CLOSE WINDOW

Gbr006.43: nor bu dri ma med pa'i rgyud
Wyliee-texts produced with BDRC’s OCR application

ནོར་བུ་དྲི་མ་མེད་པའི་རྒྱུད་བཞུགས་སོ།། ་རྒྱ་གུ་རུ་སྐད་དུ། རཏྣ་བྷི་མ་ཏན་ཏྲ། བོད་སྐད་དུ། ནོར་བུ་དྲི་མ་མེད་པའི་རྒྱུད་ཅེས་བྱ་བ། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ།། མན་ངག་ཐམས་ཅད ་ཀྱི་ཉི་ཁུ།། རྒྱུད་ཐམས་ཅད་ཀྱི་སྙིང་པོ།། ངོ་སྤྱོད་ཀྱི་ཡང་ངོ་སྤྱོད།། ཆོས་སྐུ་རྗེན་པར་སྟོན་པ་འདི་དབྲེལ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སློབ་དཔོན་ཆེན་པོ་དག་ལ་རབ་རྡོ་རྗེ་ཞེས་བྱ ་བ་དེསཿཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱིས་དོན་ཆེད་དུ་ཞལ་ནས་རྒྱུད་ཆེན་པོ་འཐོན་ཏོ།། རྒྱུད་ཆེན་པོ་འདི་ལ་དོན་བཅུ་བཞིས་བསྟན་ཏོ།། གནམ་ལ་རྡོ་རྗེ་ཟམ་མ་ཆད་པ་བསྟེན་པ་དང ་གཅིག་རྫས་ལ་དཀྱིལ་འཁོར་རིས་མ་ཡས་པར་བསྟན་པ་དང་གཉིས།། བར་དུ་གདམས་ངག་བཀའ་མ་འཁྱར་བར་བསྟན་པ་དང་གསུམ།། མེད་པ་ལླ་ཡོད་པར་འཁྲུལ་བ་དང་བཞི།། ཡོད ་པ་ལས་མེད་པར་འཁྲུལ་པ་དང་ལྔ།། ངོ་སྤྲོད་པ་དང་དྲུག། གདམས་ངག་བསྟན་པ་དང་བདུན།། ལ་བཟླ་བ་དང་བརྒྱད། ལྟ་བ་བསྟན་པ་དང་དགུ། བསྒོམ་པ་བསྟན་པ་དང་བཅུ།། སྤྱོད་པ་བསྟན ་བ་དང་བཅུ་གཅིག། འབྲས་བུའི་བསྟན་པ་དང་བཅུ་གཉིས།། རྟོག་པའི་ཚད་བསྟན་པ་དང་བཅུ་གསུཾ།། སྨོན་ལམ་བཏབ་པ་དང་བཅུ་བཞི་པའོ།། དེ་ལ་གནམ་ལ་རྡོ་རྗེ་ཟམ་མ་ཆད་པར། ་བསྟན་པ་ལ་གསུམ་ཏེ།། རྒྱུད་བ་རྡོ་རྗེ་ཟམ་མ་ཆད་པར་བསྟན་པ་དང་།། མན་ཤེལ་རྡོ་རྗེ་ཟམ་མ་ཆད་དུ་བསྟན་པ་དང་།། ཆོས་སྐུ་ཟམ་མ་ཆད་དུ་བསྟན་པའོ།། དེ་ལ་རྒྱུད་པ་རྡོ་རྗེ་ཟམ་མ་ཆེད་དུ་བསྟན་པ་ནི ་དཔལ་ཀུན་ཏུ་བཟང་པོའི་སྤྲུལ་པ་རྡོ་རྗེ་སེམས་དཔའ་ཡིན།། རྡོ་རྗེ་སེམས་དཔའི་སྤྲུལ་པ་དགའ་རབ་རྡོ་རྗེ་ཡིན།། འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་བཻ་རོ་ཙ་ནི་ཡིན།། ཐུགས་རྗེ་ཆེན་པོའི་སྤྲུལ ་པ་ཁྲི་སྲོང་ལྔ་བཙན་ཡིན།། དེ་ལས་གཞན་དུ་བརྒྱུད་པ་མེད་པས་རྡོ་རྗེ་ཟམ་མ་ཆད་དུ་བསྟན་པའོ།། ཡང་མན་ཤེལ་ཟམ་མ་ཆད་དུ་བསྟན་པ་ནི། ཀུན་ཏུ་བཟང་པོའི་བྱིན་བརླབས་ལས། ཤེལ་གྱི་མཆོད ་རྟེན་ཁྲི་འཕང་ལྔ་རུ་སྤྲུལ།། གླིང་ཆེན་འཛམ་བུའི་གླིང་དུ་འགྲོ་བའི་དོན་བཏང་།། རྡོ་རྗེ་སེམས་དཔའི་ཕྱག་དུ་བབས།། ལོང་སྤྱོད་རྫོག་པའི་རྟོག་པ་གསལ།། དེ་ནས་གཟུགས་མེད་ཁམསུ་བབས།། བྱང ་ཆུབ་སེམས་དཔའི་རྟོག་པ་གསལ།། དེ་ནས་ལྷ་ཡི་དབང་པོ་བརྒྱ་བྱིན་ཕྱག་ཏུ་བབས།། སུ~ཾ་བཅུ་རྩ་གསུམ་རྟོག་པ་གསལ།། དེ་ནས་བརྒྱ་ཡིས་རི་བོ་རྩེ་ལྔར་བབས།། དགྲ་བཅོམ་ལྔ་བརྒྱའི་རྟོག་པ་གསལ ་དེ་ནས་རྡོ་རྗེ་གདན་དུ་བབས།། དགའ་རབ་རྡོ་རྗེའི་ཕྱག་དུ་བབས།། པཎྜི་ཏ་ལྔ་བརྒྱའི་རྟོག་པ་གསལ།། དེ་ནས་བཻ་རོ་ཙ་ནའི་ཕྱག་དུ་བབས།། ཁྲི་སྲོང་ལྡེ་བཙན་གྱི་རྟོག་པ་གསལ།། དེ་ནས་གངས་ལ་བདྲ།། ་དུས་དེར་སྟེང་འོག་ཕྱོགས་མཚམས་ཐད་དུ།། མེ་སྟག་བཞིན་དུ་འཕྲོས་སོ།། ཡང་ཆོས་སྐུ་ཟམ་མ་ཆད་དུ་བསྟན་པ་ནི།། ཆོས་སྐུ་ལ་ཡང་རྣམ་གསུམ་སྟེ།། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ།། དེ་ལ ་དམིག་མེད་ཆོས་སྐུའི་མཚན་ཉིད་ནི།། ཐོག་མ་མེད་པའི་དུས་ཉིད་ན།། རང་གསལ་རྟོགས་པ་མེད་པར་གནས་པ་སྟེ།། རླུང་ཆེན་གཡོས་པས་རིག་པ་ལྷགས།། རིག་པ་འཆར་ལུགས་གཉིས་སུ་ཤར།། ། ་རིག་པ་ཡིས་ཆེན་པོར་ཤར་བ་དང་།། རིག་པའི་ཡན་ལག་རྣམ་རྟོག་མིང་དུ་ཤར་བའོ།། རིག་པའི་ཡིས་ཆེན་པོར་ཤར་བ་ནི།། གསལ་བ་ལྔ་ཡི་ཡིས་རང་ལ་ཤར།། ཁ་དོག་ལྔ་ཡི་དཀྱིལ་འཁོར་རང་ཉིད་ཡིན ་པར་ངོ་མ་ཤེས།། དེ་ལྟར་རྟོགས་ཀྱང་མཐོ་དམན་འཛིན་པ་མི་བྱེད་པས།། སྒྱུ་ལྔ་གཡོ་འགུལ་མེད་པར་རུང་གསལ་ཆེན་པོར་བཞུགས།། མཚན་དང་དཔེ་བྱུང་ལོང་སྤྱོད་རྫོགས་པའི་སྒྱུ་རྱ་བསྟན་པཱ་ནི།། རིག་པའི ་ཡན་ལག་རྣམ་རྟོག་མིང་དུ་ཤར་བ་སྟེ།། རང་གི་སྐུ་ཉིད་མ་རྟོགས་སྐུ་ཉིད་མིང་བཏགས་དང་།། རང་གི་ཡུལ་ཉིད་མ་རྟོགས་ཡུལ་ཉིད་མིང་བཏགས་ད་།། རང་གིང་གི་ཉིད་མ་རྟོགས་ངག་ལེ་མིང་བཏགས་པས ་རྟོག་པ་སྔ་མ་བས་ཀྱང་ཕྱི་མ་རགས།། རྟོགས་པ་ཇེ་རགས་སོང་བ་ལས།། མིང་གི་བག་ཆགས་སྨིན་པ་སྟེ།། མཚན་དང་དཔེ་བྱད་རྫོགས་ཀྱང་དོན་ལམ་ཉེའོ།། སྤྲུལ་པའི་སྐུའི་མཚན་ཉིད ་བསྟན་པ་ནི།། མིང་གི་བག་ཆགས་དངོས་པོར་སྨིན་པ་སྟེ།། གསལ་བ་ལྔ་ཡི་མིང་སྨིན་པས།། ཡན་ལག་ལྔ་དང་དབང་པོ་ལྔ།། དོན་སྙིང་ལྔ་དང་ནང་ཁྲོལ་ལྔ།། བདུད་རྩི་ལྔ་དང་ནད་ལྔར་སྨིན་པའོ།། ཁ་དོག ་ལྔ་ལ་མིང་བཏགས་མིང་སྨིན་པས།། འབྱུང་བ་ལྔ་ཡི་དཀྱིལ་འཁོར་ཏེ།། ངམ་གྲོག་གཡང་ས་མ་བདེ་པ་རུ་སྨིན།། བྲག་ཆ་ལྔ་བའི་གསུང་ལ་མིང་གཏགས་མིང་སྨིན་པས།། འགག་འགྲིབ་ཅན་གྱི་སྐད་དུ ་སྨིན་པའོ།། དེ་ལྟར་སྨིན་ཀྱང་ཆོས་ཀྱི་སྐུ་ལ་ཟད་མེད་བརླག་པ་མེད་སྟེ།། ཟད་པ་མེད་ཅིང་འཕེལ་བ་མེད།། ཆགས་པ་མེད་ཅིང་གྲུབ་པ་མེད།། དེ་ནས་སྐུ་གསུམ་དབྱེ་རུ་མེད་པར་བསྟན་པའོ།། གནམ ་ལ་རྡོ་རྗེ་ཟ་མ་མ་ཆད་དུ་བསྟན་པའི་ལེའུ་སྟེ་དང་པོའོ།། །། ས་ལ་དཀྱིལ་འཁོར་རིས་མ་ཡལ་དུ་བསྟན་པ་ནི།། རིས་མ་ཡལ་ཡང་རྣམ་གསུམ་སྟེ།། ཆོས་ཉིད་དོན་གྱིས་ན་མཁའ་ལ།། ་ཡེ་ས་ལྔ་པོ་རིས་མ་ཡ་ལ།། རིག་པ་རྩལ་གྱི་ནམཁའ་ལ།། ཁ་དོག་ལྔ་ཡི་རིས་མ་ཡལ།། མཚོན་པ་དཔེའི་ནམཁའ་ལ།། རིན་ཆེན་སྣ་ལྔའི་རིས་མ་ཡ་ལ།། སྤྲུལ་པ་སྐ་ཡི་ཞིང་ཁམས་འདི།། མ ་རྟོགས་པས་སུ་ལྟས་ཙམ་ན།། འབྱུང་ཆེན་ལྔ་ཡི་དཀྱིལ་འཁོར་ཏེ།། རྣལ་འབྱོར་ཆེན་པོས་ལྟས་ཙམ་ན།། མ་བྲིས་དཀྱིལ་འཁོར་ཆེན་པོར་འདུག། དེས་ནི་ས་ལ་དཀྱིལ་འཁོར་རིས་མ་ཡལ་དུ་བསྟན ་པའོཿས་ལ་དཀྱིལ་འཁོར་རིས་མཱ་ཡལ་དུ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། བར་དུ་གདམས་ངག་བཀའ་མ་འཁྱར་དུ་བསྟན་པ་ནི།། བར་དུ་བཀའ་མ་འཁྱད་པར་བསྟན་པ་ལ ་གསུམ་སྟེ།། དགའ་རབ་རྡོ་རྗེའི་རིང་ལ་བཀའ་མ་འཁྱར།། བཻ་རོ་ཙ་ནའི་རིང་ལ་བཀའ་མ་འཁྱུར།། ཁྲི་སྲོང་ལྡེ་བཙན་གྱི་རིང་ལ་བཀའ་མ་འཁྱར།། དེ་ལས་མ་བཅོས་མ་བསླད་པས།། དེས་ན་བཀའ་མ ་འཁྱར་དུ་བསྟན།། དེ་ལས་མ་མནན་མ་ཕྱི་བས།། དེས་ན་བཀའ་མ་འཁྱར་དུ་བསྟན།། ཁྲི་སྲོང་ལྡེ་བ་ཙན་སྐུ་རིང་ལ།། གདམས་ངག་ལྷག་མ་མེད་པར་གཏེར་དུ་སྦས།། དགེ་ཤེས་ཉང་སྟོན་ཆོས་ཉིད་སྐུ ་རིང་ལ།། གདམས་ངག་ལྷག་མ་མེད་པར་གཏེར་ནས་འཐོན།། དེས་ན་བཀའ་མ་འཁྱར་བའོ།། གདམས་ངག་བཀའ་མ་འཁྱར་དུ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ་མེད་པ་ལས་ཡོད་པར་འཁྲུལ་པ་བསྟན་པ་ནི།། ཡོད་པར་འཁྲུལ་པ་ལ་ཡང་རྣམ་གསུམ་སྟེ།། ཆོས་སྐུ་དངོས་པོ་མཚན་མ་མེད་པ་ལས།། ཁ་དོག་དབྱིབས་ལྡན་དེ་ཡིས་འདྲ་གཞི་བྱས།། འདྲ་གཞི ་དེ་ལས་མིང་བཏགས་རྡོས་པའི་སྐུ་རུ་འཁྲུལ།། འདྲ་གཞི་མེད་ན་འཁྲུལ་པའི་གནས་མེད་དོ།། ངག་གི་རང་བཞིན་འགག་འགྲིབ་མེད་པ་ལ།། བྲག་ཆ་ལྟ་བུའི་གསུང་ལ་འདྲ་གཞིར ་འཁྲུལ་པ་སྟེ།། གསུང་མིང་བཏགས་དངོས་པོར་འཁྲུལ་པའོ།། ཡུམ་གྱི་རང་བཞིན་མཐོ་དམན་མེད་པ་ལ།། ཁ་དོག་ལྔ་ཡིས་འདྲ་གཞི་གསལ་གྱུར་པས།། འདྲ་གཞི་དེ་ལ་དངོས་པོར་འཁྲུལ ་བ་སྟེ།། འདྲ་གཞི་མེད་ན་འཁྲུལ་པའི་གནས་མེད་དོ།། དཔེར་ན་མཐོ་ཡོར་མིའི་འདྲ་བཞིར་ཡིན།། མཐོ་ཡོར་མེད་ན་མི་རུ་འཁྲུལ་མི་སྲིད།། དེ་བཞིན་ཐེ་གུ་སྦྲུལ་གྱི་འདྲ་གཞི་ཡིན།། དེ་བཞིན ་སྨིགྲ་རྒྱུ་ཆུ་ཡི་འདྲ་གཞི་ཡིན།། དེ་བཞིན་ཆོས་རྣམས་ཐམས་ཅད་འདྲ་གཞིའི་དོན་ལས་འཁྲུལ།། འདྲ་གཞི་མེད་ན་འཁྲུལ་པའི་གནས་མེད་པས།། འཁྲུལ་པའི་དངོས་པོ་རང་སར་མ་གྲོལ་ན།། ་གདམ་ས་ངག་དོན་མེད་རྒྱ་མཚོ་ཆེན་པོར་འགོ་བ།། རིག་པརྐྱང་འདེད་བྱེད་པ་ནི་རྩེ་མོད་འདོན་འདྲ།། ཡང་དག་དོན་དང་ཕྲད་པ་ཤིན་ཏུ་དཀའ་བར་བཤད།། མེད་པ་ལས་ཡོད་པར་འཁྲུལ་པའི་ལེའུ་སྟེ་བཞི་པའོ།། ། ་ཡོད་པ་ལས་མེད་པར་འཁྲུལ་པ་བསྟན་པ་ནི།། མེད་པར་འཁྲུལ་པ་ལ་ཡང་རྣམ་གསུམ་སྟེ།། ལུས་ཀྱི་དོན་ཡོད་པ་དང་ཅིག། ངག་གི་དོན་ཡོད་པ་དང་གཉིས།། ཡུམ་གྱི་དོན་ཡོད་པས། ་མེད་དྲོ་ཅེས་ཟེར་ཞིང་སྟོང་པ་ཉིད་དུ་རབ་སྐྱེལ་བས།། ལྷུན་གྲུབ་ནག་པོ་ཁྭ་འབྱམ་ཞེས་ཀྱི་བྱ།། ལུས་ཀྱི་དོན་ནི་ཡིད་བཞིན་སྐུ་རུ་གསལ་བ་ཡིན།། ངག་གི་དོན་ནི་འགག་མེད་འགྱུར་བ་མེད།། ཡུལ་གྱི།། ་དོན་ནི་མ་བྲིས་དཀྱིལ་འཁོར་ཡིན།། དེས་ན་དོན་གསུམ་ཐེ་ཚོམ་མེད་པའི་དོན།། དེ་ལྟར་རྟོགས་ཀྱི་རྣལ་འབྱོར་ཆེན་པོ་ལ།། སེམས་ཉིད་གསུམ་པོའི་དངུལ་གནས་པ་ན།། སེམས་ལ་འཁྲུལ་མེད ་དངོས་མེད་དོ།། སེམས་ལ་ཆེ་མེད་ཆུང་མེད་དོ།། སེམས་ལ་སྒོམ་མེད་མི་སྒོམ་མེད།། སེམས་ལ་ཁ་དོག་དབྱིབསུ་མེད།། ཆོ་སྐྲ་གསལ་ན་སེམས་ཉིད་ངང་ལ་གསལ།། སྐུ་དང་ཡིས་གཉིས་མེད། ་རྟོགས་གྱུར་ན།། སེམས་ཉིད་ཇི་ལྟར་འཆར་ཀྱང་སྐུ་ཡི་ཡོན་ཏན་ཡིན།། སྐུ་དང་ཡིས་དོན་འདི་མ་རྟོགས་ན།། རིག་པའི་བསྒོམ་ཡོད་དོ།། ཅེས་པ་དང་བསྒོམ་མེད་གཉིས་ཀ་སེམས་ཀྱི་རྣམ་རྟོག ་ཡིན། དེ་ལ་རྟག་རྒྱུ་མེད་པས་སེམས་ཉིད་རྟོགས་ཀྱང་སངས་མི་རྒྱ་བའོ།། ཡོད་པ་ལས་མེད་པར་འཁྲུལ་པ་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། ངོ་སྤྱོད་ལ་ཡང་རྣམ་གསུཾ ་སྡེ། དཔེ་ཡི་ངོ་སྤྲོ་བསྟན་པ་དང་།། ཚིག་གི་ངོ་སྤོད་བསྟན་པ་དང་།། དོན་གྱི་ངོ་སྤྲོད་བསྟན་པའོ།། དེ་ཡང་དཔེའི་ངོ་སྤྲོད་བསྟན་པ་ནི།། མན་ཤེལ་ཁྲི་འཕང་ལྔ་པ་ཡིན།། མ་ཤེལ་ཁྲི་འཕང་ལྔ་པ་དེ།། ་གཡས་གཡོན་མེད་པར་གསལ་བས་གཏིང་གས་ལ་དྲའི་ཁ་དོག་ནང་ནས་གསལ་བྱས་ཡིས་ལྔ་ཡི་དབྱེ།། ལྔ་ཡི་པེ་ཡང་འདི་ལྟ་སྟེ།། གསལ་བ་ལྔ་ལ་མིང་བཏགུས་པས།། ཟླ ་པ་ཅན་གྱི་ལུས་སུ་སྨིན།། སྨིན་ཀྱང་དེ་ལ་རང་བཞིན་མེད་དེ་ཡཻ་ས་ལྔ་ཡི་དང་།། ཡཻ་ས་ལྔ་ལས་ཁ་དོག་ལྔ་རུ་ཤར་བ་ཡིན།། ཁ་དོག་ལྔ་རུ་ཤར་བས་ཡུལ་གྱི་དཔེ།། དེ་ནས་དཔེ་ཡི་པོ་སྤྱོད་དོ།། ཚིག ་གི་ངོ་སྤྲོད་བསྟན་པ་ནི།། སྐུའི་དོན་ཇི་ལྟར་འཕྲུལ་བ་བསྟན་པ་དང་།། ཡུལ་གྱི་འཕྲུལ་ཚུལ་ཇི་ལྟ་ཪྻཱ་ཡཱ་སྟན་པ་དང་།། ངག་གི་འཁྲུལ་ཚུལ་ཇི་ལྟར་འཁྲུལ་པ་བསྟན་པའོ།། སྐུ་ཡི་སྐུ་ཉིད་མ་འཁྲུལ ་ངག་གི་ངག་མ་འཁྲུལ།། ཡུལ་གྱི་ཡུལ་ཉིད་མ་འཁྲུལ་སེམས་ཀྱི་གསུམ་པོ་འཁྲུལ་པ་སྟེ།། སེམས་ཀྱི་རང་བཞིན་དཔེར་ན་རལ་གྲིའི་སོ་དང་འདྲ།། སྤུ་གྲིའི་སོ་ནི་གཅོད་ལ་རྣོ་བས་ཀྱང་།། སོ་ཡི ་སོ་ཉིད་མ་གཅོང་སོ་ཡིས་གཞན་གཅོད་ལྟར།། དེ་བཞིན་སེམས་ཉིད་རྣོལ་གཅོད་པས་ཀྱང་།། སེམས་ཀྱི་སེམས་ཉིད་ལ་གཅད་སེམས་ཀྱི་སྐུ་གཅད་དོ།། སེམས་ཀྱི་ཡུལ་གཅད་སེམས་ཀྱི་ངག་བཅ ་པས་སྔ་བཅད་པའི་དབང་གིས་འཁྲུལ་པ་དངོས་པོར་སྨིན།། དེས་ན་སེམས་ཀྱི་སེམས་ཉིད་མ་འཁྲུལ་སྟེ།། སེམས་ཀྱི་སྐུ་འཁྲུལ་སེམས་ཀྱི་ངག་འཕྲལ་ཞིང་།། སེམས་ཀྱི་ཡུལ་འཕྲུལ་འཕྲུལ ་བའི་རྒྱ་མཚོར་ཆུད།། དེ་ལྟར་འཁྲུལ་བས་སྔར་འཁྲུལ་མཆོད་ན།། སེམས་ཀྱི་སེམས་ལ་བསྟན་ཀྱང་མཐོང་རྒྱུ་ཅི་ཡང་མེད།། དེས་ན་སེམས་ལ་སངས་རྒྱས་རེ་བ་བྱ་སྒོ་རླུང་ཁྱེར་འདྲ།། དོན་གྱི་ངོ་སྤྲོད། ་བསྟན་པ་ནི།། དོན་གྱི་ངོ་སྤྱོད་རྣམ་གསུམ་སྟེ།། སྐུ་ཡི་ངོ་སྤྲོད་བསྟན་པ་དང་གཅིག། ཡུལ་གྱི་ངོ་སྤྲོད་བསྟན་པ་དང་གཉིས།། ངག་གི་ངོ་སྤྲོད་བསྟན་པ་དང་གསུཾ་བའོ།། སྐུ་ཡི་ངོ་སྤྲོད་གཏིང་གསལ ་ཆེན་པོ་ཡིན།། ངག་གི་ངོ་སྤྲོད་གསུང་ལ་འགག་མེད་ཡིན།། ཡུལ་གྱི་ངོ་སྤྲོད་མ་བྲིས་དཀྱིལ་འཁོར་ཡིན།། དེ་ལྟར་རྟོགས་ན་སེམས་ཉིད་ངང་གི་ཞི།། གསུཾ་པོ་རྟོགས་པར་སྔར་འཁྲུལ་ཆོད་པ་ཡིན།། ། ་སེམས་ཉིད་དང་ལ་གནས་པས་ད་འཕྲུལ་ཆོད་པ་ཡིན།། སྲོག་མེད་པའི་སྐུ་ཆེན་པོ་ཅེས་བྱའོ།། དེ་ལྟར་རྟོགས་ཙ་ན། མཚན་མ་རང་སར་གྲོལ་བ་ཅེས་བྱའོ།། དེ་ལྟར་རྟོགས་ཙ་ན་སྲིད་པ་རྒྱུ་ནས་ཐེགས ་པ་ཅེས་བྱའོ།། ལྷག་མ་མེད་པར་ཡོངས་རྫོགས་པ་ཅེས་བྱའོ།། སངས་རྒྱས་ཐིག་ལེ་ཉ་གཅིག་གི་དགོངས་པ་དང་མཇལ་བ་ཅེས་བྱའོ།། བསྒྲུབ་པ་མེད་པར་དོན་ཆེན་པོ་མཇལ་བ་ཅེས་བྱའོ།། བགྲོད་པ ་མེད་རྣམས་ཆེན་པོ་ནོན་པ་ཅེས་བྱའོ།། བཙལ་བ་མེད་པར་དབྱིངས་དང་མཇལ་བ་ཅེས་བྱའོ།། ངོ་སྤྲོད་ཆེན་པོའི་ལེའུ་ཞེས་བྱ་སྟེ། དྲུག་པའོ།། ། གདམས་ངག་བསྟན་པ་ལ་ཡ ་གསུམ་ཡོད་དེ།། ལུས་ཀྱི་གདམས་ངག་བསྟན་པ་དང་།། ཡུལ་གྱི་གདམས་ངག་བསྟན་པ་དང་།། སེམས་ཀྱི་གདམས་ངག་བསྟན་པའོ།། དེ་ལ་ལུས་ཀྱི་གདམས་ངག ་བསྟན་པ་ནི།། གཏིང་གསལ་ཆེན་པོའི་ལུས་ཀྱི་གདམས་ངག་ཡིན།། ཏིང་གསལ་ཆེན་པོའི་རང་བཞིན་ནི།། ཡོད་དེ་ཡོད་པ་མ་ཡིན་དངོས་པོ་མཚན་མར་མེད།། མེད་དེ་མེད་པ་ཡིན་སྣང་བ་གཟུགསུ ་གྲུབ།། རྟག་ཆད་གཉིས་ཀྱི་མཐའ་ལས་ཡེ་ནས་གྲོལ་བ་ཡིན།། བྱས་པའི་ལྷུན་གྲུབ་མ་ཡིན་བྱུང་བའི་ལྷུན་གྲུབ་ཡིན།། ཡུལ་གྱི་མན་ངག་བསྟན་པ་ནི།། མ་བྲིས་དཀྱིལ་འཁོར་ཆེན་པོ་ཡུལ་གྱི་མན ་ངག་ཡིན།། དཀྱིལ་འཁོར་ཆེན་པོའི་རང་བཞིན་ནི།། དཔེར་ན་ཉི་མའི་སྙིང་པོ་ལ།། བྱས་པ་མེད་པར་འོད་ཆེན་ཤར་བ་ལྟར།། དེ་བཞིན་ཚེ་སྐུ་གཏིང་གསལ་ལ།། བྱས་པ་མེད་པར་ཁ་དོག་ཤར་བ་སྟེ། ་ཁ་དོག་གསལ་བར་འདུག་ཀྱང་སྲས་ཀྱང་བྲིས་པ་མེད།། དེ་ན་ཡུལ་གྱི་ལྷུན་གྲུབ་ཆེན་པོ་ཡིན།། སེམས་ཀྱི་མན་ངག་བསྟན་པ་ནི།། མཐོ་མན་འཛིན་པ་མེད་པ་སེམས་ཀྱི་གདམས་ངག་ཡིན། ་བཟང་ངན་གཉིས་མེད་ན་སེམས་ཀྱི་གདམས་ངག་ཡིན།། སྒོམ་ཡོད་སྒོམ་མེང་གཉི་སུ་མི་འཛིན་སེམས་ཀྱི་གདམས་ངག་ཡིན།། བློ་དངོས་གཉིས་སུ་མི་འཛིན་སེམས་ཀྱི་གདམས་ངག་ཡིན།། ་ནའཁོར་འདས་གཉིས་སུ་མི་འཛིན་སེམས་ཀྱི་གདམས་ངག་ཡིན།། གདམས་ངག་བསྟན་པའི་ལེའུ་སྟེ་བདུན་པའོ།། ། ཡང་ལ་དྨོ་ལཱ་ཡང་གསུམ་ཡོད་དེ།། སྐུ་སིལ་ཟློ་བསྐ། ་བ་དང་།། གསུང་གི་ལ་ཟློ་བསྟན་པ་དང་།། ཡུལ་གྱི་ལ་ཟློ་བསྟན་པ་དང་།། སེམས་ཀྱི་ལ་ཟློ་བཞིན་དུ་བསྟན།། སྐུ་ཡི་ཟློ་བསྟན་པ་ནི།། སྐུ་ཡིས་རང་བཞིན་གསལ་ཀྱང་དེ་ལ་ཞེན་ལྡི་མེད།། ་སྐུ་རུ་མི་འདོགས་དང་གསལ་ཆེན་པོར་སྡོང་།། གསུང་ནི་སྨྲ་དང་བརྗོད་པའི་ཡུལ་ལས་འདས།། གསུང་ཀྱང་རང་གིསལྔ་དེ་ཡིས་དང་ལ་སྤྲོ།། ཡུལ་གྱི་རང་བཞིན་ཁ་དོག་གསལ་མོ་ཀྱང་།། ་ཁཾ་དོག་ལྔ་རུ་མི་འཛིན་གསལ་གའི་ངང་ལ་སྡོད།། སེམས་ཀྱི་རང་བཞིན་བསྟན་པ་ནི།། འགྱུ་བ་རྒྱུན་བཅད་གསལ་བའི་དཔལ་སྡོད།། དེས་ན་སྟོང་པ་སྒྲོན་མའི་སྙིང་པོ་གས་ལ།། སྙིང་པོའི ་འོད་ཀྱི་ཁང་བུར་གསལ།། འོད་ལ་མཐའ་མེད་ཡེ་ནས་གསལ་བ་ཡིན།། གསུང་ཀྱང་རང་བཞིན་མེད་དེ་ཆུ་ཡི་ཟླ་བ་འདྲ།། མགོ་བ་ལ་ཚིག་གི་མཚོན་པ་སྟེ།། སྦྲུ་ལ་མིང་མེད་མིང་དང་ཡིན་བྲལ ་གསུང་ལ་མིང་མེད་མིང་དང་ཡེ་ནས་བྲལ།། ཐུགས་ལ་མིང་མེད་མིང་དང་ཡེ་ནས་བྲལ།། ཡུལ་ལ་མིང་མེད་མིང་དང་ཡེ་ནས་བྲལ།། མིང་དུ་བརྗོད་ན་རྡོ་རྗེ་སེམས་པས་བརྗོད་ཀྱང་བཀའ། ་བརྗོད་པ་བྱ་བའི་གཞི་ལ་ཡེ་ནས་འདས།། རྩི་འདབ་གཉིས་ལས་ཡེ་ནས་འདས།། གདགས་གཞིའི་ཡུལ་ལས་ཡེ་ནས་འདས།། སྤངས་རྒྱས་བྱ་བ་ཙམ་མམ་མྱ་ངན་འདས ་པ་བྱ་བར་གདག་སུ་མེད།། ལ་ཟླ་བ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། ཡང་ལྟ་བ་བསྟན་པ་ལ་ཡང་རྣམ་གསུམ་སྟེ།། ལྟ་བ་རྒྱུན་མི་འཆང་དུ་བསྟན་པ་དང་།། དགེ་བ ་ཕན་མི་ཐོགས་པར་བསྟན་པ་དང་།། སྡིག་པས་གནོད་པ་སྐྱལ་ཏུ་མེད་པར་བསྟན་པའོ།། དེ་ལ་ལྟ་བ་རྒྱུན་མི་འཆད་དུ་བསྟན་པ་ནི།། དཔེར་ན་སྒོག་སྐྱེའི་དྲི་བཞིན་དུ།། རང་ལ་ཡེ་ནས་ཡོད ་པས་འདུ་འབྲལ་མེད།། དེ་བཞིན་རིག་པ་ཆོས་སྐུ་ཡང་།། གཏིང་གསལ་ཡེ་ནས་ཡིན་པས་འདུ་འབྲལ་མེད།། ད་ལྟ་གདོས་པའི་ལུས་འདུག་ཀྱང་།། གཏིང་གིས་ལ་ཆུ་བོའི་གཞུང་དང ་འདྲ། ཆད་པ་མེད་ཅིང་ཟད་པ་མེད།། གསལ་བའི་ངང་ལ་སྟོང་བྲལ་མེད།། དེ་ལྟ་བུའི་གཏིང་གསལ་ལ།། ཡོན་ཏན་ཆེན་པོས་བརྒྱན་དུ་མེད།། སྐྱོན་ཡོན་གཉིས་ལཱས་འདས་པ་ཡིན།། དགེ ་བས་ཕན་མི་ཐོགས་པར་བསྟན་པ་ནི།། འདུས་བྱས་དགེ་རྩ་མང་ཡོད་ཀྱང་།། ཆོས་ཀྱི་སྐུ་ལ་བསྣུན་དུ་མེད།། དཔེར་ན་ཆུ་ཡི་ཟླ་བ་ལ།། སྐར་ཀྱ་སྦྱར་ཀྱང་འབྱར་མི་སྲིད།། ཟིན་པའི་ཐབས ་མེད་སྦྱར་བའི་ཐབས་མེད་པས།། སྦྱོར་མཁན་ཆེ་ཚད་དོན་མེད་འགྱུར།། དཔེ་མེ་ཏོག་ཁ་ཐོག་དབྱིངས་ལྡན་ལ།། མེ་ཏོག་རང་བཞིན་ཡེ་ནས་བཅོས་མ་དགོས།། མེ་ཏྲོག་སྣ་གྲངས་མང་པོ ་སྦྱར་ཀྱང་འབྱར་མ་སྲིད།། མེ་ཏོག་སྣ་གྲངས་མང་པོ་བཙལ་བས་སྡེར་གྱི་མང་པོ་བྱིབས།། དེ་བཞིན་རིག་པ་ཆོས་སྐ་ལས།། འདུས་བྱས་ཆོས་རྣམས་སྤུར་ཀྱང་མི་འབྱར་ཏེ།། བྱས་པའི ་ཆོས་ཀྱིས་བྱུང་བའི་ཆོས་བསྣམས་ནས།། བྱེད་མཁན་ཆེ་ཚད་འཁོར་བར་འཁྱམས་པར་འགྱུར།། དེས་ན་དགེ་བས་ཕན་མི་ཐོགས་པའོ།། སྡིག་པས་གནོད་མི་ནུས་པར་བསྟན་པ་ནི།། དཔེ ་ནུ་ཆུ་འདྲ་བའི་སྐུ་ཉིད་ལ།། མེ་ཡིས་བསྲེགས་བྱས་ཆུ་ཡིས་བཤིག་བྱས་ཀྱང་།། མེ་ཡིས་མི་ཚིག་ཆུ་ཡིས་མི་འཇིག་གོ།། མདའ་མདུང་མཚོན་ཐུང་རྒྱབ་ཀྱང་འཕྲོག་པའི་ཀླ་ག་སྭ ་མེད་ལྟ་རེ།། དེ་བཞིན་རིག་པའི་ཚེ་སྐུ་ཡང་།། མི་ཡཽས་མི་འཇིག་ཆུ་ཡི་མི་འཇིག་གོ།། མདའ་ཐུང་མཚོན་ཐུང་རྒྱབ་ཀྱང་འཕོག་པའི་ཀླགས་མེད་པས།། སྡིག་པས་ཆོས་ཀྱི ་སྐུ་ལ་མི་ཕྲེད་དགེ་བས་མི་བསྣོན་ནོ།། སྐུ་དང་ཡཾས་རྟོགས་ཀྱི་རྣལ་འབྱོར་ལ།། ཤིང་ཕུང་ཆེན་མེ་ཕུང་ཆེ།། དུག་ལྔ་རྒྱས་ན་ཡཻས་རྒྱས།། དུག་ལྔའི་འཛིན་པ་ཁ་ལ་མེད།། སྔར་འགྱུ ་རྗེས་ཉིད་མི་རྗོང་།། སྐད་ཀྱི་བྱོན་པའི་ཐུན་མི་འསུ།། ཤུགས་ལས་བྱུང་ན་པ་ཡང་གསོ་ཤཱ་ག་བྱུང་།། ཤཱག་བྱུང་སྤྱོད་པ་མ་ཡིན་པ།། བྱས་པའི་ཆོས ་སྤྱོད་མི་སྲིད།། དེས་ནི་ལྟ་བ་ཆེན་པོ་ཡིན།། ལྟ་བས་བསྟན་པའི་ལེའུ་སྟེ་དགུ་པའོ།། །། བསྒོམ་པའི་མཚན་ཉིད་བསྟན་པོ་ནི།། སྒོམ་པ་ལ་གཉིས་ཡོད་དེ།། ་བྱས་པའི་སྒོམ་པ་བསྟན་པ་དང་།། བྱུང་བའི་སྒོམ་པ་བསྟན་པའོ།། བྱས་པའི་བསྒོམ་པ་བསྟན་པ་ནི།། ཡིག་འབྲུ་ལ་སོགས་པདྨ་འདབ་བརྒྱད་དང་།། ཧཱུཾ་དང་བྲུཾ་དང་ཡིག་འབྲུའི་རྒྱུ་ལ ་བསྐྱེད་པ་དང་།། ལྷ་ཡི་སྐུ་དང་ཕྱག་མཚན་བསྒོམ་པ་དང་།། སེམས་ཉིད་དགུག་དང་འདྲིལ་བ་དང་།། གཏན་དུ་སྤྲོ་བསྡུ་བྱེད་པ་རྣམས།། དེ་རྣམས་བྱས་པའི་བསྒོམ་པའོ།། བྱུང་བའི་བསྒོམ ་པ་བསྟན་པ་ནི།། ཆོས་སྐུ་འོད་གསལ་ཤུགས་ལ་བྱུང་བ་ལས།། དཔེར་ན་སོག་ཕོན་ཐག་པ་བཤིག་པ་བཞིན།། ལུས་སེམས་ཆ་སྐོམ་སློང་ལ་བཞག། དཔེར་ནཱ་རྒྱ་མཚོ་རྫི་ཡིས་མི་བསྐྱོད་བཞིན།། ་ཚེ་སྐུ་ཁ་དོག་དབྱིབས་ལྡན་ཏེ།། མ་བྱས་ཤུགས་ལས་དྲན་པའི་ཚེ།། ལུ་སེམས་ཆ་སྙོམས་མེ་རེ་བཞག། རིག་པའི་ཐོལ་ཕྲས་མི་དགུག་པར།། སྔར་འདས་རྗེས་ཉིད་མི་གཅོད་པར།། སྔར་གྱི་སོ ་ལ་མེ་རེ་བཞག། མི་སྤྲོ་མི་དགུག། མི་གནན་མི་འདྲེག་གལ་མི་ཆེད་དུ་བཞག། བྱིང་ཞིང་སྤྲུགས་པར་གྱུར་པ་ན།། ལུས་པོ་བསྐུལ་ཞིང་མིག་རྩལ་གདེག། དེས་ཀྱང་མ་ཐུབ་བྱིང་འགྱུར་ན།། འདུ།། ་བ་སྤོང་ཞིང་ལྟ་གླུ་བླང་།། རྒོད་ཅིང་ཡུལ་ལ་འཕྲོ་བ་ནི།། རང་གི་སྔོན་གྱི་ས་ལ་བལྟ།། དེས་ཀྱང་རྒོད་པ་མཆོད་ན།། མཐེ་བོབ་གཉིས་དང་འཛུབ་གུད་གཉིས།། རྩེ་སྤྲད་པདྨའི་རྒྱ་གར་དུ།། སེཾ་ས ་ཉིད་གཏད་ལ་ཡན་དུ་བཞུག། རྒན་མོ་འཛུབ་ཚུགས་ཀྱི་གཞག་ཐབས་ཞེས་བྱའོ།། བསྒོམ་པ་བསྟན་པའི་ལེའུ་སྟེ་བཅུ་པའོ།། །། སྤྱོད་པ་ལ་ཡང་གཉིས་ཡོད་དེ།། ་རྣམ་རྟོག་ཡུལ་ལ་སྤྱོད་པ་དང་།། ཆོས་ཉིད་ཟབ་མོ་སྤྱོད་པའོ།། རྣམ་རྟོག་ཡུལ་ལ་སྤྱོད་པ་ནི།། འདོད་ཆགས་ཞེ་སྡང་གཏི་མུག་ཀྱང་།། རྣམ་རྟོག་ཡུལ་ལ་སྤྱོད་པ་ཡིན།། དགེ་བཅུ་འཛིན་པར་སྤྱོད ་བ་ཡང་།། རྣམ་རྟོག་ཡུལ་ལ་སྤྱོད་པ་ཡིན།། མཚན་མའི་ལྷ་ཚོགས་བསྒོམ་པ་ཡང་།། རྣམ་རྟོག་ཡུལ་ལ་སྤྱོད་པ་ཡིན།། བསྡུས་ནས་བྱས་པའི་ཆོས་རྣམས་ཀུན།། རྣམ་རྟོག་ཡུལ་ལ་སྤྱོད་པ ་ཆོས་ཉིད་ཟབ་མོར་སྤྱོད་པ་ཡིན།། གཏིང་གསལ་ཆེན་པོའི་རང་བཞིན་ཏེ།། ཁ་ཙམ་ཚིག་ཙམ་མ་ཡིན་པར་རང་ལ་ཡོད་པར་ཤེས།། གཏིང་གསལ་དེ་ལ་སྤྱོད་པ་ལྟ་བའི་སྤྱོད་པར་ཤེས།། གཏིང་གས་པ ་དེ་ལ་གནས་པ་བསྒོམ་པའི་སྤྱོད་པར་ཤེས།། གཏིང་གསལ་དུས་མེད་དྲན་པས་ཡེང་མེད་སྤྱོད་པར་ཤེས།། དེ་ལྟར་རྟོགས་པས་འབྲས་བུ་ལམ་དུ་ཁྱེར།། ཁྱེར་ཀ་ཞེས་པས་ཤེས ་རབ་ལམ་དུ་ཁྱེར།། ཤུགས་ལས་བྱུང་ན་ཅིར་ཡང་སྤྱོད་པར་བསྟན།། ཤུགས་ལས་མ་བྱུང་ཚུལ་འཆོས་མི་བྱའོ།། དེ་ལྟར་ཤེས་ན་སྤྱོད་མཆོག་དམ་པ་ཡིན།། སྤྱོད་པ་བསྟན་པའི་ལེའུ་སྟེ་བཅིག་པའོ།། ་འབྲས་བུ་ལ་ཡང་གཉིས་ཡོད་དེ།། བྱས་པའི་འབྲས་བུ་བསྟན་པ་དང་།། བྱུང་བའི་འབྲས་བུ་བསྣུན་པའོ།། བྱས་པའི་འབྲས་བུ་རྣམ་གསུམ་སྟེ།། ཞི་གནས་བསྒོམ་པའི་འབྲས་བུ་སྐྱེ ་མཆེད་མུ་བཞིའི་ལྷ།། བཟོད་པ་བསྒོམ་པའི་འབྲས་བུ་སུམ་བཅུ་རྩ་གསུམ་ལྷ།། ཞེ་མེད་ཁྲོ་གཏུམ་ཆེ་བ་ལྷ་མ་ཡིན་གྱི་གནས།། ཚུལ་ཁྲིམས་དག་པར་བསྲུངས་ན་མི་ལུས་གཙང་མར་སྐྱེ།། གཏི ་མུག་གཉིད་ལ་དགའ་བས་བྱོལ་སོང་མུན་པའི་གླིང་།། སེར་སྣ་རྟག་ཏུ་ཆེན་ཡི་དགས་གནསུ་སྐྱེ།། རྟག་ཏུ་སྡིག་ལ་དགའ་ན་མནར་མེད་དམྱལ་བར་ལྟུང་།། བྱས་པ་ཡོད་ལ་འབྲས་བུ་འོང་།། བྱས ་བའི་འབྲས་བུ་འགྱུར་བ་ཆེ།། འབྲས་བུ་དེ་ལ་རྟེན་པར་མི་བྱའོ།། སྡིག་པ་བྱས་པས་ངན་སོང་གསུམ་དུ་ལྟུང་།། དགེ་བ་བྱས་པས་མཐོ་རིས་གསུཾ་དུ་གོལ།། གོལ་ས་དེ་ལ་རྟེན་པར་མི་བྱའོ།། བྱུང་བའི ་འབྲས་བུ་བསྟན་པ་ནི།། གཏིང་གསལ་འགྱུར་བ་མེད་པས།། སྐུ་ཡི་འབྲས་བུ་ཡིན།། གསུང་ལ་འགགས་པ་མེད་གསུང་གི་འབྲས་བུ་ཡིན།། ཐུཊ་ལཱ་སྐྱེ་ཤི་མེ་དུ་པས་ཐུཊ་ཀྱིས་འབྲས་བུ་ཡིན།། ཡུཏ། ་ལ་མཐོ་མན་མེད་པས་ཡུལ་གྱི་འབྲས་བུ་ཡིན།། དེ་བཞིན་བྱས་པའི་ལྷུན་གྲུབ་མ་ཡིན་བྱུང་བའི་ལྷུན་གྲུབ་ཡིན།། བྱས་པའི་ལྷུན་གྲུབ་བརྗོད་པས་མི་ལང་སྟེ།། བསྡུས་ན་ལྔ་བཅུ་ཐམ་པ་ཡོད།། ་ལྔ་བཅུ་པོ་ཡང་འགྱུར་བའི་ཆོས།། འགྱུར་ཆོས་དེ་ལ་ཡང་རྟེན་པར་མི་བྱའོ།། འབྲས་བུ་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། རྟོགས་པའི་ཚད་བསྟན་པ་ནི ་གཏིང་གསལ་ཆེན་པོའི་དོན་ནི་ཇི་རྟོག་ཀྱང་།། ངས་རྟོགས་གཞན་གྱི་མ་བཏོག་མུ་ནོ་བ་མི་སྐྱེ་ཞིང་།། ང་ཁྱོད་གཉིསུ་མི་འཛིན་ན།། རྟོག་ཚད་ཡིན་ནོ།། རིག་བརྐྱང་དེད་མི་བྱ་བར།། ལུས་སེམས ་ཡུལ་དང་གསུཾ་ཆོད་རྩམ་ན།། ཡིད་ཆེད་ནང་ནས་ཤར་ཙམ་ན།། ཕྱིའི་བླ་མ་མི་འཚོལ་བར།། ནཱང་གི་བླ་མ་ཉིད་དང་མཇལ།། སྣང་སྲིད་འདི་དག་དཔེ་ཅར་ཁྲེལ་རྩམ་དུ།། དེ་ནི་རྟོཌ་པའི་ཚད་ཡིན་ནོ།། ་བདུད་ཀྱི་རྒྱལ་པོས་འཛིན་བའི་མཚོན་ཐོར་ནས།། གསོད་བའི་ཚུལ་སྟོན་ཡང་སྐྲག་ཅིང་སྡང་བ་མི་འབྱུང་ན།། རྟོར་པའི་ཚད་ཡིན།། ཕ་དང་མ་དང་གཉིས་བདུན་སྤོགས་སྒྱུ་མ་ལྟ་བུར་ཤེས་ཤིང་རང་ལ ་ཐག་ཆོད་ན་དེ་ཡང་རྟོན་པའི་ཚད་ཡིན།། རྫས་དགྲ་དང་བུ་རུ་སྣང་བ་འདི།། སྒྱུ་མ་ལྟ་བུར་རྟོག་ན་ཤེས་པའི་ཚད་ཡིན།། རྡོར་ཚད་བསྟན་པའི་ལེའུ་སྟེ་བཅུ་གསུཾ་པའོ།། ་སྨོན་ལམ་གདབ་པ་བསྟན་པ་ནི།། ནོར་བུ་དྲི་མ་མེད་པའི་གདམ་ངག་འདི།། འགྲོ་བའི་དབང་པོ་ཕྱི་ན་བལྟས་པ་རྣཾས།། རང་གི་སེམྦ་ཉིད་བལྟ་ཞིང་རང་ཉིད་གྲོལ་བར་ཤོག། སེཾན་དམྱལ་བའི་སྡུག་བསྔལ ་མི་བཟང་རྣཾས།། རྨི་ལཾ་ལྟ་བུར་ཤེས་ཤིང་རང་ཉིད་གྲོལ་བར་ཤོག། འགྲོ་བའི་སྡུག་བསྔལ་མ་ལུས་འདི་དག་ཐ་ད་ཀུན།། མ་ལུས་ཡོངསུ་བྱང་བར་ཤོག། སྤྲིན་མེད་མཁའ་ལ་ཉི་ཤར་རྡོ་བཞིན་དུ།། ཡིས་ནང ་ནས་གསལ་བ་འཆར་བར་ཤོག། ནག་པོ་ཁ་འབྱམ་རིག་པརྐྱང་དེང་བྱེད་པ་རྣཾས།། མན་ངག་འདིའི་སྒོ་རུ་འཇུག་པར་ཤོག། སྨོན་ལཾ་བཏབ་པའི་ལེའུ་སྟེ་བཅུ་བཞི་པའོ།། ། ནོར་གྱི་མཚན་ཉིད ་འདི་ལྟ་སྟེ།། གསེར་དང་ཟངས་ལྕགས་ལ་སོཊ་པ་ལ།། རིན་ཆེན་སྣ་ལྔར་བཏཊ་ནས་ཅེས་པའི་མཛོད་དུ་འཛུད།། མ་ན་ཤེལ་མེ་ལོང་ལྟ་བུར་དག་པས་བྱིས་པའི་རྩེད་མོ་བྱེད།། ནོར་ངོ་མ་ཤེ་སེ་སྲ་ཅན་སྙིང་རེ་རྗེ།། ་གཏིང་གསལ་ཆེན་པོ་རང་ལ་ཡོད་པ་མི་མཐོང་བར།། རིག་བརྐྱང་དེར་བྱེད་ཅིང་སེམྦ་ལ་སཏྱས་རེ།། བསྡང་བས་ཕན་མེད་ཟེར་ཞིང་སངས་རྒྱས་གཞན་ནས་འཚོལ།། སངས་རྒྱས་གཞན་ནས་བཙལ་བས་མི་རྙེད།། ་རང་ངོམ་ཤེསས་ཅན་སྙིང་རེ་རྗེ།། ཡུལ་གྱི་རང་བཞིན་གཏིང་གསལ་ཆེན་པོ་ལ།། འབྱུང་བ་ལྔའི་དཀྱིལ་འཁོར་གཡང་སར་མཐོང་།། ཡུལ་ངོམ་ཤེས་སེན་སྙིང་དེ་རྗེ།། ནོར་བུ་དྲི་མ་མེད་པའི་རྒྱུད ་ཅེས་བྱ་བ་རྫོགས་སོ།། །་