| Wylie | e-texts produced with BDRC’s OCR application |
ཨད་ས ་རྒྱ་གར་སྐད་དུ། ཨ་ཏི་ལ་དྷ་ཏི། བོང་སྐད་དུ། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། རོ་ལངས་བདྲེ་བ་རངས་པ་ན།། པནྡྷཿས། ་ཐ་བིན་དུ་པྲ་ཤ་བྷིན་ཏུ། ནམྲ་ཤྲཱི་ཕ་ལ་མུན་ཥཱ་བནྟ་ཏཱ་ཨེ་ཀ་འདྲ་ཏི་ཧི་ལ་ནམ། རོལ་པ་རྒྱུན་གྱི་ཐིག་ལེའི་ཀློང་ནས།། བྱང་ཆུབ་ཤིང་དྲུང་དུ་སྐུ་སྤྲུལ་ནས།། དེ་ཡི་སུ་འཇམ་དཔལ་བཤེས་ག ་དག་ལ་རྒྱུད།། མཐིང་གི་ཤུ་གུ་དག་ལ་བྲིས་པའི་གླེག་བམ་འདི།། འཇམ་དཔལ་བ་ཤེས་གཉེན་ཁྱོད་ལ་གདམས་པར་བྱ།། ཅེས་གསུངས་སོ།། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། ་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་དུས་ན།། གཞི་དངོས་པོའི་གནས་ལུགས་ཇི་ལྟར་ལགས། སྣང་བ་ན ་ཇི་ལྟར་སྣང་། མིང་དུ་འདོགས་ན་ཇི་ལྟར་འདོགས།། དེ་ལས་འཁྲུལ་པ་ཇི་ལྟར་ལགས། ཅེས་ཞུས་པས། ཨ་ཏི་སྨི་གཅོད་བསྟན་པར་བྱ།། ཅེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས ་གླིང་གཞིའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་བཀའ་སྩལ་པ། སྣང་བ་ནི་རང་བཞིན་གྱི་སྣང་བ་ཞེས་བྱའོ།། དུས་དེ་ཙམ་ན་གནས་པའི་རྟོགས་མེད་ཀུན་གཞི་ཞེས་ཀྱང་བྱའོ།། མིང་དུ་འདོགས ་ན་མི་ཟད་པའི་མཛོད་ཀྱང་བྱའོ།། སྤྱི་པ་ཆེན་མོ་འཁོར་བའི་གཞི་ལ།། སེམས་ཅན་གྱི་ཐུག་པ། ཆོས་ཉིད་སྤངས་པའི་ཀློང་ཞེས་ཀྱང་བྱ།། རང་སྨྱུང་གི་ན་མཁའ་ཞེས་ཀྱང་བྱའོ།། དེའི་རྩལ་ལས་ཤེས་པརྐྱང་པ་ཁྱབ ་པའི་ཤེས་པ། རྒྱུ་བའི་ཤེས་པ། མི་རྒྱུ་བའི་ཤེས་པ། ལུང་ལ་བསྟན་པའི་ཤེས་པ་ཞེས་ཀྱང་བྱ་སྟེ།། དུས་དེ་ཙམ་ན་ཐོག་མཐའ་མེད་པའི་སྙིང་པོ་ཞེས་ཀྱང་བྱའོ།། ཅེས་གསུངསོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས་གླེང་གཞི། ་ལེའུ་སྟེ་གསུམ་པའོ།། ། གཡོ་བ་ནི་སྤྲིས་ཆོས་ཀྱི་སྐུ་རྟོག་མེད་ཀྱི་སྦུབས་ནས་གཡོས།། སྒོ་ནི་གསུམ་ནས་འབྱུང་སྟེ། གསལ་བརྟོག་མེད་ཀྱི་སྒོ།། སྟོང་པ་མཚན་མེད་ཀྱི་སྒོ།། གསལ་སྟོང ་བཙད་མེད་ཀྱི་སྒོ་ནས། རྣོན་པོའི་སྒོ་བྱེ་ནས་ཁྱབ་པའི་རིག་པ་བྱུང་སྟེ། རིག་བརྐྱང་བ་དེ་ལ་འགྲོ་བའི་སྒོ་མེད་པས།། མ་ནིང་གི་སྒོ་བྱེ། རྒྱུ་བའི་རིག་པའི་ཕྱིར་ཐོན།། རྟུལ་པོའི་སྒོ་ཕྱེ། མཚན་མའི་རིག་པ་ཤར་རྣོ་རྟུལ ་གཉིས་མེད་ཀྱི་སྒོ་འགགས་པས། མྱོང་བའི་རིག་པ་སྨོན་ནོ།། ཡན་ལག་གི་སྒོ་བྱ། རིག་པ་དངོས་སུ་སྨིན་ཏེ། ཆོས་དབྱིངས་རང་བྱུང་གི་སྦུབས་ཅེས་བྱ་སྟེ། སྣ་ཚོགས་ལ་འཇུག་གོ།། ཅེས་གསུང་སོ།། ཨ་ཏི་སྤྱི་གཅོད། ་ཀྱི་རྒྱུད་ལས། རིག་པ་དངོས་སུ་སྨིན་ནས་འཁྲུལ་པའི་དཔེ་སྟེ་ལེའུ་བཞི་པའོ།། ། དེ་ནས་མཚན་དང་དཔེ་བྱད་ལོངས་སྐུར་འཁྲུལ་པ་བཀའ་སྩལ་པ། གསལ་བ་སྣོད་ཀྱི་སྒོ།། སྟོང་པ་བཅུད་ཀྱི་སྒོ། ་འཛིན་པ་མ་ཞུགས་པའི་སྒོ།། ཁ་དོག་གསལ་བ་ཡན་ལག་གཱི་སྒོ།། མཚན་མ་རིག་པར་ཤར། མྱོང་བའི་རིག་པ་སྐྱེས། རྒྱུ་བའི་རིག་པ་ཡུལ་འོད་ལྡརུ་ཤར་ཏེ། དང་པོ་རྩི་ཡིན་མཉམ་དུ་ཤེས་པས། བར་དུ་ཡིན་མིན ་གྱི་ཤེས་པ། ཐ་མར་ཡིན་གདེངས་ཀྱི་ཤེས་པས་གཅད་བས་ཡིད་འཁོར་ལོ་གསུམ་ཞེས་ཏེ་དེ་ལ་བྱའོ།། དུས་དེ་ཙམ་ན་ཡང་སངས་མ་རྒྱས། མར་འཁོར་བར་མ་འཁྱམས་པས་ཡུང་མ་བསྟན་གྱི་སྒོ་ཞེས་བྱའོ།། བར་དེད ་ཀུན་ཏུ་བཟང་པོས་རིག་པ་ཡེ་ཤེས་ཀྱི་ལྡེ་མི་གཅིག། འཕགས་པ་བློ་གྲོས་མི་ཟད་པ་ཞེས་བྱ་བ་མུན་པ་དམག་ཏུ་གྱུར་པ་ཁང་དགུ་པིལ་གྱི་ནང་ན་ཡོད་དོ།། དེ་ལྟ་དུ་ཕྱིན་པ། ཁང་པ་དང་པོན་མུན་པ་གནག་ལ་འཇིགས།། གཉིས ་པ་ན་ཡ་མ་ནག་པོ་བ་ཚུལ་གྱི་དབུ། གསུམ་པ་ན་བདུད་ལྷ་སྦྱིན་གྱིས་སྲོག་གཅོད། བཞི་པ་ན་སྲིན་པོའི་རྒྱལ་པོའི་དབུགས་ལེན།། ལྔ་པ་ན་གིང་ལ་དཀར་པོ་ཕྱག་ན་དུང་གི་མཁར་བ་བསྣམས་ནས་བརྡེག་ཅིང་གསོད།། དྲུག་པ ་མུན་པའི་ནང་ན་མེ་རླུང་གིས་མ་བསྐྱོད་པར་དུ་འདུག། བདུན་པ་ན་ཉི་ཟླ་ཕྲུགཅིག་ལ་ཤར་ནུབ་མེད་པར་འདུག། བརྒྱད་པ་ན་ནོར་བུ་རིན་པོ་ཆེ་ལ་ལྷའི་བུ་རྣམས་རྩེ་ཞིང་སྣང་། དགུ་པར་ཕྱིན་པས་ཡིན་བཞིན ་གྱི་ནོར་བུ།། རིན་པོ་ཆེ་འོད་འབར་བའི་རྩར་འཕགས་པ་བློ་གྲོས་མི་བད་བཞུགས་ནས། ཀུན་ཏུ་བཟང་པོས་བཀའ་སྩལ་པ། འགྲོ་བའི་ལམ་ནོར་ཐར་པའི་གོ་ཡང་འགག། མ་རིག་རྨོངས་པ་ཐུགས་རྗེའི་ཞགས་པ ་བཟུང་། འཕྲུལ་གྱི་སྒོ་མ་ཕྱེད་པས་མུན་པའི་ནང་དུ་འཁྱམས། ཅེས་ཞུས་པས་འཕྲུལ་གྱི་སྒྲོམ་ཕྱེད་པས། མུན་པའི་ནང་དུ་འཁྱམས། ཅེས་ཞུས་པས། འཕགས་པ་བློ་གྲོས་མི་ཟད་པས་བཀའ་སྩལ་པ། ་ཐད་འབྱེད་པ་འཁྲུལ་གྱི་ལྡེ་མིག་འདི།། ཡིད་བཞིན་ནོར་བུའི་ནང་ནས་སྟོན་ལ་སྦྱིན།། ཉི་ཟླའི་སྒོ་ཕྱེ་སྣང་སྟོང་དབྱེར་མེད་འབྱུང་།། ཤེས་རིག་སྒྲོ་བརྟགས་དགྲ་ལ་ལྟོས།། མེ་མར་འོད་ལ་ལྟ་ན་མཁའ་གསེར་གྱི་སྒྲོ་ནུ་མ ་ལྟོས།། ཅེས་གསུངས་ནས། འཕགས་པ་བློ་གྲོས་མི་ཟད་པ་མི་སྣང་བར་འགྱུར་རོ།། མཚན་དང་དཔེ་བྱེད་ལས་ཀུན་ཏུ་བཟང་པོ་སངས་རྒྱས་པའི་ལེའུ་སྟེ་ལྔ་པའོ།། ཁམས་གསུམ་གྱི་སི་སཾ ་ཙན་སེམས་ཅན་དུ་འཁྲུལ་པ་གསུངས་པ་ནི། གཞི་རིན་པོ་ཆེ་གསེར་གྱི་སྒྲོན་མ་ནས། མི་ཟད་པའི་ནོར་ལ་སྦྱང་པས། ཀུན་ལ་སྙོམས་པའི་ཟང་མ་ལ་སྦྱིན། ལས་ཀྱི་ལུས་བླངས་རྒྱ་རྐྱེན་དུས་ཀྱང་མཆུ ་མ་རིག་ལེ་ལོས་སྙོམས་ལས་དམར་ལ་སྦྱར། སྲིད་ལེན་གཉིས་ཀྱི་དུས་མཚུངས།། རིག་པ་ཡུལ་དང་མཚུངས། འབྱུང་དུ་ཐབས་མེད་རི་དགས་རྒྱར་ཆུད་འདྲ། མ་རིག་རྨོངས་པའི་སེམས་ཆགས་སྟུག། ་བསྔལ་མེད་སྐྱེས་དང་། ལས་ཀྱི་ཕྱིར་ཟོན་བག་ཆགས་སྣ་ཚོགས་རྟས། ཕ་དང་མར་བལྟས་དགྲ་དང་གཉེན་དུ་འཐུང་། ཡུལ་ཁང་ཁྱིམ་ཁང་དག་ལ་རྟེན་བཅས་ནས། མ་བཅད་ཡུལ་ལང་དང་བདག་གི ་བཟུང་འཛིན། མི་སྡོད་དབུགས་ཆད་གར་འགྲོ་ཤེས་པར་གྱིས།། འགྲོ་དྲུག་ལས་ཀྱི་སྡུག་བསྔལ་ཆ་མཆིས་སམ།། འགྲོ་དྲུག་རྟག་ཏུ་འཁྱམས་པས་དོན་དང་རྩང་ཕྲད་དེ།། དེ་བས་མན་ངག་གདམས་པ་འདི ་ལལྟོས།། ཅེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས་ཁམས་གསུམ་དུ་འཁྲུལ་པའི་ལེའུ་སྟེ་དྲུག་པའོ།། ། མན་ངག་གདམས་པ་བསྟན་དུ་གསོལ། བཀའ་སྩལ་པ། ཕྱིའི་མེ ་ལོང་ལྟས་ཙམ་ན། འགྲོ་དྲུག་སྲིད་པ་ཝ་ལེ་གསལ། འགྲོ་དྲུག་སྙིང་པོ་སྐྱ་བས་ན་གནས།། མ་དག་འཁྲུལ་པའི་སྣང་བ་དེ།། རང་གྲོལ་ཡིན་པར་རྟོགས་ཙམ་ན།། རང་བྱུང་ཡེ་ཤེས་དགོངས་པ་ཐོབ།། ནང་གི ་མེ་ལོང་ལྟས་ཙམ་ན།། རྒྱུད་དྲུག་ཆགས་སྡང་ཝ་ལེ་གསལ།། རྒྱུད་དྲུག་རང་གི་སྦུབསུ་གསལ།། རྒྱུད་དྲུག་རང་གྲོལ་དུ་ཤེས་ཙམ་ན།། རང་རིག་ཡེ་ཤེས་ཀྱི་དགོངས་པ་ཐོབ།། གསང་བའི་མེ་ལོང་ལྟས་ཙམ། ་ས་སྐྱེམིས་ས་ཤེསསཔ།། བྱུ་པ་ཤེས་ཤ།། མྱུ་མུ་སྲིད་པའི་སེ་སོང་གིས ་ན་ཐམས་ཅད་གསལ།། ཡེ་ཤེས་དྲི་མེད་ཀྱི་དཀྱིལ་འཁོར་དུ་ཟད་རྒྱས།། མཚན་མ་སྣ་ཚོགས་ཀྱི་མེ་ལོང་དུ་ཟད་མཆི།། ཆོས་སྐུ་མེ་ལོང་གི་ནང་ན་རྟོག་པ་སྐྱེ་མི་སྲིད།། སྤྲུལ་སྐུ་མི་ལོང་གི་ནང་ནས།། འགྱུར ་མེད་ན་ཡེ་ཤེས་གསལ་མི་སྲིད།། འབྲས་བུ་ཐིག་ལེ་ཉ་གཅིག་ལ། སྐུ་གསུམ་འགྲུབ་མི་སྲིད།། རྣལ་འབྱོར་ཡེ་ཤེས་ངོས་ཟིན་དུས་སུ་ཤེས་པ་རྒྱུན་གཉི་སུ་འཆར་མི་སྲིད་དོ།། ཅེས་གསུངས་སོ།། ཨ་ཏི་སྱ ་གཅོད་ཀྱི་རྒྱུད་ལས། མེ་ལོང་གནང་ཏུ་བརྡེག་པའི་ལེའུ་སྟེ་བདུན་འའོ།། ། ཡང་བཀའ་སྩལ་པ། རིག་པ་ཆོས་ཀྱི་སྐུའི་དོན་རྟོགས་ན། འགྱུ་བ་ཉགཞལ་གཅད་པས་དམྱལ་བ་ཡང་རྫོགས ་བས་ཕྱིར་གཅད།། ཐིག་ལེ་རང་གྲོལ་དུ་ཤབབས་ལྡུམ་ཡིན་རྫོགས་ཏེ་སྦྱིན་གཙུད།། བྱང་ཆུབ་སེམས་ཀྱི་འོད་གསལ་རིན་པོ་ཆེལ་ལོངས་སྤྱད་པས་སྒྲ་རྫོགས་ཏེ་སྤྱིར་གཅད། འགྲོ་དྷག་རང་གྲོས་དུ་ཤེས ་ཁམས་གསུམ་ལུས་དང་བག་ཆགས་འཁྲུལ་ཏེ་མཆིའོ།། ཅེས་གསུངས་སོ།། ཨ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས། འགྲོ་དྲུག་གཡངས་གཅད་པའི་ལེའུ་སྟེ་བརྒྱད་པའོ།། ། ཡང་བཀའ་སྩལ་པ ་འོད་གསལ་དུ་མུ་གཅད་ནས་རིག་པ་ལ་སྟེ་གསླ་པས་མུ་སྟེགས་ཀྱི་ལྟ་བ་སྤྱིར་གཅད། ཐིག་ལེ་ཟང་ཐལ་ཡིད་ལ་འདོགས་པས་ཡི་དགས་རྫོགས་ཏེ་ཕྱིར་གཅད། ཐིག་ལེ་སྦྱོར་བ་ལས་བྱོལ་ནས་ཟང་ཐལ་དུ་སོང་བས ་བྱོལ་སོང་རྫོགས་ཏེ་ཕྱིར་གཅད། དེ་ལ་ཞེན་པ་མི་མངའ་བས། མི་ཡང་རྫོགས་ཏེ་ཕྱིར་གཅད། རང་དོན་འོད་གསལ་ཟབ་མོ་ལ་སྤྱད་པས་རང་སངས་རྒྱས་སངས་རྒྱས་ཀྱི་ལྟ་བ་སྤྱིར་གཅད། སྒྲིབ་པ་ཐ~ཾད་ཟང་ཐལ་དུ ་བྱང་ནས་འོད་གསལ་དུ་སེམས་དཔའ། བྱང་ཆུབ་སེམས་དཔའི་ལྟ་བ་སྤྱིར་གཅད། ཀྲི་ཡ་ནི་འོད་གསལ་དུ་བསྒྲི་ནས་ཡང་དག་པའི་དོན་རྟོགས་པས། ཀྲི་ཡའི་ལྟ་བ་སྤྱིར་གཅད། འོད་གསལ་རྒྱ་ཆུང་དུ་མ་ཡིན་ཏེ། ་སྣང་སྲིད་ལོག་འོད་གསལ་དུ་རྟོགས་པས་ཡོ་གའི་ལྟ་བ་སྤྱིར་གཅད། ཐཾད་མ་ལུས་པར་འོད་གསལ་ཆེན་པོའི་ངང་དུ་རྫོགས་པས་ཡོ་གསལ་བས་མ་ཧཱ་ཡོ་གའི་ལྟ་བ་སྤྱིར་གཅད། སྐྱེ་བ་མེད་པས་ཨཱ་གཉིས་སུ ་མེད་པས་ནུ་རྩེས་བྱས་ཏེ། ཐམས་ཅད་གཉིས་སུ་མེད་པས། ཨཱ་ནུའི་ལྟ་བ་སྤྱིར་གཅད། ཟད་འོད་གསལ་དང་རྫོགས་པས། ལྟ་བཐད་ཆེ་བས་ན། རྫོགས་ཆེན་གྱི་ལྟ་བ་སྤྱིར་གཅད་པས། བདེ་བར་གཤེགས ་བསྐུ་དང་ཡེ་ཤེས་སུ་འཁྲུལ་པའི་གོལ་ས་གཅད། ཅེས་གསུང་སོ།། ཨཱ་ཏི་སྤྱི་གཅོད་ཀྱི་རྒྱུད་ལས་མཚན་མ་ལམ་གྱི་གོལས་གཅད་པའི་ལེའུ་སྟེ་དགུ་པའོ།། ། ཡང་བཀའ་སྩལ་པ ་ཡེ་ཤེས་ངོས་བཟུང་བཤད་པར་བྱ། ཅེས་གསུང་སོ།། དེ་ནས་འགག་པ་མེད་པས་ཡིས་ཀྱི་སྐྱེ་བ་བཤད་པ། དང་པོ་ཡེ་ཤེས་ངོས་བཟུང་བ་ལ་གསུམ་སྟེ། འགྱུ་བ་དེ་ལ་ཞག་ཅིག་ཏུ་བལྟ་བ་དང་། ་གཅིག། ནུབ་གཉིས་པ་འོད་གསལ་ཐུན་དུ་བཅུག་ལ་བསྐོར་བ་དང་གཉིས། ནུབ་གསུམ་པ་འོད་གསལ་གྱི་མལ་དུ་བཟུང་བ་དང་གསུམ་མོ།། དང་པོ་ཞག་ཅིག་ཏུ་ལྟས་པས། འགྱུ་བ་བུན་ལོང་གི་སོང་བས། ་མཚན་མ་ཞི་བ་ནི་ཞི་གནས་རྩེ་ཅིག་གི་བསམ་གཏན་ཞེས་བྱས་ཏེ། གང་ཟག་བདག་མེད་ཉན་ཐོས་དང་ཁྱད་མེད་དོ།། སྣང་བ་འདི་སྟོང་པ་ལ་མེ་ལོང་གི་སྐར་མ་ལྟར་མཐོང་བ་ནི། ཆོས་ཀྱི་བདག་མེད་བསམ་གཏན་དེ ་དེས་ཀྱང་སངས་མི་རྒྱ་བས། ཕལ་ཆེན་ལྟ་བ་བརྐྱངས་དང་དེ་གཉིས་ན་གནས་སོ།། དབུ་མའི་ལྟ་བར་ཀྱང་མ་བསླེབས་སོ།། ནུབ་གཉིས་པ་འོད་གསལ་དུ་བསྐོར་བ་ལ་གསུམ་སྟེ། སྣང་བ་འོད་གསལ་དུ་ཐུན་གསུཾ ་དུ་བསྐོར་བས་ནི་ཕྱི་ནང་རང་སྣང་དུ་ངོ་སྤྲད་དེ། རྟ་ཀྱུས་པའི་འདྲོག་ལ་མེ་རྟོག་ཆད་པ་དང་འདྲའོ།། ཐུན་གསུམ་ཚོགས་བདུན་བསྐོར་བས་ནང་སྣང་བར་རང་གྲོལ་ཏེ། དུག་ལ་སྔགས་ཀྱི་ཐིབས་པ་དང་འདྲའོ།། ཐུན ་གསུམ་དུ་འགྱུརབ་གསང་ལམ་འོད་གསལ་དུ་བསྐོར་བས་གསུང་སྣང་བ་རང་གྲོལ་དུ་ཤར་ཏེ་ག་བུར་ཚབ་ནད་ཀྱིས་ཟོས་པ་དང་འདྲའོ།། དེ་ནི་ཐུན་ཚད་བསྟན་པའོ།། ང་ནི་འོད་གསལ་ལམ་དུ་བཟུང་བ་བསྟན་ཏེ། ནུ་སརྦ ་མ་ལ་ཐུན་གོང་དུ་བཤད་པ་འཁོར་ལོ་དེ་བསྐོར་བའི་གཏིང་ལ་ཇི་ཙམ་གནས་ལྟ་བ་ཤིན་ཏུ་གཅེས་ཏེ། འཁོར་ལོ་དང་གནས་པ་གསུམ་ཆགསུཾ་གཉིས་མགོ་ལ་འཆར་རམ་ཕྱེད་འཆར་རམ། བཞི་ཅང་འཆར་རམ། ལྔ་མ ་འམ་དྲུག་མའམ་ཇི་ཙམ་འཆར་བ་ནི། ལམ་དུ་འཇུད་པ་ཡིན་ཏེ། དབང་པོ་རབ་འབྲིང་རྟགས་དང་སྦྱར། མི་འཁོར་བའི་དབང་མེད་པའི་ཐབས་ནི། གོང་མ་སྣང་བ་བུན་ནེ་བ་དེ་ལམ་བཞག་པར། མིག་རྩ་མཐོང་བྱེད ་གྱུར་པ་ལ་སྣང་བ་གཏད་པས། འགྱུར་བ་དེ་ཀྱུས་ཙེར་བྱུང་བའི་དུས་སུ། འབྲས་བུ་དྲིལ་སྐུ་ལ་བསྐོར་བསྐུལ། སྣང་བ་ལ་ཡན་དུ་ཆུག། ཡང་བསྐུལ་གྱི་ན་བསྐོར། བཙུན་མ་ཟོ་ཆུ་རྒྱུད་མ་འདྲ་བ་མི་དམིགས། སྤྱི ་སོར་འདྲ་བའི་འགྱུ་བ། འཁོར་ལོ་ལྟ་བུའི་ཉམས། ཉི་ཟླ་ལྟ་བུའི་དོན། དཔེར་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་དེ་རིན་པོ་ཆེ་གསེར་གྱི་ཁང་པ་ལ་སོགས་པ་དང་། རིན་པོ་ཆེའི་སྟེང་རྣམས་ནས་འགྲོ་བ་ལས་ཐོག ་འགྲོ་བ་བཞིན། འགྱུ་བ་འོད་གསུམ་དུ་བསྐོར་ན་འོད་གསལ་གྱི་མལ་ལས་མི་འདའོ།། གསལ་གདབ་སྒྲར་འགྱུར་དུ་བསྐོར། ཝལ་གྱི་བྱུང་བའི་དུས་སུ་མལ་དུ་གཞུག། ཆུབོ་རྒྱུན་གྱི་རྣལ་འབྱོར་ཅེས་ཀྱང་དེ་ལ ་བྱཿརྫོགས་པ་སྤྱི་གནོད་ཀྱང་དེ་ལ་བྱ། ཅེས་གསུངསོ།། ཡེ་ཤེས་ངོས་བཟུང་བའི་ལེའུ་སྟེ་བཅུ་པའོ།། ། ཡང་བཀའ་སྩལ་པ། རྟགས་ཀྱི་རིམ་པ་བཤད་པར་བྱ། འགྲུབ་ངོས་ཟིན་ན་ཡེ་ཤེས ་མི་འཆར་མི་སྲིད་དེ། དང་པོ་ལུས་འདར་བ་སྐམ་བྱེད་པ་དང་། འགྱུ་བ་དེ་ངོས་ཟིན་པའི་རྟགས། དེ་ནས་ལུས་འགུལ་མི་ཤེས་པ་མཉམ་བྱེད་པ་འམ་ཐང་ངེ་མ་འོང་སྟེ། འགྱུ་བ་དེ་སངས་ཏེ་འོང་བའི ་རྟགས། དེ་ནས་འདག་པ་ལ་སྐོར་ཕོར་བཏབ་པ་འམ། སྤོས་དང་སྤོས་རྒྱ་ལྟ་བུ་འོང་སྟེ། ཡེ་ཤེས་འཆར་བའི་རྟགས། འགྱུ་བ་དེ་ལ་འཁོར་ལོ་མ་བསྐོར་ཀྱང་འོད་གསལ་སྐམ་དུ་ཞུགས་པ་ནི། འོད་གསལ་ལམ་དུ་ཚུད ་ནས་བརྟན་པ་ཐོབ་པའོ།། བཀྲག་ཤེས་མདངས་གསལ་རིག་པ་ཁོང་ནས་གྲོལ།། སྨན་དང་ནད་ཀྱང་འབྱང་བར་བྱེད་པའི་གདམས་པ་འདི།། རྣལ་འབྱོར་ཉམ་སུ་ལེན་པ་འགའ་རྣམས་ལ།། བླ་མ་དམ་པའི་སྐྱེན་དུ་ཤར་ནས ་ཀྱང་། མྱུར་དུ་གདམས་པ་འདི་དང་ཕྲད་པར་ཤོག། ཅེས་གསུང་སོ།། འཇམ་དཔལ་བཤེས་གཉེན་རྗེ་སུ་ཡི་རང་བའི་ལེའུ་སྟེ་བཅུ་ཅིག་པའོ།། ། ་ཨ་ཏི་རྫོགས་པ་གསང་བ་སྤྱི་གཅོད་ཀྱི་རྒྱུད་ལས་ཉམས་ཀྱི་གདམས་ངག་ལྷག་པ་རིན་པོ་ཆེ་སྒྲོན་མེ་ཞེས་བྱ་བ་ཨ་ཏི་སྤྱི་རྒྱུད་རྫོགས་སོ།། ་