་རྒྱུ་སྟེ་སྔོན་ནས་གསལ། གྲུབ་པའི་འབྲུ་སྟེ་ནང་ནས་ཤར།། ཐར་པའི་ལམ་དེ་གཞི་ལ་བཞག། མཁྱེན་རྒྱུ་དེ་སེམས་ལ་སྦྱང་།། གཟའ་གཏད་ལམ་ནི་ཐིག་ལེར་བཅའ།། ཀུན་ཏུ་བཟང་པོ་བཅོམ་ལྡན ་འདས། ཤེས་པར་གྱིས་ལ་སྐྱོན་ལ་ཞིག། སྐྱོན་རྒྱུ་ཡེ་ནས་ཆེ་བའོ།། རྣལ་འབྱོར་གཞུང་མཐུན་གང་ཞིག་ཡོད།། སྐྱོན་རྒྱུ་ཆེ་བ་རྟོགས་འདོད་ན།། ལེའུ་འདི་ལས་བཙལ་བར་བྱ།། སྐྱོན་རྒྱུ་ཡེ་ནས་ཆེ་བ་སྟེ་བཅུ་གཉིས་པའོ།། ་དེ་ནས་ཡོན་ཏན་གྱི་རྒྱུ་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡོན་ཏན་ཆེན་པོའི་རང་བཞིན་ལ། དག་པ་ཉིད་དུ་འདི་ལྟར་བཤད།། སངས་རྒྱས་ཀུན་གྱི་ཡོན་ཏན་ནི།། ངེས་པར་སེམས་ལས་བྱུང་བ་སྟེ། ངའི་སྐུ་ནི་མི་འགྱུར་བའོ།། ངའི་གསུང་ནི་མ ་བཅོས་པའོ།། ངའི་ཐུགས་ནི་མ་གཡོས་པའོ།། ངའི་མཛད་པ་ཁྱད་པར་ཆེའོ།། ངའི་རོལ་པ་ཐབས་ལ་མཁས། ངའི་བྱན་རླབས་འདུས་མ་བྱས།། ངའི་མཐུ་སྟོབས་འཛིན་རྟོག་བཅོམ།། ཕལ་པ་ཞེས་བྱ་བ་མེད།། ང་མེད་བདག་མེད་ཕྱོགས་མེད་པའི།། འཛིན་རྟོག ་ན་མེད་པའི་ཤེས་ར་དས།། རཱག་ཁྲི་ཤེས་ཤང་། ཡན་ཏཎ་ལེནས་མཔཡི།། འདིའི་གང་ན་སངས་རྒྱས་མེད། མཚང་བམེད་པའི་ཕར་ག་ན།། མྱངན་འདས་པམི་པ་མེད།། འཁོར་བ་ཉིད་ཡན་ཏན་མ།། ངན་སོང་མེད་པའི་ཕར ་མགྲོ་རིགས་བྱ་བའི་མིང་ཡང་མེད། ངན་སོང་ཉིད་ན་ཡོན་ཏན་ཆེ།། སེམས་ཅན་མེད་པའི་སྔོན་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། སེམས་ཅན་ཉིད་ནས་ཡོན་ཏན་ཆེ།། ཉོན་མོངས་མེད་པའི་ཕ་རོལ་ན། ཡེ་ཤེས་བྱ་བའི་མིང་ཡང ་མེད། ཉོན་མོངས་ཉིད་ན་ཡོན་ཏན་ཆེ།། ཆོས་ཅན་མེད་པའི་ཕ་རོལ་ན། ཆོས་ཉིད་བྱ་བའི་མིང་ཡང་མེད། ཆོས་ཅན་ཉིད་ན་ཡོན་ཏན་ཆེ།། རྣམ་དག་པས་རྒྱུ་ནས་དག། རང་སྣང་འབྲས་བུ་དང་པོ་ནས། འཕགས་པའི་རང་བཞིན་རྒྱུ་ལ་རྫོགས།། ་སངས་རྒྱས་ཐམས་ཅད་འདུས་པའི་རྒྱུ།། འདི་ནི་ཡོན་ཏན་ཆེན་པོའི་རྒྱུ། ཡ་ནས་ཆེ་བའི་ཡོན་ཏན་ཡིན་ཏེ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ལྷ་རྣམས་དང་། གང་དག་ཕོ་མོ་མ་ནིང་རྒྱུ།། འཁྲུལ་པས་བཏགས ་པའི་རྒྱུ་ཙམ་དུ། ཤེས་རབ་དམན་ལ་བསྟན་པའི་ཕྱིར། རྨོངས་པའི་བློ་ལ་སྣང་བར་ཟད།། ཀུན་ཏུ་བཟང་པོའི་རང་བཞིན་ལ།། བྱང་ཆུབ་སེམས་ཀྱི་རང་བཞིན་ནི། ཕོ་མོ་མ་ཡིན་མ་ནིང་མིན།། ཆེ་ཆུང་མ་ཡིན་རིགས་རྒྱུད་མིན།། རྟག་ཆད་མ་ཡིན་མཚན ་མར་མིང། ཕྱི་ནང་མ་ཡིན་དངོས་པོར་མིན། རིག་དང་ཁ་དོག་བསྟན་པ་མེད། མེད་པ་མ་ཡིན་སྙིང་པོའི་དོན།། རྣལ་འབྱོར་སྐལ་ལྡན་རྣམས་ཀྱིས་རིག་དོན་དང་ལྡན་པའི་སེམས་ལ་གསལ།། རང་བཞིན་ཡོངས་ཀྱི་དག་པ་ལ།། གཉེན་པོས་བཅོས ་ཤིང་དགག་ཏུ་མེད། མཚན་ཉིད་ཡོངསུ་ཀྱི་ཞི་བ་ལ། སྟོབས་ལྡན་ཚད་མས་དེ་ལྟར་གསལ། རྒྱུ་དང་འབྲས་བུ་དབྱེར་མེད་ལ།། མཚན་ཉིད་འཛིན་ཅིང་རིགས་སུ་བྱེད།། དོན་དང་འགལ་ཞིང་བརྟག་པར་བཀའ།། རབ་སེམས་འདོད་ནས་དག ་པ་མ་སྐྱེས་ནས། འཕོ་ཞིང་འགྱུར་བའི་གནས་ཀྱང་མེད།། བཙལ་ཞིང་སྒྲུབས་པའི་ས་ཡང་མེད།། མེད་པའང་མ་ཡིན་འགྱུར་མེད་སྐུ།། འདུ་འབྲལ་མེད་པའི་དབྱིངས་ཉིད་ལ། བཟང་ངན ་སྤོང་ལེན་རྣམ་རྟོག་མེད།། དབྱེར་མེད་ཆེ་ཆུང་རིམ་པ་མེད།། སྐྱེ་ཤི་གཉིས་ཀྱི་མཚན་མ་མེད། མེད་པ་མ་ཡིན་ཁྱབ་པའི་སྐུ།། མི་འབྱེད་མཉམ་པའི་སྤྱོད་པ་ལ། རང་སྣང་ཐབས་ཀྱི་རྒྱལ་པོ་རོལ།། འདུས་མ་བྱས་པའི་ཀློང ་ཉིད་ན། བཅོས་མ་མེད་པའི་ཡེ་ཤེས་ཤར།། འཛནི་རྟོག་མེད་པའི་ཆོས་ཉིད་ལ།། བརྩལ་བ་མེད་པའི་སེམས་ཉིད་གནས།། གནས་ཙམ་ཉིད་ན་རྟག་པ་མེད།། རྟག་མེད་ཆད་མེད་བདེ་བ་ཆེ།། འགྱུར་མེད་བརྩལ་མེད་རང་འབྱུང་གནས།། ་ང་མེད་བདག་མེད་། ཕྱོགས་རིགས་མེད།། ཚེ་མེད་ཆུང་མེད་གསང་བ་འི་མཁའ།། བཟང་མེད་ངན་མེད་ཀུན་ཏུ་བཟང་།། མ་སྐྱོད་ཇི་བཞིན་དབྱིངས་ན་རྣལ།། བསྐྱེད་པ་རྫོགས་པས་རྫོགས་པ་རིང་།། བྱ་བ་མེད་པས་འདུས་མ་བྱས།། སྨོན ་རུ་མེད་པས་རང་ལ་རྫོགས།། ཁམས་གསུམ་སྣོད་བཅུད་མ་ལུས་ཀུན།། བདེ་བ་ཆེན་པོ་ཉིད་ཀྱི་རྒྱན།། ཡོན་ཏམ་ཆེན་པོའི་ཞིང་ཁམས་ལ། མ་ལུས་པར་ཡང་སངས་རྒྱསོ།། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན།། རང་བྱུང་དག་པ ་བདག་ཉིད་ལ། རྣམ་དག་ཀློང་དུ་སངས་རྒྱས་པའོ།། ཡོན་ཏན་ཆེ་བའི་རྣམ་པ་གསལ། རྩོལ་དང་བཅས་པས་མ་གྲུབ་སྟེ། སྤྲོས་བཏགས་མཚན་མའི་སྐྱོན་རྣམས་སྤངས།། ཐམས་ཅད་ཡོངས་སུ་བདེ་བརྡལ་ན།། ཡོན་ཏན་ཆུང་བ ་གང་ཡང་མེད།། ཐམས་ཅད་ཀུན་བཟང་ཡོན་ཏན་ལ།། སྐྱོན་དུ་བྱ་བ་གང་ཡང་མེད།། ཤིན་ཏུ་རྣལ་འབྱོར་གང་ཡོད་པ། ཡོན་ཏན་རྒྱ་ཆེན་རྟོག་འདོད་པས།། ལེའུ་འདི་ལས་བཙལ་བར་བྱ།། ཡན་ཏན་གྱི་རྒྱུ་ཡེ་ནས་ཆེ་བསྟ་བཅུ་གསུམ་པའོ།། ་དེ་ནས་སངས་རྒྱས་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ཡེ་ནས་ཆ་བ་ནི། འཁོརསངས་པས་བདེ་ཆེན་རྒྱས། སྣང་སྲིད་སངས་པས་བདེ་ཆེན་རྒྱས།། མ་རིགས་སངས་པས་ཡང་དག་རྒྱས།། གཏི་མུག་སངས་པས་ཤེས ་རབ་རྒྱས། དེ་ཡང་བཙལ་བ་མ་ཡིན་ཏེ།། རྟོག་པ་ཉིད་ཀྱི་ཀློང་ནས་སངས།། རིག་པ་ཉིད་ཀྱི་ཀློང་ནས་སངས།། རིག་པ་ཉིད་ཀྱི་དབྱིངས་ནས་རྒྱས། སངས་རྒྱས་ཡེ་ནས་ཆེ་བ་ཡི།། འདིའི་གོང་ན་སངས་རྒྱས་མེད།། ཕུང་པོ་ལྔ་པོ་རིགས་ལྔའི་ངང ་རིགས་ལྔའི་སངས་རྒྱས་ཡེ་ཤེས་ཀློང་།། ཡེ་ཤེས་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། འབྱུང་བ་ལྔ་པོ་ཡུམ་གྱི་དང་།། ཡུམ་ཆེན་ལྔ་པོ་དབྱིངས་ཀྱི་ཀློང་།། ཆོས་དབྱིངས་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ ་བ་ཡིན། རྣམ་པར་ཤེས་པ་སེམས་དཔའི་ངང་།། སེམས་དཔའ་ཆེན་པོ་སྤྲུལ་པའི་ཀློང་།། སྤྲུལ་པ་ཆེན་པོ་བཙལ་མེད་པས། སངས་རྒྱས་ཡེ་ནས་ཆེ་བ་ཡིན། ཡུལ་གྱི་རྣམ་པ་སེམས་མའི་ངང་།། འཁོར་གྱི་སེམས་མ་ཁྱབ་པའི ་ཀློང་། ཁྱབ་པ་ཆེན་པོས་བཙལ་མེད་པས། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། ཡན་ལག་ཁྲོ་བོ་ཁྲོ་མོའི་ངང་། ཁྲོ་བོ་ཁྲོ་མོ་རོལ་པའི་ཀློང་།། རོལ་པ་ཆེན་པོ་བཙལ་མེད་པས། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། འཇིག་རྟེན་དྲུག་པོ་ཐུབ་པའི་ངང ་ཐུབ་ཆེན་པོ་བཙལ་མེད་པས། སངས་རྒྱས་ཡེ་ནས་ཆེ་བ་ཡིན། དབྱིངས་ལ་རིག་པ་བཟང་མོ་བཟང་།། ཀུན་ཏུ་པ་ཡབ་ཡུམ་གནས་པའི་ཀློང་།། གནས་ཆེན་པོ་བཙལ་མེད་པས།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། སངས་རྒྱས་ཡེ་ནས་ཆེ ་ཡི། འདི་ཡི་གོང་ན་སངས་རྒྱས་མེད།། གང་ཞིག་མཚན་མའི་རྟག་འཛིན་ལ། གྲངས་དང་སངས་རྒྱས་སྦྱང་བ་ཙམ།། བགྲང་ཀྱང་སངས་རྒྱས་གྲངས་ལས་འདས།། བགྲངས་ཀྱང་མུ་མེད་བརྗོད་ལས་འདས།། དོན་དམ་དུ་ནི་གང་ཡང་མེད།། ་ཇི་སྲིད་མཚན་མ་ཡོད་ཀྱི་ཁང་།། དེ་བཞིན་སངས་རྒྱས་སྐུ་ཡང་ཡོད།། ཇི་སྲིད་མཚན་མ་མེད་ན་ནི།། དེ་བཞིན་སངས་རྒྱས་སྐུ་ཡང་མེད།། དེ་བཞིན་སངས་རྒྱས་ཡོད་ཀྱི་བར།། དེ་བཞིན་ལྷའི་གྲངས་ཀྱང་ཡོད།། ་ཇི་སྲིད་གྲངས་རྣམས་མེད་ན་ནི།། དེ་བཞིན་ལྷའི་གྲངས་ཀྱང་མེད། མ་རིག་འཁྲུལ་པའི་སྒོ་ཙམ་དུ། གྲངས་ལ་བརྟགས་ཀྱིས་མཚོན་པར་ཟད་།། དོམ་དམ་བཅོས་པ་མེད་པ་ལ།། བརྡལ་བའི་སྐུ་ཅིག་བསྡུས་པ་སྟེ། རིགས་དང་འརྐ ་སུ་གང་ལ་བསྟན།། སངས་རྒྱས་ཡེ་ནས་ཆེ་བ་ནི།། ཡོད་པའི་དངོས་པོ་མ་ཡིན་ཏེ། ཆུ་ཟླ་བཞིན་ཏེ་རང་བཞིན་མེད།། མེད་མེད་པ་མ་ཡིན་ཏེ།། ན་མཁའི་དབྱིངས་ལྟར་ཅིར་ཡང་སྣང་།། གཅིག་སྟེ་རྟག་པ་མ་ཡིན་ཏེ།། དོན་དམ་གཅིག ་ཏུ་ཐམས་ཅད་འདུས།། གཉིས་མེད་ཕྱལ་པ་མ་ཡིན་ཏེ། ཡོངས་ལ་ཁྱབ་པས་བརྡལ་བའི་སྐུ། ཕྱོགས་ཆ་སཱི་འཛིན་རིགས་མི་འབྱེད།། གཉིས་སུ་མི་རྟོགས་པ་མི་འཆའ།། ཡོངས་ལ་ཕྲག་ཡང་དོག་པ་མེད། ཀུན་ལ་མཐུན་ལ་དོན་དང ་མཚམ། བདག་ཏུ་ཤེས་ལ་གཞན་བསྡུད་ལ།། སངས་རྒྱས་ཡེ་ནས་ཆེ་བ་ཡིན།། བཙལ་བ་མ་ཡིན་རྟོག་པ་ཡིན།། གྲུབ་པ་མ་ཡིན་གནས་པ་ཡིན།། གཞན་དུ་མ་ཡིན་བདག་ཉིད་ཡིན།། བདག་ཉིད་མ་ཡིན་གཞན་མ་ཡིན།། གཞན་མ་མ་ཡིན ་ཕྱོགས་རིགས་མེད།། ནུས་མཐུ་མ་ཡིན་བྱིན་རླབས་ཡིན།། སྤྲུལ་པ་མ་ཡིན་རྩོལ་གཅིག་སྦྱོང་།། ཉོན་མོངས་མི་སྣང་འཕྲོ་འདྲའི་ཚུལ།། ཅིར་ཡང་སྣང་ལ་ཅིར་ཡང་མེད།། ཅིར་ཡབ་བསྟན་ཏེ་མི་བསྟན།། གང་ལྟར་སྣང་ལ་གང་དུ་མེད།། གང་ལྟར ་བརྟགས་ཀྱང་གང་དུ་ཡང་མེད།། མེད་པ་མ་ཡིན་དྲན་ཞིང་ཚོར།། ཚད་མི་སོང་རིག་ཅིང་རྟོགས།། རྟག་པར་མ་སོང་དངོས་པོ་མེད།། གཉིས་སུ་མ་སོང་བརྟགས་པ་མེད།། གཅིག་ཏུ་མ་གྲུབ་ཀུན་ཏུ་ཁྱབ།། དཔཔོར་སྐྱེད་པའི་རྒྱུ་མེད་པས།། ཐ་མ་འཆི་ཞིང ་འཕེལ་མེདཔ་དེ་ལྟར་དངོས་པོ་རྫས་མེད་པས།། བརྟགས་པས་ཆག་ཤིང་གཟུང་བ་མེད།། འཁོར་བ་སྒྱུ་མའི་རྫས་འདྲ་བས།། བདེ་སྡུག་བཟང་ངན་དོན་ལ་མེད།། མི་རྟག་སྡུག་བསྔལ་རྨི་ལམ་འདྲ།། གངལ་བརྟགས་ཀྱང་དེ་ལ་འཁྲུལ།། བརྟགས་པས། ་ཆོས་ནི་གཅིག་ཀྱང་མེད།། མེད་པ་ཡང་མ་ཡིན་རེག་པ་ཙམ།། ཆུ་ནི་རྒྱ་མཚོ་ཉིད་ཀྱི་ཆུ།། སངས་རྒྱས་རྟོགས་པ་ཉིད་ལས་བྱུང་།། ཆོས་ཉིད་བཅོས་པ་མེད་པའི་ཆོས།། རྟགས་ནི་ཨ་འདྲེས་གསལ་བའི་བརྟགས།། དོན་འདི་འགྱུར་བ་མེད་པའི་དོན།། དེ་ལྟ། ་ཐོས་པ་སངས་རྒྱས་ཞེས།། ཡེ་ནས་ཆེ་བ་ཡིན་པར་བཤད།། རྣལ་འབྱོར་འདི་རྟོགས་བཅོམ་ལྡན་འདས།། ཤེས་པར་གྱིས་ཤིག་དེ་ལ་ཞོག། སངས་རྒྱས་ཡེ་ནས་ཆེ་བའོ།། རྣལ་འབྱོར་སྐྱེས་བུ་གང་འདོད་པ།། སངས་རྒྱས་ཆེ་བ་རྟོགས་འདོད་ན།། ་ལེའུ་འདི་ལས་ནི་བཙལ་བར་བྱ།། སངས་རྒྱས་ཡེ་ནས་ཆེ་བ་སྟེ་བཅུ་བཞི་པའོ།། ། དེ་ནས་སེམས་ཅན་ཡེ་ནས་ཆེ་བ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བིའི་མིང་ཡང་མེད ་སེམས་ཅན་ཡེ་ནས་ཆེ་བ་ནི།། དོན་འདི་བསྟན་པ་འདི་ཡིན་ནོ།། འབྱུང་བའི་གཏོས་སུ་ན་མཁའ་ཆེ།། སངས་རྒྱས་བཅོས་སུ་སེམས་ཅན་ཆེ།། ཆོས་ཉིད་གཏོས་སུ་ཆོས་ཅན་ཆེ།། སངས་རྒྱས་ཐམས་ཅད་བསྐྱེད་པས་ན།། དེ་ཕྱིར་སེམས་ཅན་སངས་རྒྱས ་ཡུམ། སངས་རྒྱས་ཐམས་ཅད་འབྱུང་བས་ན།། དེ་ཕྱིར་སེམས་ཅན་སངས་རྒྱས་ཡབ་ན། སྔ་རབས་འདས་པའི་སེམས་ཅན་ཡིན།། ད་ལྟར་བཞུགས་པའི་སངས་རྒྱས་ཀྱང་།། ད་ལྟར་བཞུགས་པའི་སེམས་ཅན་ཡིན།། སླད་ཀྱིས་བྱོན་པའི་སངས་རྒྱས་ཀྱང་།། སླད ་ཀྱིས་བྱོན་པའི་སེམས་ཅན་ཡིན།། དེས་ན་སེམས་ཅན་སངས་རྒྱས་པས།། སངས་རྒྱས་པས་ཀྱང་སེམས་ཅན་ཆེའོ།། བརྟགས་པས་སེམས་ཅན་ཐམས་ཅད་ཅིག། སེམས་ཅན་ཅིག་པས་ཆོས་ཀྱི་སྐུ། ཆོས་ཀྱིས་སྐུ་ཡང་སེམས་ཅན་ཡིན།། སེམས་ཅན་བརྟགས ་པས་དངོས་པོ་མེད།། དངོས་པོ་མེད་པས་ཆོས་ཀྱི་དབྱིངས།། ཆོས་ཀྱི་དབྱིངས་ཀྱང་སེམས་ཅན་ཡིན། སེམས་ཅན་ཤེས་པས་གསལ་བགོ།། གསལ་བར་གོ་བས་ཡེ་ཤེས་ཏེ།། ཡེ་ཤེས་ཉིད་ཀྱང་སེམས་ཅན་ཡིན།། སངས་རྒྱས ་ཀུན་གྱི་འབྱུང་གནས་མཛོད།། དེ་ཕྱིར་སེམས་ཅན་སངས་མེས།། སངས་རྒྱས་སྤྲུལ་པ་ཅིང་ཡང་སྟོན།། དེ་ཕྱིར་སེམས་ཅན་སངས་རྒྱས་སྲས།། ཁམས་གསུམ་སེམས་ཅན་སྐུ་གསུང་ཐུགས།། སྲིད་པ་གསུམ་ནི་དབྱིངས་ཀྱི་ཀློང་།། རྒྱུད་དྲུག་སེམས་ཅན་དོན ་དམ་དང་།། མཐའ་ཡས་སེམས་ཅན་ལམ་གྱི་མཆོག། ཐབས་ཀྱི་རྒྱལ་པོར་གཤེས་པ།། དེ་ཉིད་དོན་རྫོགས་ཐབས་ཀྱི་སྐུ།། མ་སྐྱེས་ཤེས་རབ་དོན་ཤེས་པས།། དེ་ཉིད་བཅོས་མེད་མན་ངག་འཆང་།། རང་བྱུང་རྒྱལ་པོ་སེམས་ཅན་ལ།། རིག་པའི་རྒྱལ་པོ་རྣམ་ཤེས ་ཤར། ཕུང་པོ་ཐིག་ལེ་ཆེན་པོར་རོལ།། རྣམ་ཤེས་པ་བདེ་ཆེན་བརྡལ།། སྐྱེ་མཆེད་ཏིང་འཛིན་གསལ་བ་ལ།། ཐབས་ཀྱི་འཕྲོ་འདུ་གསལ་བར་སྟོན།། གང་ལ་དཔེ་བསྟན་དེ་བཞིན་སེམས་ཅན་དཔེ་བསྟན་པས།། བདེ་བ་ཆེན་པོའི་མན་ངག་འབྱུང་།། དག་པས་བརྟགས་པས ་ཀུན་ཀྱང་གཙང་། རྟོགས་པས་བསམས་ན་གང་ཡང་འགྲུབ།། ལྟ་བ་ཡང་བའི་ནམ་མཁའ་ལ།། འཛིན་རྟོག་མེད་པའི་འོད་བརྡལ་བས།། གང་ཡང་མ་སྤངས་ལྷུན་གྱིས་གྲུབ།། མུ་མཐའ་མེད་པའི་ཤེས་རབ་ལ།། སྐྱེ་བ་མེད་པའི་ཀློང་བརྡལ་བས།། རྣམ་པར་དག་པའི་དབྱིངས ་སུམཁྱེན་མ་བྱུང་མ་སྐྱེས་སྐྱེ་བ་མེད།། སྐྱེ་མེད་ཐ་སྙད་སྒྲོ་བཏགས་པ།། ནན་གྱིས་མཁའ་ལ་འཛིན་པ་ལྟར། དེ་ལྟར་བརྟག་སུ་མི་སྣང་བས། ཤེས་རབ་ཆུང་ལྡན་པ་འཁྲུལ་པར་འགྱུར།། ཚིག་དང་ལྡན་ཀྱང་དོན་ལས་གོལ།། མན་ངག་གདེང་དུ་ཡོང་མི་ཚུད།། གང ་ཞིག་ཤེས་རབ་ཞན་པ་ཡིས།། སྒྲོ་བཏགས་ཆོས་ལ་ཡི་ར་པ།། ལོབ་པ་ལམ་ནོར་འཁྲུལ་པ་ལྟར། ངམ་གྲོགས་གཅོད་དོང་ངེས་པར་ལྷུང་།། དེས་ན་ཐེག་རྒྱལ་ངེས་པ་འདི། ཤེས་རབ་དམན་ལ་བསྟན་མི་བྱ།། དོན་དུ་མི་འགྱུར་སྐུར་པ་འདེབས།། གང་ཞིག་བཀའ་སྨོད ་འགལ་བྱེད་པ། དོན་དུ་མི་འགྲོ་ལོག་པའི་ལམ།། ཐར་པའི་གནས་མེད་ལྟུང་བ་འིས།། ནོར་པའི་ལམ་ཆོལ་འཁྲུལ་པའི་ཞིང་།། ཀུན་བཟང་སྟོན་པས་ཡོངས་མ་བཤད།། གང་ཟག་སྨིན་ཚིག་མཚན་མ་ཅན།། བདེན་པའི་དོན་མེད་ཡུག་པའི་ཚིག། མ་རིག་རྨོངས་ལ་འཁྲུལ ་པའི་སེམས། ལོག་པའི་ལམ་ཚོལ་དངོས་པོར་འཛིན།། ཡ་ཤེས་དམན་ལ་ཕྱོགས་ཆར་འཛིན།། དོན་ལྡན་སྣོད་ཅན་མ་ཡིན་པས།། བསྐལ་པ་རྒྱ་ཁྲི་བཞི་སྟོང་དུ།། ངེས་པར་དོན་ལ་འཇུག་མི་བྱ།། མཁས་པའི་དོན་དང་མི་ལྡན་ཞིང་།། བདེན་པའི་ཕོ་བར་ཕྱོག་ཆར་འཛིན ་ཚཚིག་ཏུ་མཁས་ལ་དོན་ལ་གཡེལ།། ལོག་པའི་དགའ་བ་བཀའ་གཅོག་ན།། དེ་ནི་བདུད་ཀྱི་སླུ་བ་ཡིན།། སྐྱེ་བོའི་ལུས་ལ་སྡིག་ལས་སྤྱོད།། སྡིག་པ་དོན་དང་མི་འགལ་ཞིང་།། ཀུན་ལ་སྤྱོད་པ་ཀུན་སྤོང་ཞིང་།། གང་དང་འཐུན་ཤེས་དུལ་བའི་སེམས།། སྤྱོད་ཅིང ་གང་ལ་ཡང་མ་ཆགས་པའི།། ཇི་ལྟར་སྤྱོད་ཀྱང་བཀའ་དཀའ་དང་འཐུན།། གདེང་ཆེན་དོན་དང་བརྟགས་པས་འཐུན།། ངེས་པར་བསྟན་པའི་གཞུང་ཚོལ་ན།། དེ་ནི་སངས་རྒྱས་སྤྲུལ་པ་ཡིན།། ཡང་དག་བདེན་པའི་ལམ་ཅན་ནོ།། མཉམ་པ་ཉིད་ཀྱང་སེམས་ཅན་ནོ ་སྤོང་ལེན་མེད་པའི་སྤྱོད་པ་ལ།། འདུ་འབྲལ་མེད་པའི་དམ་ཚིག་བསྲུང་།། བཟང་ངན་མེད་པའི་ལྟ་བ་ལ། ཕྱོགས་རིགས་མེད་པའི་སྒྲུབ་པ་སྒྲུབ།། བདེན་པའི་དོན་དང་ཚུལ་ཤེས་ན། སེམས་ཅན་ཡིན་ནའང་ཡིན་ཏུ་ཟད།། ཡིན་ཀྱང་སེམས་ཅན་ཆེ་བ་ཡིན།། དོན ་ལྡན་སྐྱེས་བུས་ཤེས་པར་གྱིས། ཤིན་ཏུ་རྣལ་འབྱོར་གང་ཡོད་པ།། སེམས་ཅན་ཆེ་བ་རྟོགས་འདོད་ན།། ལེའུ་འདི་ལས་མི་བཙལ་བར་བྱ།། སེམས་ཅན་ཡེ་ནས་ཆེ་བ་སྟེ་བཅོ་ལྔ་པའོ།། ། དེ་ནས་ལྷགས་པ་ཡེ་ནས་ཆེ་བ་འདི་སྐད ་ཅེས་བཀའ་སྩལ་ཏོ།། རྟོགས་ལ་མེད་པའི་སྔོན་རོལ་ན།། སངས་རྒྱས་བྱ་བའི་མཚན་ཡང་མེད། རྟོགས་པ་ཡེ་ནས་ཆེ་བའི་དོན་འདི་བསྟན་པ་འདི་ཡིན་ནོ།། མཁས་པ་མི་གཙོ་རྟོགས་པ་གཙོ།། མཁས་པའི་ཚིག་ནི་དྲན་པ་ཡིན། རྟོགས་པ་ཆོས་ཀྱི་དྲུང་ན་འ ་བཤད་པ་མི་གཙོ་སྒོམ་པ་གཙོ།། བཤད་པ་ཚིག་གི་བཤད་ར་མཁན། བསྒོམས་པ་ལྷ་དང་གཉིས་སུ་མེད།། སྒྲུབ་པ་བས་ཀྱང་རྟོག་པ་རིངས།། རྟོགས་པ་གདེང་དུ་མཚུང་ན། སྒྲུབ་པ་རྟོག་པའི་རྒྱུན་ལ་གནས།། བསྒོམ་པ་མཿ། ་མའི་དཔལ་བསྒོམ།། བརྩོལ་ལ་ཉོན་མོངས་ཞེན་པས་བརྩོལ།། རྟོག་པ་ཡེ་ནས་ཆེ་བ་ནི།། སྣང་སྲིད་རྟོགས་པས་ཡེ་ཤེས་ཆེ།། ཕྱི་ནང་རྟོགས་པས་ཐིག་ལེ་ཆེ།། ཆེ་ཆུང་རྟོགས་པས་མཉམ་ཉིད་ཆེ།། ཡང་དག་རྟོགས་པས་ཀློང་ཆེན་ཆེ།། བཟང་ནས་རྟོགས ་པས་བདེ་ཆེན་ཆེ།། བྱ་བ་རྩལ་རྟོགས་པས་བདེ་ཆེན་ཆེ།། བདེ་ཆེན་རྟོགས་པས་བྱང་ཆུབ་ཆེ།། རྟོགས་པའི་ཀླུང་ཆེན་ཕྱོགས་རིགས་མེད།། མན་ངག་དོན་ལྡན་དབྱེ་སྲེ་མེད།། བདེ་བའི་དོན་འཆབ་འཛིན་རྟོག་མེད།། རང་བྱུང་རང་ཤར་བྱ་བ་རྩལ་མེད།། ཐར་པའི་གནས་རིགས ་སྤོང་ལེན་མེད།། དབྱིངས་ཀྱི་བདེ་བརྡ་ལ་ཕྱོགས་རིགས་མེད།། རྟོགས་ན་བཅོས་མེད་སྙིང་པོར་རྟོགས།། སྟོན་ན་རང་བྱུང་འབྲས་བུ་སྟོན།། ཐོབ་ན་རྣམ་དག་བཅོས་མེད་ཐོབ།། ཉི་མ་ཤར་བས་མུན་པ་དངས།། རྒྱུ་འདི་ཐོས་པས་འཛིན་རྟོག་ཞུབ།། ལུཔ་འདི་བྱུང་བས་རྟག ་ཆད་བྲོས། སྟོང་གསུམ་མ་ལུས་གཡུལ་ངོར་དེད།། ཁམས་གསུམ་མ་ལུས་གཅར་བྱཏོན།། སྲད་གསུམ་མ་ལུས་ཀྲོ་ལས་བཏབ།། འཛིན་རྟོག་གཉིས་ནི་འཆོར་མེད་བཟུང་།། ཆགས་སྡང་གཉིས་མི་དབང་དུ་བྱས།། རྟག་ཆད་གཉིས་ནི་རྡུལ་དུ་རླགས།། སྤོང་ལེན ་གཉིས་ནི་ཕྱེ་མར་བཏགས།། བཟང་ངན་གཉིས་ནི་དུག་གིས་བསྲེས།། སངས་རྒྱས་སེམས་ཅན་ཅིག་ཏུ་བྱས།། མཐོ་རིགས་ངན་སོང་ཅིག་ཏུ་བསྣོས།། བདེ་ལ་ཆེན་པོས་ཞལ་དུ་གསོལ།། དམྱལ་བ་ཆོས་ཉིད་ངང་དུ་སྦྱངས།། ཡི་དགས་བཀྲེས་སྐོམ་རམ་གྱིས་བསྲེགས།། ་བྱོལ་སོ་པ་གཏི་མུག་ཡམ་གྱིས་བུས།། མིའི་སྡུག་བསྔལ་ཁམ་གྱིས་བཀྲུས།། ལྷ་མིན་འཐབ་རྩོད་ལམ་གྱིས་ཞི།། ལྷའི་ཕྲ་དོག་ཨེ་ཡིས་སྦྱངས།། ཐམས་ཅད་བདེ་ཆེན་དབྱིངས་སུ་བཙུད།། བདག་ཉིད་ཆེན་པོ་སངས་རྒྱས་པས།། གཞན་དུ་བྱ་བ་མིང་ཡང་མེད།། ་སངས་རྒྱས་མཛད་པ་དེ་ལྟར་མཛད། རྟོག་པས་སྤྱོད་པས་དེ་ལྟར་སྤྱོད།། ནམཁའ་ཡངས་པའི་མཚན་ཉིད་ལ།། དངོས་པོ་མཚན་མ་ཀུན་ཤོང་ཝཱར།། རྟོགས་པ་ཡངས་པའི་ལྟ་བ་ལ། འཛིན་རྟོག་མཚན་མ་ཅི་ཡང་ཤོང་།། ཤོང་བ་བས་ཀྱང་ཡངས་ཀྱང་ཡངས། ་སྲིད་རྟོགས་པས་ཕྱིའུ་བདེ།། དོན་དམ་རྟོགས་པས་ནང་དུ་བདེ།། དབྱེར་མེད་རྟོགས་པས་གཉིས་མེད་བདེ། སེམས་ཅན་སངས་རྒྱས་ཡིན་རྟོགས་ན།། གཞན་ནས་སངས་རྒྱས་ནོར་པའི་ལམ།། སྣང་སྲིད་ཆོས་ཉིད་ཡིན་རྟོགས་ན།། གཞན་ནས་ཆོས་ཉིད་ནོར། ་པའི་ལམ། ཐམས་ཅད་འདུས་པའི་དབྱིངས་ཉིད་ཆེ།། མ་ལུས་འདུས་པའི་བདག་ཉིད་ཆེ།། ཀུན་ལ་རྟོགས་པའི་ཡེ་ཤེས་ཆེ།། གུ་ཞིག་རྟོག་མེད་ཤེས་རབ་འཚལ།། རྨོངས་ལ་འཁྲུལ་པས་བྱ་བ་ནོར།། དོན་དང་མ་ལྡན་ནོར་པ་དེས།། གང་ཡང་མི་ཤེས ་དོན་མི་ཤེས། ཅི་ཡང་མི་རྟོགས་དོན་མི་རྟོགས། སངས་རྒྱས་བྱང་ཆུབ་སེམས་དཔའ་ཡང་། གང་མ་རྟོགས་པ་དེའི་བདུད། བདུད་དང་ལོག་པའི་ཕྱོགས་རྣམས་ཀྱང་།། གང་གིས་རྟོགས་པ་དེའི་ལྷའོ།། ལྟ་བའི་རྒྱལ་པོས་དམག་ཏུ་དྲངས། སྦྱར་ཤི་མེ ་པར་གཡུལ་ངོ་སྤྲད།། བཟང་ངན་མེད་པར་ལྷན་ཅིག་བསྐྱེད།། ཕྱོགས་རིགས་མེད་པ་ཐོ་ལེས་བཏབ།། དངོས་པོ་མཚན་མ་གཏན་ནས་རླགས།། རིགས་ལྔའི་སངས་རྒྱས་ཐུགས་ངན་སངས།། རྟོགས་པའི་རྒྱལ་པོ་འགྱོད་པ་མེད།། ལམ་ནི་ཉེ་ལམ ་བདེ་གཤེགས་པ། བཅོས་པ་མེད་པའི་ཆོས་ཉིད་ལས།། སའི་རང་བཞིན་ལྷུན་རྫོགས་པ། ཀུན་ཏུ་བཟང་པོ་བཅོས་མེད་པ།། དོན་འདིའི་རབ་ལ་སུ་གནས་པ།། རྟོགས་པ་ཡེ་ཤེས་ཆེ་བའོ།། དོན་རྟོགས་རྣལ་འབྱོར་ཤེས་རབ་ཀྱིས།། དོན་འཆང་རྣལ ་འབྱོར་གང་ཡོད་པ། རྟོགས་པ་ཆེ་བ་ཚོལ་འདོད་ན། ལེའུ་འདི་ལས་ནི་བཙལ་བར་བྱའོ།། རྟོག་པ་ཡེ་ནས་ཆེ་བ་སྟེ་བཅུ་དྲུག་པའོ།། ། ཀུན་ཏུ་བཟང་པོའི་མན་ངག་འདི། མིང་ཙམ་འཛིན་པར་གང་བྱེད་པ། ཆོས་ཉིད་རྟོགས ་པ་རང་ཤར་ཏེ། སངས་རྒྱས་ཀུན་གྱི་རྫས་བཙན་ཡིན། འདི་ཐོས་སངས་རྒྱས་ལག་ཏུ་ལེན། ཐམས་ཅད་ཀུན་གྱི་བདག་ཉིད་དུ། རྒྱུ་འདི་འཛིན་པའི་ཤེས་རབ་གནས།། མན་ངག་འདི་ཉིད་ང་ཡིན། ་ཞེས། ཀུན་ཏུ་བཟང་པོ་ངས་བཤད་དོ།། གང་ཞིག་པ་ལ་རྟོགས་འདོད་པས།། མན་ངག་འདི་ལ་ལྟ་བར་གྱིས།། དེ་སྐད་ཅེས་གང་ཀྱང་གསུངས་པ་མེད་པའི།། ཀུན་ཏུ་བཟང་པོས་བཀའ་སྩལ་པས།། ཕྱོགས་རིགས་མེད་པའི་སྣང་སྲིད་ཨ ་ཅད། གཉེན་པོས་མ་བཙུན་པའི་ཐབས་ཀྱིས་རྟོགས་པ་ཅིག་ཏུ་ཐོབ་པ་མེད་པའི་སྐུ་ཐོབ་བོ།། གྲུབ་པ་མེད་པའི་འབྲས་བུ་ཐོབ་ནས།། རང་བཞིན་བཙལ་བ་མེད་པར་སངས་རྒྱས་པའི་དོན།། སུས་ཀྱང་མ་སླབས་པར་ཤེས་སོ།། གང་གིས་ཀྱང ་མ་བསྟན་པར་རིག་གོ། ལྟ་བ་ཐམས་ཅད་ཀྱི་རྒྱལ་པོ་ཀུན་ཏུ་བཟང་པོ་ཆེ་བ་ལ་རང་གནས་པའི་རྒྱུད་རྫོགས་སོ།། ལྟ་བའི་རྒྱལ་པོ་མན་ངག་ཀུན་གྱི་མཆོག། ཆེ་བ་བཅུ་དྲུག་མཉམ་པའི་ངང་དུ་རྫོགས། མ་འདྲེས་གསལ་ཞིང་ཐམས་ཅད་ཅིག ་ཏུ་སྟོན། སྐལ་ལྔལ་ཤེས་རབ་ཅན་དངའཕྲད་པར་ཤོག་ཤིག། རྡོ་རྗེ་ཡང་དབང་གཏེར་གྱིས་ལགས།། ། དགེའོ།། །། བཀྲ་ཤིས་སོ།། ་