CLOSE WINDOW

Gbr006.8: byang chub sems rma bya 'jing snol gyi rgyud las mtha'i mun sel chen po
Wyliee-texts produced with BDRC’s OCR application

འཇི་སྩོལ་རྒྱུད་བཞུད ་རྒྱ་གར་སྐད་དུ་བོད་སྐད་དུ། བྱང་ཆུབ་སེམས་རྨ་བྱ་འཇིད་སྣོལ་གྱི་རྒྱུད་ལས། མཐའི་མུན་སེལ་ཆེན་པོ་ཞེས་བྱ་བ། ན་མཁའ་རྣམ ་པར་དག་པར་བྱེད་པ། བཅོམ་ལྡན་འདས་འཇམ་དཔལ་འོད་སྲུངས་ཆེན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གྱི་གནས་སུ། སངས ་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ། ཐ་མའི་མུན་སེལ་ཆེན་པོ་རལ་གྲི་ཁ་མངས་ལྟ་བུས། ལྟ་བ་ཡོངས་སུ་གཅོད་པར་བྱེད་པ། སྨྲས་པ་གསང་སྔགས་འབྲས་བུ་ཐེག་པ་བླ་ན་མེད་པ་འདི་ལ། སྤྱི་དོན ་ལྔ་བསྟན་ཏེ། ལེའུ་དང་པོ་རང་བཞིན་རྣམ་པར་དག་པའི་སྐུ། མི་གནས་པའི་ཡིས་ཆེན་པོ་བསྟན་པ་དང་། ལེའུ་གཉིས་པ་རང་བྱུང་གི་ཡིས་ཆེན་པོ་རང་ཤར་བར་བསྟན་པ་དང་། ལེའུ་གསུམ་པོ་རྡོ་རྗེ ་སེམས་དཔའ་རྟོགས་པ་མངོན་དུ་གྱུར་པར་བསྟན་པ་དང་། ལེའུ་བཞི་པ་བྱང་ཆུབ་སེམས་དཔའ་རྗེས་སུ་འཇུག་པ་བསྟན་པ་དང་། ལེའུ་ལྔ་པ་སངས་རྒྱས་ཀྱི་ཆེ་བ་བསྟན་པའོ།། སེཾན་མེད་པའི་སྤྱན ་རོལ་ན། འབྱུང་བ་ཆེན་པོ་ཡེ་ནས་འཕགས།། འབྱུང་བ་ཆེན་པོའི་སྔོན་རོལ་ན།། ན་མཁའ་ཆེན་པོ་ཡེ་ནས་འཕགས།། ན་མཁའ་ཆེན་པོ་སྔོན་རོལ་ན།། ཆོས་ཉིད་རྣམ་དག་ཀློང་ཡངས་ནས།། ཆེན་པོ་ལྔ་ཉིད་རྣམ་པར་དག། ཆེན ་པོ་ལྔ་ཡི་སྙིང་པོ་རུ།། ང་ཉིད་གཅིག་པུ་མངོན་དུ་བྱུང་།། ང་མེད་པ་ནི་མ་རིག་པའི་ཀློང་།། ཀུན་ཏུ་བཟང་པོ་གཙོ་བོ་སྟེ།། མི་བྱེད་སྤྱོད་པའི་ཤེས་རབ་པ།། མི་གནས་མྱ་ངན་འདས་པའོ།། བདག་མེད་ཕྱོགས་བྲལ་མི་གནས་ཡིས ་སྒྲ་སྒྱུ་མ་ལྟ་བུའི་འོད་བྱ་སྟེ།། འདུས་མ་བྱས་པས་ན་མཁའ་ལྟ་བུ་ཤེས་བཞིན་དུ་མི་གནས་པ་རྩོལ་བ་མེད་པར་གྲུབ་པ། རྣོ་བ་མྱུར་བ། གསེར་གྱི་ཐུར་མ་ལྷུ་བུ། གསལ་བ་མི་གཡོལ་མར་མེ་ལྟ་བུའོ།། ཡིད་བཞིན་དུ་མི་འཇི ་པ་འདམ་ལྟ་བུ། ཡུལ་མ་འག་ཊ་པ། མེ་ལོང་གི་ངོས་ལ་ཉི་མ་ཤ་ར་བ་ལྟ་བུའོ།། ཅེས་བྱང་ཆུབ་སེམས་རྨ་བྱ་འཇིང་སྩོལ་མཐའི་མུམསེལ་གྱི་རྒྱུད་ལས། རང་བཞིན་རྣམ་པར་དག་པའི་སྐུ་མི་གནས་པའི་ཡེས་ཆེན་པོ་བསྟན་པའི་ལེའུ་སྟེ། ་དང་པོའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། ཨེ་མ་སོ་རང་བྱུང་བཅོམ་ལྡན་འདས་ན་མཁའི་མཐོངས་ནས་གསལ་བའོ་ཉི་མ་ཤར་ནས། འཛམ་བུ་གླིང་ཀུམ་ཏུ་བདེ་སྐྱིད་ཕུན ་སུམ་ཚོགས་པ། དབྱེར་མེད་རྣམ་དག་དབྱིངས་ཀྱི་ཞིང་ཁམས་ནས། རང་བྱུང་ཡིས་འགག་མེད་འོད་དུ་ཤར།། སྐུ་གཉིས་མི་སྣང་གཟུགས་སྐུའི་འོད་གསལ་བ།། དཔག་མེད་སྙིང་པོ་སྐུ་ལྔ་ཡ་མ་བླ།། ཆོས་སྐུ་རྩལ་མ་འགགས་པས།། ་ཅིར་ཡབས་ལེ་མཁྱེན།། གཞན་གྱིས་མ་བྱས་རང་བྱུང་བཅོམ་ལྡན་འདས་ཞེས་བྱའོ།། རིགས་ཀྱི་བུ་ཆོས་ཐཾད་ནི་རང་བྱུང་རིག་པ་ལས་བྱུང་ཞིང་།། རང་རིག་པ་ཤེས་པས་རང་རིག་པའི་ཡིས་ཞེས་བྱའོ།། རང་བྱུང་ཡིས་ཞེས་བྱ་བའི་དེ ་ནི།། བདེ་གཤེགས་རྒྱལ་བའི་དགོངས་པ་མཐར་ཕྱིན་པས།། རང་བྱུང་ཡིས་མི་རྟོག་ཆོས་ཀྱི་སྐུ།། བྱ་བྲལ་ལྷུན་རྫོགས་བདེ་བ་པའི་ཡུལ་ལ་གནས།། མ་བཅོས་ཆོས་སྐུ་བྱང་ཆུབ་སེམས།། སྣང་མེད་བརྗོད་བྲལ་སྨྲ་བསམ་ཡུལ་ལས་འ ་སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་བསྟན་པ།། རང་བྱུང་ཡིས་བདག་མེད་སྙིང་པོའི་སྒྲ།། རྒྱུ་དང་རྐྱེན་གྱིས་མི་གནས་མྱ་ངན་འདས།། སྙིང་པོ་སྤུན་གྲུབ་རང་བྱུང་ཡིས་སྐུ།། ཡེ་ཤེས་ཚོགས་རྫོགས་སྤྲུལ་སྐུའི་མཐར་ཕྱིན་པ།། མཁའ་ལ ་གཞའ་ཚོན་འདྲ་སྟེ་རང་བཞིན་རྣམ་པར་དག། མ་བཅོས་འགག་མེད་རིག་པའི་ཡིས་གསལ།། ཤེས་རབ་མཐར་ཕྱིན་ཐ་སྙད་རྣ་པར་དག། རིག་པའི་ཁུ་བྱུག་གསུང་གི་སྒྲ་སྒྲོགས་པ།། རང་བྱུང་མ་འགགས་ཕྱོག་བཅུར་འཕྲོ།། ་ཐབས་མཁས་ཐུགས་རྗེའི་སྟོབས་ཀྱིས་མཁྱེན་མངར་བ།། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱིས་དངོས།། རང་བྱུང་དབྱིངས་ཀྱི་ཕོ་བྲང་གཞལ་ཡས་ན།། ཐུགས་རྗེའི་སྤྲུལ་སྐུ་སངས་རྒྱས་རྣམ་པ་ལྔ།། བྱམས་པའི་ཆོས་སྟོན་སདྱ ་རྣམ་པ་བཞི་རང་བཞིན་ལྷུན་གྱིས་གྲུབ་པ་སྟེ།། འགྲོ་ལ་སྤྲུལ་སྐུར་འཐོན།། ཐུགས་ཀྱི་དཔལ་བེའུ་ཡིད་བཞིན་ཟུར་བརྒྱད་ནས།། སངས་རྒྱས་བྱམས་པ་མི་ཉམས་མགོན་པོ་རང་བྱུང་སྐུ།། དབུ ་གཙུག་ཏོར་འཁོར་ལོ་རྩིབས་བརྒྱད་ནས།། སངས་རྒྱས་འཇམ་དཔལ་དྲི་མེང་སྙིང་པོ་རང་བྱུང་སྐུ།། མཛོད་བུའི་གུ་ག་ཡིས་གསང་ལམ་ནས།། སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་རས་གཟིགས།། རང་བྱུང་སྐུ། ཤངས་ཀྱི་རླུང ་སྒྲོམ་གསུང་གི་བརྡའ་སྒོ་ནས།། སངས་རྒྱས་ཕྱག་ན་རྡོ་རྗེ་རང་བྱུང་སྐུ།། ལྗགས་ཀྱི་པདྨོ་འདབ་བརྒྱད་གེ་སར་ནས། སངས་རྒྱས་བྱེ་བ་རྣམ་གཟིགས་མཁྱེན་པ་རང་བྱུང་སྐུ།། ཕྱག་གཡས་འཁོར་ལོ་རིན་ཆེན་ཟུར་བརྒྱད་ནས། ་སངས་རྒྱས་གཙུག་ཏོར་དྲི་མེད་རང་སངས་རྒྱས།། ཕྱག་གཡོན་པདྨ་འདབ་བརྒྱད་གེ་སེར་གནས།། སངས་རྒྱས་བྱམས་པ་ཀུན་གཟིགས་རང་བྱུང་སྐུ།། ཞབས་གཡས་རྡོ་རྗེ་རྒྱ་གྲམ་གདུན་སྟེངས་ན། སངས་རྒྱས་ཀུན་ཏུ་བཟང་པོ་རང་བྱུཿ། ་སྐུ། ཞབས་གཡོན་ཨུད་དཔལ་གདམས་པའི་གངདན་སྟེངས་ནས།། འཕགས་པ་ཀུན་ཏུ་བཟང་པོ་རང་བྱུང་སྐུ།། རྟོགས་པའི་ཡིས་ཆོས་ལ་དབང་བསྐུར་བས།། རང་བྱུང་ལྷུན་གྱི་གྲུབ་པའི་ཡིས་ཡིན།། སྡོང་པོ་ཡལ་ག་མེ་ཏོག་འབྲས་བུ ་ཚུལ། རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། ཐུགས་རྗེ་སྤྲུལ་སྐུ་ཤེས་རབ་རང་བྱུང་སྐུ།། བྱམས་པའི་ཆོས་སྟོན་གང་ཡང་ཅིས་འདུལ་བ།། མོས་པ་བརྒྱན་གྱི་དཀྱིལར་ཆེན་པོ་ཡིན།། བདག་ཉིད་ཆེན་པོ་རྡོ་རྗེ་སེམས་དཔའི་སྐུ། ་མྦྷ་གཅིག་ཀུན་ཏུ་ཁྱབ་པསགག་གཅིག་ཀུན་ཏུ་གྲགས།། ས་རྡོ་རྗེ་སེམས་དཔ་པ་རྩེ་བྱུང་གར་བར་བུསྟན་པན།། ཅས་ཀྱང་ཆུབ་སེམས་ས་བྱ་འཛི་རྣམ་མ་པའི་དུན་སེམ་ཀྱི་རྒྱུན་ལས།། རང་བྱུང་གི་ཡི་མ་ཐར་པའི་ལེ་། ་གཉིས་པའོ།། །། མངོན་དུ་རྟོགས་པའི་སངས་རྒྱས་རང་བྱུང་གི་ཡིས།། ཡིས་ཆེན་པོ་ལ་ཕྱག་འཚལ་ལོ།། དངོས་དག་དངོས་མེད་རང་བྱུང་བདེ་བ་ཆེན་པོ་འདི། སྐྱེ་བ་མེད་ལས་སྐྱེ་སྣང་ཚུལ།། སྐྱེ་སྣང་ཉི ་ནི་སྐྱེ་འགག་མེད།། འགག་མེད་རྣམ་དག་ཡིས་སྐུ།། དང་པོར་སྐྱེ་བར་བྱེད་པའི་གཞི།། དངོས་མེད་མི་གནས་མྱ་ངན་འདས།། སངས་ཀུན་གྱི་མྱ་ངན་འདས།། སངས་རྒྱས་ཀུན་གྱི་འབྱུང་གནས་ཏེ།། རང་བྱུང་ཡེ་ཤེས་རྟོག་མེད་གསལ ་གཟུགས་སུ་མཉམ་པ་མ་འདྲེས་པས།། ན་མཁའི་རི་མོའི་ཚུལ་དུ་སྣང་།། སྡང་མེད་ཡིས་གསལ་བ་སྟེ།། བརྗོད་མེད་སྤོས་བྲལ་ཀློང་དུ་ཤར།། རྒྱུད་རྐྱེན་རྟོག་མེད་ཡིས་གསལ།། དེ་ལས་འཁྲུལ་པའི་རྐྱེན་བཞི་ཤར།། མསྨིན ་བདག་ཏུ་རྟོགས་པའི་བློས།། ན་མཁའི་སྤྲིན་གྱི་ཚུལ་བཞིན་དུ།། ཐུན་མོང་འཁྲུལ་པའི་སྣང་བ་ཤར།། སྐྱེ་བ་མེད་ལས་བཞིར་སྣང་ཚུལ།། རང་བྱུང་ཡིས་བདག་མེད་སྐུ།། ཉི་མའི་སྙིང་པོ་བཞིན་དུ་གསལ།། པདྨ་ཁ་འབུ་ནི ་ཚུལ་བཞིན་དུ།། རང་ཡིས་རང་གསལ་བས།། ཐོག་མའི་སངས་རྒྱས་ཉག་གཅིག་སྐུ།། རྡོ་རྗེ་སེམས་དཔའི་སྐུ་གསུམ་རྫོགས།། ཨུ་དུཾ་འབར་བའི་མེ་ཏོག་ལས།། སྙིང་པོ་རང་བྱུང་གཟུགས་སྐུར་ཤར།། ཆོས་ཉིད་དག་པ ་སྣང་བ་ལ།། རང་བྱུང་གཟུགས་སྐུའི་འོད་གསལ་བ།། རྡོ་རྗེ་སེམས་དཔའི་བདག་ཉིད་ཀྱང་།། སྐད་ཅིག་དེ་ལས་མངོན་སངས་རྒྱས།། མཐོང་མ་མྱོང་བའི་ཡུལ་མཐོང་བས།། ཆོས་ཉིད ་མ་དང་ཕྲད་པ་ཡིན།། ལེན་མ་མྱོང་བའི་ལུས་བླངས་པས།། ཡིས་རང་ས་ཟིན་པ་ཡིན།། ཤེས་མ་མྱོང་བའི་གཏམ་ཤེས་པས།། རང་དབང་མངོན་དུ་གྱུར་པ་ཡིན།། སྒྱུ་ལུས་སྒྱུ་མའི་སྐུ་ལ་ཐིམ།། སྨྲ་བརྗོད་བརྗོད་མེད་། ་རབ་ཕ་རོལ་ཕྱིན།། རྡོ་ལྟ་བུའི་ཏིང་འཛིན་ཐོབ།། མི་གནས་ཡིས་བདག་མེད་མྱ་ངན་འདས།། འབྲས་བུ་སྐུ་གཉིས་མི་སྣང་མཐར་ཕྱིན་སྐུ།། རྟོག་འཛིན་ཆོས་ལ་མི་གནས་མྱ་ངན་འདས།། རྣམ་གྲོལ་ཟག་མེད་ཐ~ཾད་དབྱེར་མེད་ཐིན།། ་འདུ་འབྲལ་མེད་པའི་མཁའ་ཀློང་དག་པ་ནས།། བདག་མེད་ཆེན་པོ་མི་འགྱུར་མ་བྲལ་བས།། བདེ་བ་ཆེན་པོ་འདུ་འབྲས་མེད་པའི་སྐུ།། སྐུ་གསུམ་སྟོན་མཐར་ཕྱིན་དབྱེར་མེད་རང་བཞིན་རྫོགས།། གཅིག་པུ་ལྷུན་གྲུབ་གཉིས་མེད ་མཐའ་ལས་འདས།། ཅེས་གསུངསོ།། ཀྱཻ་རྡོ་རྗེ་འཛིན་པ་ཉོན་ཅིག། ངས་མ་འོངས་པའི་སྔོན་རོལ་ནས།། གཞི་སྣང་བ་ཆེན་པོ་དེ་ལྟར་གནས་སོ།། རང་བྱུང་དུ་བྱུང་བའི་དུས་སུ་དེ་ལྟར་ངས་ཤེས་སོ།། མྱ་ངན་ལས་འདས་པའི་འོག ་དེ་བཞིན་གཤེགས་པ་ཐ~ཾད་ལ།། དེ་ལྟར་སྣང་གིས་རིགས་ཀྱི་བུ་དེ་བཞིན་དུ་དེ་ལྟར་བྱོས་ཤིག། ཅེས་ག་དམ?་ནས། དབུའི་ཐོར་གཙུག་དང་། མཛོད་པུའི་བུ་ག་དང་། ཤངས་ཀྱི་རླངས་སྒོམ་དང་། ལྗགས་ཀྱི་པདྨོ་དང་། ཐུགས་ཀྱི་དཔལ་བེའུ་དང་། ་ཕྱག་དང་ཞབས་ཀྱི་ཐིལ་རྣམས་དང་། བ་པུའི་བུ་ག་ནས། འོད་ཟེར་བྱེདབ་དྲུག་སྟོང་བྱུང་ནས། དེ་བཞིན་གཤེགས་པའི་སྐུ་བསམ་གྱིས་མི་ཁྱབ་པར་འཐོན་ཏེ། སེཾན་རྣམས་ལ་ཆོས་བསྟན་ཏོ།། ཅེས་བཀའ་སྩལ་ནས། རི་མི་རི་འབར་བའི ་རྩེ་མོ་ལ་ལྷ་མོ་འོད་ཟེར་ཅན་གྱི་ཀློང་དུ་མྱ་ངན་ལས་འདསོ།། དེ་དག་གཉིས་སུ་མེད་པར་སངས་རྒྱསོ།། ཅེས་བྱང་ཆུབ་སེམས་རྨ་བྱ་འཇིང་སྣོལ་མཐའ་མུན་སེལ་གྱི་རྒྱུད་ལས། རྡོ་སེམས་དཔལ་མངོན་དུ་གྱུར་པའི་རྟོ་ཊ་བའི་སངས ་རྒྱས་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་ཆེན་པོས།། ཀྱཻ་ཀྱཻ་མཁྱེན་རབ་ཀྱི་བདག་པོ།། དེ་ལྟར་མཁྱེན་པ་མངའ་བ། མཁྱེན་པ་གཟིགས་པ། མཁྱེན ་པ་ཐབས་དང་ལྡན་པ། མཁྱེན་རབ་ཀྱི་བདག་པོ་འཇམ་དཔལ་གཞོན་ནུ་འོད་སྲུངས་ལ་ཕྱག་འཚ་ལོ།། ཀྱཻ་ཐུག་རྗེ་ཆེན་པོ་བདག་གིས་སེནི་གྱི་དོན་དུ། རྟོགས་པ་མངོན་དུ་གྱུར་པར་བྱ་བའི་ཐབས་བསྟན་དུ་གསོལ། ཅེས་ཞུསོ།། ཀྱེ ་རྡོ་རྗེ་འཛིན་པ་ཉོན་ཅིག། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐ~ཾད་དང་། སྙིང་པོ་བྱང་ཆུབ་ལ་མངོན་པར་ཞུགས་པར་གནསོ།། ཤེས་ཀྱང་གཞི་ཕྱི་མོ་རང་བཞིན་རྣམ་པར་དག་པ་མན་ཤེལ་གྱི་སྐུ་ལྟ་བུ། སྣ་ཚོགས་ཕྱིར ་འཛིན་མེད་རང་གནས་པ། ཆོས་ཐཾད་ཀྱི་མཐའ་ལ་གནས་པ། རང་བཞིན་རྟོག་མེད་གསལ་བ། ཆོས་ཟེད་ཀྱི་དེ་བཞིན་ཉིད་ནི། ཤེས་བཞིན་དུ་མི་གནས་པ། ཡུལ་ལས་འདས་པ། ཡུལ་མེད་པའི་ཡུལ་སྐུ་ལས་འདས་པ། སྐུ་མེད་པའི ་སྐུ། གྲངས་ལས་འདས་པ། གྲངས་མེད་པའི་གྲངས་ཤེས་རབ་ལས་འདས་པ། ཤེས་རབ་མེད་པའི་ཤེས་རབ། ཡིས་ཁྱབ་བརྡལ་ཆེན་པོ་སྦུ་རུ་མེད་པའི་ཆོས་ཉིད། དངོས་མེད་བྱང་ཆུབ་ཆེན་པོ་རང་རིག ་བྱང་ཆུབ་སྙིང་པོའི་ཚོགས། མཚོན་པ་མྱ་ངན་ལས་འདས་པ། མཚོན་དུ་མེད་དོ།། ཅེས་པའི་ཚིག་གིས་མཚོན་ཏེ། མཚོན་བྱེད་ཆོས་སུ་བཞག་ནས། སྙིང་པོ་བྱང་ཆུབ་ལ་མངོན་པར་ཞུགས་པར་གནས་སོ།། དེ་ཡང་མ ་བྱེད་ཀྱི་རྟོགས་པས་ཤེས་བྱ་ལས་བཞག་ནས། དེའི་སྐུ་མངོན་པར་བསྟན་པའི་དུས་སུ། རྟོགས་པའི་དོན་མངོན་སུམ་དུ་གཏན་ལ་ཕབ་ནས། ཤེས་བྱ་ལ་ཉམས་པ་མེད་པའི་རྟོགས་པ་མངོན་དུ་གྱུར་པའི་སངས་རྒྱས་ཞེས་བྱ ་དེནས་བྱང་ཆུབ་སེམས་དཔའ་དོན་ངེས་པ་རྙེད་ནས། བཅོམ་ལྡན་འདས་ཀྱིས་ཞལ་གསུམ་གཟིགས་ཏེ། མཛད་པ་མཁྱེན་ནས་རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོ་དང་། གཉིས་སུ་མེད་པར་མྱ་ངན་འདས།། ཅེས་བྱང་ཆུབ་སེམས་མ ་བྱ་འཇིང་སྣོལ་མཐའི་མུན་སེལ་གྱི་རྒྱུད་ལས། རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྟོགས་པ་མངོན་དུ་གྱུར་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་ཡང་ཞུས་པ། བཅོམ་ལྡན་འདས་མི་མཉམ་མགོན་པོས་སངས་རྒྱས་དང་སྐུ་མི་མཉམ་པས། སྐུའི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང་། གསུང་མི་མཉམ་པས་གསུང་གི་སྤྲུལ་པ་བསམ་གྱིས་མི་ཁྱབ་པ་དང ་ཆོས་མི་མཉམ་པས་ཆོས་སྤྱི་ཐ~ཾད་ལས་གྲོལ་བར་བསྟན་པ་དང་། སྟོབས་མི་ཉམ་པས་རྟོགས་པ་སྐད་གཅིག་མ་ལ་ཡིས་མཐར་ཕྱིན་པའོ།། ཅེས་ཞུས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཞུ་བ་ཞུས་པ ་དེ་ལེགས་སོ།། ཤེས་རབ་ཀྱི་མཐའ་ཆོད་པར་རྟོགས་པའི་མཐའ་མི་ཆོད་དོ།། ཤེས་རབ་ལ་ཉམ་ང་བ་དང་བག་ཚ་བ་མེད་ན། འབྲས་བུ་མཐར་ཕྱིན་པའི་ཡིས་སྐྱེ་བ་ལ་རག་མ་ལུས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས ་ལ། ཐུགས་རྗེ་སྤྲུལ་པའི་སྐུ་ལྔ་ཤར་བའི་དུས་སུ། རང་བྱུང་གི་ཡཻས་ཆེན་པོ་ལྔ་ཞེས་བྱ་སྟེ། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ཞེས་གྲགས་པས། འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་ཐུགས་རྗེ་སྤྲུལ ་པའི་སྐུ་བྱེ་བ་ཕྲག་རྒྱར་འབྱུང་བར་འགྱུར་ཏེ། རྫུ་འཕྲུལ་གྱི་སྟོབས་ཁྱད་པར་ཅན་གཞན་ལས་འཕགས་པས། འཕགས་པ་ན་མཁའི་སྙིང་པོ་ཞེས་གྲགས་ཏེ། ཆེ་བའོ།། ཨ་ཏི་ཡོ་ག་རྫོགས་པ་ཆེན་པོ་ཆོས་ཐཾང་ཟི ་གྱིས་མནོན་ཅིང་། བདུད་དང་མུ་ཏེགས་ཐཾད་དབང་དུ་བསྡུས་པས། འཕགས་པ་གཙུག་ཏོར་དྲི་མ་མེད་པ་ཞེས་གྲགསོ།། སངས་རྒྱས་ཀྱི་ཆེ་བའོ།། འཁོར་བ་མྱ་ངན་ལས་འདས་པའི་ཆོས་ཐ~ཾད་ལ། བཟང ་ངན་དང་ཡིན་མེན་མི་འབྱེད་ཅིང་། ངོམ་མཉམ་པོ་ཆེནི་པོ་ལ་བཟླ་བའི་དུས་སུ། འཕགས་པ་ཤུན་ཏུ་བཟང་པོ་ཞེས་གྲགས་སྟེ་ཚོ་བའོ།། ཡང་དག་པར་རྫོགས་པ་འི་སངས་རྒྱས་ལ། ཚང་མེད་པ་བཞི་དང་། འཕྲིན ་རྣམ་པ་བཞིའི་སྒོ་ནས། ཇི་ལྟར་འཆམ་པའི་དོན་བྱེད་ནུས་པའི་སངས་རྒྱས་བྱམས་པ་བཞི་བྱུང་བས། བྱང་ཆུབ་སེམས་དཔའ་བྱམས་པ་ཀུན་གཟིགས་ཞེས་གྲགས་ཏེ། ཆེ་བའོ།། ་ཞེས་བྱང་ཆུབ་སེམས་རྨ་བྱ་འཇིང་སྣོལ་མཐའི་མུན་སེལ་གྱི་རྒྱུད་ལས། འབྲས་བུ་བླ་ན་མེད་པའི་ཐེག་པ་བསྟན་པའི་ནང་ནས། རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོ་དང་། སྤྲུལ་པའི་སངྱས་རེ་རེས་མཛད་པས ་སོ་སོལ་དོན་བསྟན་ཚུལ་གྱི་ལེའུ་སྟེ་ལྔ་པའོ།། རྨ་བྱ་འཇིང་བསྔོས་མཐའི་ཡུམ་སེལ་ཅེས་བྱ་བ་རྫོགས་སོ།། ། བཀྲ་ཤིས་སོ།། ་