| Wylie | e-texts produced with BDRC’s OCR application |
ཡེ་ཤེས་འཁོར་ལོ་གསང་བ་སྙིང་པོ་དོན་གྱི་རྒྱུད་ཅེས་བྱ་བ་བཞུག་སོ།། ་རྒྱ་གར་སྐད་དུ། ཛྙཱ་ན་ཙཀྲ་གུ་ཧྱ་ཧྲི་ད་ཨ་ར་ཏན་ཏྲ། བོད་སྐད་དུ། ཡེ་ཤེས་འཁོར་ལོ་གསང་བ་སྙིང་པོ་དོན་གྱི་རྒྱུད། རང་སྣང་དག་རིག་པའི་རྒྱལ་པོ་ལ་ཕྱག་འཚལ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཆོས་ཀྱི་མཁའ་དབྱིངས་ཉིད་ཀྱི་ཀློང་།། འོག་མིན་གྱི་གནས། རང་སྣང་རིག་པའི་གཞལ་ཡས་ན། བཅོམ་ལྡན་འདས་རིག་པའི་རྒྱལ་པོ་དགོངས ་པརང་བྱུང་གི་དོན་ལ་བཞུག་སོ།། དེའི་ཚེ་རང་སྣང་རིག་པའི་འཁོར་དགོངས་པ་རླུང་སྣང་གཅིག་དང་ཐབས་ཅིག་ཏུ་བཞུག་སོ།། འཁོར་གྱི་དམ་པ་རྡོ་རྗེ་སེམས་དཔས་ཞུས་པ། རང་སྣང་རྣམ་དག ་རང་བཞིན་ལ།། སྩོགས་འབྱུང་བ་ཇི་ལྟར་ལགས།། ཞེས་ཞུསོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་རྣམ་ངག་རང་བཞིན་ལ།། སྣ་ཚོགས་འབྱུང་བ་བློ་ཡི་ཡུལ། ངོ་ཉིད ་ལ་བཟུང་འཛིན་མེད།། ཅེས་གསུངསོ།། དེ་ནས་རིག་པའི་རྒྱལ་པོ་ཡིས།། རྡོ་རྗེ་སེདེའི་འདི་སྐད་ཅེས་གསུངསོ།། རྒྱུ་རྐྱེན་མེད་པའི་རང་བྱུང་རྣམས་དག་ནི།། འཛིན་པའི་ཡུལ་མེད་ཞེམ་པ ་མཐའ་ལས་གྲོལ།། བློ་ཡིས་མ་བཅོས་རང་ཉིད་ལྡན།། རིག་པའི་ཡུལ་མེད་རང་འབྱུང་འཛིན་མེད་དང་།། རྣ་རྟོག་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ།། ཅེས་གསུངསོ།། དེ་ནས་རྡོ་སེམྲ་དཔས་འདི་སྐད་ཅེས་གསོལ་ཏོ།། ཁྱོད་ནི་སྨྲ ་བའི་སེང་སྟེ།། རང་སྣང་སྟོག་པའི་དོན་ལྡན་པས།། རྩོལ་བྲལ་ཐེག་པའི་ངོ་འདི།། གསུང་དུ་གསོལ་ཞེས་ཞུས་པ་ལས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་སྣང་རྩོལ་མེད་ཐེག་པ་ནི།། འཛིན་པའི་སྤྱོད་ཡུལ་མ་ཡིན ་པས། ཁྱོད་ཀྱི་གོ་བ་ཤ་ནི་ཏུ་དཀའ།། ཞེས་གསུངསོ།། རྡོ་རྗེ་སེམས་དཔས་ཞུས་པ།། རྩོལ་བྲལ་ཐེག་པའི་མཚན་ཉིད་ཀྱིས།། དེ་ཡི་རྟོགས་ཚུལ་ཇི་ལྟར་ལགས།། ཞེས་ཞུས།། རིག་པའི་བདག་པོས་བཀའ་སྩལ་པ།། ་རྩོལ་བྲལ་ཐེག་པའི་རྟོགས་ཚུལ་འདི།། འཛིན་མེད་རང་བྱུང་ངོ་བོར་རྟོགས།། ཤེས་པ་མེད་པའི་རང་བྱུང་སེམས།། བཟའ་གཏད་མེད་པའི་ངོ་བོར་རྟོགས།། རྒྱུ་རྐྱེན་མེད་པའི་བྱང་ཆུབ་སེམས།། རྒྱུ་འབྲས་མེད་པའི་ངོར་རྟོ། ་རྟོགས་པ་མེད་པའི་ངོ་བོ་འདི།། འཛིན་པའི་རྒྱུ་འབྲས་གང་ཡང་མེད།། རྩོལ་བྲལ་ཐེག་པའི་ངོ་འདི།། མཐའ་ཡས་སེན་ཟེད་ལ།། དབྱེར་མེད་ཚུལ་གྱིས་གནས་མོད་ཀྱང་།། གཟུང་འཛིན་བློ་ཡིས་དྲི་མས་བཅིངས།། འཛིན་པའི ་རྟོགས་པ་རང་རྒྱུད་མཐོང་།། བསམ་བྲལ་སྣ་ཚོགས་ཞེན་པས་བསླད།། རྣམ་བྱང་ཤེས་པ་རང་གནས་པ།། ཞེན་པ་མེད་པར་མཐོང་བར་གྱིས།། བརྗོད་པ་སྙན་པ་ཉིད་དང་འཚུངས།། མ་རྟོགས་པ་ཡི་ཚིག་སྒོ་ནས།། གང་བློ། ་འཐུན་པའི་སྒོ་ནས་ནི།། བློ་དང་འཐུན་པར་བསྟན་པར་གྲགས།། རང་བྱུང་རྣམ་དག་ངོ་བོ་ནི།། མཚོན་བྱ་མཚོན་བྱེད་གང་ཡང་མེད།། རྩོལ་མེད་རང་ཉིད་ཀྱིས་རྟོགས།། ཐ་མལ་རང་རྒྱུད་ཤེས་པ་ནི།། བཀའ་ཡི་དོན་གྱི་གྲངས་བྱས། ་ནས། རྩོལ་བ་མེད་པའི་ངང་ལ་བཞག། རེ་དོགས་རྩོལ་བའི་མཐའ་རུ་མེད།། ཞེན་མེད་རང་བྱུང་སྨན་ཆེན་འདི།། འཛིན་པ་འཁོར་བའི་ནད་རྣམས་སེལ།། རང་བྱུང་རྣམ་དག་ངོ་འདི།། བགྲོད་པ་ལཾ་གྱིས་ཐོབ་པ་མེད།། རྩོལ ་མེད་རང་བྱུང་འབྲས་བུ་ཉིད།། བགྲོད་མེད་དགོངས་པ་རང་ལ་རྫོགས།། གདོད་ནས་འཛིན་མེད་ལྷུན་གྱིས་གྲུབ།། ཁྱུང་ཆེན་ན་མཁར་ལྡིང་བ་བཞིན།། སྤྲོ་བསྡུ་མེད་པར་རྩོལ་བ་མེད།། ཞེན་ལ་རྩོལ་བའི་འདོད་པ་བྲལ།། ་ཟློ་ཡིས་པ་སྤྱད་རེ་འདོད་མེད།། ཤེས་པ་སྒྱུ་ཆད་ཕྱོགས་ལྟུང་མེད།། ཡེ་ཤེས་བསམ་དུ་མེད་པ་འདི།། འགྱུར་མེད་རང་བྱུང་ང་ཟ་ཡིན།། ཞེས་གསུང་སོ།། ཡེ་ཤེས་འཁོར་ལོ་རབ་སྣང་གི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང ་དེ་ནས་རྡོ་རྗེ་སེམས་དཔའ་ལ།། རིག་པའི་རྒྱལ་པོས་ཡང་གསུངས་པ།། རང་བྱུང་སྙིང་པོ་འགྱུར་མེད་ལ།། མི་འགྱུར་ཡིས་མཁའ་ལྟར་ཁྱབ།། ཅེས་གསུང་སོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རང་བྱུང། ་ཡེ་ནས་རྣམ་དག་ལ།། འཁོར་བའི་ཤེས་པ་ཇི་ལྟར་འབྱུང་།། ཞེས་གསུངས་པ་དང་།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རང་བྱུང་ཡེ་ནས་རྣམ་དག་དང་།། མ་རྟོགས་འཁོར་བ་སྣ་ཚོགས་འབྱུང་།། ཐཱ། ་གསུངསོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མ་རྟོགས་འཁོར་བ་སྣ་ཚོགས་ཏེ།། དེའི་འཁྲུལ་ཚུལ་ལྟར་ལགས།། རྒྱུ་རྐྱེན་རྟོགས་པའི་སྐྱོན་གཞིས་འཁྲུལ།། དཔེར་ན་རབ་རིབ་མིག་བཞིན་དུ།། མཁའ་ལ་སྐྲག་ཤད་འཛ།། ་པ་བཞིན།། ལོག་རྟོག་རྒྱུ་རྐྱེན་འཁྲུལ་པ་བཞིན།། འཁྲུལ་པས་མ་རིགས་འབྱུང་བ་ཡིན།། རྡོ་རྗེ་སེམས་དཔས་ཡང་གསོལ་པ།། མ་རིག་གཞི་ལ་ཡོད་དམ་མེད།། ཅེས་ཞུས་སོ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། དོན ་གྱི་ངོ་བོ་འཁྲུལ་མེད་དང་།། སྣ་ཚོགས་འཛིན་པའི་རྟོག་པ་བྱུང་།། དཔེར་ན་ཐག་པ་སྦྲུལ་མཐོང་ལ།། ཐག་པའི་ངོ་ལ་སྦྲུལ་མེད་དང་།། རྒྱུ་མེད་དམིགས་པ་སྦྲུལ་དུ་མཐོང་།། ཞེས་གསུངསོ།། རྡོ་རྗེ་སེམས་དཔས་ཡང ་གསོལ་པ།། མ་རིག་པ་ཡིས་འཁྲུལ་པ་སྟེ།། དེ་ཡི་མཚན་ཉིད་ཇི་ལྟར་ལགས།། བཀའ་སྩལ་པ། དེ་ཡི་མཚན་ཉིད་བློ་བུར་པ།། དཔེར་ན་མེ་ལོང་གསལ་བ་ལ།། གང་བསྟན་རྐྱེན་དེ་བློ་རུར་པ།། དེ་བཞིན་རང་གསལ ་ཆོས་ཉིད་ལ།། འཛིན་པའི་སྣང་བ་ཐོ་བུར་པ།། བག་ཆགས་ལོག་པས་དཀྲུགས་ཙམ་ན།། བདག་འཛིན་འཁྲུལ་པའི་རྟོགས་པས་སྤད།། འཛིན་པ་རང་རྒྱུད་དུ་མར་སྣང་།། ཆོས་ཉིད་ན་མཁའ་སྟོང་པ་ལ།། བློ་བུར་གཟུགས་བསྟན ་སྤྲིན་གྱིས་བསྒྲིབས།། ཆོས་ཉིད་འབབ་ཆུ་ལྟ་བུ་ལ།། བློ་བུར་རྙོག་པ་དམིགས་པས་བསླད།། བག་ཆགས་ལོག་པས་དཀྲུགས་ཙམ་ན།། མཐོ་ཡོར་མི་རུ་སྣང་བ་བཞིན།། ཝ་ཡོར་མི་ཉིད་མ་ཡིན་ཏེ།། དེ་ལྟར་དེ་ལ་མི་བུ་མཿ། ་ཟོཐོ་ཡོར་མི་ཉིད་ཡིན་པ་ན།། ཡང་དག་རྣམས་ཀྱི་ཅི་མི་མཐོང་།། རྒྱུ་རྐྱེན་འཁྲུལ་པ་སྣང་ཙམ་ན།། སྣ་ཚོགས་ཡང་དག་ཞེན་པར་སྤྱོད།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། མ་རིག་འཁྲུལ ་ཚུལ་གྱིས་ལེའུ་སྟེ་གཉིས་པའོ།། ། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། མ་རིག་པ་ཡིས་འཁྲུལ་ཚུལ་ཉིད།། དེ་ཡི་བཟློག་ཚུལ་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། མ་རིག་པ ་བཟློག་ཚུལ་ནི།། དགག་སྒྲུབ་མེད་པའི་སྣང་བ་དེས།། དམིགས་པའི་ཡུལ་གྱིས་རྐྱེན་ལས་བཟློག། རང་གསལ་འཛིན་མེད་ཆོས་ཉིད་དེ།། མཉམ་བྱེད་རྒྱུ་ཡིས་རྐྱེན་ལས་བཟློག། འཛིན་པ་རང་གྲོལ་དག་པ་ཡི།། དུས ་མཚུངས་འཁྲུལ་པའི་རྐྱེན་ལས་བཟློག། རིག་མེད་གཅིག་ཆར་བགྲོད་པའི་ས།། རྒྱུ་འབྲས་གཉིས་ཀྱི་མ་ལས་བཟློག། དགོངས་པ་རང་གཞན་དོན་ལྡན་པས།། བློས་བརྟགས་ཕྲ་མོའི་ཆས་ལས་བཟློག། ངེས ་པའི་ཐེག་ཆེན་སྙིང་པོ་འདི།། རང་འདོད་བརྒྱད་ཀྱི་མཐའ་ཡས་བཟློག། རྒྱ་ཆད་ཕྱོག་ལྷུང་མེད་པ་ཡི།། རང་འདོད་ཉིད་ཀྱི་མཐའ་ལས་བཟློག། རྣམས་རྟོག་ཡོ་ལ་རང་སྣང་བ།། རང་བྱུང་རིག་པས་ཟང་དཀར་གཅོད།། ་བག་ཆགས་རྒྱུད་ལ་གང་ཞེན་པ།། ཞེན་མེད་སྤྲོས་བྲལ་ངོ་བོས་བཟློག། ཅེས་གསུངསོ།། ཡེ་ཤེས་འཁོར་མོ་གསང་བའི་རྒྱུད་ལས།། འཁྲུལ་པ་བཟློག་ཚུལ་གྱི་ལེའུ་སྟེ་གསུམ་པའོ།། ་དེ་ནས་རིགས་པའི་རྒྱལ་པོ་ཡིས།། རྣམ་དུག་རང་བྱུང་ལྟ་བ་འདི་གསུངསོ།། མཉམ་མེད་རྣམ་དག་རྡལ་བའི་ཀློང་།། ནམ་མཁའ་ཡིས་ལྷུན་གྱིས་གྲུབ།། རང་བྱུང་ཡུལ་མི་མ་རྟོག་ཡིས།། གཞན་ནས་འབྱུང་བའི་ཆོས་མ ་ཡིན།། དངོས་གྲུབ་བདེ་བ་རང་ལས་བྱུང་།། ཡིས་ཇི་བཞིན་གནས་པ་ལ།། རྩོལ་བའི་རྒྱུ་འབྲས་སྤྱོད་དུ་མེད།། རིམ་རྩོལ་བློ་ཡིས་ཐེག་པ་རྣམས།། དྲང་བའི་དོན་དུ་བཤད་པ་ཡིན།། ཞེས་རྟོག་བློ་ཡིས་གཡོས་གྱུར་ན།། ་བྱུང་ངོ་བོ་གཡོ་བ་མེད།། དབྱེ་གསལ་མེད་པས་ལྟ་བའི་མཆོག། རྒྱུ་འབྲས་འདས་པའི་ངོ་བོ་ཡིན།། གདོད་ནས་རྣམ་པར་བྱ་མི་དགོས།། སྐྱོན་མེད་པདྨ་རང་འབྱུང་དང་།། མ་འགག་ཞེན་མེད་རྫོགས་པ་ཆེ།། རྩོལ་མེད་རང ་བྱུང་ལུང་གི་ནི།། བ་ངོ་བོ་བཏན་ལ་འབེབས།། དེས་ན་རྩོལ་མེད་སེམས་ཀྱི་ལུང་།། དོན་དང་མི་ལྡན་སྣ་ཚིག་ནི།། ནེ་ཚོ་མི་སྨྲ་ཆོས་བཤད་འདྲ།། དེས་ན་ལུང་ལྡན་བླ་མའི་ཆོས།། སྙིང་པོའི་དོན་གྱི་ངོ་བོ་སྟོན།། སྒྲ་ཚིག ་ཞེན་པའི་ཡུལ་ལས་འདས།། རང་བྱུང་རྟོགས་པས་ངོམ་ལྡན་པས།། ཡིད་ཆེས་ཤེས་པའི་མཚན་ཉིད་དོ།། ཡིན་པས་ངའི་བཀའ་དང་མཐུན།། ཅེས་གསུང་སོ།། ཡིས་འཁོར་ལོ་གསང་བའི་རྒྱུད་ལས། ལྟ་བའི་ལེའུ་སྟེ་བཞི ་པའོ།། ། དེ་ནས་རིག་པའི་རྒྱལ་པོ་ཡིས།། རྡོ་རྗེ་སེམས་དཔའ་ལ་ཏིང་ངེ་འཛིན་རང་གནས་ཀྱི་དོན་འདི་གསུང་སོ།། རྩོལ་མེད་རང་སྣང་མ་བཅོས་པ།། ཡིས་ལྷུན་གྲུབ་རང་བཞིན་གནས།། དགོངས་པས། ་སྤངས་མ་བཅོས་ལ།། སྣ་ཚོགས་སྣང་ཏེ་ཞེན་པ་མེད།། སྒོམ་མེད་དོན་ལ་བླ་བཞག་མེད།། རང་བྱུང་རྟོག་མེད་མཉམ་ཉིད་ལ།། ཞེན་པའི་སྒྲོ་སྐུར་ངང་གི་མེད།། འཛིན་སེམས་དག་གིས་ལྕགས་དཀྲོལ་དང་།། བློ་བཞག་བསྒོམ་པ ་བཅིངས་དང་འདྲ།། སེམས་ཉིད་ཟང་ཐལ་མ་བྱུང་ལ།། རང་བྱུང་ཡིས་མཉམ་ཉིད་ཐུགས།། བཅོས་མེད་རྩོལ་བྲལ་རང་བྱུང་ལ།། རྣམ་རྟོག་འཛིན་པ་ཅི་བྱུང་ཡང་།། རང་བཞག་བསམ་བྲལ་ཉིད་དུ་བདེ།། རྣམ་པར་རྟོག་པའི་རྒྱུ ་བ་བྲལ། དུས་གསུམ་རྒྱུན་ཆད་མེད་པར་གནས།། འབབ་ཆུ་རྒྱུན་གྱི་དཔེ་དང་འདྲ།། དེ་ཉིད་རྟོགས་པའི་དོན་ལྡན་ན།། བསམ་ཁྲལ་རང་གནས་དགོངས་པར་གནས།། སྙིང་པོ་མཉམ་ཉིད་ངོ་བོ་ཉིད།། དབང་བསྒྱུར་རྒྱལ ་བོའི་ཐུགས་དང་མཉམ།། འདོད་པའི་ཚོགས་ལ་ཡིད་མི་འཇུག། རྫོགས་པའི་དགོངས་པ་རྣམ་དག་ལ།། དུས་གསུམ་བླང་དོར་མེད་པར་བསམ།། འཛིན་མེད་ཏིང་འཛིན་སྐྱོན་ལས་གྲོལ།། མ་གཡོས་མ་བཅོས་ཉིད་དུ་བདེ།། ་སྣང་བ་མེད་པའི་ཆོས་ཉིད་ནི།། མ་བཅོས་རང་བཟོ་ཉིད་དུ་བདེ།། བརྗོད་དུ་མེད་པའི་ཆོས་ནི།། སྒྲ་ཚིག་ཞེན་པའི་ཡུལ་ལས་འདས།། ཅེས་གསུངསོ།། ཡིས་འཁོར་ལོ་གསང་བའི་རྒྱུད་ལས།། ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔའོ།། ་དེ་ནས་རིག་པའི་རྒྱལ་པོ་ཡིས།། རྣམ་དག་ཞེན་མེད་ཀྱི་སྤྱོད་པ་འདི་གསུངསོ།། ནམ་མཁའ་རྡོ་རྗེའི་སྤྱོད་པ་འདི།། སྤྱད་བཞིན་མ་ཆགས་སྤྱོད་པ་ཡིན།། རང་བཞིན་ཡེ་ཤེས་སྤྱོད་པ་ལ།། སྒོ་གསུམ་བག ་ལྷུག་པ་ཉིད།། སྤྱོད་པ་བླང་དོར་གཉིས་མེད་དང་།། པདྨ་འདམ་ན་གནས་བཞིན་དུ།། འདམ་གྱིས་སྐྱོན་གྱིས་གོས་པ་མེད།། སྣ་ཚོགས་སྣང་བར་སྤྱོད་མོད་ཀྱང་།། སྣང་བའི་སྐྱོན་གྱིས་གོས་པ་མེད།། རྩོལ་མེད་རང་གནས་རྟོ ་པའི་ཀློངས།། རྒྱུ་འབྲས་ལྟོས་པས་རྩོལ་བ་མེད།། ཉི་མའི་འོད་ལྟར་ཀུན་ལ་ཁྱབ།། ཁྱབ་བརྡལ་ལྷུན་གྲུབ་ཡེ་བརྡལ་ལ།། ཞེན་མེད་ཚུལ་གྱིས་འཇུག་པ་མེད།། ཀུན་གསལ་ཆོས་ཉིད་དོན་རྟོགས་པས།། སྣ་རྒྱུད་སྒྲ་ལ ་རག་མ་ལུས།། སྐུ་གསུམ་རྟོགས་པའི་དོན་ལྡན་ན།། ཐུགས་རྗེ་རིན་ཆེན་བཞིན་དུ་འབྱུང་།། རང་བཞིན་གཅིག་ལས་མ་གཡོས་དང་།། རིམ་རྩོལ་རྒྱུ་འབྲས་ཐེག་པ་རྣམས།། དྲ་དོན་སྙན་པའི་ཐབས་སུ་བསྟན།། རང་བྱུང་ཡེ་ཤེས ་རྟོགས་པའི་ལྷ།། འཛབ་དང་སྙེན་པ་བྱ་མི་དགོས།། མཐའ་དབུས་མེད་པའི་སྙིང་པོ་ལ།། བཟུང་འཛིན་འཁྲུལ་པ་རང་གྲོལ་འགྱུར།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས། སྤྱོད་པ་བསྟན་པའི་ལེའུ་སྟེ། ་དྲུག་པའོ།། ། དེ་ནས་རིག་པའི་རྒྱལ་པོ་ལ།། རྡོ་རྗེ་སེམས་དཔས་ཡང་གསོལ་བ།། རྫོགས་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་ཇི་ལྟར་ཡིན།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རྫོརྔ་ཆེན་ཐིག ་ལེ་ཉག་གཅིག་ལ།། ཡོན་ཏན་སྣང་ཚུལ་བཞི་རུ་སྣང་།། འགྲོ་བ་རིག་དྲུག་སྣང་ཚུལ་ལ།། རྒྱུ་འབྲས་བློ་ཡི་སྣང་ཚུལ་དང་།། རྟོག་པ་དོན་གྱིས་སྣང་ཚུལ་དང་།། ཀུན་བཟང་ང་ཡི་སྣང་བའོ།། རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྫོགས།། ་ཆེན་ཐིག་ལེ་ཉག་གཅིག་ལ།། ཡོན་ཏན་རྫོགས་ཚུལ་བསྟན་དུ་གསོལ།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། སྣ་ཚོགས་མ་སྤངས་པ་ཡི་ངང་དུ་རྫོགས།། ཆགས་ཞེན་མེད་པ་ང་ཡི་ངང་དུ་རྫོགས།། འཁོར་བ་མ་སྤངས་ང་ཡི་ངང་དུ། ་རྫོགས། དོག་པ་མེད་པས་ང་ལས་འདས་པ་མེད།། རྒྱུ་འབྲས་མ་སྤངས་པའི་ངང་དུ་རྫོགས།། རྟོག་པ་མེད་པས་པ་ལས་འདས་པ་མེད།། ཅེས་བཀའ་སྩལ་ཏོ།། ཡང་ཞུས་པ། རྫོགས་ཆན་ཐིག་ལེ་ཉག་གཅིག་ལ།། མཚན ་གྱི་རྣམ་གྲངས་ཇི་ལྟར་ལགས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། དེ་བཞིན་ཉིད་དུ་རྫོགས་པའི་རྫོགས་ཆེན་དང་།། ལྟ་བ་ཡོངས་སུ་རྫོགས་པའི་རྫོགས་ཆེན་དང་།། རིག་པ་ཡོངས་སུ་རྫོགས་པའི་རྫོགས་ཆེན་ནོ།། ་ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས། ཡོན་ཏན་སྣངས་ཚུལ་གྱི་ལེའུ་སྟེ་བདུན་པའོ།། @།། དེ་ནས་རྡོ་རྗེ་སེམས་དཔས། རིག་པའི་རྒྱལ་བ་ལ་འདི་སྐད་ཅེས་གསོལ་ཏོ།། རང་སྣང་རྣམ ་དག་རྒྱལ་པོ་ཁྱོད།། མི་འགྱུར་སྐུའི་བདག་ཉིད་ཅན།། མི་འགག་གསུང་གི་རོལ་པར་ཤར།། མི་རྟོག་ཐུགས་ཀྱི་ངོ་བོར་ཤར།། སྐུ་གསུང་ཐུགས་ལྡན་ཐུགས་རྗེའི་བདག། མོས་པའི་འཁོར་ཚོགས་འདུས་པ་ལ།། གསང་བའི ་ཚིག་བཤད་དུ་གསོལ།། ཞེས་གསོལ་ཏོ།། རིག་པའི་རྒྱ་ཁྲོ་བཀའ་སྩལ་པ།། རང་སྣང་ལྷུན་གྲུབ་ཆེན་པོ་ལ།། བཅོས་མ་གྲངས་ཀྱི་དམ་ཚིག་མེད།། རང་བྱུང་རྩོལ་མེད་ཚིག་ནི།། འཁོར་བའི་མཚོ་ལས ་སྒྲོལ་བའི་གྲུབ།། མི་འགྱུར་རྡོ་རྗེ་ལྟ་བུ་ལ།། ཕྱི་ནང་གསང་བའི་དམ་ཚིག་མེད།། མ་བཅོས་རང་སྣང་དམ་ཚིག་ནི།། མེད་པས་ཕྱལ་པ་གཅིག་པུ་དང་།། སྤུན་གྱིས་གྲུབ་པའི་དམ་ཚིག་གོ།། འཛིན་པ་མེད་པའི་སེམས་ཉིད་ནི། ་བསྲུང་དུ་མེད་པའི་ངང་དུ་གདམས།། བསྒྲུབ་མེད་རང་བྱུང་ཆེན་པོ་ནི།། བསྲུང་མེད་དམ་ཚིག་རང་གནས་ན།། ཕྱོགས་འཛིན་མེད་པའི་ངང་ལ་གནས།། སེམས་ཉིད་རང་བྱུང་མི་འདའ་ན།། དུས་གསུམ་སངས་རྒྱས་ཐིང་ལ།། དམ ་ཚིག་འདི་ལས་ཡོང་མི་འདའ།། ལྷུན་གྲུབ་དམ་ཚིག་ཆེན་པོ་ཡིན།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། དམ་ཚིག་གི་ལེའུ་སྟེ་བརྒྱད་པའོ།། ། རིག་པའི་རྒྱལ་པོས་བཀའ་སྩ ་པ། རང་སྣ་བ་རྒྱལ་པོ་གང་འདོད་པ།། རང་གི་སེམས་ལ་ཙལ་བར་གྱིས།། ཐེག་པའི་བྱེ་བྲག་བསམ་ཡས་དང་།། རང་བྱུང་རྟོག་ན་གཅིག་ལས་མེད།། ངེས་པར་བྱུང་དོན་འདི་ཉིད།། སངས་རྒྱས་ཀུན་གྱི་རང་བྱུང་སེམས།། བླ་ན་མེ། ་པ་རྟོགས་གྱུར་ན།། དེ་ཉིད་རང་སྣང་མཉམ་པར་ལྟ།། གང་གིས་རང་བྱུང་རྟོགས་པའི་མཆོག། རང་སྣང་རྩོལ་བྲལ་དོན་རྙེད་ན།། འདྲེན་པའི་ཚིག་གིས་མང་བཤད་ཀྱང་།། སེམས་ཡོན་ཏན་བསམ་མི་ཁྱབ།། ཅེས་གསུངས།། ། ་རྡོ་རྗེ་སེམས་དཔས་ཡང་ཞུས་པ།། རྣམ་རྟོག་འཛིན་པའི་འཁྲུལ་པ་ལ།། གཉེན་པོས་སྒོམ་དུ་ཡོད་མེད་ཞུས།། རིག་པའི་རྒྱལ་པོས་བཀའ་སྩལ་པ།། རྣམ་རྟོག་གཉེན་པོར་མི་རྟོག་སྒོམ།། མི་རྟོགས་འདོད་ན་རྟོག་པ ་པོཔ་ཡིན།། འཛིན་པའི་ཞེན་པ་གྲོལ་ནས་གཉེན་པོས་སྒོམ་དུ་མེད།། ཚེ་གཅིག་བྱང་ཆུབ་ཐོབ་ན་རྒྱུ་འབྲས་བ་ཙལ་དུ་མེད།། སེམས་ནི་དོན་དམ་ལམ་ཡིན་པས།། བྱ་ལམ་ན་མཁའ་རྗེས་མེད་འདྲ།། མི་གཡོ་རྒྱུན་ཏུ་གྲང་གནས ་རང་བྱུང་བཙལ་མེད་དོན་ཆེན་པོ།། ནམ་དག་དོན་འདི་མ་རྟོགས་ན།། རྩོལ་བསྒྲུབ་འཛིན་པ་ཅི་སྤྱད་ཀྱང་།། འཁྲུལ་པ་བློ་ལ་ཞེན་པ་ཡིས།། ཇི་བཞིན་ན་མཁའི་རང་བཞིན་ལ།། མ་འོངས་རང་ཁོ་ནར་ཟད།། རྣམ་རྟོག་རིག ་པའི་རྒྱལ་པོ་ལ།། སྒོ་སྐུར་སྤྲོས་པ་གཉིས་མི་མངའ།། ཞེན་པ་རང་གྲོལ་ཉིད་ཀྱིས་གྲུབ།། གང་ཞིག་སེམས་ལ་རྟོགས་མེད་ན།། དུས་གསུམ་པ་ཡི་བཀའ་དང་འཐུན།། རང་བྱུང་རང་རྩལ་མི་དམིགས་ན།། སེམས ་ཉིད་དངོས་པོར་མ་གྲུབ་པས།། རང་བྱུང་ངོ་བོར་རྟོགས་པའོ།། ཅེས་གསུངསོ།། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། ཡིན་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ།། ། རིག་པའི་རྒྱལ་པོས ་རྡོ་རྗེ་སེམས་དཔའ་ལ་རྒྱུ་འབྲས་ལ་ཟླ་བའི་དོན་འདི་གསུངས་པ།། བདག་ཏུ་ཉེས་བཟུང་འདོད་པ་སྤང་།། སེམས་ལ་བདག་མེད་འཁྲུལ་པས་བསྒྲིབས།། ཕྲ་རབ་རྡུལ་དུ་མཐོང་བ་ཡང་།། སེམས་ལ་རྡུལ་མེད་ཕྱིན་ཅི་ལོག ་རྟེན་བཅུ་གཉིས་འདོད་པ་ཡང་།། རྟོག་མེད་རྟོགས་པས་ཕྱིན་ཅི་ལོག། སེམས་ཀྱ་དངས་པར་འཛིན་པ་ཡང་།། སེམས་ཀྱི་དངོས་པོར་འཛིན་པ་ཡང་།། སེམས་ལ་དངོས་མེད་ཕྱིན་ཅི་ལོག། ་གཉིས་པར་མེད་པ་སྟོང་པའི་བློ།། སེམས་ལ་གཞི་མེད་འཛིན་པའི་བློ།། དག་པ་དང་ནི་གཉིས་སུ་བལྟ།། འདོད་པའི་སྟོབས་ཀྱི་སྒྲུབ་པ་ཡི།། སྒྲུབ་བྱེད་འབྲས་བུ་ཐོབ་པ་མེད།། རྣམ་གསུམ་བྱིན་བརླབས་འདོད་པ་ཡང་།། ་སྐྱེ་མེད་རྩོལ་བས་རང་བྱུང་བ་སླད།། ཐབས་དང་ཤེས་རབ་ལྟ་ས་ཡང་།། རྩོལ་བས་གདམས་པས་རྩོལ་མེད་བཅིངས།། དབྱིངས་དང་ཡེ་ཤེས་ལྟ་བ་ཡང་།། ཕྱོགས་འཛིན་མེད་པས་ལྷུང་དོན་འགལ།། མི་གནས་སེམས ་རང་བཞིན་ནི།། ཕྱོགས་རིས་མེད་པར་ཞེན་པ་ལྡོག། བྱ་བྲལ་རྫོགས་པ་ཆེན་པོ་ནི།། རང་བཞིན་རྟོགས་པས་ལྡོག། དྲན་པ་ཀུན་སྤངས་ཡེ་ཤེས་རང་བཞིན་གནས།། རང་འདོད་རང་གནས་ཆེན་པོ་ཡིན།། ཅེས་གསུངསོ།། ་ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། ཐེག་པའི་བྱེ་བྲག་གླེང་པའི་ལེའུ་སྟེ་བཅུ་པའོ།། @། རིག་པའི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། རང་བཞག་རང་བྱུང་ཆེན་པོ་ལ།། བག་ཆགས ་འཁྲུལ་པ་ཀ་ནས་དག། འཛིན་པ་ཞེན་པའི་བྱ་བ་བཏང་།། སྣ་ཚོགས་བློས་བཟུང་ལྟ་བ་ཡང་།། རྒྱུ་འབྲས་ཞེན་དང་མ་ཚོར་ཡོད།། བཏང་སྙོམས་ལྟེང་པོའི་མུན་པ་དང་།། ཞེ་འདོད་ཡིད་ལ་བྱེད་པ་དང་།། འབྲེལ་མེད་ན་མཁའ་ལྟ་བུའི ་དོན།། ཞེན་མེད་རང་སྣང་དོན་རྟོགས་པས།། ཞེན་པ་མེད་པའི་བྱ་བ་བཏང་།། ཡེ་ནས་རང་བཞིན་དག་པ་ཡིས།། གཞི་ལས་འཁྲུལ་པའི་བྱ་བ་དང་།། དབང་པོའི་བཟུང་བའི་ཡུལ་དག་ན།། དམིགས་པ་རྐྱེན་གྱི་བྱ་བ་བཏང་།། ་ཡིན་ཚུལ་བློ་ཡིས་བྱ་རུ་མེད།། སྣང་ཚུལ་མིག་གི་ཅིར་སྣང་ཡང་།། རྟོགས་ཚུལ་ཞེན་པ་མེད་པར་རྟོགས།། གྲུབ་པ་བློ་ཡིས་བྱ་བ་བཏང་།། དཔེར་ཉི་མའི་སྙིང་པོ་ཡང་།། མུན་པ་གཞི་ནས་དག་ཅིང་འོད་ཀྱི་རང་བཞིན་མེད།། ་དེ་བཞིན་རྩོལ་མེད་སངས་རྒྱས་དོན་རྟོགས་ན།། འཁྲུལ་པ་གཞི་ནས་དག་པ་ཡིན།། སྣང་བ་མེད་དང་ལྡན་ན་ཀུན་ཏུ་བཟང་པོར་དག་པ་ཡིན།། དུས་གསུམ་འགྱུར་མེད་མཉམ་བཞག་རྗེས་ཐོབ་མེད་པར་ཐོབ།། ཀུན་ཏུ་བཟང་པོ། ་ང་ཡི་རང་བཞིན་ཡིན།། ང་ཡོད་ནི་གཅིག་ལས་མེད་པ་ལ།། བརྒྱད་ཁྲི་བཞི་སྟོང་ང་ཡི་སྤྱོད་ཡུལ་ཡིན།། ངེས་པར་ང་ཡི་རང་བཞིན་ནི།། སྣ་ཚོགས་ང་ཡི་བྱས་པ་སྟེ།། ང་ཡི་རང་བཞིན་བྱེད་པ་ཀུན་ལས་རྒྱལ།། ཅེས་གསུངས།། ། ་ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། བྱ་བ་བཏང་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་རིག་པའི་རྒྱལ་པོས་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། རྫོགས་ཆེན་རང་སྣང་ཆོས་ཉིད་ནི།། དགོངས་པ ་ཀུན་གྱི་མཆོག་ཡིན་པས།། གང་འདོད་རྩོལ་བ་སྒྲུབ་ཏུ་མེད།། འདོད་པའི་རང་བཞིན་གྲུབ་འདོད་པས།། རྡོལ་གསེར་དུ་གྲུབ་པའོ།། གསེར་འདོད་རྡོ་ལ་རེ་བ་མེད།། ཞེན་པ་མཆོད་བདེ་བ་ཡང་།། ཞེན་མེད་ངོ་བོར་ཐོད་པ་མེད།། ་འཛིན་པ་དུ་མ་རང་གྲོལ་ན།། ཡང་དག་རྩོལ་བས་སྒྲུབ་ཏུ་མེད།། རྩོལ་མེད་དོན་ལ་གནས་པ་ནི།། བྱང་ཆུབ་ལག་ཏུ་གཏོད་པ་ཡིན།། སྤོང་ལེན་མེད་པའི་སྣང་བ་རང་སོ་ལ།། དབུས་མཐའ་མ ་གཟིགས་རྣམ་པར་རྟོག་དང་བྲལ།། ཡེ་ཤེས་རྣམ་དག་ལྷུན་གྲུབ་ཆེན་པོ་ལ།། རེ་དོགས་མེད་པས་ཆོས་ཉིད་རང་ལ་གསལ།། ཡེ་ནས་ལྷུན་གྲུབ་སངས་རྒྱས་མངོན་གྱུར་ན།། གང་ནས་ཀུན་ལ་སངས་རྒྱས་རེ་བ་མེད།། སངས་རྒྱས ་ཉིད་ཀྱི་སངས་རྒྱས་ཉིད་ཚོལ་བ།། དཔེར་ན་རི་དགས་མིག་ཁྱུ་རྙེག་པ་འདྲ།། དེས་ན་སངས་རྒྱས་རེ་དོགས་གཞན་ན་མེ་ད།། དབྱེ་གསལ་བླང་དོར་མེད་པའི་ལུང་།། ཆོས་ཉིད་ཡེ་ནས་རྣམ་དག་ལ།། འཁོར་བའི་རྣམ་རྟོག་བླང ་དོར་ཡུལ་སྤངས་ནས།། སྣང་ལ་ཞེན་མེད་གར་བདེར་སྤྱོད་པའི་མཆོག། ཐེག་ཆེན་ན་མཁའི་དབྱིངས་ནས་ཉི་མ་ཤར།། གདུལ་བྱ་གང་ཟག་རྣམས་ཀྱི་དོན་དུ་སྣང་།། དོན་དམ་དཔལ་འདུལ་དང་མི་འདུལ་མེད།། རིག་པའི་རྒྱལ་པོ་ཡེ་ཤེས ་ཉི་ཟེར་ནི།། མཐའ་ཡས་སེན་ཟེད་ལ།། སྣང་གསལ་སྒྲོལ་མ་རྟོགས་པར་ཤོག། ཡེ་ཤེས་འཁོར་ལོ་གསང་བའི་རྒྱུད་ལས།། རྩོལ་བྲལ་ཐུགས་རྗེའི་ལེའུ་སྟེ་བཅུ་གཉིས་པའོ།། ། དེ་ནས་རིག་པའི་རྒྱལ་པོས།། ་རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ།། རང་སྣང་རིག་པའི་ཡིས་ལ།། མ་རྟོགས་བདུད་ཀྱི་སྤྱོད་ཡུལ་ནི།། སྟོང་པ་བྱང་ཆད་ལྟ་བའི་བདུད།། ཧད་པོ་བོགས་མེད་སྒོམ་པའི་བདུད།། རྟོལ་མེད་རང་དགའ་སྤྱོད་པའི་བདུད།། ཐུག་མེད ་འདོད་པ་འབྲས་བུའི་བདུད།། ཕྲ་མོས་ཆོག་ཤེས་ཐོས་པའི་བདུད།། འདུ་འཛིན་ལོངས་སྤྱོད་གཡེང་བའི་བདུད།། གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད།། མི་ཐུབ་དམ་བཅའ་དམ་ཚིག་བདུད།། རིམ་པ་བསྐྱོད་པ་དབང་གི་བདུད།། ་རྩོལ་བས་ཟིན་པ་འཕྲིན་ལས་བདུད།། བར་དོར་སྣང་བ་འོད་ཀྱི་བདུད།། གྲགས་པ་བརྒྱད་པོ་དགྲ་ཡི་བདུད།། རྣམ་རྟོག་འཕྲིག་པོ་ཉིད་ཀྱི་བདུད།། ཁཤགས་དོན་ལ་བྲེད་པའི་བདུད།། མཁས་པ་མདོ་མེད་ཤེས་རབ་བདུད།། རྟོག ་འཛིན་ཞེན་པ་བག་ཆགས་བདུད།། རང་རིག་འཁྲུལ་པར་སྣང་བ་ཡི།། སྣང་བ་སྣ་ཚོགས་འཁྲུལ་པའི་འདུད།། ཐཾད་བདུད་སྣད་ཤེས་ཙམ་ན།། བདུད་ལས་ངེས་པར་གྲོལ་བ་ཡིན།། མ་རྟོགས་པ་ནི་བདུད་ཡིན་ཏེ།། རྟོགས་ན་བདུད ་ཀྱི་རྩི་རུ་འགྱུར།། དུག་ལ་སྨན་དུ་ཤེས་པ་བཞིན།། དེ་ལས་གཞན་དུ་ཤེས་མི་འགྱུར།། ཡིས་འཁོར་ལོ་གསང་བའི་རྒྱུད་ལས། བདུད་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་རིག་པའི་རྒྱལ་པོས་བཀའ་སྩལ ་བ། ལྟ་བ་བདག་ཏུ་འཛིན་པས་གོལ།། ང་ཡི་རང་བཞིན་བཅུ་པོ་ལས།། གོལ་ས་སྒྲིབ་པ་དྲུག་དྲུག་བཅུ།། སུམ་བརྒྱ་དྲུག་བཅུ་ཕྲག་ཡས་སོ།། རྫོགས་པ་ཆེན་པོས་གཅིག་པ།། གང་གིས་དེ་རྟོགས་དེ་ཡིས་སྲ།། ལམ་ནི་རྣམ ་པ་ལྔ་དག་ཀྱང་།། ས་བཅུ་བསྒྲོད་པས་གོལ་བའི་ལམ།། གདོད་ནས་མ་སྐྱེས་སྙིང་པོ་ལ།། ཐ་ཚིགས་མིང་དུ་བརྟགས་པས་གོལ།། རང་བཞིན་ལྷུན་གྲུབ་ཆེན་པོ་ལ།། འཕྲིན་ལས་རྣམ་བཞི་གདོད་ནས་རྫོགས།། བག་ཆགས་རྨི་ལམ ་གླུ་བྲིང་དང་། རིགས་དྲུག་གཟུགས་སྒྲའི་གླུ་བྲིད་དང་།། འདོད་ཡོན་འཚོ་བའི་བྲུ་བྲིད་དང་།། འདྲེན་པའི་ཐབས་དགུ་དཔལ་རྫོགས།། བག་ཆག་ཉིད་འཚམས་སྦྱར་བ་དང་།། སེམས་ཉིད་ཉིང་འཚམས་སྦྱར་བ་དང་། ་ཕུང་པོ་ཉིད་འཚམས་སྦྱར་བ་གསུམ་ང་ཡི་རང་བཞིན་རྣམ་གསུམ་ཡིན།། ང་ཡི་རང་སྣང་ཆེན་པོ་བརྒྱུད།། ཐེག་པ་ཀུན་གྱི་ལ་ཟློ་བ།། ཆོས་རྣམས་ཟ་མདངས་སྐྱེལ་བ་ཡི།། ཡིས་འཁོར་ལོ་གསང་བ་འདི།། འཁོར་གྱི་ནང་ན་དམ་པ་སྟེ།། ་རྡོ་རྗེ་སེམས་དཔའ་ཁྱོད་ལ་གཏང་།། ཁྱོད་ནི་མི་ནུབ་སྟོབས་དང་ལྡན།། ང་ལས་མི་གཞན་འཁོར་ཡིན་པས།། ཐུགས་ཀྱི་དཀྱིལ་དུ་མཉེ་པར་ཞོག། ཐུགས་རྗེའི་གསེར་ཀ་ཕྱོགས་བཅུར་འཆར།། ལན་ཅིག་སྙིག་མ་སྔ་དུས་ན།། ཉི་ཟླ ་བཞིན་དུ་དར་བར་ཤོག། ནམ་མཁའ་ཁྱབ་པའི་འཇིག་རྟེན་ན།། སྒྲོ་མ་བཞིན་དུ་རྒྱས་པར་ཤོར།། འཁོར་བ་བལྡོངས་པའི་མུན་པ་རྣམས།། ཡེ་ཤེས་འོད་ཀྱི་གང་བར་ཤོག། རྒྱུད་དྲུག་འཁྲུལ་པའི་སེམས་ཅན་རྣམས།། སངས་རྒྱས་ས ་ལ་གྲོལ་བར་ཤོག། ཅེས་གསུངསོ།། ཡེ་ཤེས་འཁོར་མོ་གསང་བའི་སྙིང་པོ་རོན་གྱི་རྒྱུད་ལས།། རྒྱུད་ཀྱི་གཏང་རྒྱ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ།། ཡེ་ཤེས་འཁོར་ལོ་གསང་བའི་སྙིང་པོ་དོན་གྱི་རྒྱུད ་ཅེས་བྱ་བ་ལ་ཟློ་བ་ཆེན་པོ་མན་ངག་གི་རྒྱབ་རྟེན་རྫོགསོ།། དགེའོ།། ་