CLOSE WINDOW

Gbr006.7: byang chub kyi sems rma bya 'jing rnol gyi rgyud
Wyliee-texts produced with BDRC’s OCR application

བྱང་ཆུབ་ཀྱི་སེམས་མ་བྱ་འཇི་རོལ་གྱི་རྒྱུད་བཞུག་སོ།། ་ཕྱགར་སྐད་དུ། ཀྲིང་ཀྲིང་བཙི་ས་དྷན་ཏནྟྲ་བོ་བྷི་ཙི་ཏི་དང་མ་ན་མ། བོད་སྐད་དུ། བྱང་ཆུབ་ཀྱི་སེམས་རྨ་བྱ་འཇིང་རྣོལ་ཞེས་བྱ་བའི་རྒྱུད། འབྲས་བུ་བླ་ན་མེད་པའི་ཐེག་པ། དཔལ་རྡོརྗེ ་སེམས་དཔའ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་འོག་མིན་གནས་སྙིང་པོ་བྱང་ཆུབ་ལ་བཞུགས་པའི་སྐུ། རྡོ་རྗེ་སེམས་དཔའ་ལ་གཟིགས་ནས། ཀྱེ་མ་ཐུཊ ་རྗེ་ཆེན་པོ་བདག་གི་གདུང་རྒྱུད་འཛིན་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། འབྲས་བུ་བླ་ན་མེད་པའི་ཐེག་པ་ཇི་ལྟར་བསྟན་པར་བྱ། ཞེས་ཞུས་པས། རྡོ་རྗེ་འཛིན་པ་ཁྱོད་ཉོང་གཅིག། འབྲས་བུ་བླ་ན་མེད ་པའི་ཐེག་པ་ལ་སྤྱིར་ལྔ་སྟེ། དེ་ཡང་བཞི་ལམ་འབྲས་བུ་གསུམ་གྱིས་དོན་ངེས་པར་བྱེད་པ། དེ་ཡང་གཞི་དངོས་པོའི་འདུག་ཚུལ་གྱི་ལེའུ་ཡིས། སེམས་ཅན་ཐ~ཾད་ཀྱི་དོན་མི་འགྱུར་བར་བསྟན་པ་དང་། དེའི་དོན ་པར་བྱེད་པ་ལམ་ལ་གནས་པ་མཉམ་པ་ཉིད་ཀྱི་ལེའུ་ཡིས།། ཆོས་ཇི་བཞིན་མ་བཞག་པར་བསྟན་པ་དང་། འབྲས་བུ་རང་རིག་པའི་ཡིས་རྟོགས་པ་མངོན་དུ་བྱེད་པར་བསྟན་པ་དང་། དེ་ཡང་སྤྱོད་པ་རྣམ་པར་དག་པ ་འདམ་གྱི་པདྨ་ལྟར་བསྟན་པའི་ལེའུ་ཡིས། འཕྲལ་བྱུང་གི་རྣམ་རྟོག་ཆོས་ཉིད་དུ་བསྟན་པ་དང་། ཡོན་གྱི་རྩལ་མ་འགགས་པ། ནམ་མཁའ་སྤྲིན་དང་ཆར་གྱི་ཚུལ་དུ་བསྟན་པའི་ལེའུ་ཡིས་གཞན་དོན་མཐར་ཕྱིན་པར་བསྟན་པའོ།། བཅོམ ་ལྡན་འདས་མྱ་ངན་མེད་པའི་དཔལ་ལ་ཕྱག་འཚལ་ལོ།། གཞི་ཙེ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས།། ཟབ་ཅིང་ཕྲ་བས་དཔག་པའི་ཡུལ་ལས་འདས།། ཡངས་ཤིང་ཁྱབ་པས་ན་མཁའི་མཐའ་དང་མཉམ།། སྦོམ་ཞིང་རག་པས་སྣང་སྲིད ་དབང་དུ་བསྡུས།། དེ་འདྲའི་ཆོས་སྐུ་བླ་མེད་བྱང་ཆུབ་སེམས།། མ་བྱུང་མ་སྐྱེས་འོད་ཀྱི་སྙིང་པོ་ཅན།། འགྲོ་བ་ཡོངས་ཀྱི་དཔལ་མགོན་བྱང་ཆུབ་སེམས།། སྒྲ་དང་ཐ་སྙད་ཚིག་གི་སྤྱོད་ཡུལ་མེད། དཔག་མེད་བསམ་འདས་མི་གནས་མྱ་ངན ་འདས། དོན་གྱི་སྙིང་པོ་བླ་མེད་བྱང་ཆུབ་སེམས།། སྨྲ་བསམ་བརྗོད་མེད་རིག་པས་ཕ་རོལ་ཕྱིན།། མི་སྐྱེ་མི་འགག་རང་རིག་བྱང་ཆུབ་སེམས།། མི་གནས་བདག་མེད་ཡེ་ནས་རྣམ་པར་དག། མ་བཅོས་ལྷུན་གྲུབ་བྱང་ཆུབ་མཆོག། སྤྱིར་ཡང ་སྣང་བ་བདེ་ཆེན་ལོང་སྤྱོད་སྐུ།། རང་བྱུང་ཡིས་སྤྲུལ་སྐུ་བྱང་ཆུབ་སེམས།། བདག་མེད་སྤྲོས་བྲལ་དོན་དམ་ལྷུན་གྱིས་རྫོགས།། ཉག་ཅིག་མ་འགག་སྙིང་པོ་བྱང་ཆུབ་སེམས།། མ་སྐྱེས་དབྱིངས་ནས་རང་བྱུང་ཀུན་ལ་ཁྱབ།། མཁའ་ལྟར་དངོས ་མེད་ཞི་བ་གཅིག་ཏུ་གྲགས།། ཉི་མའི་སྙིང་པོ་དངོས་མེད་མྱ་ངན་འདས།། རང་བྱུང་འགག་མེད་སྐར་ཚོགས་གྲངས་མང་ཡང་།། བདག་ཉིད་ཆེན་པོར་མི་འགྱུར་བདག་ཉིད་སྐུ།། ཐུགས་རྗེ་ཐབས་མཁས་ནམཁའི་སྤྲིན་གྱི་ཚུལ།། ཕན། ་གནོད་ཡོད་མེད་སྙིང་པོ་བྱང་ཆུབ་ལ།། ལས་དང་ཐུགས་རྗེ་མ་མཁའི་སྤྲིན་གྱི་ཚུལ།། ཞེ་གཙང་མེད་པར་ཆོས་ཉིད་བྱང་ཆུབ་སེམས།། རིག་པའི་རྩལ་ཆེན་མ་འགགས་རང་རིག་ཡོངས་ལ་ཁྱབ།། རྡོ་རྗེ་སེམས་དཔའི་ཐུགས་རྗེ་འོད ་ཆེཚེ། ཉི་མ་ཐོག་ཏུ་ཆུ་སྤྲིན་ག་པུར་བཞིན།། རྡོ་རྗེ་སེམས་དཔའི་ཞལ་ཆེམས་ཉག་ཅིག་མ།། དགའ་རབ་རྡོ་རྗེ་མཁས་པའི་སྐྱེ་མཆོག་གིས།། ལས་འཕྲོས་སྐལ་བར་ལྡན་པའི་ཐུགས་རྒྱུད་ནས།། མནན་ཕྲི་མེད་པའི་རིན་ཆེན་གཏེར ་ཆོངས། སྣོད་ངན་བུ་དང་རྒྱུད་ངན་སློབ་མ་ལ།། ཆུ་སྲིན་གྲེ་བ་བཞིན་དུ་དེ་དུ་བསྡོམས།། ཅེས་བཀའ་སྩལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་ལ། ཞུ་བ་དྲུག་ཞུས་པ། ་ཐུགས་རྗེ་ཆེན་པོ་ཁམས་གསུམ་གྱི་སེཾན་ཐད་ནི་ནད་པ་ལྟ་བུའོ།། དུག་ལྟ་བུའོ།། མུན་པ་ལྟ་བུའོ།། སྦྱོར་རྩི་ལྟ་བུའོ།། ཚེར་མ་སྣ་བུའོ།། རོ་ཕྱག་ལྟ་བུའོ།། ཅེས་ཞུས་པས། རྡོ་རྗེ་འཛིན་པ་ཉོན་ཅིག། ངས་སྡོམ་པ་ཚེས་གསུམ་ངས ་བསྟན་གྱིས། ལེགས་པར་ཡིད་ལ་ཟུང་ཤིག། འཁོར་བའི་རྒྱ་མཚོ་ཐག་རིངས་རྣ་བར་དག་པའི་ཞིང་དུ་བསྒྲལ་བ་དང་། འཁོར་བའི་འདམ་རྫབ་ལ་རྡོ་རྗེ་རྫོང་བཅའ་བ་དང་། སྡུག་བསྔལ་གྱི་བྱེ་བྲག་ནོར་བུ་རིན་པོ་ཆེར་སྒྱུར་བ་དང་གསུམ ་རིགས་ཀྱི་བུ་ཕྱི་སྣོད་ཀྱི་འཇིག་རྟེན་ཐཾད་འབྱུང་བ་ལྔས་བསྡུས་པ།། སྔོན་བྱུང་གི་དུས་ན་སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ། མ་བྱས་པར་སྣང་ལ། བདེ་ཞིང་ཡངས་པ། ཟུག་རྔུ་མེད་པ། རྒྱ་ཡོངས་སུམ ་ཆད་པ། ཚིག་དང་དབང་པོ་སྤྱོད་ཡུལ་མེད་པ། བརྗོད་བྱ་ཐོད་ལས་འདས་པ། འདས་ཞེས་བྱ་བ་ཡང་མིང་གི་རྣམ་གྲངས་ཏེ། དེ་ཙམ་ལ་ཡང་མི་གནས་པའོ།། དེས་ནི་འཁོར་བ་རྒྱ་མཚོ་མཐའ་རིངས་པ་རྣམ་པར་དག་པའི་ཞིང་དུ་བགྲལ་བའོ།། ། ་ཁམས་གསུམ་སེམས་ཅན་སྡུག་བསྔལ་གྱི་གྲུར་ཚུད། མ་རིག་པའི་རྒྱར་འཐུམས་ནས་སྡུག་བསྔལ་བར་གནས་ཀྱང་། སྙིང་པོ་བྱང་ཆུབ་ཀྱི་སེམས་རང་བྱུང་རང་འོད་གསལ་བའི་རྒྱུད་རྐྱེན་མེད་པར་ཀ་དག་པས། རྡོ་རྗེ་ལྟ་བུའི་ཡེས་ལ ་གནས་སུ་རུང་གི་གདོས་པ་ཅན་ཤེས་རབ་ཀྱི་སྙིང་པོ་མེད་པ་ནི་མ་ཡིན་ནོ།། རྒྱུད་དྲུག་གི་སེཾན་ཐམས་ཅད། རྡོ་རྗེ་སྙིང་པོའི་སྐུ་དྲི་མ་མེད་པར་གནས་པས་ཡོངས་ལ་ཁྱབ། གཞན་དབང་དུ་གྱུར་པ། ཟད་ཅིང་དྲི་བས་རྒྱ་མ་ཆད། ཐབས་ཀྱི་རྒྱ ་སྟོབས་ཀྱི་རིག་པ་ཤར་ཁས། འཁོར་བ་ཉིད་རང་བྱུང་གི་ལེས་སུ་ཀ་དག་སྡུག་བསྔལ་གྱི་འདམ་རྫབ་ཉིད་བདེ་བ་ཆེན་པོར་རངབ་དག་པས། འཁོར་བའི་འདམ་རྫབ་ལ་རྡོ་རྗེའི་རྫོང་བཅས་པའོ།། རིགས་ཀྱིས་བུ་ཉོན་གཅིག། སེམ ་ཐད་ལ་ལུས་གསུམ་དུ་ཤེས་པའོ།། ཡིས་ཀྱི་ལུས་སྡུག་བསྔལ་གྱི་མཐའ་ལས་གྲོལ་བའོ།། བག་ཆགས་སྨིན་པའི་ལུས་ཤ་ཁྲག་གི་གདོས་པ་ཅན། གཉིས་འབྲེལ་གྱིས་ལུས་སེམས་བདེ་སྡུག་གཉིས་འཛིན། གཞི་ཤེས་པ ་ཆོས་ཀྱི་སྐུ་ལ་བག་ཆགས་ཀྱི་ནད་མེད་ཀྱང་། རྣམ་རྟོག་སེམས་ཀྱི་ལུས་བག་ཆག་ནང་དུ་ལངས་ཀྱང་། གསོ་བྱེད་སྨན་པའི་རྒྱལ་པོས་གསོ་བྱེ་སྨན་གྱིས་གསོ་ཞེས་འབྱུང་སྟེ། མ་རིག་པ་འཁོར་བའི་ནད། རིག་པ་མྱ་ངན་འདས་པ་སྟེ ་གསོ།། སྡུག་བསྔལ་འདམ་རྫབ་ལྟ་བུའི་ནད། བདེ་བ་ཆེན་པོ་ཟག་པ་མེད་པའི་ཡིས་ཀྱི་གསོ། གཏི་མུག་མུན་པ་ལྟ་བུའི་ནད། ཤེས་རབ་མར་མེ་རླུང་གི་མ་བསྐྱོད་པ་ལྟ་བུས་གསོ།། བག་ཆགས་སྦྱར་རྩི་ལྟ་བུའི་ནང་། རང་བཞིན་མེད ་པ་མན་ཤེལ་ལྟ་བུས་གསོ།། རྟོགས་པའི་རྩིང་ཞིབ་ཟུག་རྔུ་ཚེར་མ་ལྟ་བུའི་ནད། མཉམ་པ་ཉིད་མི་གཡོ་བ་རྒྱ་མཚོ་ལྟ་བུའི་སྨན་གྱི་གསོ།། དེ་ནི་སྡུག་བསྔལ་གྱི་བྱེ་བྲག་རིན་པོ་ཆེར་བསྒྱུར་བ་ཞེས་བྱའོ།། ཞེས་བྱང་ཆུབ་ཀྱི་སེམས ་རྨ་བྱ་འཇིང་བསྣོལ་བའི་རྒྱུད་དག་ལས། གཞི་ཆོས་ཀྱི་སྐུའི་རང་བཞིན་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་ཡང་ཞུས་པ། ཀྱཻ་མ་བཅོམ་ལྡན་རྡོ་རྗེ་འཆང། ་ཟག་མེད་ཡམ་ལ་རབ་གནས་པའི།། དེ་བཞིན་གཤེགས་པའི་བསམ་གཏན་གྱིས། བློ་དངོས་གཉིས་མེད་སྦྱོར་བ་ནི། སངས་རྒྱས་ཉིད་ཀྱི་དགོངས་པ་སྟེ། ཐབས་ལ་མཁས་པས་བསྟན་དུ་གསོལ། ཞེས་ཞུས་ཏེ། རྡོ་རྗེ་འཛི ་པ་ཁྱོད་ཉོན་གཅིག། དྲི་བ་དྲིས་པ་དེ་ལེགསོ།། དེ་བཞིན་གཤེགས་པའི་དགོངས་པ་དཔག་ཏུ་མེད་ཀྱང་། སེན་གྱི་བློའི་བྱེ་བྲག་དང་སྦྱར་ནས།། ཆོས་ཇི་བཞིན་མ་ལ་བློ་དེ་བཞིན་མ་གནས་པའི་ཆེད་དུ།། མང་མེའི་གདོང་སུ་བསྣན་པའི ་ཚུལ་དུ། མ་བཅོས་ཇི་བཞིན་གནས་ན་དེ་བཞིན་ཉག་ཅིག་ཅེས་བྱའོ།། དེ་ཡང་ལུང་ལས་བསྟན་བྱ་སྟོན་བྱེད་གཉིས་ཡོད་ན། བསྒོམ་བྱ་བསྒོམ་བྱེད་ཅི་ཕྱིར་མིན་ཅེས་འབྱུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་བྱང ་ཆུབ་ཀྱི་སྙིང་པོ་སྟོན་ཏེ། སྙིང་པོ་བསྟན་པར་བྱ་བའི་དོན་དུ། དུས་རྟག་ཏུ་སྙིང་པོ་ལ་གནས་པར་བྱའོ།། རྟོག་པའི་དོན་ཤེས་བྱ་བ་མ་འགགས་ཀྱང་། བཀའ་ལུང་གི་ཕྱི་མོར་རང་རྒྱུད་ལ་མི་གསལ་གྱི་བར་དུ། ཤེས་བྱ་ལ་གསལ་གདབ་ཅིང་ཏི། ་ངེ་འཛིན་ལ་གནས་པར་བྱའོ།། བྱང་ཆུབ་སྙིང་པོ་འགྱུར་མེད་ཆོས་ཀྱི་སྐུ། གཞན་ན་མ་བཙལ་སེམས་ཉིད་མངོན་སངས་རྒྱས། རང་ལ་གནས་པའི་དོན་དེ་སེམས་ཀྱིས་སེམས་ལ་ལྟོས།། མ་བྱུང་མ་སྐྱེས་རང་བྱུང་ཆོས་ཀྱི་སྐུ།། མི་གཡོ་མི་འགྱུར ་མཉམ་པ་ཆེན་པོར་ཞོག། གསལ་ལ་རྟོག་མེད་མི་འགྱུར་ཆོས་ཀྱི་སྐུ།། མ་བཅོས་བདེ་བ་ཆེན་པོའི་ངང་དུ་བཞག། སྐུ་གསུམ་ལྷུན་གྲུབ་བཀོད་པ་བརྒྱན་གྱི་སྐུ།། བདེ་ཆེན་འདུ་འབྲལ་མེད་པའི་དཔལ་བཞག། ཟག་ལ་ཉག་གཅག་རང་བཞན ་སས་དང་བལ།། ཐིག་ལེ་ཉག་གཅིག་རང་བཞིན་སྤྲོས་དང་བྲལ།། སྣ་ཚོགས་ཤར་ཀྱང་ཉག་ཅིག་ཉིད་དུ་བསྒོམ།། ན་མཁའི་མཐོངས་ནས་གསལ་བའི་ཉི་ཤར་བཞིན།། སྐྱེ་མེད་དབྱིངས་ནས་རང་བྱུང་འོད་གསལ་བ།། ཐུགས་རྗེ་སྤྲུལ་པའི ་འོད་ཟེར་འཕྲོ་བར་བསྒོམ།། སྣང་སྲིང་རྣམ་པར་དག་པ་པདྨོའི་དཀྱིལ་འཁོར་ནས།། བསྐྱེད་རྫོགས་རྣམ་གསུམ་མ་བཙལ་ལྷུན་གྱིས་རྫོགས།། བསོད་ནམས་ཡིས་ཚོགས་ཆེན་དག་པའི་སྐུ།། ཀུན་ཏུ་བཟང་པོའི་མཛད་སྤྱོད་རྟོགས་པའི་རྨཱ། ་སྒྲིབ་གཉིས་མ་སྦྱངས་ཚོགས་གཉིས་ལྷུན་གྱིས་རྫོགས།། མན་ཤེལ་ལྟ་བུར་དྲི་མེད་གདོད་ནས་དག། རྣམ་རྟོག་སྐྱོན་བྲལ་ཡིས་ལྷུན་གྱིས་གྲུབ།། རང་བྱུང་རྡོ་རྗེ་སྙིང་པོ་ཡིན་པར་སྒོམ།། མ་བཅོས་ཆོས་སྐུ་ཀུན་གཞི་བྱང་ཆུབ་སེམས།། ས ་མ་བགྲོད་ལ་ལྀ་མི་གནས་ཀྱང་།། རྟོག་པ་གདེང་དུ་མ་གྱུར་བར་དུ་སྒོམ།། སངས་རྒྱས་ཉག་ཅིག་ཆོས་ལ་མི་གནས་ཀྱང་།། འཁྲུལ་ཏོག་སྤང་ཕྱིར་ཆོས་ཉིད་དང་དུ་སྒོམ།། དུག་ལྔ་ཡིས་ལྔ་རུ་སངས་རྒྱས་ཀྱང་།། རྣམ་གྲོལ་ཟག་མེད་ལྔ ་གསལ་བར་སྒོམ།། འབྱུང་ལྔ་ལྷ་མོ་ལྔ་རུ་སངས་རྒྱས་ཀྱང་།། མཛེས་པའི་ལྷ་མོ་སྤྲུལ་སྐུ་གསལ་བར་སྒོམ།། སྣང་སྲིད་རྣམ་དག་བརྗོད་པ་ལས་འདས་ཀྱང་།། ཞིང་ཁམས་རྣམ་དག་ཆོས་སྐུའི་ངང་དུ་སྒོམ།། བྱང་ཆུབ་སེམས་དཔའ་སྐྱེ་ག ་མི་མངའ་ཡང་།། འདུ་འབྲལ་མེད་པ་རྒྱུན་གྱི་ཐེག་པ་སྒོམ།། འདོད་ངོ་སྣོད་བཅུད་དངོས་པོ་རྣམ་དག་ཀྱང་།། ཅི་ལ་མ་ཆགས་མི་རྟོག་ཏིང་འཛིན་སྒོམ།། འཁོར་དང་ལོངས་སྤྱོད་སྐར་ཚོ་གས་རྒྱན་མང་ཡང་།། ཅི་ལ་མ་ཆགས་རང་བཞིན ་རྣམ་དག་སྒོམ།། སྒྱུ་མའི་ཕུང་པོ་ཡིས་གནས་ཡིན་ཀྱང་།། མ་ཆགས་མི་གནས་བཏང་སྙོམས་ཆེན་པོར་སྒོམ།། ཀུན་གཞི་རྣམ་ཤེས་སྐུ་ལ་མི་འཁོར་བས།། རང་བྱུང་ཡིས་བདག་མེད་མྱ་ངན་འདས།། རྟག་ཆད་ཚིག་ལས་འདས་པར་སུ ་ཕྱུང་ནས།། མཐོན་དམན་ཀློང་དུ་ཁོད་སྙོམས་ཏེ།། མཉམ་པ་ཆེན་པོ་མཉམ་ལས་འདས་པར་སྒོམས།། བརྗོད་པའི་ཐ་སྙད་ཚིག་ལས་འདས་པར་རབ་རྟོགས་ན།། རྣམ་དག་བྱང་ཆུབ་དབྱིངས་ཀྱི་བསྒོམ་པ་ཡིན་ཅེས་བྱང་ཆུབ་ཀྱི་སེམས ་རྨ་བྱ་འཇིང་གསྣོལ་གྱི་རྒྱུད་ལས་གཞི་ལམ་དང་བཅས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཞུས་པ། སྟོན་པ་ཐུགས ་རྗེ་ཆེ་མངའ་བས།། འགྲོ་བའི་མགོན་པོ་བདེ་བར་གཤེགས།། གཞི་ལམ་འབྲས་བུ་གཉི་སུ་མེད་པའི་ལཾ།། ལམ་གྱི་འབྲས་བུར་གཤེགསུ་གསོལ།། ཞེས་ཞུས་ཏེ། རིགས་ཀྱི་བུ་ཉོན་གཅིག། དྲི་བ་དྲིས་པ་དེ་ལེགསོ།། ཡང ་དག་པར་རྫོགས་པའི་སངས་རྒྱས་ཀྱི་གདམས་པ་རིན་པོ་ཆེ་ནི།། བརྗོད་པ་ཐོག་ཏུ་མི་ཕེབས་ཤིང་བསྟན་པར་དཀའ་ན་ཡང་། ངས་རེ་ཤིག་མཚོན་པའི་ཚིག་འགའ་ཙམ་སྨ་ཡིས་སེམས་ལ་དབང་ཐོབ་གང་ཞེ་ན་ཅེས་འབྱུང་ཏེ། ་ལེགས་པར་ཡིད་ལ་ཟུང་ཤིག། རིགས་ཀྱི་བུ་འབྲས་བུ་བླ་ན་མེད་པ་གུད་ནས་མི་འབྱུང་ངོ་།། གཞི་ལ་གཉིས་སུ་མེད་པའི་དུས་ན། དེ་བཞིན་གཤེགས་པའི་བསམ་གཏན་ཞེས་བྱ་སྟེ། ལྷག་མཐོང་དང་ཞི་གནས་གཉིས་སུ་མེད ་ནས་རང་བྱུང་གི་ཡིས་མར་མེ་རླུང་གིས་མི་སྐྱོད་པ་ལྟ་བུར། ཤེས་བྱ་ཉམ་སུ་མྱོང་ན། གཞི་ལམ་འབྲས་བུ་མཐར་ཕྱིན་སངས་རྒྱས་ཉ་གཅིག་མ་ཞེས་བྱ་སྟེ། ཡིས་དབྱིངས་ནས་གསལ་ན་འབྲས་བུ་ཉག་གཅིག་མ། དབྱིངས་ཉི ་རིག་པར་ཤར་ན་འབྲས་བུ་ཉ་ག་ཅིག་མ། གཟུགས་སྐ་འོད་དུ་ཤར་ན་འབྲས་བུ་ཉག་གཅིག་མ། བདེ་ཆེན་ཟག་པ་མེང་ན་འབྲས་བུ་ཉག་ཅིག་མ། སྣང་སྲིད་དབང་དུ་འབྲས་བུ་ཉག་ཅིག་མ། ཏིང་འཛིན་རོ་ལ་མ་ཆགས་འབྲས ་དུ་ཉ་གཅིག་མ། འཁོར་བ་རང་བཞིན་མེད་ན་འབྲས་བུ་ཉ་ག་ཅིག་མ། མཚན་མ་ཟིལ་གྱིས་ནོན་ན་འབྲས་བུ་བདེ་བ་ཆེ། ཅེས་པའི་དོན་ནོ།། རྒྱུ་ཆོས་ཀྱི་སྐུ་ལ་འབྲས་བུ་གཟུགས་སྐུ་གཉིས་འབྱུང་བ་ཡང་། ཐིག་ལེའི་རྩལ་མ་འ། ་པ་ཡིན་ཏེ། དེ་ཡང་རྒྱུ་འབྲས་དབྱེར་མེད་པ་ཉིད་རྩལ་དུ་ཤེས་པའི་དུས་ན། འབྲས་བུ་སྐུ་གསུམ་ཐུགས་མཐར་ཕྱིན་པའོ།། སྐུ་གསུམ་ཡིས་རང་བྱུང་དུ་ཤར་ནས། ཡིས་གཟུགས་སྐུར་སྣང་ལ། གཟུགས་ཉིད་རང་བཞིན་རྣམ ་པར་དག་པ་སྟེ། མཚན་མ་ལས་འདས་ན་འབྲས་བུ་ཡིས་སུ་གྲུབ་པའོ།། ངོ་བོ་ཉིད་ཀྱི་སྣང་བ་སྣང་ཚོད་དུ་གྲགས་ཚོད་མེ་ལོང་གཡའ་དག་པ་ལྟར་བསྟན་ཀྱང་། དོན་དམ་པ་སྤྲོས་པ་དང་བྲལ་བ་རང་བཞིན་རྣམ་པར་དག་ན ་འབྲས་བུ་མི་གནས་པའི་ཡིས་ཆེན་པོ་ཞེས་བྱའོ།། མཚན་མ་དང་བྲལ་བ་ཆོས་ཀྱི་སྐུ་བྱ་བ་ཐཾད་དང་བྲལ་བ་འབྲས་བུ་བླ་ན་མེད་པ་ཞེས་བྱའོ།། ཕྱིར་མི་ལྡོག་པའི་ལུང་ངེས་པ་དཀའ་ལུང་གི་ཕྱི་མོ་ལས། ཡེ་ཇི་བཞིན་པའི་རྡོ་རྗེ་འཆང ་ཆེན་པོ། རྒྱུད་དག་པའི་རྡོ་རྗེ་འཆང་ལ་སྣང་བའི་དུས་ན། རྒྱུ་འབྲས་དབྱེར་མི་ཕྱེད་པའི་རང་བྱུང་གི་བཅོམ་ལྡན་འདས་ཞེས་བྱ་སྟེ། རྒྱུད་དག་པའི་དབྱིངས་ཉིད་ནས། འབྲས་བུ་ཡིས་ཀྱི་དཀྱི་ལོར་རང་སྣང་གི་དུས་ན། རྒྱུ་འབྲས་ཀྱི ་ཆོས་ཐཾད་མི་ཕྱེད་པས། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ཞེས་བྱ་བར་གྲགས་འབྲས་བུ་མཐར་ཕྱིན་པའོ།། རང་གི་ཤེས་བྱ་མཐར་ཕྱིན་པའི་དུས་ན། བདུད་དང་མུ་ཏེགས་ཀྱི་གླགས་མི་རྙེད་ལ། ཕྱག་དང ་དབང་ཕྱུག་གི་གྲོགས་བྱེར་མེད། རྒྱལ་མཚན་གྱི་རྩེ་མོ་ལྟར་ནུབ་པ་མེད་ཅིང་། ནོར་བུ་རིན་པོ་ཆེ་ལྟར་ཟད་མི་ཤེས་ལ། ཤེས་བྱ་རང་གི་ངོ་བོ་ལ་ཤེས་བྱ་རང་གི་དབང་བསྐུར་བའི་དུས་ན། འཕགས་པ། ་གཙུག་ཏོར་དྲི་མ་མེད་པ་ཞེས་གྲག་སོ།། བྱང་ཆུབ་ཀྱི་སེམས་ལ་བྱང་ཆུབ་ཀྱི་སེམས་དུས་སུ། རྒྱ་མཚོ་ཆེན་པོར་ཆུ་བྲན་འདུ་བའི་ཚུལ་ཏེ། ཆོས་ཉིད་སྐྱེ་བ་མེད་པའི་ཀློང་དུ་ཆོས་ཅན་མཚན་མར་སྣང་བའི་དུས་ཐདེ་རང་བཞིན་གྱིས་རྣམ ་པར་དག་པས། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་གྲགསོ།། ཆོས་ཐ~ཾད་ལ་དབྱེ་བ་མེད་ཅིང་བཟང་ངན་དུ་མི་ལྟ། བདག་དང་གཞན་དུ་མི་རྟོག་པའི་དུས་ན། ན་མཁའ་དང་ཉི་མའི་ཚུལ་ཏེ། བྱང་ཆུབ་སེམས་དཔའ་བྱམས ་པ་ཀུན་ནས་གཟིགས་ཞེས་གྲགསོ།། ཆོས་ཐ~ཾད་གང་ཡང་མི་ལེན། གང་ཡང་མི་འདོར། གང་གྲི་ཀྱང་མི་སྒྲིབ། གང་གིས་ཀྱང་སྒྲོལ་མི་ནུས། གང་ལ་ཡང་མི་རྟེན། གང་དུ་ཡང་མ་གོལ། རང་བཞིན་རྣམ་པར་དག་པས། རྟག་པའི ་མཐའ་མེད། ཤེས་བྱ་ངོ་བོ་ལ་མ་སྒྲིབས་ཡོངསུ་གསལ་བས། ཆད་པའི་མཐའ་མེད་པས། འཕགས་པ་ན་མཁའི་སྙིང་པོ་ཞེས་གྲགསོ།། ཅེས་བྱང་ཆུབ་སེམས་དཔའ་རྨ་བྱ་འཇིང་སྣོལ་གྱི་རྒྱུད་ལས། གཞི་ལམ་འབྲས་བུ་རྣམ་པ་གསུཾ ་མཐར་ཕྱིན་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། འཇམ་དཔལ་གཞོན་ནུ་དཔའ་བོ་མཆོག། གཞི་ལམ་འབྲས་བུ་མཐར་ཕྱིན་པས ་ཉོན་མོངས་འཁོར་བའི་རྒྱུད་ཡང་གཅོད། དག་པའི་ཞིང་དུ་ཡང་དག་སྒྲལ། རྣམ་རྟོག་ཟིལ་གྱིས་མནན་ཕྱིར་རོ།། སྤྱོད་པའི་ཚུལ་ཁྲིམས་བཤད་དུ་གསོལ།། ཞེས་ཞུས་ཏེ། རྡོ་རྗེ་སེམས་དཔའ་བདག་ལ་ཉོན། སྤྱོད་པ་རྣམ་པ་ག ་དུ་རྟག། གླང་པོ་ལམ་དུ་ཞུགས་པའི་སྤྱོད་པ་དང་། སྨོན་སྙིང་སྟོར་བ་དྲན་པ་མེད་པའི་སྤྱོད་པ་དང་། དེའི་གྲོགས་ཏྲི་ལ། འདམ་གྱི་པདྨའི་མེ་ཏོག་དང་། བྱ་ཐི་བ་ཚང་དུ་ཞུགས་པ་དང་། བུ་གཅིག་པའི་མ་ལྟ་བུ་སྟེ། དེ་ནི་རྣལ ་འབྱོར་ཆེན་པོའི་སྤྱོད་པ་ཡིན། དཔའ་བསྔལ་སྟག་གི་སྤྱོད་པ་དང་། བརྟུལ་ཞུགས་ཕག་གི་སྤྱོད་པ་དང་། ཆགས་མེད་བུང་བའི་སྤྱོད་པ་དང་། དབང་སྡུད་མུ་ཏེགས་ཀྱི་སྤྱོད་པ་དང་། བདེ་བ་ཐུན་འཇུག་གི་སྤྱོད་པ་དང་། དེ་ནི ་རྣལ་འབྱོར་འབྲིང་གི་སྤྱོད་པའོ།། དམན་པ་ཕྱག་དར་ཁྲོད་ཀྱི་སྤྱོད་པ་དང་། མཚོན་པ་ཉམས་མྱོང་གི་སྤྱོད་པ་དང་། འདོད་པ་བྱ་བའི་སྤྱོད་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྟ་བ་ཀློང་དུ་གྱུར་པའི་སྤྱོད་པ་ནི། ཐ་མལ་གྱི་སྤྱོ ་པའོ་ཞེས་ཐུགས་ཀྱི་རྒྱུད་ནས་ཀྱང་བཤད་ངོ་།། ཆོས་ཉིད་ཀློངས་དུ་གྱུར་པའི་སྤྱོད་པ་ནི།། ཅི་ལ་ཡང་མ་ཞེན་མ་ཆགས་པའོ།། ཉམས་མྱོང་རྒྱུད་ལ་སྐྱེས་པའི་སྤོད་པ་ནི། སྲ་བ་ལ་སྦར་རོ།། བརྟུལ་ཞུགས་ཀྱི་སྤྱོད་པའི་སྤྱོད་པ་ནི། བྱི ་སྐག་ལྟ་བུ་སྟེ་མབེས་པོ་ཞེས་བྱ་གསུངསོ།། བྱང་ཆུབ་སེམས་དཔའི་སྤྱོད་པའི་མཐའ་ནི་མ་བཅོས་པའོ།། རང་བཞིན་རྣམ་པར་དག་པའི་དུས་ན། སྤྱི་ལ་ཡང་མ་ཞེན་པའི་སྤྱོད་པ་རྣོ་བར་དག་པའོ།། བདེ་བ་ཆེན་པོ་ཡུལ་དུ་ཤར་བའི་དུསུ ་ཟུག་རྔུའི་མཐའ་རང་བཞིན་གྱིས་འགོག། ཁྱད་པར་ན་རྒྱུད་ལ་སྐྱེས་པའི་དུས་ན། སྙིང་རྗེ་ཆེན་པོ་ལྷག་པར་ཅན་གྱི་སྤྱོད་པ་སྐྱེ་བར་འགྱུརརོ།། འདོད་པ་མེད་པར་འགྲོ་བ་རིག་དྲུག་གི་གནས་ཡུལ་དུ་སྣང་བའི་དུས ་ཆོས་ཐཾད་ཅི་ལ་ཡང་མ་ཆགས་པའི་སྤྱོད་པ་སྐྱེ་བར་འགྱུརརོ།། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་ལ་ཡུལ་དུ་སྣང་བའི་དུས་སུ། ཐུན་མོངས་གི་དངོས་པོ་འགགས་ནས། ངོ་ཚ་བ་དང་བག་ཚ་བའི་འདུ་ཤེས་མེད་ཏེ། ཚིག་ན་མཁའ་ལ་ཁུངས ་སྟོན་ཏེ། སྤྱན་ན་མཁའ་ལ་གཟིགས་ཏེ། འཛུབ་མོ་ན་མཁའ་ལ་སྤྱོད་པའི་སྤྱོད་པ་འཆར་རོ།། ཆོས་ཀྱི་སྐུ་སྤྲུལ་པའི་ཉམ་སུ་བཏར་བའི་དུས་སུ། ལུས་གྲང་དྲོ་དང་ན་ཚ་མེད་ཅིང་གཅིར་བུའི་སྤྱོད་པ་རང་བྱུང་ཤར་སྟེ། ན་མཁའི་རི་མོ་ལ་ཁུངས ་འདོན་པའོ།། ཟག་པ་མེད་པའི་ཏིང་ངེ་འཛིན་གྱིས་རོ་ཉམས་སུ་མྱོང་བའི་དུས་སུ། ཟས་ཀྱི་འདུ་ཤེས་ཆུང་ཞིང་གྲོགས་ལ་མི་ཆགས་པར། རི་དགས་རྨས་མ་ལྟར་ཅིག་པུ་རི་སུལ་འགྲིམ་པའི་སྤྱོད་པ་འཆ་རོ།། སེམས་ཡིས་ཀྱི་དབང་དུ་འདུས ་ང་སྣང་བ་ཆོས་ཉིད་ཀྱི་དབང་དུ་འདུས་པའི་དུས་ན། ན་མཁའ་ལ་འགྲོ་བ་དང་། ཆུ་ལ་མི་ནུབ་པར་འགྲོ་བ་དང་། གཞན་གྱིས་མི་སྣང་བའི་རྩལ་ལ་སྤྱོད་པར་འགྱུར་རོ།། རིག་པའི་དབྱིངས་ལ་ཤར་བའི་དུས་སུ། ཡུལ་གཞན་དག་གི་སྣང་བ་འཆར་བར ་འགྱུར་རོ།། སེམས་ལས་སུ་རུང་བའི་དུས་སུ། གཞན་ལ་སེམས་ཤེས་ཤིང་དངོས་པོ་ཐཾ་ལས་རྫུན་དུ་སྨྲ་བར་འགྱུར་རོ།། ཆོས་ཉིད་སྟོང་པ་ཉིད་ལས་སུ་རུང་བའི་དུས་ན། ཕྱིའི་འབྱུང་བ་དང་། མི་མ་ཡིན་པའི་སྒྲ་ཐེང་སེལ་བར་འགྱུརརོ།། སྤྱོད་པ་རྣམ་པ ་དག་པ་དེ་རྣམས་ནི། རྒྱུད་དག་པའི་རྡོ་རྗེ་སེམས་དཔའ་སྣང་སྟེ། ལུས་མ་བོར་བར་མངོན་པར་རྫོགས་པར་སངས་རྒྱས་སོ།། ན་མོ་དུདྷཱ་ཧཱ། ཏཿཐཱ། དྷམས་གྷ་ནི། མཉྫུ་ཤྲཱི། ཨ་པྲ་པྲ། བྷ་ག་བ་ཏི། སུ་ཀ་ཨ། དེ་ནས་བྱང་ཆུབ་སེམས། ་དཔའ་སེམས་དཔའ་ཆེན་པོ་དགའ་མགུ་ཡིད་རངས་ཏེ། བཅོམ་ལྡན་འདས་ལ་ཐལ་མོ་སྙིང་ཁར་སྦྱར་ནས། ཡན་ལག་སྣ་ལ་ཕྱུགས་ཏེ། ཀྱཻ་བྷྱ། ལེགས་སོ་དཔལ་སྔུན་མགོན་པོ་ཆེ། ཞལ་ནས་བྱུང་ན་དཀའ་བ་དེ། ཞལ་ནས་གསུངས་པའི་དེནི ་དོན་གྱི་མཆོག། བདག་བློ་མུན་པ་ཁ་འབྱེད་པས།། སྣང་གསལ་རྗེ་འོད་ཀྱི་མེ།། སེཾན་ཀུན་གྱི་སྐྱབས་མཛད་པས།། མགོན་པོ་དྲི་མེད་ཡེ་ཤེས་སྐུ།། འགྲོ་བའི་དོན་དུ་སྐུ་སྤྲུལ་ནས།། རང་བྱུང་སངས་རྒྱས་རྣམ་པར་གཟིགས།། ་བྱམས་མགོ་མ་ཐུགས་རྗེས་སྐྱབས་མཛད་པ།། སངས་རྒྱས་ལོག་པར་དད་སེལ་ལ།། གུས་པའི་ཚུལ་གྱིས་སྐྱབས་སུ་མཆི།། ཅེས་བརྗོད་ནས་བསྟོད་དོ།། བྱང་ཆུབ་སེམས་དཔའི་རྨ་དྷུ་འཇིད་སྩོལ་གྱི་རྒྱུད་ལས།། སྤྱོད་པ་རྟོག་པའི་ལེའུ་སྟེ། ་བཞི་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དྲི་བ་དྲིས་པ། འཛི་དཔལ་གཞོན་ནུར་གྱུར་པ་ཐུགས་རྗེ་ཅན།། ཞུ་བ་ཞུས་པ་ལེགས་གསུངས་པ།། འགྲོ་མགོ་ན་རྡོ་རྗེ་སེམས་དཔས་མཛ ་སངས་རྒྱས་ཐུགས་ཀྱི་དཔལ་བེའུ་དང་།། སངས་རྒྱས་དབུའི་གཙུག་ཏོར་དང་།། སངས་རྒྱས་གལ་གྱི་སྔགས་བཟངས་ནས།། འོད་ཟེར་འབྱུང་བ་བསྟན་དུ་གསོལ། ཅེས་དྲི་འདྲིས་སོ།། རྡོ་རྗེ་འཛིན་པ་ཁྱོད་ཚན་ཅིག། ཁྱོད་ཀྱི་དྲི་བ་དྲིས་པ་དེ་ལེགས། ་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐ~ཾད་ལ། ཐུགས་རྗེ་འབྱུང་བ་ནི་བརྗོད་ཀྱི་མི་ལང་། བསམ་གྱི་མི་ཁྱབ་ངས་མ་འོངས་པའི་སེན་ལ་མདོ་ཙམ་གཅིག་བསྟན་གྱིས་ཁྱོད་ཉོན་གཅིག། ཐུགས་རྗེའི་བྱེ་བྲག ་མང་གིས་ཀྱང་རྩལ་མ་འགག་པ་ཡིན་ཏེ། དཔེར་ན་ན་མཁའི་སྤྲིན་དང་ཆར་གྱི་ཚུལ་འབྱུང་སྟེ། ཐུགས་རིན་པོ་ཆེའི་དཔལ་བེའུ་ནས། སངས་རྒྱས་བྱམས་པ་མི་ཉམས་མགོན་པོ་ཞེས་བྱ་བ་བྱུང་ནས། རང་བཞིན་རྣམ་པར་དག་པའི་ཆོས་བསྟན་ཏོ།། ་དབུའིཡི་གཙུག་ཏོར་ནས་འཇམ་དཔལ་དྲི་མེད་སྙིང་པོ་ཞེས་བྱ་བ་བྱུང་ནས། སྐུ་གདུང་རིང་སེལ་གྱི་ཆོས་བསྟན་ཏེ། ཞལ་གྱི་ལྗགས་ལས། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཅེས་བྱ་བ་བྱུང་ནས། རྒྱུ་འབྲས་ཀྱི་ཆོས་མ་ལུས་པར་བསྟན་ཏོ།། སངས ་རྒྱས་སྟོང་གི་ཡོན་ཏན་ནི། སངས་རྒྱས་གཅིག་པུ་ཉིད་ལ་འདུས། གཅིག་པུ་རབ་ཏུ་སྣང་བའི་ཆོས། འགྲོ་བ་ཀུན་ལ་རང་བཞིན་གནས། ཅེས་བྱུང་སྟེ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐཾད་ཀྱི་ཡོན་བསམ་གྱིས་མི་ཁྱབ་པ་ཅིག་བྱུང་སྟེ། ་དེ་དག་ཀྱང་སངས་རྒྱས་འོད་དཔག་མེད་ཆེན་པོ་རྩལ་སྣང་ངོ་།། སངས་རྒྱས་འོད་དཔག་མེད་ཉིད་འགྲོ་བ་ཡོངས་ཀྱི་སྙིང་པོར་ཤར་ནས། འགྲོ་བ་སེམ་ཐ~ཾད་ལ། སྙིང་པོ་རྣམ་དག་ཡིས་རྫོགས་ཅེས་གསུངས། སངས་རྒྱས་ཀུན་གྱི་གཙུག་ཕུང ་རྒྱལ་མཚན་རྩེ་མོ་བཞིན་དུ་གནས། སངས་རྒྱས་ཀུན་གྱི་ཆེ་བ་ལྔ། ནམཁའ་བཞིན་དུ་ཁྱབ་པར་གནས།། རྡོ་རྗེ་སྙིང་པོ་བླ་ན་མེད།། རིན་ཆེན་གཙུག་ཕུད་དྲི་མ་མེད།། ངེས་པའི་སྐྱོན་རྟོགས་སེལ་བར་བྱེད།། པདྨའི་སྙིང་པོ་འོད་འབར་བ།། མཐའ ་ལ་མི་གནས་ཕྱག་རྒྱ་ཆེ།། ཡོན་ཀུན་གྱི་སྙིང་པོ་ཤར། ཐབས་མཁས་ཐུགས་རྗེ་སྟོབས་ཀྱི་བདག། བདུད་བཞི་འདུལ་མཛད་དཔའ་བོ་མཆོག། དག་པའི་ཞིང་དུ་ཡང་དག་སྒྲོལ། ཐུགས་རྗེའི་ཆུ་བོ་རྒྱུན་མི་འཆད། ཤེས་རབ་གླུ་ཡིས་སྒྲོལ་མཛད་པ། ་སྤྲིན་ཆེན་གློག་གི་ཕྲེང་བ་ཅན།། རྒྱུན་གྱི་ཐུགས་རྗེའི་རྡོ་རྗེ་བདག། སྙིང་པོ་བདག་མེད་ཡ་མ་བླ།། སྙིང་པོ་རྗེས་འབྲངས་སྤྱོད་པའི་མཚོན།། ན་མཁའི་ཉི་མའི་ཚུལ་བཞིན་དུ།། རང་བྱུང་སྤྲོས་མེད་ལ་ལ་གདེངས།། རྒྱུད་དག་པའི་དབྱིངས་ཉིད་ནས། ་འབྲས་བུ་ཡིས་དཀྱོར་རང་སྣང་བའི་དུས་སུ།། སྣོད་བཅུད་ཐ~ཾད་ཆོས་ཉིད་དུ་བརྡལ་བ། མི་བྱེད་པའི་ལྟ་བ་ན་མཁའ་དང་མཉམ་པས་རེ་དོག་ཀྱི་འཕྲོ་ག་ཅད།། ཟག་པ་མེད་པའི་ཡིས་རང་སྣང་བས། བདག་དང་གཞན་གྱིས་དོན་མཐར་ཕྱིན། ཤེས ་རབ་ཀྱི་སྟོབས་མ་འགལྔ་པས། བདུད་དང་སྲིན་པོ་ཟིལ་གྱིས་མནན། ཀྵུཾཿརྡོ་རྗེ་འཛིན་པ་ཉོན་གཅིག། ཐབས་ལ་མཁས་པའི་བྱང་ཆུབ་སེམས་དཔའ་ནི། སེན་གྱི་ཕ་མ་ཡིན་གྱིས། དེ་ཡང་དྲི་མ་མེད་པའི་དོན་གྱིས་གནས་པར་བྱའོ།། རྟོགས་པའི ་དོན་ལ་རྩེ་གཅིག་ཏུ་མ་ཡེངས་པར་གནས་པས། བྱང་ཆུབ་སེམས་དཔའི་བསམ་གཏན་ཞེས་བྱའོ།། འཇམ་དཔལ་དྲི་མེད་སྙིང་པོ་ངས། སེམས་ཅན་རྣམས་ཀྱི་ཕྱིར། གསང་བའི་རྒྱུད་གསུམ་ཡང་གསང་ཐུགས་ཀྱི་རྒྱུད། ཐུགས་ནས་ཕྱུང་ནས ་གདམས་པར་བཞག། སངས་རྒྱས་ལག་ཏུ་གཏད་པའི་ཕྱིར། སངས་རྒྱས་གཙུག་ཕུད་རྣམ་པར་རྒྱལ་ཞེས་བྱ་བ། ཐུགས་ལས་ནོར་བུ་དྲི་མ་མེད་པའི་རྒྱུད་མཛད་དོ།། འབྲས་བུ་བླ་ན་ཡོད་པ་དང་། བླ་ན་མེད་པའི་ཐེག་པ་ཤན་དབྱེ་བའི་ཕྱིར། ལྗགས་ཀྱི་པདྨོ ་ལས། སངས་རྒྱས་བྱེ་བ་རྣམ་པར་གཟིགས་ཞེས་བྱ་བ་བྱུང་ནས། བྱང་ཆུབ་ཀྱི་སེམས་རྨ་བྱ་འཇིད་རྣོལ་མཛད་དོ།། སངས་རྒྱས་སྤྲུལ་པའི་སྐུ་ཡིས་ཀྱི་ལུས་སུ་གནས་པའི་ཕྱིར། མཛོད་སྤུའི་བུ་གནས་འོད་ཟེར་ལྔ་འཕྲོས་ནས ་སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ་བྱུང་ནས། ལྷ་མོ་འོད་ཟེར་གྲི་རྒྱུད་མཛད་དོ།། ལས་དགེ་སྡིག་ལ་མཐོ་དམམ་མེད་པར་ལ་ཟླ་བའི་ཕྱིར། ཤངས་ཀྱི་རླུང་སྒོམ་ནས་མཐུ་སྟོབས་ཀྱི་བདག་པོ་དཔལ་ཕྱག་ན་རྡོ་རྗེ་ཕྱུང་སྟེ ་བྱརྩལ་མེད་པར་ཡེ་ཤེས་བླ་མའི་རྒྱུད་ཕྱུང་སྟེ། ཆོས་ལས་འདས་པའི་སྐུ་ཡོང་སུ་རྫོགས་པར་བསྟན་ཏོ།། ཅེས་བྱང་ཆུབ་སེམས་རྨ་བྱ་འཇིང་སྣོལ་གྱི་རྒྱུད་ལ། རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཐེག་པ་ལས་ལེའུ་སྟེ་ལྔ་པའོ།། ་བྱང་ཆུབ་ཀྱི་སེམས་རྨ་བྱ་འཇིག་སྣོལ་ཞེས་བྱ་བའི་རྒྱུད། འཇ་དཔལ་སྙིང་པོ་བྱང་ཆུབ་སེམས་དཔའ་རོལ་པ་བདེ་བ་ལ་གདམས་པ་རྫོགས་སོ།། ་