| Wylie | e-texts produced with BDRC’s OCR application |
རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་བཞུག་སོ།། ་རྒྱ་གར་སྐད་དུ། རཏྣ་པ་ཏྲེ་ཤ་ཨ་གྷ་ཏྲ་རྩི་ར་ཡ་ཙཀྲ་ཏན་ཏྲ་ཛ་ཧི་ནཱ་མ། བོད་སྐད་དུ། རིན་པོ་ཆེ་གདམཱས་ངག་སྣ་ཚོགས་འཁོར་ལོའི་རྒྱུ་ཞེས་བྱ་བ། བཅོམ་ལྡན ་འདྲས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་སེམས་དཔའི་རྡོ་རྗེའི་དོན་ཡོངས་སུ་གོ་བའི་དུས་ཅིག་ན། སྟོན་པ་དགྲའ་རབ་རྡོ་རྗེ་སྤྲུལ་པའི་སྐྱེས་བུ་ཆེན་པོ ་དེ་ཉིད་སྐྱེ་འགག་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སོ།། དེའི་ཚེ་ལྟ་བརླགས་པར་རྟོགས་པའི་འཁོར་དུ་མ་འཁོད་དོ།། སྤྲུལ་པའི་བདག་ཉིད་འཇམ་དཔལ་བཤེས་གཉེན་དང་། ་རྒྱལ་པོ་དྷ་ན་ཏ་ལོ་དང་། ཐུ་བོ་རཱ་ཛ་ཧ་ཏི་དང་། གཞན་ཡང་མཁས་པ་ཉི་ཤུ་ཎྜ་གཅིག་ལ་སོགས་པ་བསམ་གྱི་མི་ཁྱབ་པའི་འཁོར་དང་གཞན་ཡང་ཡེ་ཤེས་དང་ལས་ལས་གྲུབ་པའི་མཁ་འགྲོ་མ ་ལཿའཇིག་རྟེན་དང་འཇིག་ལས་འདས་པའི་འཁོར་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སོ།། དེ་ནས་ཡང་འཇམ་དཔལ་བ་ཤེས་གཉེན་གྱི་འདི་སྐད་ཅེས་གསོལ་ཏོ།། ཀྱཻ་སྤྲུལ་པའི་སྐྱེས ་མཆོག་དགའ་རབ་རྡོ་རྗེ་ཉིད།། མོས་གུས་དད་པས་འདས་ཤིང་རང་སེམས་རྟོགས།། ལས་དང་སྐལ་བར་ལྡན་པའི་འཁོར་རྣམས་ལ།། སྡོང་ཆེན་བརྒྱད་ཀྱི་མན་ངག་དོན་བཀྲོལ་བཤད། ་ལྷུན་གྲུབ་ལྟ་བའི་དོན་བརྡར་ཤ་བཅད།། རང་སེམས་མ་བཅོས་ཆོས་སྐུར་གཏན་ལ་དབབ།། རིག་པའི་རྩལ་དུ་ཆོས་རྣམས་ཐམས་ཅད་བསྡུས།། རྩོལ་གྲུབ་མེད་པའི་ཡེ་ཤེས་ཟང་ཐལ་ལ།། ཐུག་ཕྲད་ཉིད ་དུ་ཆོས་སྐུ་དངོས་སུ་བསྟན།། མ་རྩལ་མ་བསྒྲུབས་འབྲས་བུ་ཅོག་གེ་བཞག། བཙལ་བས་མི་རྙེད་དམིགས་གཏད་མེད་པའི་དོན།། ཉིད་ཀྱི་བསྟན་པའི་འཁོར་རྣམས་མངོན་པར་དགའ།། དབང་པོ་དམན་ཅིང་ཤེས ་རབ་གཞན་པ་ལ།། དབང་པོ་ཐང་སོར་སྦྱར་བའི་གདམས་ངག་རྣམས།། དེ་ཉིད་དགྲོལ་ཕྱིར་གདམས་ངག་རིམས་པ་རྣམས།། ཉིད་ཀྱི་དགོངས་པས་མཁྱེན་ལྟར་བཤད་དུ་གསོལ།། ཞེས་ཞུས་སོ།། དེ་ནས་དག ་རབ་རྡོ་རྗེས་བཀའ་སྩལ་པ།། འཇམ་དཔལ་བཤེས་གཉེན་ད་ཉོན་ཅིག། དབང་པོ་རབ་དང་འབྲིང་གི་དོན།། མཐར་ཐུག་གོང་དུ་ང་ཡི་བསྟན།། བློ་ངན་ཤེས་རབ་ཞན་པ་ལ།། ཕན་བདགས་དགྲོལ་བའི་གདམས ་ངག་དང་།། ངོ་སྙོམས་ཟག་བཅས་གདམས་ངག་དང་།། དེ་ལ་རྟེན་འབྱུང་ཟག་མེད་ཀྱིས།། གདམས་ངག་ཅི་གསུང་ངས་བཤད་ཀྱིས།། འཇམ་དཔལ་བཤེས་གཉེན་གཟུང་བ་གྱིས། ཅེས་གསུང་ནས། རོ་སྙོམས ་བདེ་བ་དང་ཐིག་ལེ་འཁྱིལ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུག་སོ།། གདམས་དག་འ་ཁོར་ལོའི་རྒྱུད་ཕྱི་མ་ལ།། གླེང་གཞིའི་ཞུས་པ་དང་བཅས་པའི་ལེའུ་སྟེ་དང་པོའོ།། ་དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ།། བརྡའ་འམ་བྱིན་གྱིས་བརླབས་ཀྱི་ཚུལ་གྱིས།། འདི་སྐད་ཅེས་བཀའ་སྩལ་ཏོ།། གང་དག་བློ ་ན་ཤེས་ཆུང་གིས།། མཚན་མ་ཅན་ལ་རྟེན་ནས་ནི།། མཚན་མེད་ཡེ་ཤེས་འཆར་བ་ཡིན།། མཚན་མ་དག་ཀྱང་ལྔ་ཡིན་ཏེ།། རླུང་དང་ཁ་སྦྱོར་བདེ་བ་དང་།། སྐུ་ཚད་ཡིག་འབྲུའི་མཚན་མ་དང་།། གང་འཕྲོང་སྤྱོད ་ཡུལ་མཐའ་དག་གོ།། དང་པོར་རླུང་བསྒོམས་གདམས་ངག་ནི།། རྣམ་པ་བདུན་དུ་ཤེས་པར་བྱ།། གཟུང་དང་སྦྱར་དང་བཅིང་དང་སྤར།། གཡས་གཡོན་སྤོ་དང་དྷཱུ་ཏིང་གཞུག། མཐར་ཕྱིན་དག་དང་རྣམ་པ ་བདུནཿའབྱུང་དང་འཇུག་དང་གནས་པ་གསུམ།། ཧཱུཾ་དང་ཨོཾ་དང་ཨ་གཱསུམ་གྱིས།། སྒྲ་ཡི་རང་བཞིན་དག་ཏུ་གནས།། སྒོམ་པ་ཡང་ནི་འདི་ལྟར་བྱ།། རླུང་གི་དེ་ཉིད་བདག་གི་དེ།། སྔགས་ཀྱི་དེ་ཉིད་དག ་དང་གསུམ།། རྟོགས་ན་རང་སེམས་བཟུང་བར་བྱ།། ཆུང་དང་སེམས་འཛིན་བྱེད་པའི་ཚེ།། ཐུན་བཞིར་བཅད་ལ་བསྒོམས་པར་བྱ།། སྣ་སྒོ་དག་གི་བུ་གར་ནི།། རླུང་གི་ཕར་འགྲོ་ཚུར་འགྲོ་བར།། དེ་ཙམ་ཅིག ་ལ་གཏད་ལ་སྒོམ།། དེ་ལ་སེམས་མི་ཟིན་གྱུར་ན།། ཁ་དོག་གཅིག་ལ་བསླབ་པར་ནི།། དཀར་པོ་དར་གྱི་སྐུང་བ་ཙམ།། སྙིང་ཁ་རུ་ནི་བྱུང་ནས་ཀྱང་།། ཕྱི་རོལ་སོར་བརྒྱད་རྩམ་གྱི་བར།། ་དེ་ལ་སེམས་ནི་ཟིན་གྱུར་ན།། ལྟེ་བ་ནས་ནི་ཕྱི་རོལ་གྱིས།། སོར་ནི་བཅུ་དྲུག་དག་ཏུ་སྒོམ།། ཁ་དོག་ལྔ་ལ་བསླབ་པ་ཡང་།། ཤིན་ཏུ་ཕྲ་བ་དེ་བཞིན་བསླབ།། ཁོང་པ་ཁེངས་པར་སྒོམ་པ་ཡང་།། ཁོང་བཱི ་ནང་དུ་འཛུད་རྩམ་ན།། སྤྱད་པ་ཁེངས་པའི་ཚུལ་དུ་སྒོམ།། རླུང་ནི་ཕར་འགྲོའི་དུས་ཙམ་ན།། སྐུད་པ་སྟོང་པ་བཞིན་དུ་བསྒོམ།། རང་སེམས་གང་ལ་མི་འཕྲོ་བས།། རླུང་ལ་ཆགས་པར་གྱུར་པ་ན།། ་རླུང་ལ་སེམས་ནི་ཟིན་པའི་རྟགས།། རླུང་སེམས་སྦྱངས་པའི་རིམ་པ་ཡང་།། ཁ་དོག་ཕྲ་ཚད་སྤངས་ནས་ཀྱང་།། ཕྱི་ནང་འབྱུང་འཇུག་ནས་གསུམ་པོ།། ཨོཾ་དང་ཨཱ་དང་ཧཱུཾ་གསུམ་གྱིས།། སྒྲ་སྤྱིའི ་རྣམ་པ་དག་ལ་གཏད།། འབྱུང་འཇུག་བྱེད་པར་རང་ཤུགས་ལ།། མ་བཅོས་པར་ནི་སྒོམ་པ་ཡིན།། དང་པོ་ཐུན་བཞི་གཅད་ལ་བསྒོམ།། དེ་ལ་ཐུན་ནི་ཁྲིག་པར་བསྐྱེད།། འཇུག་ཏུ་ཉིན་མཚན་བསྐྱང་ལ ་བསྒོམ།། དེ་ཡང་འབྱོངས་པའི་རྟགས་རྣམས་ནི།། ཡང་ཟེར་ཆེ་ཞིང་ལུས་པོ་ཡང་།། ཇི་ཙམ་བཀག་ཀྱང་ན་ཆ་མེད།། སྟེང་རླུང་འོག་ཏུ་འགྲོངས་ཙམ་ན།། འོག་རླུང་སྟེང་དུ་འགྲོངས་པར་འགྱུར།། ཕྲ་བ་ཡང ་ནི་རྩ་བར་འགྲོངས།། རྩ་བའི་རླུང་ཡང་ཕྲ་བར་འགྲོངས།། དེ་ནི་རླུང་གི་འབྱོངས་རྟགས་ཡིན།། ཆུང་རྣམས་བཅིང་བའི་མན་ངག་ཀྱང་།། རྣམ་གསུམ་ངག་ཏུ་ཤེས་པར་བྱ།། བུམ་པ་མེ་འབྲིང་རྣམས་གསུམ།། ་བོཛྫ་ཐ་མ་རབ་ཀྱི་མན་ངག་ཀྱང་།། སྟན་བདེ་བཞི་ལ་འདུག་ནས་ཀྱང་།། ལུས་བསྲང་དཀྱིལ་ཀྲུངས་བཅས་ནས་ནི།། མ་ཡེངས་མིག་ནི་སྣ་རྩེར་གཏད།། དབུགས་ནི་ནང་དུ་བསྡམས་བྱས་ནས།། ལག་པའི ་འཐིལ་གྱིས་སྨྲས་མོ་བསྐོར།། སེ་གོ་ལཱ་རེ་རེ་བདྷབ་པ་ནི།། བརྒྱ་རྩ་བརྒྱད་ཀྱི་བར་དུའོ།། བདུན་བཅུ་རྩ་གཉིས་བུམ་པ་འབྲིང་།། སུམ་བཅུ་རྩ་དྲུག་བུམ་པ་མཐའ།། བུམ་པ་ཅན་ནི་དེ་ལྟར་བརླབས།། བཙན ་ཐབས་ངག་གི་མན་ངག་ནི།། འདྲེན་པའི་ཐིག་ལེ་བཀག་བྱས་ནས།། ལུས་ནི་དཀྱིལ་མོ་དཀྲུང་བཅས་ནས།། ཨོ་ལ་འདུད་ལྐོག་མས་མནན་ནས་ནི།། དབུགས་ནི་ཐུབ་ཚད་བསྡམ་པར་བྱ།། ཡང་ན་ག་ཡ་སུ་བཅུ ་བར་བྱ།། ཡང་ན་ཨ་ན་ཏོང་ལྟར་བར་མནན།། ཡང་ན་གཡོན་དུ་བཅུ་པར་བྱ།། སེམས་ནི་ཐུབ་ཚད་དག་ཏུ་བསྡུམ།། སྟོང་ཉིད་སྒོམས་པས། རླུང་ནད་འདི།། རང་བཞིན་དག་ཏུ་འགྲོ་བ་ཡིན།། དེས་ནི་བདེ་བ་འབད ་མེད་འབྱུང་།། རླུང་རྣམས་སྤང་བའི་གདམ་ངག་ཀྱང་།། ཨ་ལོང་རླུང་གི་དཀྱིལ་འཁོར་ཡིན།། དེ་ནི་ཡང་ཕྱི་ཡང་ཙུབ་བྱ།། འདོད་ཆགས་མོ་ནི་འབར་བར་འགྱུར།། སྟེང་ཆུང་བནན་ཅིང་འོག་ཆུང་བར།། རྩ་བའི་ནང ་སོང་བ་ཡིན།། བྱང་སེམས་ཞུ་ནས་འབྱུང་བར་འགྱུར།། གཡས་གཡོན་སྤོ་བའི་གདམས་ངག་ཀྱང་།། ཧབ་བཏབ་ནུ་མ་བཅུད་ལ་བོར།། གང་གིས་བོར་བ་དེ་རུ་འཕོ།། མོད་ཏུ་འོང་བ་མན་ངག་ཆེ།། ་འཕོ་ནས་འཆི་བ་སློངས་པ་སྟེ།། འགགས་ན་ཡང་ནི་རྣམ་པ་ཡིན།། དྷཱ་ཏིར་བཞུག་པའི་མན་ངག་ཀྱང་།། དཀྱིལ་བཀྲུང་བཅས་ལ་ལག་པས་བསྐོར།། ཁ་ནི་ཅུང་ཟད་གདངས་བྱས་ལ།། སྲོག་པ་རྩ་ཡི་ནང་ནས་ཀྱང ་ཨ་པྲ་དྷཱ་ཏི་ཞེས་བྱ་བ།། ཤིན་ཏུ་ཕྲ་བ་སྣལ་མ་འདྲ།། སྒལ་ཚིགས་ལ་རྟེན་དྷཱ་ཏི་རྟེན།། དཀ་ར་ནི་ལྷངས་ཀྱི་འོང་བར་བསམ།། ནང་དུ་འཇུག་པར་གྱུར་པ་ཡང་།། དུབགས་ནི་དེ་ལ་འོང་བར་བསམ།། ཡུད་ཙམ་ནང ་དུ་འཐེན་པར་བསམ།། གལ་ཏེ་ཆུད་པར་གྱུར་པ་ན།། མི་རྟོག་ཡེ་ཤེས་སྐྱེ་བར་འགྱུར།། རྩ་ཡི་གཡས་དང་གཡོན་ཤེས་པ།། རྣམ་པར་རྟོག་པའི་ལམ་ཡིན་ནོ།། ཨ་བུ་དྷཱ་ཏི་ཞེས་བྱ་བ།། མི་རྟོག་ཡེ་ཤེས ་ལམ་ཡང་ཡིན།། རླུང་ནི་དབང་དུ་གྱུར་པའི་ཚེ།། རྣམ་གསུམ་དག་ཏུ་ཤེས་བྱ་སྟེ།། ཐ་མ་འབྲིང་དང་རབ་ཡིན་ནོ།། བཙོན་དང་ཡང་དང་མགྱོགས་ནི།། ཐ་མ་དག་གི་ཚད་དུ་ཤེས།། ཇི་རྩམ་བཀག་ཀྱང་ནད་མེད་དང ་སྟེང་འོག་སྤོ་དང་གར་འདོད་འདྲོངས།། དབང་འདུས་འབྲིང་གི་ཚད་དུ་ཤེས།། གཡང་ལྷུང་ཆུས་ཁྱེར་འབྱུང་བའི་སྒྲས།། ཚེ་ཡི་འདུ་བྱེན་མི་ནུས་པར།། རབ་ཏུ་གྱུར་པའི་རྟགས་ཡིན་ནོ།། དེ་ལྟར་དེ་གསལ་ཤུས? ་དག་ལས། སྟོང་ཉིད་སྒོམ་ཤིང་ཡེ་ཤེས་གསལ།། རྡེགས་ལ་ཇི་རིག་བྱུང་བ་ལས།། མི་རྟོག་ཡེ་ཤེས་ཐུགས་ལ་འཆར།། ཅེས་གསུངསོ།། གདམས་ངག་སྣ་ཚོགས་འཁོར་ལོའིརྒྱུད་ལས།། རིག་པ་རླུང་ལ། ་གཏང་བའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སྤྲུལ་པའི་སྐྱེས་བུ་དགའ་རབ་རྡོ་རྗེ་དེ་ཡིས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་འདི་སྐད་ཅེས་བཀའ་སྩལ་ཏོ།། ་དབང་པོ་དམན་པའི་གང་ཟག་གིས།། ཅིག་ཆར་ཐོད་རྒལ་མི་གོ་སྟེ།། རིམ་གྱི་བདེ་བ་བསྒོམ་པ་ནི།། མི་མོ་ལ་རྟེན་འོད་རིག་དང་།། མཚན་དང་ལྡན་དག་མི་མོ་ལ།། རྟེན་པའི་མན་ངག་ལྔ་ཡིན་ནོ།། ཚོགས་དང ་གཏང་དང་བཟུང་བ་དང་།། རིམས་ཀྱི་སེམས་གཟུང་བང་ཐབས་སོ།། ཚོགས་ལ་གནས་ག་ཞེས་བྱ་བ་ནི།། ཟླ་བ་ཕྱེད་དང་ཟླ་བ་གཅིག། ལུག་ཞོ་ཤཱ་དང་ཆང་ཞིམ་པོ།། མི་ཡང་རན་པར་བཟུལ་ཏུང་བྱ།། ནཐུན ་ཤ་དག་བརྩོས་པ་དང་།། ད་བྱིད་ལྟོ་སྟོང་དག་ལ་གཏང་།། ཤ་ཆེན་ཆུ་སེར་ཕོ་གཅིག་གདོན།། བ་དམར་མོ་ཡི་འོ་མས་བཙོས།། ཤིང་ཀུན་དག་གི་འོ་མ་ལ།། ཚ་བ་གསུམ་དང་ཡ་བ་ལི།། ཆང་དང་སྦྱར་ཏེ ་ཁ་སྦྱོར་བྱ།། དེ་བཞིན་ཟོས་ན་བྱང་སེམས་རྒྱས།། ར་མོ་ཤགས་དང་མུ་ཟི་སོགས།། བཅུད་ལེན་དག་གི་ཐད་ཀྱང་།། བདེ་བ་འཕེལ་བར་བྱེད་པ་སྟེ།། དཀར་གསུམ་ཞོ་ཀྲུགས་ལ་སོགས་པ།། ཤུ་ཏྲ་རྒྱས ་པའི་ཐབས་མཆོག་སྟེ།། གཟུང་མ་དབང་གི་གསུམ་པ་ཡིན།། བླ་མས་ལག་པར་གཏང་བ་ནི།། གཏད་པས་ཤེས་རབ་མ་དེ་ནི།། ཚིགས་ཀྱང་རབ་ཏུ་བརྗོད་པའོ།། བཟུང་བ་དེ་ནི་ལམ་ཡིན།། ་རིམ་གྱི་སེམས་བཟུང་མན་ངག་ཀྱང་།། གནས་ནི་དབེན་པར་བྱས་ནས་ཀྱང་།། ཤིན་ཏུ་འཛོམ་པའི་གཟུགས་དག་ལ།། ཆགས་ཤིང་ཆགས་པའི་ལྟ་བས་བལྟ།། དེས་ནི་བདེ་བ་སྐྱེ་བར་འགྱུར།། ཚད་དུ་སྐྱོལ ་ལ་གཞན་མི་བྱ།། སྐྱེ་མེད་བདེ་བ་ཞན་གྱུར་ན།། ནུབ་མ་ཡན་ཆད་ལྟ་བར་བྱ།། དེས་ཀྱང་ཞན་ན་པདྨ་སོགས།། ལུས་རྣམས་ཐ~ཾད་ལྟ་བར་བྱ།། སེམས་ནི་ཟིན་ནས་སྐྱེད་མེད་ན།། སྟ་བོན་ལ་སོ་གྲ་འཁྲིག་པའི ་གཏམ། སྒྲ་ལ་རྟེན་ཏེ་སེམས་ནི་བཟུང་།། དེ་ལ་བདེ་བའི་སྐྱེད་མེད་ན།། ལུས་ལ་དྲི་བཟང་དག་བསྐུས་ན།། སེམས་ནི་དྲི་མ་བཟུང་བར་བྱ།། མཆོག་ཏུ་བདེ་བ་སྐྱེས་གྱུར་ཀྱང་།། ཚང་དུ་བསྐྱོལ་བར་མ་གྱུར་ན།། ་བདེ་བ་རེག་བྱ་ཉིད་ལ་བསླབ།། བུ་མེད་ཤེས་རབ་མ་དེ་ཡིས།། སྟོང་སྨད་སྐྱེད་པར་འཁྱུད་པར་བྱ།། སྐྱེད་ནས་ལག་པ་དམ་དུ་འཁྱུད།། སེན་མོ་སྐབས་སྐབས་དག་ཏུ་གདབ།། དེ་ལྟར་བྱས་པས་བདེ་བ་སྐྱེ ་དབང་པོའི་སྒོ་ནི་མི་སྨད་དེ།། སེམས་ནི་དེ་ལ་བཟུང་བར་བྱ།། དེ་ནས་རོ་སྤང་དག་ལ་བསླབ།། རྡོ་རྗེ་པདྨ་རེག་རེག་བྱ།། རིམས་ཀྱི་དེ་ལྟར་བྱས་པ་ཡིས།། བདེ་བ་ཇེ་འཕེལ་ཇི་འཕེལ་འགྱུར།། དེས་ཀྱང་མ་ཟིན་སྐྱེ ་མེད་ནཿདེ་ནས་དབང་པོ་སྒོ་སྤྲད་དེ།། ཤེས་རབ་གསང་བརྣོ་བ་དང་།། རྡོ་རྗེ་ཁ་ནི་མེབ་དང་།། ནང་དུ་སྙོམས་འཇུག་འོང་བ་སྟེ།། རྡོ་རྗེ་གསང་རྩ་བུམ་པར་ཆུད་པ་ནི།། བདེ་བརྒྱས་ནས་ཉིན་མཚན་འོངས།། ལཿ། ་གསང་ཙ་ནིམ་ཆུང་ན།། གན་རྒྱལ་ཉལ་དེ་ཚངས་རུ།། སྡོད་ཀྱང་ཁྲུ་གང་ཙམ་བཙུག་ལ།། མཁལ་མར་དར་གྱི་ཕོ་ལོང་གཞུག། གསང་ཙ་ཚལ་བུས་བྲིས་པ་ནི།། ཕྱི་བཤགས་ཨ་ལོང་ཁ་རུ་གཞུག ་དེས་ནི་ཕྱི་སྒོར་གྱི་དག་འོང་།། ཁ་སྦོལ་དག་ཏུ་གྱུར་པ་ན།། པདྨའི་རྩ་བར་བསྐུལ་བར་བྱ།། འཕྲང་གྱུར་རྡོ་རྗེའི་བུམ་པར་གཞུག། ནང་དུ་དེ་ལྟར་འགྲོགས་ལ་གཏང་།། རྡོ་རྗེ་ནང་དུ་སོང་བ་བཞིན།། ཕྱི་མའི ་བཤད་ནི་ཕྱི་རུ་གདེང་།། དེ་ནས་བསྐུལ་ཞིང་བསྐྱོད་པ་ནི།། དལ་བུས་བྱ་ཞིང་སྤྱོད་པ་གཟབ།། བདེ་བ་མི་བཟོད་བསྒྲལ་བ་བཤོལ།། བདེ་བ་ཆུང་ན་བསྐུལ་བསྐྱོད་བྱའོ།། དེ་ལྟར་བྱས་པར་གྱུར་པ་ནི།། བདེ ་བ་ལ་ནི་སེམས་ཟིན་འགྱུར།། ཤིན་ཏུ་རིང་བའི་གསང་ཙ་ནི།། སྐྱེད་པ་རྐྱལ་ལ་སྦྱོར་བ་བྱ།། གསང་རྩ་ཞན་ཅིང་ཞེ་ན་ནི།། ཁྱུང་ལྡིང་དག་གིས་སྦྱོར་བ་བྱ།། ཤེས་རབ་མ་ཡིས་རྟིང་པ་གཉིས།། སྐྱེས་པའི་ཕྲག ་གོང་གཉིས་སུ་བསྐལ།། རྡོ་རྗེ་བཅུག་ཏེ་བསྐྱོད་པར་བྱ།། རྩ་ནི་གདུངས་ན་བདེ་བ་སྐྱེ།། གཡས་སུ་ཞན་གཡོན་དུ་སྦྱར།། མདུན་དུ་ཞན་རྒྱབ་ནས་སྦྱར།། རྩ་གཉིས་གལ་ཏེ་མ་རྙེད་ཀྱང་།། སྟེང་རླུང་མནན་ཅིང ་འོག་རྒྱུང་འགུལ།། སེམས་བཟུང་ང་བ་ཟླས་འགྱོད་ཤཱར་བྱ།། བདེ་བ་སྐྱེས་ནས་བསྐྱོང་བ་བཤོལ། དུམ་དེ་དག་དེ་བསྐྱོད།། བྱུད་པ་ཚད་དུ་སྩོལ་ན་ནི།། བསྐུལ་བ་དེ་ནི་སྨྱུ་བར་བྱ། ་བདེ་བ་སེམས་ལ་ཁྱེལ་དུས་སུ།། ཅི་མཐོང་ཐ~ཾད་བདེ་བར་མཐོང་།། བདེ་བའི་ཡེ་ཤེས་ཁྱེལ་ཙམ་ན།། རང་བྱུང་ཡེ་ཤེས་རང་རྟོགས་འཆར།། ཅེས་གསུངསོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད ་ཕྱི་མ་ལས། རིག་པ་བདེ་ལ་གཏད་བའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་བཀའ ་སྩལ་པ། དབང་པོ་དམན་པའི་གང་ཟག་གིས།། སྐུ་ཚད་དག་ལ་བརླབ་བྱ་སྟེ།། བདག་གིས་མདུན་གྱི་ན་མཁའ་ལ།། ཕར་འབེན་གང་གི་ཐང་སོ་རུ།། སེམས་དཔའ་རྡོ་རྗེ་མཚོན་གང་བ།། རྣམ་པར ་སྣང་མཛད་དག་ཀྱང་རུང་།། མོས་པའི་གཟུགས་སྐུ་གང་ཡིན་པ།། དཀར་དམར་སེར་ནག་དམར་ཀྱང་རུང་།། ཁ་དོག་གསལ་ཞིང་འཚེར་བ་ལ།། སྐུ་སྟོད་དང་དཀར་སྲོག་ཞུ་ཅན།། སྐུ་སྨད་ཚིག་གུ་ཤམ་ཐབ ་ཅན། རྡོ་རྗེ་དྲིལ་བུ་ཕྱག་མཚན་བསྡམས།། རང་གི་ཕྱག་མཚན་གང་ཡིན་པ།། གདན་ལ་བཞུགས་ཤིང་གསལ་བར་སྒོམ།། ཡང་ན་རང་ཉིད་དེ་ལྟར་སྒོམ།། དེ་གསལ་མ་བཏང་ཡུན་རིང་ནས།། ཤེས་པ ་གཟིར་ཅིང་གནན་ནས་ཀྱང་།། གསལ་བར་དམིགས་ཤིང་ནན་སྟན་བྱ།། མ་གསལ་ཐབས་ཀྱི་མན་ངག་དྲུག། གནས་སྐབས་སྦྱར་ཞིང་བཏང་བར་བྱ།། དེ་ལྟར་སེམས་ནི་ཟིན་པར་གྱུར།། བརྟན་པར་གྱུར ་པའི་དྲོད་དག་ནི།། ཇི་ལྟར་སྒོམ་པགསལ་གྱུར་ནས།། མཚན་མ་གཞན་གྱི་རྟོག་མེད་ན།། མི་རྟོག་དོན་ལ་བཞག་པར་བྱ།། ཡང་ན་གང་ཡང་རུང་བ་ཡི།། དཀྱིལ་འཁོར་གཙོད་དང་སྤྲུལ་ཚོགས་དང་། ་འཁོར་ལོའི་ཆ་བྱད་གང་མོས་པ།། གཅིག་དང་མང་པོ་གང་མོས་ལ།། དམིགས་ཤིང་སློབ་པ་གོང་དང་འདྲ།། ཡང་ན་གཞུང་ནས་བྱུང་བ་ཡི།། མཚན་རྟགས་སྐུ་ཚད་མཐའ་དག་དང་།། དངོས་པོ་སྣང་དང་མི ་སྣང་བའི་གང་མོས་དག་ལ་བསླབ་པ་ཡིན།། ཅེས་གསུང་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། མཚན་རྟགས་སྐུ་ཚད་ལ་རིག་པ་གཏད་པའི་ལེའུ་སྟེ་བཞི་པའོ།། །། ་དེ་ནས་ཡང་སྟོན་པ་དགྲའ་རབ་རྡོ་རྗེ་ཡིས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་ཆུང་ཤེས་རབ་ཆུང་བས་ནི།། ཡིག་འབྲུ་དག་ལ་སླབ་བྱ་སྟེ། ་ཀ་ཁ་བཞི་བཅུ་རྩ་གཉིས་ལ།། གང་འཕྲོང་སྔོན་དུ་ལྟ་ཞིང་སྒོམ།། ཡང་ན་རང་གི་སྙིབས་དུ།། ཡི་གེ་ཨ་གཅིག་གསལ་བར་བསྒོམ།། དེ་ལ་མ་བཏང་ཡུན་བསྲིངས་པས།། བསྟན་པར་གྱུར་པའི་དྲོད་ཚད་ནི། ་ཕྱི་ནང་རྣམ་རྟོག་མི་འགྱུས་པར།། ཡི་གེའི་དངོས་པོར་གསལ་གྱུར་ན།། མི་རྟོག་དང་ལ་གཞག་པར་བྱ།། ཡང་དག་དོན་ཡི་ཡི་གེ་ལ།། འདི་དག་གསལ་ཞིང་སྒོམ་པར་བྱ།། ཧཱུཾ ་ཧྲི་ཁ་དོག་སྔོན་པོ་གཅིག། དབུགས་ཀྱི་སྣ་ལ་ཕྱིར་བྱུང་བསམ།། དེ་ཡང་བདེ་ཆེན་རྣམ་པར་བསམ།། ཨོཾ་ནི་ཁ་དོག་དཀར་པོ་གཅིག། ནང་དུ་འགྲོ་བའི་སྣ་ལལཱ་བསྒོམ།། དེ་ཡང་བདེ་བའི་རྣམ་པར་བསམ།། ་ག་ན་འདི་ལྟར་གསལ་བར་བྱ།། སྙིང་ཁར་པདྨ་འདབ་བཞི་པའི།། ཟེ་འབྲ་ཨ་དང་བཅས་པ་ལ།། འཕྲོ་འན་བྱ་ཞིང་བདེ་བར་བསམ།། སེ་མ་ས་ནི་མ་ཐན་པར་དུ་གཏ།། ཟིན་ནས་མི་རྟོག ་དོན་ལ་སྦྱར།། ཡང་ན་རང་ཉིད་གང་མོས་པའི།། སྐུ་གསུང་ཐུགས་ཀྱི་ཡིག་འབྲུ་འམ།། རྒྱ་གར་རྒྱན་གོ་ཡི་གེ་རུ།། བཞི་བཅུ་རྩ་གཉིས་བྱེ་བྲག་ཏུ།། དངོས་སུ་གསལ་དང་ཡིད་ལ ་ཆགས་རྩོམ་གཏང་སེམས་ནི་གཏང་གྱུར་ན།། ཤུགས་ལ་རང་བྱུང་ཡེ་ཤེས་འཆར།། ཅེས་གསུང་ངོ་།། གདམས་ངག་འཁོར་ལོའི་རྒྱུད་ཕྱི་མ་ལས།། ཡིག་འབྲུ་ལ་རིག་པ་གཏད་པའི ་ལེའུ་སྟེ་ལྔ་པའོ།། ། དེ་ནས་སྟོན་པ་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བློ་ཞན་ཤེས་རབ ་ཆུང་བ་ཡི།། ལྷུན་གྲུབ་དོན་ལ་སྦྱོར་འདོད་ན།། སེམས་ཀྱི་སྐྱེས་ངེས་མེད་ཡིན།། བདེ་དང་སྡུག་བསྔལ་བཏང་སྙོམས་དང་།། མི་མཐུན་ཕྱོགས་དང་དགེ་སྡིག་དང་།། ཕྱོགས་འཐུན་ཕྱི་ནུང ་སྤྱོད་ཡུལ་དང་།། དབང་པོ་ལྔ་དང་ཡུལ་དུས་དང་།། སྐྱེ་མཆེད་ཡུལ་དུ་གང་ཤར་བ།། རྟེན་ནས་ཡེ་ཤེས་འཆར་དུ་རུང་།། མི་དགེ་བཅུ་དང་མཚམས་མེད་ལྔ།། དུག་ལྔ་དྲུག་གསུམ་རྟོག་པའི་ཚོགས། ་དགེ་དང་མི་དགེའི་སྤྱོད་ཡུལ་ལ།། བརྟེན་ནས་ཡེ་ཤེས་འཆར་དུ་རུང་།། འདོད་ཡོན་ལྔ་དང་རྒྱན་ལྔ་དང་།། དགེ་བཅུ་ཕ་རོལ་ཕྱིན་བཅུ་དང་།། ཚད་མེད་བཞི་དང་འཕྲིན་ལས་བཞི།། ཆོས་དང་འཐུན་པའི ་སྤྱོད་ཡུལ་ལ།། བརྟེན་ནས་ཡེ་ཤེས་འཆར་དུ་རུང་།། སྐྱེ་བོ་ཕལ་བའི་སྤྱོད་པ་དང་།། མདོར་ན་མུ་རྟོགས་རྟག་ཆད་དང་།། བྱིས་པའི་སྤྱོད་ཡུལ་ངེས་མེད་དང་།། ལུས་དྲག་ཡིད་གསུམ་སྒོ་གསུམ་གྱིས ་གང་ཡང་རུང་བའི་སྤྱོད་ཡུལ་ལ།། གར་འཕྲོད་རང་མོས་བློ་གཏད་ནས།། མ་གཏང་ཡུན་བསྲིངས་གསལ་སྒོམ་པས།། བསྟན་པ་ཐོབ་ནས་ཡེ་ཤེས་འཆར།། ཏིང་འཛིན་མི་གསལ་སྐྱེ་མེད་ན།། ཐུན་མོང ་ཐབས་ཀྱི་ཡན་ལག་དྲུག། ཇི་ལྟར་འབྱུང་བཞིན་བརྟན་པར་བྱ།། དེས་ནི་རང་བྱུང་ཡེ་ཤེས་འཆར།། ཅེས་གསུང་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས།། ཚོགས་དྲུག་ཡུལ་ལ་གཏང ་སརྣས་ཡ་སྣོན་པ་གའལ་རྡོ་རྗེས་འདསང་བ་བ་ཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་། ་མཚན་མ་བསྒོམ་པའི་རྣལ་འབྱོར་ལ།། སྤྱི་སྐྱོན་ཁྱད་པར་སྐྱོན་དག་ལ།། བྱིང་རྒོད་རྩོལ་དང་མི་རྩོལ་དང་།། བྱིང་རྨུགས་འཛིན་ཆགས་ཐེར་ཟུག་དང་།། ཕྱལ་བདག་གི་སྐྱོན་རྣམས་དང་།། གཡེང་བ་རྣམ་པ ་དྲུག་རྣམས་ནི།། རང་བཞིན་ནང་མཚན་མ་དང་།། ཕྱི་རོལ་ཡིད་ལ་བྱེད་པ་དང་།། གནས་ངན་ལེན་གྱི་གཡེང་བའོ།། བར་དུ་གཅོད་པའི་སྐྱོན་རྣམས་ཀྱང་།། ལེ་ལོ་བྱ་བ་མང་བ་དང་།། རྒོད་དང་གཡེང་དང ་རྨུགས་པ་དང་།། འདོད་ཆེ་གཉིད་དང་རེ་བ་མང་།། དོགས་ཆེ་ཐེ་ཚོམ་ཟ་བ་དང་།། ནང་དུ་བསྡུད་དང་ཕྱིར་འཕྲོ་དང་།། སྤྱོད་པར་དགའ་དང་སེམས་འབྱུང་རྐྱེན།། ཅམོ་དགའ་ཞིང་ཡིད་འཁྲུགས་པའོ།། ཆེད་དུ ་བྱས་པའི་སྒྲུབ་པ་ནི།། སེམས་མི་གཡོ་དང་གསལ་སྙམ་བྱེད།། བདེ་བ་སྐམ་བྱེད་སྡུག་བསྔལ་སྐལ།། སྐྱེས་དང་གསལ་དང་འབྱིན་པ་དང་།། ངར་འཛིན་དང་གཞན་ལྟ་ཁྱད་དུ་གསོལ།། རང་གི་ལྟ་སྒོམ ་བསྙེམས་པའོ།། དེ་རྣམས་གཉེན་པོའི་རྩོལ་བས་གཞོམ།། མཚན་བཅས་མཚན་མོད་བསྒོམ་པ་ལ།། རབ་རིབ་ཆོད་དང་སྐུ་ཚད་འགྱུར།། ཆ་ལུགས་འགྱུར་དང་དབྱིབས་འགྱུར་དང་།། གྲངས་འགྱུར ་ཞུགས་ཚུལ་འགྱུར་བ་དང་།། ཁ་དོག་མི་སྣང་རིམ་པར་ནུབ།། མ་རྫོགས་སྐྱོན་ནི་དགུ་རུ་ཤེས།། སྐྱོན་རྣམས་བཅོས་ཏེ་བསྟན་བྱ་བ།། སྤྱི་སྐྱོན་སྤོང་བའི་འདུ་བྱེད་བརྒྱུད།། སྒོས་སྐྱོན་སོ་སོང་གཉེན་རང། ་གཞོལ།། ཐུན་མོང་གདམྦ་ངག་རྣམ་དྲུག་གིས།། སྐྱོན་རྣམས་བཅོས་ཤིང་བསྟན་པར་བྱ།། ཅེས་གསུངསོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། སྒོམ་སྐྱོན་ངོས་བཟུང་བཅོས་པར་བསྟ ་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་བཀའ་སྩལ་པ།། མཚན་མ་ལ་རྟེན་རྣལ་འབྱོར་པས ་སྐྱོན་བཅོས་ཡུན་སྲིངས་བསྒོམ་པ་ཡང་།། དེ་ལྟར་གསལ་ཐོབ་པ་ཅུང་ཟད་བསྟན།། བཟླས་བརྗོད་ཐུན་ཚད་དག་ཏུ་དབྱེ།། ནང་གི་ཐུན་ཚོང་དབུགས་ལ་རྩི།། ཕྱིའི་དབྱུ་གུས་རྩི་བ་དང་།། གྲིབ་མ་གྲངས་ཀྱིས ་བཅིས་པ་དང་།། དེ་ལ་ཉིན་ཞག་ཕྲུག་ཅིག་ལ།། ཐུན་ཚོང་དག་ནི་བརྒྱད་དུ་བྱུང་།། བཞི་བཞི་དག་ཏུ་མཉམ་པ་ནི།། ཉིན་མཚན་རིང་ཐུང་མཉམ་པའི་དུས།། རིང་ཐུང་ཅན་གྱི་ཐུན་ཚོང་ནི།། ཉི་མ་རིང་ཐུང་ཉི་མ་ལ ་ཐུན་ཚོང་དག་ནི་མང་བས་རྩི།། དེ་ལ་ཐུན་གྲངས་དགོས་པ་ནི།། ཁམས་མི་འཁྲུག་དང་བསྒོམ་ཚོད་ཟིན།། ཡིད་མི་འཁྲུག་དང་ཏིང་འཛིན་བོགས།། ཞག་བདུན་དང་ནི་ལྔ་དང་གསུམ།། ཇི་རིང་ཇི་རིང་ཟླ་བ་ཕྱེད ་ཟླ་བར་གནས་ནི་ནུས་པའོ།། མ་བདེ་བླ་མའི་དྲུང་དུ་བསླབ།། མདོར་ན་ཐུན་ཚོང་ཅིང་བསྟན་ཀྱང་།། མ་སུན་པ་དང་ཚོད་ཟིན་དང་།། རྟོག་པ་ཅིར་ཡང་མི་རྒྱུ་དང་།། གསལ་དང་མི་གཡོ་སྐད ་ཅིག་དང་།། ཡུང་ཙམ་ཇི་རིང་ཇི་རིང་བསྲིངས།། ཐུན་བཞི་ཆ་གསུམ་ཆ་ཕྱེད་དང་།། ཐུན་རིངས་དང་ནི་ཉིན་ཞག་དང་།། ཟླ་བ་ལོ་དང་བསྐུལ་བ་དང་།། མ་བརྟན་པར་དུ་བསྲིངས་པར་བྱ།། བརྟན་ནས་རང་བྱུང་ཡེ་ཤེས ་འཆར། ཅེས་གསུང་སོ།། གངམ་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས།། སྐོམ་པའི་ཐུན་ཚོང་བཟུང་བའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེས་འཇམ ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྒོམ་པའི་དམ་ཚིག་ཁྱད་པར་ནི་མན་ངག་སྟོན་པའི་བླ་མ་ལ།། གདུང་བ་བར་མི་གཅད་པ་དང་།། ཏིང་འཛིན་འཐུན་བརྟེན ་མི་ཐུན་དོར།། འགྲོ་བ་ལམ་དུག་ཉལ་སྤྱོད་ལམ་བཞི།། ཏིང་འཛིན་ཡལ་བར་མི་གཏང་དང་།། ཡིད་མི་གཡོ་དང་མཐར་དབྱུང་དང་།། གང་བསྒོམ་ཏིང་འཛིན་གསང་བའོ།། དེ་ལྟར་རྟོགས་གོམས་ཡེ་ཤེས་འཆར། ་ཅེས་གསུང་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། སྒོམ་པའི་དམ་ཚིག་བསྟན་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས།། འཇམ ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་བཀའ་སྩལ་ཏོ།། དོན་སྦྱོར་བློ་ནི་ཆེ་བ་ཡིན།། གདོད་ནས་གཉིས་མེད་སྐུ་རུ་སྒོམས།། ལྷ་བསྒོམ་ཐུན་རྒྱང་ནུས་བརྟན་དང་།། བདག་གི་ལུས་ཉིད ་གང་བསྒོམ་བརྟན།། ཆུ་ཟླ་འམ་མཛའ་ཚོན་སྒྱུ་མར་གསལ།། དེ་བརྟན་བདག་ཉིད་ལ་སྤྱོད་དེ།། འདི་དག་དང་པོར་གང་ནས་བྱུང་།། ད་ལྟར་རང་བཞིན་ཅི་ཞིག་ཡིན།། ཕྱི་མ་ཅི་འགྱུར་ལོ་རྒྱུད་དཔྱོད།། དང་པོ་གང ་ནས་མ་བྱུང་སྟེ།། ཆུའཁྱགས་ཆབ་རོམ་གྱུར་པ་འམ།། གསེར་དབུལ་ལུགས་སྐུར་འབྱུང་བ་ལྟར།། བདག་སེམས་རྣམ་ཤེས་ཚོགས་བརྒྱད་ཀྱང་།། ཡེ་ཤེས་ལྔའི་ངོ་བོར་སྣང་།། དེ་ལྟར་རང་བྱུང་ཡེ་ཤེས་ཉི ་རང་སེམས་འབྲས་བུའི་ངོ་བོར་བྱུང་།། གཞན་ནས་འོད་མེད་འགྲོ་བ་མེད།། རིག་པའི་ཆོ་འཕྲུལ་ཅིར་ཡང་འཆར།། ཤར་བ་ཉིད་ནས་ཡེ་ཤེས་སྐུ།། སེམས་ཉིད་སྣང་བ་ཐེར་ཟུག་མེད།། འདུས་མ་བྱས་ཉིད་འདུ ་བྱས་སྣང་།། ལྟར་སྣང་བའི་རང་བཞིན་ཀྱང་།། སེམས་ཀྱི་ཇི་ལྟར་བསམ་ལྟར་ཤར།། ཇི་ལྟར་སྣང་ཡང་རང་སྣང་ལས།། གཞན་པ་གང་ཡང་མེད་པ་སྟེ།། གཞན་ནས་འོད་དང་བཞག་པ་མེད།། ཅི་བསྒོམས་གཞའ ་ཚོན་ཚུལ་ཤེས་བྱ།། གསལ་ལ་རྟོག་པ་མེད་པར་བསྒོམས།། ཡང་ན་ཚུ་ཟླའི་ཚུལ་ཤེས་ཏེ།། སྣང་ལ་རང་བཞིན་མེད་པ་ཡིན།། དོན་ལ་ཡུལ་མེད་རིག་པར་སྣང་།། ཞེན་ཅིང་སྣང་བའི་རང་བཞིན་མེད།། ཡུལ་དང ་བྲལ་བས་ཞེན་མི་རུང་།། སེམས་ལ་ཁ་དོག་དབྱིངས་མེད་དེ།། སེམས་ལ་ཕོ་མཚན་མོ་མཚན་མེད།། ཅི་ཡང་མེད་པ་མ་ཡིན་ཏེ།། རིགས་རྒྱུད་ངེས་པར་རྟོགས་པ་མེད།། མེད་པའང་མིན་ཏེ ་ཀུན་ཏུ་སྣང་།། སྣང་ཡང་རང་བཞིན་འདི་འདྲ་མེད།། ཅེས་གསུངསོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། དོན་སྦྱོར་ཡིད་ཆེས་ཀྱི་ལེའུ་སྟེ་བཅུ་པའོ།། །། ་དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས་འཇམ་དཔལ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རྟག་པ་གཅེར་བུར་བྱུང་བ་དང་།། རྒྱ་མཚོར་རྒྱལ་དང་ཁྲུས་བྱེད་རྨི།། མེ་སྲེགས ་རླུང་གི་གཡེངས་ལ་སོགས།། མཚན་མ་བྱང་བའི་ལྔ་ལྟས་ཡིན།། སྒྲས་འཛེགས་ལྗོན་ཤིང་ཛེགས་པ་དང་།། མཆོད་རྟེན་འཛེགས་སོགས་རྨི་བ་ནི།། ས་ཐོབ་བརྟན་པའི་ལྔ་ལྟས་ཡིན།། ཁྲི་གདུགས ་འཁོར་ལོར་འདུག་པ་དང་།། སེང་གེ་གླང་ཆེན་བཞོན་པ་དང་།། གཟུགས་བརྙན་ཞལ་འཛུམ་རོལ་མོའི་སྒྲ།། སེངྒེའི་སྒྲ་ཐོས་ལུང་བརྟན་རྟོགས།། མཚན་མ་ཅན་ལ་སློབ་དུས་སུ།། རྨི་ལམ་བཟང་པོ་བྱུང་ན ་ཡང་བྱ་དགའ་དང་བྲོད་པ་མི་བྱའོ།། ཅེས་གསུངསོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས།། ཞི་གནས་རྨི་ལྟས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། ་ན་དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས་འཇམ་དཔལ་བ་ཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཞི་གནས་སེམས་སྣང་འཛིན་དུས་སུ།། གོམས་ཤིང་བརྟེན ་པའི་དྲོད་ཚད་ནི།། གཡོ་དང་དྲོད་ཐོབ་བརྟེན་པ་དང་།། ཕྱི་དང་ནང་དང་གསང་བའི་དྲོད།། རྡུལ་ཕྲན་སྐར་མ་ཟླ་ཚེས་དང་།། ཡི་གེ་ཕྱག་མཚན་སྐ་ལ་སོགས།། སྤྱོད་ཡུལ་གང་བར་མཐོང་བ་དང་།། མེ ་ཆུ་རླུང་དང་ཁ་དོག་དང་ལྡལྔ།། སྐྱེ་མཆེད་དག་ཏུ་མཐོང་བ་དང་།། དབུགས་ནི་རྒྱུ་བར་མི་ཚོར་དང་།། སྤྱོད་ཡུལ་རྒྱུ་མར་མཐོང་བ་དང་།། རྒྱུད་ལ་སྙིང་རྗེ་ཆེན་པོ་སྐྱེ།། སྤྱོད་ཡུལ་གང་མཐོང་ཡེ་ཤེས་འཆར ་རྟགས་ནི་གཡོ་ཐོབ་བསྟན་པ་དང་།། རིམ་པ་དག་གིས་འབྱུང་ན་ཡང་།། འོད་འབྱུང་ལྷ་ཡི་ཞལ་འཛུམ་དང་།། གཡོ་འཕུར་འོད་བྱུང་མང་བ་དང་།། ཁམས་ལ་སྐྱེད་འབྲི་མེད་པ་དང་།། ཤིག་དང ་ན་ཚ་མི་ཚོར་དང་།། གཉིད་ཆོམས་ཁམས་ཀྱི་ཟས་དང་བྲལ།། སྙིང་རྗེ་ཆེ་དང་ཆགས་པ་ཆུང་།། ཕྱོགས་རིས་མེད་དང་དམ་ཚིག་ཆེ།། བླ་མ་མཆེད་ལ་གདུང་བ་དང་།། ཀུན་ལ་ཉེ་རིང་མི་བྱེད་ཅིང་།། འབྲས ་བུ་དག་ལ་རེ་བ་མེད།། དེ་ལ་སོགས་པ་མང་དུ་འབྱུང་།། དགའ་དང་བྲོད་པ་སྐྱེད་མི་བྱ།། ཉམས་ཀྱི་ཕྱག་རྒྱས་རང་དོན་སད།། བླ་མའི་སྤྱན་སྔར་ཞུ་བར་བྱ།། ཅེས་གསུང་སོ།། གདམས་ངག་སྣ་ཚོགས ་པའི་འཐོང་རྣམས་འདྲེག་པ་གྱུ་ཏེའུ་ས། ས་ཐགས་ཀྱི་ན་འབྱོར་ནི་མན་པ་དནས་ཡང་སྟོན་པ་དགའ་བ་རྡོ་རྗེ་ཡིས་འཇས་དཔལ་བཤེས་གཉེན་ལས ་པའི་འཁོར་རྣམས་ལ་འདི་སྐད་ཀྱིས་བཀའ་སྩལ་པ།། སྒོམ་པས་བརྟན་པའི་ཡོན་ཏན་ནི།། སྒྲིབ་པ་བྱང་ཞིང་ཚོགས་འཕེལ་དང་།། བསྒོམས་པས་ཀུན་བརྟགས་ཟད་པ་དང་།། ཉོན་མོངས་སྐྱེ་གན ་སྒྲིབ་པ་བྱང་།། རིག་པ་ལ་སུ་རུང་ནས་ནི།། མངོན་ཤེས་ལྔ་དང་ཆོ་འཕྲུལ་ཐོབ།། མཐར་ཐུག་རང་བྱུང་ཡེ་ཤེས་འཆར།། ཅེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས ་སེམས་བཟུང་བས་ཟིན་པའི་ཡོན་ཏན་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་ཡང་སྟོན་པ་དགའ་རབ་རྡོ་རྗེ་ཡིས་འཇམ་དཔལ་བཤེས་གཉེན་ལ་སོགས་པའི ་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམ་སྣ་མ་བྱིན་པ་ཟིན་པར་བྱ་བ་དང་།། ཟིན་ནས་བསྟན་པར་བྱ་བ་དང་།། བརྟན་པ་ལྡིང་དུ་གཞུག་པ་དང་།། བྷུདྷཱན་ཐོབ་འགྲོ་ཏུ་བཞུག་པ ་དང་། རྣམ་ཤེས་ཡུལ་ལ་ལྡོག་པ་དང་།། ཟག་པ་མེད་པའི་རོ་མྱོང་དང་།། ཐོགས་རྟུག་མེད་པར་གནས་པའི་ཕྱིར།། རྩོལ་བ་མེད་པར་རླུངསུ་དབང་།། བདག་འཛིན་མེད་པར་ཉམ་སུ་བླང་།། ་འགྱུར་མེད་པས་གཡོན་པ་བྱ།། ཞེན་ཆགས་མེད་པས་ཁོང་མི་ཀྲུག། ཉམས་བླང་མེད་པས་ཡལ་མི་དོར།། རང་གྲོལ་ཆེན་པོས་མདུད་པ་བཀྲོལ།། ཡེ་ཤེས་ཆེན་པོས་ངོ་ཏི་སྤྲད།། ཅེས་གསུ། ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། སེམས་ཟིན་པའི་གང་ཟག་རང་བྱུང་ཡེ་ཤེས་ལ་བསླབ་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་ཡང་སྟོན་པ་དག ་རབ་རྡོ་རྗེ་ཞེས་བྱ་བ་དེས་འཇམ་དཔལ་བ་ཤེས་གཉེན་ལ་སོགས་པའི་འཁོར་རྣམས་ཀྱི་དགོངས་པ་ཐུགསུ་ཆུད་ནས།། ལྟ་བས་ཐག་བཅད་ཅིང་འཛིན་པའི་མདུད་པ་དགྲོལ་བ་འདི་བཀའ་སྩལ ་པ། རིག་པ་རྩལ་གྱི་རང་བཞིན་གྱིས།། སྣང་སྲིད་རིག་པའི་རྩལ་དུ་ཤར།། གབ་པ་མངོན་ཕྱུང་རང་བཞིན་གྱིས།། དྲན་རྟོགས་རང་གསལ་ཆོས་སྐུར་ཤེས།། ཡེ་ཤེས་ཟང་ཐལ་ཆེན་པོ་ཡི། ་རྣམ་སྤྲུལ་ཅིར་ཡང་ཤར་བ་ལ།། སྟོང་པས་རྒྱས་བཏབཞིན་ཆགས་མེད།། ཆོས་སྐུ་རང་གས་ལ་ཐུག་ཕྲད་ཀྱི།། ཡེ་ནས་གྲུབ་པར་ཐེ་ཚོམ་མེད།། དབྱེར་མེད་རང་བྱུང་རང་གསལ་ཡིན།། ལྷན ་གྲུབཙོག་བཞག་ཆེན་པོ་ཡིན།། རང་སྣང་དབྱེར་མེད་དྲན་རྟོག་བྲལ།། འདི་ལ་བཟུང་ཞིང་རྟོག་དཔྱོད་བྲལ།། བླང་དོར་དབྱེ་གསལ་དང་གི་བྲལ།། རྗེས་མེད་དོན་གྱི་རྗེས་བརྩལ་བས།། འདི་ལ་འདི ་ཞེས་བརྩལ་དུ་མེད།། རང་བྱུང་ཡིན་པས་བརྩལ་དུ་མེད།། ཡེ་ནས་འགྱུར་མེད་རྒྱུ་རྐྱེན་བྲལ།། དམིགས་གཏད་མེད་པའི་སེམས་ཉིད་ཀྱིས།། གང་ལ་གཟའ་ཞིང་གཏད་དུ ་མེད། གཟའ་གཏད་མེད་པས་ཕྱོགས་མེད་ཡིན།། གཏོང་ཕུར་དག་གིས་མཚོན་བྱས་ཏེ།། འཆིང་འགྲོལ་མེད་པའི་དོན་ལ་སྦྱོར།། སྡོང་ཆེན་བརྒྱད་ཀྱིས་འཁོར་ལོ་ཡིས།། སྣང་ཞིང་སྲིད་པའི ་ཆོས་རྣམས་བྲལ།། ཡེ་ནས་ལྷུན་གྲུབ་ཀུན་ཏུ་བཟང་།། རང་བྱུང་ཡེ་ཤེས་རང་ཤར་ལ།། འཁོར་འདས་རང་བྱུང་དབྱེར་མེད་ཡིན།། སྣང་བ་ཐམས་ཅད་ཆོས་ཀྱི་སྐུ།། ཕྱོགས་རིས་མེད་ཅིང་རྒྱ ་ཆད་བྲལ།། ཅིར་སྣང་ཆོས་ཉིད་ལྷུན་གྲུ་བ་ཡིན།། འདུས་མ་བྱས་པས་ན་མཁའ་འདྲ།། ཇི་ལྟར་སྣང་ཞིང་ཇི་ལྟར་འདུག། རང་སེམས་ཉིད་ལས་གཡོས་པ་མེད།། རང་བྱུང་ཡེ་ཤེས་དོན་ཤར་ནས ་གང་ལའང་ཆེད་དུ་བསྒོམ་མི་དགོས།། མ་སྒོམས་དྲང་གི་ངོ་བོར་གསལ།། ཡེངས་དང་མ་ཡེངས་སྤངས་ཐོབ་མེད།། བྲལ་དང་མ་བྲལ་ཕྱི་ནང་མེད།། བཀག་པས་མི་ཁེགས་སྤྱོད་པ་ལ།། དགེ ་སྡིག་ལ་སོགས་ཅི་སྤྱད་ཀྱང་།། བག་ཆགས་སྐྱོན་གྱིས་གོས་རྒྱུ་མེད།། བྱ་ལམ་རྗེས་མེད་རྣལ་འབྱོར་མཆོག། ཆེད་དུ་མ་བྱས་རྩོལ་མེད་པ།། རང་རིག་ཡེ་ཤེས་རང་རིག་ཤར།། གཏད་མོ་གཟུང ་འཛིན་རྩོལ་མེད་པར།། ཐུག་ཕྲད་སྤྱོད་པ་ཅིར་སྤྱད་ཀྱང་།། རེ་དོགས་སྤང་བླང་ཞེན་འདོད་འབྲལ།། སྤྱོད་པ་བྱ་བྱེད་ལྷུན་གྲུབ་དང་།། རྣོལ་སྒྲུབ་ཞེན་ཆགས་རང་སར་གྲོལ།། ཅི་བྱས་སྐྱོན ་མེད་འགལ་རྒྱུ་བྲལ།། དམིགས་ཞེན་མེད་པར་རང་ལ་ཤར།། དཔེར་ན་ན་མཁའི་ཉི་འོད་བཞིན།། འབྲས་བུ་ཉིད་དེ་རང་ལ་ཤར།། ཁྱུང་ཆེན་ནམ་ཁར་ལྡིང་པ་བཞིན།། རྩོལ་བ་མེད་ཅིང་གོས ་སར་བཅས།། རེ་རོགས་མེད་པར་ལྷུན་གྱི་གྲུབ།། མདོར་ན་སྤྱད་ཡུལ་གང་ཤར་བ།། འབྲས་བུ་ཉིད་དེ་མངོན་སངས་རྒྱས།། བྱ་མེད་ལྷུན་གྲུབ་འབྲས་བུའི་མཆོག། རིག་པ་རང་ཤར ་ཐམས་ཅད་མཁྱེན།། དབྱེར་མེད་དང་དུ་ཐམས་ཅད་གསལ།། དུས་གསུམ་བདེ་གཤེགས་ཀུན་ཏུ་བཟང་།། སྐུ་གསུམ་སྣང་བའི་སངས་རྒྱས་ལ།། དགོངས་པ་འདི་ལས་ཡོངས་མི ་མངའ།། སྒོམ་མོད་སྒོམ་པར་དམིགས་པ་མང།། བསྒོམ་པར་བྱ་བ་ཡོད་མ་ཡིན།། རང་བྱུང་ཡེ་ཤེས་ཆེན་པོ་ལ།། ལྷུན་གྲུབ་དང་དུ་ཤྭར་བ་ནི།། རྩོལ་བ་མེད་པའི་དོན་རྟོགས་ཏེ།། འདི ་ལས་ཀླག་རྙེད་ཅི་ཞིག་སྒོམ།། བསམ་བྱ་དམིགས་པར་བྱ་བ་མེད།། རང་བྱུང་རང་ལ་དངོགས་ལ་ན།། དོན་ལ་སེམས་གསལ་དོན་གྱི་མཆོག། སྡོང་ཆེན་བརྒྱད་ཀྱིས་འཁོར་ལོ་ཡིས།། ་སྒྲོ་ཀུར་བྲལ་ཏེ་ཞེན་ཡུལ་མེད།། འཁོར་འདས་སེམས་སུ་རོ་ཅིག་ཕྱིར།། རང་སེམས་ཇི་ལྟར་གསལ་རྟོགས་ན།། འབྲས་བུ་སངསུ་རྒྱས་དེ་ཉིད་ཡིན།། འབྲས་། ་རང་གྲོལ་ངོས་བཟུང་མེད།། ཉམས་མྱོང་མ་དཀག་ཞེན་པ་མེད།། སྣང་བ་ཆོས་ཉིད་ཆེན་པོར་ཤར།། སྟུག་བསྔལ་བདེ་བའི་རོལ་པར་ཤར།། མི་མཐུན་མི་སྤོང་གཉེན་པོ་བྲལ།། བསྒྲོད་མེ ་རྩོལ་བྲལ་འབྲས་བུའི་མཆོག། ཅེས་གསུང་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཕྱི་མ་ལས། ལ་བེཟླའི་མཐར་ཐུག་རང་བྱུང་ཡེ་ཤེས་སུ་བགྲོད་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། ་དེ་སྐད་ཅེས་བཀའ་སྩལ་པས།། འཁོར་ཐམས་ཅད་དགའ་མགུ་ཡིད་རངས་ཏེ།། དགའ་རབ་རྡོ་རྗེའི་དགོངས་པ་ལ་མངོན་པར་འདུད་དོ།། དྲིས་མེད་པའི་རང་གྲོལ་རྒྱུད་ཆེན་འདི ་ཀུན་གྱི་ཐུན་མོངས་མ་ཡིན་རྟོགས་དཀའ་ཟབ།། མ་འོངས་སྐུ་ལྡན་རྣམས་ཀྱི་དོན་ཆེད་དུ།། རིན་ཆེན་གདམས་དགྲ་སྣ་ཚོགས་འཁོར་ལོའི་རྒྱུད།། ཕྱི་མ་ལེའུ་བཅུ་དྲུག་དོན་གྱིས་གཽཏིང་ཆུབ་ནས ་འཇམ་དཔལ་བཤེས་གཉེན་ཉིད་ལ་གཏད་པ་ཡིན།། ཅེས་གསུངས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་དེ་ཕྱི་མ་ལས། རྗེས་སུ་ཡིད་རང་ཞིང་གཏད་པའི་ལེའུ་སྟེ་བཅུ་དྲུག་པའོ།། ་གདམས་ངག་སྣ་ཚོགས་འཁོར་ལོ་ལས། སྤྲུལ་པའི་རྒྱུད་ཕྱི་རྫོགས་སོ།། མངྒ ་