CLOSE WINDOW

Gbr006.41: rtsod pa'i 'khor lo'i rgyud
Wyliee-texts produced with BDRC’s OCR application

རྩོད་པའི་འཁོར་ལོའི་རྒྱུད་བཞུགསོ།། ་རྒྱ་གར་སྐད་དུ། པྲེ་ཧཱུ་ཏེ་ཙཀྲ་ཏན་ཏྲ། བོད་སྐད་དུ། རྩོད་པའི་འཁོར་ལོའི་རྒྱུད། བཅོམ་ལྡན་འདས་རོ་ལངས་བདེ་བ་ལ་ཕྱག་འཚལ་ལོ།། རིན་པོ་ཆེ་རྩོད་པ་སྒྲ ་འཁོར་ལོ།། འཇམ་དཔལ་བཤེས་གཉེན་ལ་བཤད་པ། གནས་ནི་བྱང་ཆུབ་ཤིང་དྲུང་དུ། སྟོན་པ་དགའ་རབ་རྡོ་རྗེ་ཡིས། འཁོར་ནི་པཎྜི་ཏ་ཉིས་བརྒྱ་ལ། དུས་ནི་རྩོད་པ་སྒྲའི་དུས།། ་བསྟན་པ་དྷ་ཧེའི་ཁང་དུ། རྩོད་པའི་འཁོར་ལོ་འདི་བསྟན་ཏོ།། རྩོད་པའི་བཞི་ལ་གཉིས་སུ་འདུས།། གཞིའི་དོན་ལ་རྩོད་པ་དང་།། ལམ་གྱི་ཆོས་ལ་རྩོད་པའོ།། རྫོགས་པ་ཆེན་པོའི་རྩོད་པ་འདི ་གཞི་ཆོས་ཉིད་ཐིག་ལེ་ཉ་གཅིག་ཏུ་དམ་བཅའ།། སྟན་ཚིག་ཅིའི་ཕྱིར་ཞེ་ན།། གཉིས་སྣང་མེད་པའི་ཕྱིར་ཞེས་བྱ།། གཉིས་སུ་སྣང་བའི་སྐྱོན་གཏོང་ལ།། ཁྱོད་རང་ལ་གཉིས་སུ་སྣང་ངམ།། ་ངའི་གྲུབ་མཐའ་ལ་སྐྱོན་གཏོང་།། ང་ལ་སྐྱོན་གཏོང་ན།། རིག་པས་གཏོང་ངམ།། ཚད་མའི་གཞལ་བྱས་གཏོང་།། རིག་པས་གཏོང་ན། ཆོས་ཉིད་ཀྱི་རིག་པས་གཏོང་ངམ།། འཐད་བསྒྲུབ་པའི་རིག ་པས་གཏོང་ངམ།། བྱ་བ་བྱེད་པའི་རིག་པས་གཏོང་ངམ།། ལྟོས་པའི་རིག་པས་གཏོང་།། ཆོས་ཉིད་ཀྱི་རིག་པས་གཏོང་ཟེར་ན།། ཆོས་དང་ཆོས་ཉིད་རིག་པ་གསུམ་དུ་འདོད་དམ།། གཅིག་ཏུ་འདོད་དམ།། ཅེས་པར ་འདྲིའོ།། རིག་པའི་རྒྱབ་གནོན་ཕར་ལ་བྱའོ།། གསུམ་དུ་འདོད་ན།། རིག་པ་ལས་ཆོས་བྱུང་ངམ།། ཆོས་ལས་རིགས་པ་བྱུང་།། ཉིད་ལ་ས་རིག་པ་དང་ཆོས་བྱུང་།། དེ་གསུམ་ཁྱོད་རང་ཡིན་ནམ་ལོགས་པ་ཡིན།། ཅེས ་འདྲི་སྟེ། གང་ཡང་ཁས་མི་ལེན་ན།། གོང་དུ་དམ་བཅས། སྭ་ཧཱ་ཆོས་ལས་རིག་པ་བྱུང་ཟེར་ན་རྒྱ་ཆད་པ་དང་།། ཡུལ་ལས་རིག་པ་བྱུང་བའི་སྐྱོན།། འགལ་ལོ་ཉིད་ལས་རིག་པ་བྱུང་ཟེར་ན།། རྒྱ་ཆད་པའི་སྐྱོན་གཏད་།། ་ཅི་ཏེ་ཟེར་ན། ཉིད་ཀྱི་གོ་བ་འདྲིའོ།། ཉིད་ལ་རྒྱུ་རྐྱེན་ཡོད་ནས་བྱུང་ངམ་མེད་ནས་བྱུང་འདྲིའོ།། རྒྱུ་རྐྱེན་ཡོད་ན་ཉིད་མ་ཡིན་པའི་སྐྱོན་འབྱུང་ངོ་།། རྒྱུ་རྐྱེན་མེད་ན་མེད་ནས་འབྱུང་ན།། ན་མཁའ་ལ་མེ་གཏོང་བར་འབྱུང་བར ་ཐལ་ལོ།། ཅི་སྟེ་བཞི་མེད་པ་ལས་འབྱུང་བའི་ཕྱིར་རོ།། དེ་བས་ཀྱང་འདི་ལྟར་ཕར་འདྲིའོ།། རིག་པ་ཁྱོད་གཉིས་གཅིག་ནས་གཏན་ལ་འབེབས་སམ།། མི་ཅིག་ཀྱང་གཏན་ལ་འབེབས།། གཅིག་ཟེར་ན་རིགས་པས ་རིག་པ་གཏན་ལ་འབེབས།། འབེབས་ན་ཐུགས་མེད་དུ་ཐལ་ལོ།། རིགས་པས་རང་གཏན་ལ་འབེབས་ན་འབྲེལ་མེད་དུ་ཐལ་ལོ།། གཅིག་ལ་འབེབས་མཁན་མེད་པར་ཐལ་ལོ།། ཐད་དན་འབྲེལ་པ་མེད་ཏེ་དབབ་ཏུ། ་མི་འདོད་པར་འཐལ་ལོ།། འབྲེལ་པ་ཡོད་ཟེར་ན། བདག་ཉིད་གཅིག་གམ་འདྲིའོ།། བདག་ཉིད་ཅིག་ན། བདག་རིག་པ་ཅིག་གམ།། རིག་པ་བདག་ཏུ་གཅིག། བདག་རིག་པ་ཅིག་ན། གོང་སྐྱོན་འོང་། དེ་ལས ་བྱུང་བའི་འབྲེལ་པ་ཡོད་ཟེར་ན། རྒྱ་ཆད་པའི་སྐྱོན་འོང་ངོ་།། དེ་ལས་བྱུང་ན་རིག་པ་བདག་ལས་བྱུང་ངམ།། བདག་ལས་རིག་པ་བྱུང་།། བྱུང་བའི་སྐྱོན་འོང་། སྦྲུལ་ཤུགས་ནས་བྱུང་བའི་འབྲེལ་པ་དང་འདྲ་སྟེ། ་ལྡོག་ཏུ་མི་འདོད་པའི་སྐྱོན་འོང་སྟེ་རྒྱ་ཆད་པར་ཐལ།། མི་ཤི་བའི་ལུས་ལ་རིག་པ་མི་འབྱུང་བ་དང་འདྲ་སྟེ།། ཕྱིས་དོན་བྱེད་མི་ནུས་པའི་སྐྱོན་འབྱུང་ངོ་།། ཡང་ན་བདག་ཉིད་ལས་རིགས་པ་བྱུང་ན་བྱུང་བའི་ནད་དཀས ་འབྲེལ་མེད་དུ་ཐལ་ལོ།། རིགས་པ་ལས་བདག་བྱུང་ན།། ཤེས་རིག་རྫས་སུ་ཐལ་ལོ།། རང་གི་ཤེས་པར་བྱ་བ་ནི།། ཐིག་ལེ་ལྷུན་གྲུབ་ཆོས་ཅན་ཞེས་དམ་བཅའ།། ཅིའི་ཕྱིར་མ་འགྲགས་རླུང་ཤར་བའི་ཕྱིར ་ཐིག་ལེ་རྫས་ཡོད་དུ་ཐལ་ཟེར་རན།། ལྷུན་གྲུབ་རྫས་ཡོད་མ་སྤངས་པའི་ཕྱིར།། འཇིག་པར་ཐལ་ཟེར་ན་ལྷན་གྲུབ་འཇིག་པ་མ་བཀག་ཅེས་བྱ།། ཁྱོད་ལྷན་གྲུབ་མེན་ནམ་ཅེས་འདྲི།། ཡིན་ཟེར་ན་འདོད་ཐོག ་མེན་ཟེར་ན་མུ་སྟེགས་རྟགས་ཆད་ཏུ་ཐལ་ཅེས་འགལ་ལོ།། སྒྲའི་འཁོར་ལོ་ལས་བརྒལ་བ་དང་པོའོ།། །། འཐད་པ་སྒྲུབ་པས་གཏོང་ཟེར་ནས།། སྣང་བ་འདི་རང་མི་ཤར་དུ ་འཐད་དེ།། འཐད་པས་འོན་འཐད་པས་སྣང་བ་ཤར་མང་དུ་འབྱུང་བར་ཐལ།། བྱ་བ་བྱེད་པའི་རིག་པའི་གཏོང་ཟེར་ན།། འཁྲུལ་པའི་ཤེས་པ་ལ་ཐག་པས་སྦྲུལ་གྱི་བྱ་བ་བྱས་ནས་འཁྲུལ་ཏེ།། རྟེན་དུ་སྦྲུལ་གྱི ་བྱ་བ་བྱེད་པར་ཐལ།། ལྟོས་པའི་རིག་པས་གཏོང་ཟེར་ན།། འཕང་ལས་ལྟོས་ན་མདུང་རིང་།། མདུང་ལས་ལྟོས་ན་མདའ་རྒྱང་རིང་སྟེ།། ངེས་པ་མེད་པར་ཐལ་ལོ།། རྒྱུད་ཀྱི་གཏན་ལ་འབེབས་ཟེར་ན།། རྒྱུད་རང ་ཡིན་ནམ་ལོག་པ་གཅིག་དྲིའོ།། རང་ཡིན་ཟེར་ན་བསྟན་ལ་དབབ་པ་དང་འབེབས་པ་མི་དུང་སྟེ།། རལ་གྲི་རལ་གྲི་རང་གིས་སོས་ཆོད་པར་ཐལ་ལོ།། གཉིས་ཡིན་གོང་དུ་འབྲེལ་རྟག་གོ། དེ་ཡང་ལུང་ཡང་དེ་འདྲེའོ།། ་མཚོན་པ་གཉིས་པའོ།། །། ཚད་མས་གཏན་ལས་འབེབས་ཟེར་ན།། ཚད་མ་དེ་རང་ཡིན་ནམ་མེན་ཅེས་འདྲིའོ།། རང་ཡིན་ཟེར་ན་གཏན་ལ་དབབ་ཏུ་མི་བཏུབ་པའི་སྐྱོན་གཏང་སྟེ།། གསེར་གྱི་སེར་པོ ་གཏན་ལ་འབེབས་པ་དང་།། སེར་པོས་གསེར་གཏན་ལ་འབེབས་པ་དང་ཅེས་འབྱུང་ངོ་།། ཚད་མ་ལོ་གྲ་ཅིག་ཡིན་ནོ་ཟེར་ན།། ཆོས་ཚད་མ་དང་། དོན་ཚད་མ་དང་འཇལ་བྱའི་ཤེས་པ་ཅིག། གཞལ་བྱའི་ཡུལ་མང་དུ ་སྨན་འདི་སྐད་བྱའོ།། འུད་ཀྱི་བསྡུས་ནས་ཡུལ་ལ་འཇལ་ལམ།། ཤེས་པ་ལ་མཇལ། གཉིས་ཀ་ལ་འཇལ་ཅེས་འདྲི།། ཡུལ་ལ་མཇལ་ན་ཡུལ་ཉམ་སུ་མྱོང་ནས་མཇལ་ལཾ།། མ་མྱོང་ནས་འཇལ་ན་མྱོང ་ནས་འཇལ་ན་མཽ་ཤམ་བུ་ཆེ་ཆུང་།། རི་བོང་རྣོ་རྟུལ་ཀྱང་ཤེས་པར་ཐལ།། ཤེས་སོ་ཟེར་ན་དབང་པོའི་མངོན་སུམ་གྱིས་གསལ།། ཅེས་སྐྱོན་བཏང་ངོ་།། ཉམ་སུ་མྱོང་ནས་འཇལ་ན།། ཆུ་བོའི་རོ་མྱོང་ཡང་།། ཆུ་བོ ་རོལ་ཚོལ་བ་དང་འདྲ་ཏེ་ཐུག་མེད་དུ་ཐལ་ལོ།། ཤེས་པ་ལ་འཇལ་ན་ཤེས་པ་དངོས་པོ་ཡོད་ནས་འཇལ་ལ་མ་མེད་ཀྱང་མཇལ། དངོས་པོ་ཡོད་ཟེར་ན་མངོན་སུམ་གྱིས་གས་ལ།། མེད་ནས་མཇལ་ན་རི་བོ་ང་རཱ་ལ ་མཐོ་ཚད་གཞལ་དུ་བཏུབ་པར་ཐལ་ལ།། ཡོད་རུང་མེད་རུང་འཇལ་ན། ལུང་དུ་མ་བསྟན་པར་ཐལ་ལོ།། མཚོན་པ་གསུམ་པའོ།། དེ་ལྟར་སྒྲོས་བཏགས་ཆམ་ལ་ཕེབས་ནས།། རང་གི་མཚན་ཉིད་བསྟན་པར་བྱ།། ་རང་སྣང་དུ་རང་ཤཱར་བས།། ཡུལ་ལས་གཞལ་དུ་མེད།། རང་བྱུང་ཡེ་ཤེས་ཤར་བས། ནང་ལ་གཞལ་དུ་མེད། འདུ་འབྲལ་མེད་པས་ཡུལ་དང་ཡུལ་ཅན་དུ་གཞལ་དུ་མེད།། ཐམས་ཅད་ཡེ་ནས་རང་སར་གྲོལ ་བས་འབྲེལ་པ་རྩིར་མེད།། ཤེས་རིག་གི་ཡུལ་ལས་གྲོལ་བས།། རྒྱུད་ལུང་རིག་པས་གཏན་ལ་བབས་མེད།། ཅེས་གསུང་སོ།། མཚོན་པ་བཞི་པའོ།། ཤེས་པས་འཕྲུལ་ཏེ། རྒྱལ་བ་རིག་ལྔ་འོད་དཀར་དམར། ་རྟེན་པས་འཕྲུལ།། སྒྲུབས་པས་གོལ་ཏེ།། རང་སྣང་ཆོས་སྐུ་ལ་བདེ་བ་འདོད་ཅིང་།། སྒྲུབ་པས་འཁྲུལ། སྒོམ་པས་རླག། ཡེ་ནས་རང་གསལ་སྒོམས་པས་རང་གསལ་སྟོང་པས་རླག། ཡུལ ་ཅན་གྱི་གོལ་ཏེ་སྤང་བླང་གི་ལན་ནོ།། སྣང་བ་སྒྲིབས་གཡོགས་ཀྱི་ཆོད།། རང་སྣང་རང་གསལ་ལ་འབྱུང་བ་ལྟར་མཐོང་བས་ཆོད།། རང་བྱུང་མིན་ཏེ་ཡེ་ཤེས་མེད་ཆོས་ཉིད་ཡིན་ཏེ་སྐུ་མིན།། སྐ ་པོ་ཡིན་ཏེ་ཡེ་ཤེས་མིན།། དེ་ལྟར་ཤེས་པ་ནི་རང་བྱུང་ཡེ་ཤེས་ཡིན་ལ་ཡེ་ཤེས་ཡིན།། ཆོས་སྐུ་ཡིན། སྙིང་པོ་ཡིནཿཐིག་ལེ་ཡིན། ཉ་གཅིག་ཡིན་ཅེས་གསུང་སོ།། དྷ་ཧེ་མའི་འདུ་ཁང་དུ ་མཁས་པ་འཇམ་དཔལ་བཤེས་གཉེན་ལ་ཐིག་ལེ་ཉ་གཅིག་གྲུབ་མཐའ་བསྟན།། རྩོད་པའི་སྒྲའི་འཁོར་ལོ་འདི།། ཆུ་སྲིན་བར་གྱི་གྲེ་པ་རུ།། རུལ་སྦལ་ནག་པོའི་ཆུད་པ་བཞིན།། བསྐལ་པ་འཁྲུག ་ཀྱང་ཁར་མང་བྱུང་།། ཅེས་གདམ་སོ།། རྨོངས་པས་མི་གོ་དྲིས་ལན་ཁོན་དུ་ཆུད་།། སྦྱངས་པའི་སྒྲ་དང་སོང་འགྱུར་འབྱུང་བ་དང་།། བྱུང་བ་ཅན་དང་སྒྲ་སྐྱོན་རྣམས་བརྒྱུད།། མན་ངག་ཁོང་དུ་བཅས་ཏེ་འག ་ཏུ་མ་བྲིས་པའོ།། མཚོན་ཆའི་འཁོར་ལོ་དུམ་བུ་བཞི་པ་རྫོགས་སྷོ།། ། མངྒ་ལཾ ་