| Wylie | e-texts produced with BDRC’s OCR application |
ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་བཞུག་སོ།། ་རྒྱ་གར་སྐད་དུ། ཛྙཱ་ན་གྷུ་རུ་མ་ཧཱ་ཏནྟྲ། བོད་སྐད་དུ། ཡེ་ཤེས་བླ་མ་ཆེན་པོའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས ་བའི་དུས་གཅིག་ན། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་ཇི་རྙེད་གཅིག་བཞུགས་ཤིང་མཚོ་སྐྱོང་པ་དང་། ས་ལ་གནས་པ ་བྱང་ཆུབ་སེམས་དཔའ་དང་། འཕགས་པ་དགྲ་བཅོམ་པ་དང་། ཉན་ཐོས་དང་རང་སངས་རྒྱས་ལ་སོགས་ཏེ། མི་དང་མཱི་ཡིན་གྱི་ཚོགས་སུ་གྱུར་པ་བཀའ་དང་དམ་ལ་གནས་ཤིང་མཚོ་སྐྱོང་བ་དེ ་དག་ཐམས་ཅད་ལ་སོགས་པ་ཉོན་གཅིག། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐང་ནི། ངས་རིན་པོ་ཆེ་བྱུང་བུས་བཀང་ནས་ཡོད་ཀྱིས། ཁྱེད་སྡུག་བསྔལ་བར་མ་བྱེད་གཅིག། སེམས ་ཞུམ་པར་མ་བྱེད་གཅིག། ཡིད་ཐམས་པར་མ་བྱེད་གཅིག། ཅེས་བཀའ་སྩལ་ཏོ།། སྟོངས་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་བྱུང་བུས་བཀང་བ་ནི་ཟད་ཅིང་སྟོངས་པ་ཡོད་ཀྱི།། རིགས་ཀྱི་བུ། ་བྱང་ཆུབ་ཀྱི་སྙིང་པོ་ཡིད་བཞིན་གྱི་ནོར་བུ་ཟད་ཅིང་སྟོངས་པ་མེད་པ། བྲི་ཞིང་ཀླག་པ་མེད་པ། ཡིད་བཞིན་གྱི་ཟས་ཟད་པ་མེད་པའི་གཏེར་ངས་བསྟན་གྱིས་ཉོན་གཅིག། རིགས་ཀྱི་བུ་སངས་རྒྱས་ཀྱི་ས་ནས།། སངས་རྒྱས་ཀྱི་ཞིང་དུ་འགྲོ། ་ག་ལ་བགྲོད་པའི་ལམ་མེད། ཆོས་ཀྱི་སྐུ་ནས་ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པ་ལ་ཡིས་མེད། རིགས་ཀྱི་བུ་འབྲས་བུ་བླ་ན་མེད་པའི་ཡིས་ཐོབ་པ་ཡང་མེད་མ་ཐོབ་པ་ཡང་མེད་དོ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཕྱིར།། རང་རིག་པའི་ཡེ ་ཤེས་ཀྱིས་མ་རིག་པ་གདར་ཤ་གཅད་ནས། སངས་རྒྱས་ཀྱི་ཆེ་བ་ཡོངསསུ་རྫོགས་པར་བྱ་བའི་ཕྱིར།། ཡིས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བྱའོ།། སངས་རྒྱས་ཀྱི་སྟོབས་དང་མི་འཇིགས་པ་བདག་དང་གཞན་གྱི་དོན་མཐར་ཕྱིར ་བར་བྱེད་པས། སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཤངས་ཀྱི་རླུང་སྒྲོན་ནས་འོད་ཟེར་རྣམ་པར་ལྔ་སྤྲོས་ཏེ། འོད་ཟེར་དེའི་སྙིང་པོར་གསང་བའི་བདག་པོ་ལག་ན་རྡོ་རྗེ་ཕྱུང་སྟེ། ཞུ་བ་པོར་བཞག་ནས་བཀ ་སྩལ་ཏོ།། གསང་བའི་དབྱིངས་ནས་རང་བྱུང་བ།། སྟོབས་ཀྱི་བདག་པོ་རྡོ་རྗེ་འཆང་།། ལག་ན་རྡོ་རྗེ་ཁྲོ་བོ་ཆེ།། ལོག་ལྟ་ཤུགས་ཀྱིས་བགྲལ་བར་བྱོས།། ཅེས་བརྗོད་ནས། རང་བྱུང་གི་བཅོམ་ལྡན་འདས་སྙིང་པོ་བྱང་ཆུབ་ན་འདུ་འབྲལ་མེད ་པར་བཞུགས་པ།། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐ~ཾད་ཀྱི་འབྱུང་གནས་རདེ་བཞིན་རྣམ་པར་དག་པའི་སྐུ། ཐུགས་རྗེའི་འོད་ཟེར་གྱི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་མ་ལུས་མི་ལུས་པ་མེད་པར ་བཞུགས་པ།། སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་རྨད་དུ་བྱུང་བས།། སངས་རྒྱས་ཐཾད་ཀྱི་སྤྱི་ཕུད་ཀྱི་སྟོང་ཆེན་པོར་གྲག་སོ།། སྐུ་རྨད་དུ་བྱུང་བས་སྐུའི་དཀྱིལ་འཁོར་གསང་བ་རྨད་བྱུང་བ་དང་།། གསུང་རྨད་དུ་བྱུང་བ་གསུང་གི་དཀྱིལ ་འཁོར་རྨད་དུ་བྱུང་བ་གསུང་རིག་པའི་ཁུ་བྱུག་སྒྲོག་པ་དང་།། ཐུགས་རྨད་དུ་བྱུང་བས་ཐུགས་ཀྱི་དཀྱིལ་འཁོར་མཁྱེན་པས་གཟིགས་པའོ།། ཐུགས་རྗེ་ཆེ་བ་ཐབས་མཁས་པ། སྟོབས་ཀྱི་ཕ་རོལ་དཔུང་འཇོམས་པ། ཤེས་རབ་ཟབ ་མོའི་རིག་པའི་ཀློང་ནས་འཆར་བས་ཆོས་ཐ~ཾད་ཀྱི་བཞིན་ཉིད་ལ་སྦྱོར། གསང་བ་བླ་ན་མེད་པ་འཐུན་མོངས་མ་ཡིན་པ། ལྟ་བ་ཁྱབ་པར་གྱི་ཡིས་རྫོགས་པ་འབྲས་བུ་བླ་ན་མེད་པ་རྒྱུ་ལ་རྨིན་པ། འབྱེད་པ་མེད་པར་ཀློང་གཅིག་ཏུ་འཁྱིམ ་བ། ཤེས་བཞིན་དུ་མི་གནས་པ་མ་ཡིན་པ་ཐདེ་ཡིན་པར་སྦྱོར་བ། ཡིན་པ་ལ་བདག་མེད་པ། ཆེ་བའི་ཡིས་དཔག་ཏུ་མེད་པར་གནས་པ། ཆོས་ཐཾད་ལ་འབྱེད་པ་མེད་པའི་ཤེས་རབ་ཟབ་མོ་ཀློང་ཡངས་པ་དེ་ནི། ང་རང་བྱུང་གི ་ཤེས་ཆེན་པོ་རང་སྣང་བའོ།། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་ཐཾད་ནི། ངའི་ཞབས་གཡོན་པའི་ཐེ་མོའི་འོག་ཏུ་མནན་ཏེ་བསྡུས་སོ།། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐཾད་ནི། ངའི་ཤེས་རབ་ཟབ་མོ ་མོ་རྟག་དཀའ་བ་མེ་ཏོག་ཀུ་མུ་ཏའི་འབྲུའི་ཁོག་པར་བསྡུ་སོ།། འགྲོ་བ་རིགས་དྲུག་གི་སེཾན་མ་ལུས་པ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་ཐད་ནི། ངའི་ལག་པ་གཡོན་པའི་འཐིལ་དུ་བཞག ་སྟེ། \ུ0f7fདཔེར་ན་གྱུར་དུར་ལག་འཐིལ་དུ་བཞག་པ་ལྟ་བུའོ།། ཆོས་ཀྱི་སྐུའི་གཞིའི་རང་བཞིན་རྣམ་པར་དག་པའི་ཆོས་ཤེས་བྱ་བབས་ཀྱི་གྲུབ་པ། ཐིག་ལེ་ཉ་ག་ཅིག་ཆོས་ཐ~ཾད་ཡིས་ཀྱི་སྙིང་པོར་གནས་པ་དྲི་མ་མེད་པ། དྲི་མ་དང ་བྲལ་བ་མེད་པ། ཡོད་མེད་རྟགས་ཆད་ཀྱི་མཐའ་ཐཾད་ལས་གྲོལ་བའོ།། རྡོ་རྗེ་སེམས་དཔའི་ཞལ་ཆེམས་འདི་རྟུག་པོ་བཀོད་པའི་གནས། ལྕང་ལོ་ཅན་གྱི་ཕོ་བྲང་དུ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་གནང་ནས།། ཆོས ་ཀྱི་སྐུ་ལ་གཉེན་པོ་གང་གིས་ཀྱང་མི་ཤིགས་པར་བསྟན་པའོ།། ཅེས་ཡིས་བླ་མའི་རྒྱུད་ལས། ལེའུ་དང་པོར་གཙོར་བཞག་པ་སངས་རྒྱས་ཉིད་ཀྱིས་གསུངས་པའི་ལེའུ་སྟེ་དང་པའོ།། ་བཅོམ་ལྡན་འདས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོར་སྒྱུ་མི་གནས་པའི་ཀློང་ནས་རི་པ་རང་བྱུང་གི་འོད་ས། ་འོ་། སྤྲུལ་པའི་སྐུ་གསང་བའི་བདག་པོ་ལག་ན་རྡོ་རྗེ་རང་བྱུང་དུ་བྱུང་སྟེ།། རྡོ་རྗེ་འཆང་གི་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཉོན་གཅིག། སངས་རྒྱས་ཀྱི་ས་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བའི་ཚེ། ཆོས་ཀྱི་མཐའ་ལས་གྲོས ་བྱེད་པའི་དགོངས་པ་ལས་ཟླ་བ་ལ། སངས་རྒྱས་ཟད་ཀྱི་དགོངས་པ་འདུས་པའི་རྒྱུད། སངས་རྒྱས་འདུས་པའི་ཡེ་ཤེས་བླ་མ་ཆེན་པོའི་རྒྱུད་འདི་ལ་སྤྱི་དོན་བདུན་གྱིས་བསྟན་ཏེ། ལེའུ་དང་པོ་རྡོ་རྗེ་སེམས་དཔས་ཞལ་ཆེམས་གསྟང ་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཞག་ནས། རྡོ་རྗེ་ལྟ་བུ་དགོངས་པ་ལ་གཉེན་པོ་མེད་པར་བསྟན་པ་དང་། ལེའུ་གཉིས་པ་གསང་བའི་བདག་པོས་རྡོ་རྗེ་འཆང་ལ་ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་དྲི་བར་བསྟན་པ་དང་། ལེའུ་གསུམ ་པ་ལག་ན་རྡོ་རྗེས་བྱང་ཆུབ་སེམས་དཔའ་རྣམ་ལ་གདམས་པར་བཞག་པ་བསྟན་པ་དང་། ལེའུ་བཞི་པ་རྗེས་སུ་འཇུག་པའི་གང་ཟག་གིས་རྟོགས་པ་ཁྱད་པར་ཅན་ཆོས་ལས་གྲོལ་ལ་ཟླ་བར་བསྟན་པ་དང་། ལེའུ་ལྔ་པ་རྟོག ་པའི་གང་ཟག་རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས་པར་བསྟན་པ་དང་། ལེའུ་དྲུག་པ་སངས་རྒྱས་མེད་པར་བསྟན་པ་དང་། ལེའུ་བདུན་པ་སངས་རྒྱས་མེད་པས་རྣལ་འབྱོར་ཆེན་པོ་ལ་འབྲས་བུ་མེད་པར ་བསྟན་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་བ་དྲིས། ཐུགས་རྗེ་ཆེན་པོ་ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ། མ་བཅོས་པ་ལགས་སོ། གཉིས་སུ་མེད་པ་ལག་སི། མཉམ་པ་ཉིད་ལགས།། ་མི་གཡོ་བ་ལགས་སོ། ལྷུན་གྱིས་གྲུབ་པ་ལགས། ཤེས་པ་གསལ་བ་རྟོགས་པ་མེད་པ་ལགསཾ། དངོས་པོ་གསལ་བ་ལ་རང་བཞིན་མེད་པ་ཅི་ལགས།། སྟོང་པ་ཉིད་ལགས། དངོས་པོའི་ཆོས་ཐཾད་སྒྱུ་མ་ཙམ་དུ་ཤེས་པ ་སམ། ཏིང་ངེ་འཛིན་རྒྱ་མཚོ་ལྟ་བུར་གཡོས་པ་མེད་པ་ལ། ཤེས་པ་རྟོག་མེད་དུ་འཆར་བ་དེ་ཆོས་ཐཾད་ཀྱི་དེ་བཞིན་ཉིད་ལགས། དེ་ཇི་ལྟར་ལགས་བདག་གིས་མ་ཤེས་མ་འཚལ་ཏོ།། ཀྱེ་ཐུགས་རྗེ་དང་།། ་ཐབས་སུ་ལྡན་པས་བདག་ལ་ལུང་བསྟན་དུ་གསོལ། ཅེས་དྲི་བ་དྲིས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག། ཁྱོད་ཀྱི་དྲི་བ་དྲིས་པ་དེ་ལེགསོ།། ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་དགོངས་པ་ནི། ན་མཁའི་མཐའ་དང་མཉམ་རྒྱ་མཚོ་ཆེན་པོ་བས་ཏིང་ཟབ་པོ།། མེ་ཏོག་ཀུ་མུ་ཏའི་ས་བོན་ལས་ཆ་ཕྲའོ།། ལུང་དང་རིག་པས་རྗེས་སུ་མི་སྤོགསོ།། རིག་ཀྱི་བུ་ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་ཅེས་བྱ་བ། དེ་ཡང་ཚྭ ་ཐ་ནི་མཚོན་པའི་ཚིག་བླ་དགས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཆོས་ཐཾད་ལ་མི་གནས་པའོ།། དེ་ཡང་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་མོས་པ་སྤྱད་པའི་ས་ལ་གནས་པ་རྣམས་ཀྱིས།། ཤེས་བྱ་བ ་མྱོང་བའི་ཆོས་ནི།། རང་གི་ངོ་བོ་མ་བཅོས་པ་ཉིད་ཆོས་ཉིད་དུ་གོ་སྟེ། ཆོས་ཉིད་མ་བཅོས་པ་དེས་བདག་དང་གཞན་དུ་བྱེད་པས་གཉི་སུ་མེད་པ་ཞེས་བྱའོ།། གཉིས་སུ་མེད་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པས་ཆོས ་ཉིད་མཉམ་པ་རྙིད་ཅེས་བྱའོ།། བྱང་ཆུབ་སེམས་མཉམ་པར་བཞག་པའི་དུས་ན། ལུས་ངག་ཡིད་གསུམ་ལ་གཡོ་འགུལ་མི་མངའ་བས། མི་གཡོ་བ་རྒྱ་མཚོ་ལྟ་བུ་ཞེས་བྱའོ།། བྱང་ཆུབ་ཀྱི་སེམས་མི་གཡོ་བའི་ངང་ལས་ཤེས་རབ་ཀྱི ་རྩལ་སྣ་ཚོགས་སྐྱེ། སྐྱེ་བ་དེ་ཉིད་རང་གིས་ཤེས་པ་ལས། ཐ་མི་དད་པ་ལ་སྣ་ཚོགས་རང་བྱུང་གི་ཡིས་སུ་གསལ་བའི་དུས་ན། ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཞེས་བྱའོ།། ཤེས་པ་དེ་ཉིད་གསལ་བ་ལ་རྟོག་པ་མེད་པ་ནི་དཔེར་ན་མར། ་མེ་རླུང་གིས་མ་བསྐྱོད་པ་ལྟར། གནས་པ་དེ་རང་གི་ཤེས་པའི་ཚད་ཤེས་པ་རྩ་མ་དེ་ཡིན་གྱིས་དངོས་པོ་ནི་མ་ཡིན་ནོ།། དངོས་པོ་གསལ་བ་ནི་སྒོ་ལྔའི་རྣམ་པར་ཤེས་པ་མ་འགག་པ་ཙམ་ལ་ཡིན་ལ། སྣང་བའི་ཆོས་ལ་རང་བཞིན་མེད་པ ་སྒྱུ་མ་ཙམ་དང་། མིག་སྒྱུ་རྩམ་དུ་ཤེས་པ་ནི་སངས་རྒྱས་ཀྱི་དགོངས་པ་ནི་མ་ཡིན་ཏེ། བྱང་ཆུབ་སེམས་དཔའ་མོས་པ་སྤྱོད་པའི་སྤྱོད་པའོ།། སངས་རྒྱས་དགོངས་པ་ནི་སྟོང་པ་ཡང་མ་ཡིན་མི་རྟོད་པ་ཡང་མ་ཡིན།། སྟོང་པ་ཉིད་ཞེས ་བྱ་བ་ནི་རང་བཞིན་ཆད་ལྟ་མི་འགྲོ་འམ། རེ་ཤིག་དངོས་པོ་ལ་ཞེན་པ་བཟློག་པའི་ཐབས་སུ་སྟོང་པ་ཉིད་ཅེས་གསུང་སོ།། སྟོང་པ་ཉིད་ཅེས་བྱ་བའི་གོ་བ་ནི། ཆོས་ཉིད་ལ་དངོས་པོར་མ་གྲུབ་པས་སྟོང་ལ། ཡིས་ལ་སྐྱེ་འགག་མེ ་པས་ཉིད་ཅེས་བྱའོ།། དངོས་པོ་ལ་སྒྱུ་མ་ཙམ་དུ་ཤེས་པ་དེ་དངོས་པོ་ལ་གློ་ལོག་པ་ཙམ་གྱི་ཤེས་པ་སྐྱེ་བ་ཡིན་ལ། སེམས་གནས་པ་ཙམ་གྱི་ཉམས་ལ་ཤེས་པ་རྟོག་མེང་དུ་འཆར་བ་ནི་བསམ་གཏན་ཅུང་ཟད་ཙམ་གྱི་ཆོས ་ཡིན་པས། དེ་བཞིན་ཉིད་ཀྱི་དོན་དང་མི་འབྱོར་རོ།། རིགས་ཀྱི་ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་གང་ཞེ་ན། ངས་མདོ་ཙམ་ཅིག་བསྟན་གྱིས་ཉོན་གཅིག། ཆོས་ཀྱི་སྐུའི་ངོ་བོ་ནི་རང་བཞིན་རྣམ་པར་དག་པ་སྤྲོས་པའི་མཐའ་མ་སྤངས་པ ་སྤྲོས་པ་ཉེ་བར་ཞི་བ། བརྗོད་པའི་མཐའ་མ་སྤངས་པར་བརྗོད་པ་ལས་འདས་པ། དབང་པོའི་སྒོ་མ་འགགས་པར་དབང་པོའི་སྤྱོད་ཡུལ་མ་ཡིན་ནོ།། ཀ་དག་པའི་ཡིས་རྟོག་མེད་དུ་གསལ་བ། གསལ་བ་བདག་མེད ་པའོ།། རང་བཞིན་ནི་མ་བཅོས་འགྱུར་མེད་ལྷུན་རྫོགས་མ་སླད་མ་འགགས་པའོ།། ཐུགས་རྗེ་སྤྲུལ་པའི་སྐུ་ནི་འོད་ཟེར་གྱི་ཕུང་པོར་གནསོ།། ཞིང་དག་པའི་དངོས་པོའི་མཐའ་ལས་འདས་སྟེ་རང་བཞིན་མེད་པའོ།། མཚོན་པའི་ཡིས་ཐི། ་ལེ་ཉ་ག་ཅིག། ཨ་ཏིར་འདུས་ཅེས་བླ་མ་ཆེན་པོའི་རྒྱུད་ལས། ལག་ན་རྡོ་རྗེས་བྱའི་ལན་རྡོ་རྗེ་འཆང་གིས་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག ་ན་རྡོ་རྗེས། རྡོ་རྗེ་འཆང་གི་རྗེས་སུ་འཇུག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། གདམས་པར་བཞག་པའི་ཐབས་བསྟན་དུ་གསོལ།། ཅེས་ཞུས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག། རྔོ ་རྗེ་སེམས་དཔའ་སངས་རྒྱས་ཀུན་གྱི་དངོས།། ཐུགས་རྗེ་སྐུ་སྤྲུལ་མཚན་དང་ཚུལ་ཤེས་ལྡན།། སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐུར་བསྟན་པ། འགག་མེད་ན་མཁའི་ཀློང་ནས་ཉི་ཤར་བཞིན།། དངོས་མེད་ཕྱོགས་བྲལ་རྣམ་དག་ཆོས་ཀྱི ་དབྱིངས།། རངས་བཞིན་འོད་གསལ་ཆོས་ཉིད་རྣམ་པར་དག། མ་སྤྲོས་མ་བཀོད་ཞིང་ཁམས་རྣམ་དག་ནས།། རང་བྱུང་ཡིས་མ་བཅོས་མཁྱེན་མངའ་བ།། སྐུ་གསུང་ལྷུན་གྲུབ་ཤེས་རབ་ཕ་རོལ་ཕྱིན།། གཟུང་འཛིན་གཉིས་མེད ་མི་གནས་མྱ་ངན་འདས།། ཐབས་ཀྱི་རྒྱལ་པོ་སྟོབས་མཆོག་བྱང་ཆུབ་སྐུ།། འགྲོ་བ་ཡོངས་ལ་དཔལ་མགོན་ཉི་ཤར་བ།། རྡོ་རྗེ་སེམས་དཔའ་མི་སྤྱོད་བྱང་ཆུབ་སེམས།། ཐུགས་ཁའི་ཡིས་འོད་ཟེར་འབུམ་གྱི་གཟི།། ཀུན་ཏུ་བཟ ་རང་བྱུང་བཅོམ་ལྡན་འདས།། འགྲོ་བ་ཡོངས་ལ་ན་མཁའ་ལྟ་བུར་ཤར།། མཁྱེན་པའི་ཡིས་སྟོབས་བཅུ་ཕ་རོལ་ཕྱིན།། རྣམ་པར་གྲོལ་བའི་ཡིས་བདུད་བཞི་འཇོམས།། དབྱིངས་ཀྱི་ཐུགས་རྗེ་མ་སྒྲིབས་མཁྱེན་མངའ་བ ་ངོ་པོ་མ་བཅོས་ཀུན་གཞི་བྱང་ཆུབ་སེམས།། ས་དང་ལམ་མི་གྲོད་པར་ཕ་རོལ་ཕྱིན།། རང་བྱུང་ཡེ་ཤེས་གསང་བའི་དབྱིངས་ནས་ཤར།། ཐུག་རྗེ་ཐབས་མཁས་འགྲོ་དོན་སོ་སོར་མཁྱེན།། སྙིང་པོ་བྱང་ཆུབ་ཡེ་ནས་རྣཾ་བར ་དག། ལས་དང་ཐུགས་རྗེ་མ་སྒྲིབས་མཁྱེན་མངའ་བས།། རྡོ་རྗེ་སེམས་དཔའ་ཐུགས་རྗེ་སྟོབས་པོ་ཆེ།། ཐབས་ཀྱི་ཡཻས་མ་སྒྲིབླ་མཁྱེན་མངའ་བ།། ཐུགས་རྗེའི་ཉི་མ་འགྲོ་བ་ཡོངས་ལ་ཤྭར།། ཅེས་བཀའ་སྩལ་ཏོ།། རིགྶས ་ཀྱི་བུ་སངས་རྒྱས་ཀྱི་གདས་པ་བསྟན་པའི་དུས་སུ་རྒྱུད་ཟད་ཀྱི་དེ་བཞིན་ཉིད་ཤེས་པར་བྱའོ།། སངས་རྒྱས་ཀྱི་ངོ་བོ་བསྟོན་པའི་དུས་སུ་འཁོར་བ་ཐོག་མཐའ་གཅོད་པའི་གདམས་ངག་ཚིག་གསུམ་གྱི་སྙན་པར་བྱའོ།། ་སངས་རྒྱས་ཀྱི་བདེན་པ་མཐོང་བའི་དུས་བསྟན་པའི་ཚེ།། སྐད་ཅིག་མ་ག་སུཾ་གྱི་མན་ངག་ཤེས་པར་བྱའོ།། ཅེས་ཡིས་བླ་མ་ཆེན་པོའི་རྒྱུད་ལས།། རྗེསུ་འཇུག་པའི་སེཾས་དཔའ་རྣཾས་ལ་གདམ་པར་བསྟན་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས། ཆོས་ཐ~ཾད་ཀྱི་དེ་བཞིན་ཉིད་ཁོང་དུ་ཆུད་སྟེ། སྐྱེ་མེད་དག་པའི་ཀློང་ནས་ཐུགས་རྗེའི་འོད་ཤར་བས།། མི་ནུབ་རྒྱལ་མཚན་རྡོ་རྗེ་སེམས་དཔའི།། ། ་ཞལ། ཆེ་བའི་ཡིས་དཔག་མེད་བསམ་ལས་འདས།། ལྕང་ལོ་ཅན་དུ་སྐུ་སྤྲུལ་བྱང་ཆུབ་སེམས།། གསང་བའི་བདག་པོ་རྫུ་འཕྲུལ་སྟོབས་པོ་ཆེ།། སྤྲིན་གྱིས་ཤུགས་ཅན་བདུད་རྩིའི་ཆར་འབེབས་པ།། ཐིག་ལེ་ཉག་ཅིག ་རང་བྱུང་ཡིས་སྐུ།། མ་གཡོས་རྒྱ་མཚོ་ལྟ་བུར་སྐུ་འཁྲུངས་པ།། ཨུ་དུམ་འབར་འདྲའི་མེ་ཏོག་ལྟ་བུར་བཅས།། མ་སྐྱེས་སྙིང་པོ་མེ་ཏོག་འབྲས་བུར་སྨིན།། སྐྱེ་མེད་དབྱིངས་ནས་སྐྱེ་བའི་སྐར་བསྟན་པ།། རྡོ་རྗེ་སེམས་དཔས ་སྐ་སྦྲུལ་མཁྱེན་མངའ་བས།། རོ་ལངས་བདེ་བ་རང་བྱུང་ཡིས་སྐུ།། མཁྱེན་པའི་ཡེ་ཤེས་ཁ་ནས་ཉི་ཤར་འདྲ།། མ་རྨོངས་མཁྱེན་ལྔ་ཤེས་རག་ཕ་རོལ་ཕྱིན།། བསོད་ནམས་ཡེ་ཤེས་ཚོགས་ཆེན་རྫོགས་པའི་སྐུ།། བླ་མེད་བྱང་ཆུ། ་སྙིང་པོ་མཁྱེན་གསལ་རིགས།། ཐབས་མཁས་ལྡན་བསམ་བདག་དང་གཞན་དོན་མཛད།། ཀྵུཾ། གསང་བའི་བདག་པོ་མཁྱེན་པས་གཟིགས་པ། ཡང་དག་པར་རྫོགས་པའི་སངས་རྒྱས་ཐ~ཾད་ཀྱི་སྐུ་དང་གསུངས་ཐུགས ་རྡོ་རྗེ་བླ་མ་ཆེན་པོའི་རྒྱུད་ལས་གྲོལ་བར་བྱེད་པ།། ཟག་པ་མེད་པའི་ཤེས་རབ་མཐར་ཕྱིན་པ།། ཆོས་མེད་ལས་རྣམ་པར་གྲོལ་བ་ཡེ་ཤེས་ཐབས་ཀྱི་མངོན་དུ་འབྱུང་བ། རྒྱུད་ཟེད་ཀྱི་རྩ་བ། མན་ངག་ཟད་ཀྱི་དམ་པས། མཚན ་པ་མྱ་ངན་ལས་འདས་སོ།། ཤེས་བྱ་ལ་རྟེན་པ་ཐང་ནི་ངོ་བོས་ཏིང་ངོ་།། སྐུ་རྣམ་པར་དག་པའི་རང་བྱུང་ཡིས་སུ་ཤར་བ། དྲི་མ་མེད་པ་མན་ཤེལ་ཀྱི་སྐུ་ལྟ་བུ། རང་དག་པ་རྐྱེན་མེད་པར་སྣ་ཚོགས་གསལ་བ་རང་གི་རང ་བཞིན་རྣམ་པར་དག་པའོ།། ཤེས་བྱ་ལ་སྒྲིབ་པ་མེད་པས་ཉོན་མོངས་པ་ལ་སྐྲག་པ་མེད་པའོ།། ཕྱིན་ཅི་ལོག་གི་རྣམ་པར་རྟོགས་པ་ཐད་ཆོས་ཉིད་ཀྱི་ཀློང་དུ་བཟླས་པས། ཕྱིར་མི་བཟློག་པར་ཤིན་ཏུ་གནས་ཏེ། སྐུ་སྐྱེ་ཤི ་མེད་པའི་སྟོང་པ་ཆེན་པོ་ཡིས་འོད་ཟེར་དུ་མྱ་ངན་ལས་འདས་སོ།། གསུང་སྨོན་པ་མེད་པ་སྨྲ་བསམ་བརྗོད་མེད་དུ་མྱ་ངན་ལས་འང་སོ།། ཐུགས་བདེ་བ་ཆེན་པོ་ཡོངསུ་གྲུབ་པ། ཡོང་སུ་དག་པ་ཡོངས་སུ་མ་འགགས་པ ་སྙིང་པོ་བྱང་ཆུབ་ལ་ངེས་པར་ཞུགས་པའི་མཐར་བྱིན་ཏོ།། ཀྱཻད་སེམས་དཔའ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཆོས་མེད་དོ།། སངས་རྒྱས་ལ་ལམ་མེད་དོ།། སངས་རྒྱས་ལ་འབྲས་བུ་མེད་དོ།། ཅེས་ཡིས་བླ་མ་ཆེན ་པོའི་རྒྱུད་ལས། རྟོགས་པ་ཁྱད་པར་བསྟན་པ་དང་རང་བྱུང་གི་ཡིས་ཆོས་ལས་འདས་པར་བསྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་གདན ་བངོམ་པར་རྫོགས་པར་སངས་རྒྱས་ཏེ། ལུས་མ་བོར་ལྷ་མོ་འོད་ཟེར་ཅན་གྱི་དཀྱིལ་འཁོར་དུ། ངག་མ་བོར་བར་ཚངས་པའི་སྒྲ་སྐད་ཕུན་སུམ་ཚོགས་པར་སངས་རྒྱསོ།། ཡིད་འཇུག་པ་མེད་པར་རང་བྱུང་གི་ཡིས་ཟག་མེད་ཀྱི་གློ ་དུ་གྲོལ་བ་མཐར་ཕྱིན་པ་པ་སངས་རྒྱས་སོ།། མཛད་སྤྱོད་ཕུན་སུམ་ཚོགས་པར་བྱ་བ་མེད་པའི་ཀློང་དུ་སངས་རྒྱསོ།། འཕྲིན་ལས་མཐར་ཕྱིན་མ་བཙལ་བར་གྲུབ་པར་སངས་རྒྱསོ།། ཆོས་ཐཾཐད་ཆོས་མེད་པའི ་ཀློགྲོང་དུ་སངས་རྒྱས་སོ།། ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུད་པ་ཐཾང་སྐྱེ་མེད་ཡིས་ཀྱི་ཀློང་མཁའ་ཀློང་རྣམ་པར་དག་པར་སངས་རྒྱསོ།། ནང་བཅུད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་ཐ~ཾད་ཀྱེ་མེད་ཡིས་ཀྱི་ཀློང་མཁའ་ཀློང་རྣམ་པར་དག ་པར་སངས་རྒྱས་སོ།། ནང་བཅུད་ཀྱང་འཇིག་རྟེན་འགྲོ་བ་རིགས་དྲུག་གི་སེན་སྲོག་གིས་བསྡུས་པ་ཐཾང་། ཡིས་ཆེན་པོ་ལྔ་མི་གནས་པའི་ཡིས་ཆེན་པོ་དང་དྲུག་ཏུ་སངས་རྒྱས་སོ།། ཆོས་ཀྱི་སྐུ་ཐིག་ལེ་ཉག་ཅིག་གདན་ལ། གཟུགས ་ཀྱི་སྐུ་གཉིས་འབྲས་བུར་སྨིན་པས། རྡོ་རྗེ་གདན་ལ་མངོན་པར་རྫོགས་པར་སངས་རྒྱས།། སངས་རྒྱས་ཉག་ཅིག་དྲི་མ་མེད། སྐུ་གསུམ་ཡིས་ཟག་པ་ཟད། བྱང་ཆུབ་ཀྱི་སྙིང་པོ་རྣམ་པར་གྲོལ། གསེར་གྱི་ཉི་མ་རང་བྱུང་སྐུ།། འཁོར ་སྒོ་སྒྱུར་བ་སྟོབས་པོ་ཆེ། སྐད་གཅིག་འགག་པས་རྣམ་གྲོལ་ས། ཐབས་ཀྱི་ཤེས་རབ་སྟོབས་པོ་ཆེ། ཤེས་རབ་རིག་སྭ་སྟི་ཨ། ཅེས་ཡིས་བླ་མ་ཆེན་པོའི་རྒྱུད་ལས། བྱང་ཆུབ་སེམས་དཔའ་སྟོགས་པ་སྐད་ཅིག་མ་རྡོ་རྗེ་གདན་ལ་མངོན་པར ་རྫོགས་པར་སངས་རྒྱས་པར་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་གདན་ལ་སངས་རྒྱས་པའི་ཚེ། བདག་ནི་སྙིང་པོ་བྱང་ཆུབ་ལ་མངོན་པར་སངྱསོ།། ཞེས ་བའི་ཡོན་ཏན་དཔག་ཏུ་མེད་པ་ནི་རང་བཞིན་ལྷུན་གྱིས་གྲུབ་སྟེ་མཐར་ཕྱིན་ན་སེན་མ་སྨིན་པ་སྨིན་པར་བྱའོ།། སྨིན་པར་གྲོལ་བར་བྱའོ།། གྲོལ་བ་མཐར་ཕྱིན་པར་བྱའོ།། མཐར་ཕྱིན་པ་ཕྱིར་མི་ལྡོག་པར་བྱའོ།། སྙམ་དུ་བསམ་ན་ཡང་དེ་ནི་མ་ཡིན་ཏེ། ་སྭ་བྷཱ་བ་པྲཛྙཱ་ཨ་པ་ར་མི་ཏཱ། ཅེས་བཟློག་པར་བྱའོ།། དེ་ནས་བཅོམ་ལྡན་རྡོ་རྗེ་འཆང་། ཐུགས་རྗེ་མགོན་པོ་འོད་དཔག་མེད། ཤ་ཤ་པ་ར་མི་ཏ་ཧྲི། གསང་བདག་ཕྱག་ན་རྡོ་རྗེ་ཁྱོད།། ས་ཏཱི་བ་རི་པྲ་སི་དྷ། ངས་བསྟན་ཁྱོད་ཀྱི་ཡིད་ལ་ཟུང་།། དྷ་ར་མ ་ཨ་ཨི་དྷི་གྷ།། སྤྲོས་དང་བྲལ་བའི་ཆོས་ཉིད་ལ།། ཨ་མུ་པ་རི་ཀ་ཡ་ནི།། ཆེད་དུ་བརྗོད་མེད་སྨྲ་བསམ་འདས།། དྷརྨ་པུ་པ་སི་ར་གྲེ་བྷྱ། སངས་རྒྱས་མེད་པར་བདག་འདོད་པ། ཨི་ནི་ཨཱ་ཎཱི་ཨ་ཏི་ཨཱ། ན་མཁའི་རི་མོའི་ཕྱག་རྒྱ་འདྲ།། ཨ་ཀཱ་ར ་ཨ་ཀཱ་ར།། ལག་ན་རྡོ་རྗེ་ཁྱོད་ཉོན་ཅིག། ཟད་མཁྱེན་པའི་སྤྱན་མངའ་ཡང་།། ཡང་དག་སངྱས་དོན་མི་གཟིགས།། ང་ཡི་སངས་རྒྱས་དོན་མཐོང་ན།། མཐོང་བ་ཉིད་ན་འགགས་པར་འགྱུར།། འཇིག་རྟེན་ཁམས་ཀུན་སངས་རྒྱས་ཀྱང་།། ང་ཉིད ་གཅིག་པུ་རྣམ་པར་དག། ང་མེད་གཞན་མེད་གཅིག་པུ་ཉིད།། རང་བྱུང་ཡིས་ཉིད་ཀྱང་ཚིག་གི་མཐའ་ལས་འདས།། འདས་པའི་ཆོས་ལ་སངས་རྒྱས་ག་ལ་ཡོད།། ཅེས་ཡིས་བླ་མ་ཆེན་པའི་རྒྱུད་ལས། སངས་རྒྱས་མེད་པར་བསྟན་པའི་ལེའུ་སྟེ། ་དྲུག་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མེད་པར་འབྲས་བུ་འབྱུང་ཅེས་གསུངས་ཏེ། རིག་ཀྱི་བུ་བྱང་ཆུབ་ཀྱི་སྙིང་པོ་བྱང་ཆུབ་ཉིད་དུ་ཤར་ཏེ། བྱང་ཆུབ་ཀྱི་སྙིང་པོ་ལས་བྱབ་ཆུ ་ལོག་སུ་སྒྲུབ་ཏུ་མེད་དེ་མི་གནས།། རང་བྱུང་གི་ཡིས་ཉིད་དུ་གཟུགས་ཀྱི་སྐུར་འབྱུང་ངོ་།། རང་བྱུང་གི་ཡིས་ལས་ལོགས་པའི་གཟུགས་ཀྱི་སྐུ་མེད་ཏེ་མི་གནསོ།། དེ་བཞིན་དུ་འབྲས་དང་ཏིམ་ལ་སོགས་པ ་ས་བོན་དེ་ཉིད་འབྲས་བུར་འབྱུང་བ་ལས། ས་བོན་ལས་ལོག་པའི་འབྲས་བུ་མི་འགྱུར་གི། དེའི་ཕྱིར་རྫོགས་པ་ཆེན་པོའི་མན་ངག་ལས།། རང་བྱུང་གི་ཡེས་ཆེན་པོ་རང་སྣང་རང་ཤར་རང་ལས་གྲུབ། རང་གིས་ཤེས་རབ་ལས་རྫོགས་ཏེ། ་རྒྱུད་དག་པའི་དབྱིངས་ནས་འབྲས་བུ་ཡིས་ཀྱི་དཀྱིལ་འཁོར་རང་སྣང་བའོ།། དེ་ཕྱིར་ས་སྦྱངས་དུ་མེད་པས་བགྲོད་དུ་མེད།། འབྲས་བུ་གཞན་ལ་རེ་བ་མེད་པར་ཐག་ཚོང་པའི་ཡིས་སོ།། ཅེས་ཡིས་བླ་མ་ཆེན་པོའི་རྒྱུད་ལས། འབྲས་བུ་མེད་པར་བསྟན་པའི། ་ལའུ་སྟེ་བདུན་པའོ།། ། འོག་མིན་གྱི་གནས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། སངས་རྒྱས་འོད་སྲུངས་ཆེན་པོས་གསུངས། ཞུ་བ་པོ་ལག་ན་རྡོ་རྗེས་ཞུས། བསྡུད་པ་པོ་དགའ་རབ་རྡོ་རྗེས་བསྡུས་ནསས ་ནོན་པའི་བྱང་ཆུབ་སེམས་དཔའ་མི་བཞི་ལ་ལག་རྒྱུད་སྟེ། འཇིག་རྟེན་དུ་མ་འཕེལ་ལོ།། རྒྱུད་ཀྱི་སྙིང་པོ་ཡིས་བླ་མའི་རྒྱུད། བསྐལ་པ་ཐོག་མ་མེད་པའི་སྔོན་རོལ་ནས། བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའི་ཐུགས་ནས་ཐུགས་རྒྱུད། སྙན་ན། ་སྙད་དུ་བསྒྲགས། ཕྱག་ནས་ཕྱག་ཏུ་གཏདེ་རྒྱ་ཡིས་བཏབ། རྒྱ་གར་ངན་སྔགས་འབྲུ་གསུམ་འཕྱོང་དུ་རྟགས། ར་ཆོས་གཟུ་ལུས་བྱེད་པའི་སློབ་མ་ལ། སྡིག་ལ་མི་འཛེམ་གནག་པའི་ལས་ལ་སྦྱར། གུ་ལའི་རྒྱུན་གསེར་གྱི་རྟགས་བཙུགས ་གནས་པའི་ངན་སྔགས་འབྲུ་གསུམ་ཤོར་རི་ཀན། བྷི་མ་མི་ཏྲ་མཁས་པའི་སྐྱེས་མཆོག་ཁྱོད། སངས་རྒྱས་ཐུགས་ཀྱི་དགོངས་པ་རྒྱུད་བདུན་པོ།། རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་དབྱིངས་སུ་སྔོས། ཅེས་ཤྲཱི་རི་སིང་ཧས་གསུངས་ནས་རྒྱ་ཡིས་བཏབ་བོ།། ་རྫོགས་སོ།། ། དེ་ནས་བྷི་མ་མི་ཏྲ་བོང་དུ་བྱོན་ནས། དབང་བསྐོར་ཆོས་བཤད་ནས། རྗེ་འབངས་གཉིས་ལ་བཀའ་སྔམས་པ། སངས་རྒྱས་ཐུགས་ཀྱི་དགོངས་པ་ཉུང་རྒྱུད་པ། རྡོ་རྗེ་གིདན་གྱི་འོག་ནས་སེང་གེའི་མ་སྣང་དགུ། སྟོབས ་ཆུབ་རྣམས་ཀྱིས་སེང་གེ་མི་ཐུབ་ཀྱིས། རྒྱལ་བློན་ཕྱག་ཏུ་གཏད་ཀྱིས་ཤོར་ར་རེ། རྒྱལ་པོ་རྙན་ཁུང་ཆུད་པ་དང་། བློན་པོ་སྡུག་པ་ཆེ་བ་དང་། ཆོས་པ་དམ་ལ་མི་གནས་པས་ཐུགས་ལ་ཆོངས་ལ་གཏེར་དུ་སྤོས། ཅེས་གསུངས་ནས། ་ཏེཏེར་དུ་སྦས་སོ།། །། དགེའོ།། ་