| Wylie | e-texts produced with BDRC’s OCR application |
xxx ་རྒྱ་གར་སྐད་དུ། ཨུ་བྷི་སནྟི་མ་ཧཱ་ཏནྟྲ། བོད་སྐད་དུ། ཨ་ཏི་རྫོགས་པ་ཆེན་པོའི་རྒྱུད། དཔྲལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལོ།། འདི་སྐད་བདག ་གིས་ཐོས་པའི་དུས་གཅིག་ན། བྱང་ཆུབ་ཤིང་དྲུང་གནས་མཆོག་ཏུ། སྤྲུལ་སྐུ་དགའ་རབ་རྡོ་རྗེ་ནི། མེ་ཏོག་པདྨའི་གདན་ལ་བཞུགས།། སངས་རྒྱས་ལུས་ཀྱི་རྒྱུན ་ཡང་རྫོགས།། ཕྱག་མཚན་འགྱུར་མེད་རྡོ་བསྣམས།། ཞི་དང་ཁྲོ་བའི་མཚན་མཆོག་མདྲའོ།། སྙིང་རྗེ་ཆེན་པོས་གཞན་དོན་མཛད།། ཆོས་དང་ཡུལ་ལ་དམིགས་པ་ཡཱི། ་སྙིང་རྗེས་འགྲོ་བའི་དོན་ཡང་མཛད།། ཐབས་ཀྱི་སྒོ་ནས་ཐ~ཾད་འདུལ།། བྱིན་རླབས་ཉི་མའི་འོད་ལྟར་འཆེར།། ཁུ་བྱུག་གསུང་འདྲ་དུས་ཚོད་འཛིན།། ཐ~ཾད་རང་ལ་རྫོགས ་པའི་དུསབརྡ་དང་སྒྲ་དང་ཚིག་དང་དོན་གྱིས་བསྡུ་སླ།། ཨེ་མ་སོ། ཡང་གསང་རྨད་དུ་བྱུང་བའོ།། ཨ་ཏྲི་རྫོགས་པའི་རྒྱུད་ལས་སྟོན་པས་གླེང་སྤང་བའི ་ལེའུ་སྟེ་དང་པོའོ།། །། དེ་ནས་འཇམ་དཔལ་བཤེས་གཉེན་གྱིས།། ཀྱཻ་སྟོན་པ་དགའ་རབ་རྡོ་རྗེ་ལེགས།། རྒྱུད་ཀྱི་ངོ་བོ་བསྟན་དུ་གསོལ།། ཅེས་ཞུས་པས ་ཐུགས་རྒྱུད་ཞལ་བརྒྱུད་ཞུས་ལན་གསུམ་གསལ།། དགོངས་ཏེ་གསུཾ་ཉིད་རྣམ་པར་གསུངས།། ཆོས་གེ་སུཾ་ཕུན་སུམ་ཚོགས་པས་རྒྱུད་ཅེས་བྱ།། ཅེས་གསུངས་པས། ་དེའི་དོན་འདི་བསྟན་དུ་གསོལ་ཅེས་ཞུས་པས། ཐུག་སུ་རྒྱུད་པ་ཀུན་བཟང་རྒྱུད།། ཞལ་ནས་གསུངས་པའི་རྒྱུད་དག་ནི།། རྡོ་རྗེ་སེམས་དཔས་གསུངས་པའོ།། ཞུས་ལ ་ཕྲ་མེད་འཕེལ་རྒྱས་རྒྱུད།། དགའ་རབ་རྡོ་རྗེ་བདགི་བཤད།། བྱིན་བརླབས་ཉི་མའི་འོད་ལྟར་ཤར།། སྐྱེས་བུའི་ཐུགས་ལ་གང་ཤར་བ།། ཀུན་ཏུ་བཟང་པོའི་ཐུགས་རྒྱུད་རྫོགས།། སྣང་ལ་རང་བཞིན་མེད་པའི ་དོནཿཆུ་ཟླའི་དཀྱིལ་འཁོར་ལྟ་བུར་བཤད།། སྒྱུ་མ་ལྟ་བུའི་གསུང་གི་བརྒྱུད།། རྡོ་རྗེ་སེམས་དཔའི་ཞལ་བརྒྱུད་རྫོགས།། དཔ་ལྡན་སངས་རྒྱས་པདྨའི་ནང་།། སྐྱེས་པའི་ཚུལ་གྱིས་སྐུར་བསྟན་པ།། བྱིན ་བརླབས་དག་ལ་སྔགས་ལྟར་ཤར།། འཕེལ་རྒྱས་ཕྲ་མེན་རྒྱུད་འདི་རྫོགས།། ཅེས་གསུངསོ།། ཨ་ཏྱཻའི་རྫོགས་པའི་རྒྱུད་ལས། རྒྱུད་ཀྱི་ཞུས་ལན་གྱི་ལེའུ་སྟེ་གཉིས་པའོ།། ། ་དེ་ནས་ཡང་ཞུས་པ། རྒྱུད་ལུང་འབྲེལ་པར་བཤད་པར་ཞུ།། ཅེས་གསུངས་པས། གསུང་གི་བསྒྱུར་ཞིང་གང་མཚོན་པ།། སྐྱེས་བུ་རྒྱལ་པོའི་བཀའ་ལུང་རྫོགས།། བྱིན་གྱིས་བརླབས་ཀྱི་ཐུགས་དག་ལ།། ་ངེས་པའི་ཤེས་པ་སྐྱེད་པ་འདི།། སྐྱེས་བུའི་རྒྱལ་པོའི་བྱིན་ལུང་རྫོགས།། སྐྱེས་བུ་གདམས་པའི་ལུང་ཕོག་པས།། ངེས་པར་བྱིན་བརླབས་ཕྲ་མེན་ལུང་ཡང་རྫོགས།། སྙིང་པོའི་དོན་ལ་བཀོལ་བ་མེད།། ་རང་བྱུང་ཡིས་འཕོ་འགྱུར་མེད།། རིག་པའི་ཡིས་གཡོ་བ་མེད།། རང་རིག་ཡེ་ཤེས་འགག་པ་མེད།། ཐིག་ལེའི་ཡིས་སྐྱེ་འགག་མེད།། དོན་དེ་ཐུགས་ལ་གང་འཛིན་པ།། སྐྱེས་བུ་ངའི་བཀའ་ལུང་རྫོགས།། ་ན་སྨྲ་ན།། མ་ག་པའི་སྣ་བས།། ར་པ་ས་ས་ན་གྱུད་པ་མ།། ས་སྩུ་། ས་གས་། ་རྒྱུད་ལུང་སྐྲག་ཏུ་བཤད་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་བཀའ་སྩལ་བ། ཐིག་ལེ་ལྷ་གཅིགཅིག་ཏུ་བཤད་པ་དང་།། གཉིས་སུ་བཤད་པ་དང་། གསུམ་དུ་བཤད་པ་དང་། བཞི་དང ་རུ་བཤད་པ་བསྟན་དུ་གསོལ་ཞེས་ཞུས་པས།། བཀའ་སྩལ་པ། ཐིག་ལེ་ཉ་གཅིག་ཅིག་ཏུ་བཤད་པ་ནི། ཐིག་ལེ་ཉ་གཅིག་ཡིས་ཆེན་པོ་སྟེ། རྒྱ་ཆེ་ལྟ་བ་ལ་ཟླའི་དོན་དུ་བཤད་པ་ཡང་།། གཞི ་མ་དངོས་པོའི་གནས་ལུགས་ལ།། རྟོགས་དང་མ་རྟོགས་གཉིསུ་མེད།། སངས་རྒྱས་སེམས་ཅན་གཉི་སུ་མེད།། དག་དང་མ་དག་གཉི་སུ་མེད།། སྣང་དང་མ་སྣང་གཉི་སུ་མེད།། བསྒོམ ་དང་མི་སྒོམ་གཉིས་མེད།། སྐྱོན་དང་ཡོན་ཏན་གཉིསུ་མེད།། ཐབས་དང་ཐིག་ལེ་རང་སྣང་ལ།། གཉི་སུ་འཛིན་པ་འཁྲུལ་པ་ཡིན།། རྒྱ་ཆེན་མཁའ་ལྟ་བུ་ཡིན།། ཕྱོགས་འཚམས་སྒྲུབས་པ ་ག་ལ་གྲུབ།། ཐ~ཾད་ཕྱོགས་མེད་ཁྱབ་བརྡལ་ལ།། རྣམ་རྟོག་བློ་ཡི་ག་ལ་སློད།། ལྡོངས་པས་ན་མཁའ་ག་ལ་སྙེགས།། གྲང་ནད་ཅན་གྱི་སྐྱེས་བུ་ལ།། ག་བུར་དུག་དུ་ངེས་པར་འགྱུར།། བློ་ཆུང་ཤེས་རབ ་ན་ཆུང་བ་ལྔ།། ལྷགཅིག་བསྟན་པས་ལྟུར་བར་འགྱུར།། ཨེ་མ་ཧོཿཐམས་ཅད་གཅིག་པ་ལ།། སྒོ་བཏགས་ཆོས་ཀུན་ཐིག་ལེར་ཅིག། སྣ་ཚོག་ཐིག་ལེ་ཉ་གཅིག་དང་།། ཅེས་གསུང་སོ།། ཨ་ཏི་རྫོགས་པའི་རྒྱུད ་ལསཿཐིག་ལེ་རྒྱ་ཆེ་བ་རུ་བཤད་པའི་ལེའུ་སྟེ་བཞི་པའོ།། ། ཐིག་ལེ་ཟད་པར་བཤད་པར་ཞུ་ཅེས་ཞུས་པས། བཀའ་སྩལ་པ། ཟབ་ཅིང་ཡངས་ལ་རྒྱ་ཆེ་བ།། ཟབ་མོ་སངས་རྒྱས་དགོངས་པ ་སྟེདེ་དག་ཉམ་སུ་ལེན་པ་ལ།། ཐིག་ལེ་གཉི་སུ་བཤད་པར་བྱ།། སྣང་བ་མ་འགགས་ཐིག་ལེའི་རྒྱན།། རོལ་པ་ཡིན་པར་ཤེས་པར་བྱ།། རིག་པ་ཡེ་ཤེས་མ་འགགས་རྩལ།། འགག་པ་མེད་པར་ཤེས་པ ་བྱ། སྣང་བ་ཐིག་ལེའི་གནང་དུ་མ་ཤེས་པ།། མངལ་ཁ་རྒྱ་ཡིས་གང་ལ་ཐེབས།། སྣང་བ་སྟོང་པར་བསྒོམས་པས་བསམ་ངོ་ཡིད་སྨོན་ཡུལ།། རིག་པ་ཡིས་གནད་དུ་མ་ཤེས་ན།། འགྱུ་བ་སྟོང་པར་བསྒོམས་པ ་རིག་བརྐྱང་སྒོམས་ཡིན།། ཉན་ཐོས་གང་ཟག་བདག་མེད་རྟོགས་དང་ཁྱད་པར་མེད།། འགྲོ་དྲུག་གཡངས་ཆོད་པར་ག་ལ་འགྱུར།། རྟང་རྒྱུགས་འདྲོག་ལ་མེ་ཏོག་ཆོད་པ་བཞིན།། གང་ལྟར་བལྟས་པས་ཡོས ་ཤར་ན་སངས་རྒྱས་དགོངས་པ་ཡིན།། ཐབས་དང་ཤེས་གཉིས་ནི་བཙུན་མོ་ཟོ་ཆུ་ཁྱུད་མོ་འདྲ།། རྣམ་རྟོག་ཡིས་གཉིས་ནི་མེ་ལ་ཤིང་བསྣན་འདྲ།། ཡིས་གནད་དུ་གཟིར་ན་རྒྱ་མཚོ་ཉ་མོ་འདྲ།། ཡེ་ཤེས་བྱིན་བརླབས ་མུན་པའི་ཉི་མ་འདྲ།། མ་འདྲེས་རང་སར་གནས་པ་ཟ་འོག་སྣལ་བུ་འདྲ།། ཅེས་གསུངསོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཡེ་ཤེས་དང་རྣམ་རྟོག་གཉིས་བརྡར་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། ་ཐིག་ལེ་གསུམ་དུ་བཤད་པ་ནི།། གཞི་དང་ལམ་དང་འབྲས་བུ་གསུམ།། གཞི་ལམ་རྣམ་གསུམ་ཤེས་བྱ་སྟེ།། དབྱིངས་ཀྱི་ཐིག་ལེ་སྟོང་པ་ལ།། ཡེ་ཤེས་ཐིག་ལེ་གསལ་ལ་འཚེར།། རྩལ་གྱི་ཐིག་ལེ་ལྗང་ལ་སྒྲམ ་འདུ་འགྲོ་ལས་ཀྱི་ཐིག་ལེ།། བཀོད་པ་རྒྱན་གྱི་ཐིག་ལེ།། གཉིས་མེད་རང་གསལ་གྱི་ཐིག་ལེ།། ལམ་གྱི་ཐིག་ལེ་རྣམས་གསུམ་སྟེ།། རང་སྣང་འོད་ཟེར་གྱི་ཐིག་ལེ་ལ་ཆགས་པ་སྣ་ཚོགས་སྐྱེ་བ་ཨེ་མ་ཧེ ་རིག་པ་རྩལ་གྱི་ཐིག་ལེ་ལ།། ཞེན་པ་དངོས་པོར་ཤར་བ་ཨེ་མ་ཧོ།། དབྱེར་མེད་སྙིང་པོའི་ཐིག་ལེ་ལ།། གཉིས་སྣང་ཉམ་སུ་མྱོང་བས་འབྲས་བུ་སྣ་ཚོགསུ་གྲུབ་པ་ཨེ་མ་ཧོ།། འབྲས་བུའི་ཐིག་ལེ་རྣམ་ག ་སྟེ། ལྷུན་གྲུབ་རྟོགས་པའི་ཐིག་ལེས་ཐ~ཾད་མཁྱེན།། རང་བྱུང་རང་སྣང་བའི་ཐིག་ལེས་བདེ་ཆེན་རང་ལ་ཤར།། རྒྱུན་གྱི་ཐིག་ལེས་བྱིན་བརླབས་ལ་རྒྱུན་ཆད་མེད།། སྣང་བ་རྣམ་ཤེས་ཡིད་དང་གསུམ། ་འཁོར་བ་སངས་རྒྱས་གནས་ལུགས་གསུམ།། རྒྱུ་དང་ལམ་དང་འབྲས་བུ་གསུམ།། བྱིན་བརྒྱུད་སྙན་བརྒྱུད་ཐུགས་བརྒྱུད་གསུམ།། སྙིང་པོ་འོད་དང་ཟེར་དང་གསུམ།། རྣོ་དང་མྱུར་དང་ཟབ་དང་གསུམ། ་བརྟན་དང་རྒྱ་ཆེ་ཕྲ་དང་གསུམ།། མན་ངག་གདམས་ངག་སྙན་བརྒྱུད་གསུམ།། ཐིག་ལེ་གསུམ་དུ་བཤད་པའོ།། ཅེས་གསུངསོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཟབ་མོ་གསུམ་དུ་བཤད་པའི་ལེའུ་སྟེ།། ་དྲུག་པའོ།། ། ཡང་བཀའ་སྩལ་པ། ཟབ་མོ་བཞི་རུ་བསྟན་པ་བཤད་དུ་གསོལ།། ཞེས་ཞུས་པས། བཀའ་སྩལ་པ། དངོས་པོ་གཅིག་ལ་བཞིར་དབྱེ་བ།། ལེའུ་དག་གི་དཔེ་བཞིནོ།། ་དཔེ་དང་དོན་དང་ཚིག་དང་ནི།། བརྡའ་ཡི་དགྲོལ་བར་བཤད་པའོ།། ཆོས་ཀྱི་སྐུ་ཡི་དོན་དང་ནི།། རང་སྡང་ལོང་སྤྱོད་རྫོགས་པའི་སྐུ།། སྤྱིར་ཡང་སྤྲུལ་པའི་སྐུ་ལྔ་ངོ་སྤྲད་པས།། དེའི་ཡོན་ཏན་ངོ་བོ་ཉིད་ཀྱི་སྐུ།། ཡེས ་བཞིའི་དོན་ཀྱང་རང་སོར་འབྲེལ།། འབྱུང་བ་ལྔ་ནི་ཆོས་སྐུའི་བརྡའ།། ཤིང་སྤངས་མེ་ནི་ག་ལ་འབྱུང་།། རྣམ་རྟོག་མེད་ན་ཡེ་ཤེས་ག་ལ་སྐྱེ།། རྣམ་རྟོག་ཡིས་ཡིན་ན་བཀའ་རྒྱུད་ཟབ་མོ་གང་ལ་དགོས།། འབད་པ་སྡེ ་པར་ཡེ་ནས་གྲོལ།། སྤྲུལ་པའི་སྐུ་ལ་རྣམ་རྟོག་སྐྱེས་ནས་ཡིས་གསལ།། དཔེར་ན་མེ་ལ་ཤིང་བསྣན་འདྲ།། ཟུང་དུ་ཞུགས་པས་ལོང་སྤྱོད་རྫོགས་པའི་སྐུ།། ཇི་ལྟར་སྤྱད་ཀྱང་ཟད་པ་མེད།། ངོ་བོ་ཉིད་ཀྱི་སྐུའི་ངང ་དུ་གནས།། ཡེ་གྲོལ་བཞི་ཡི་སྐུ་བཞི་དེ།། རྒྱ་ཆེ་བའི་དོན་དུ་བཤད་པ་ཡིན།། ཟབ་མོ་ཉམ་སུ་ལེན་ན་རང་གྲོལ་སྐུ་བཞིའི་ངོ་སྤོང་ན།། རྣམ་རྟོག་ཞལ་གྱི་སྐྱེས་པའི་དུས་ཉིད་ན།། རང་རིག་ཡེ་ཤེས་ངོ་སྤྲོད་ཀྱིས།། རྣམ་རྟོག ་དངས་ནས་ཡེ་ཤེས་གསལ།། འགྱུ་བ་མེད་ན་ཡེ་ཤེས་ག་ལ་གསལ།། འགྱུ་བ་དངས་པས་ཡེ་ཤེས་གསལ།། རང་གྲོལ་སྤྲུལ་པའི་སྐུའི་ངོ་སྤྲོསྤྱོད་ཡིན།། རང་གྲོལ་ལོང་སྐུའི་ངོ་སྤོད་ནི།། འགྱུར ་དང་པས་འོད་གསལ་ལ།། ལྷ་ནི་བརྟན་པར་གནས་པ་དེ།། དེ་ནི་ལོང་སྐུའི་ངོ་སྤྲོད་དོ།། འགྱུ་བ་འོད་གསལ་གཉི་སུ་མེད།། གང་གི་ཕྱོགསུ་མ་ལྷུང་བ།། དེ་ནི་ཆོས་སྐུའི་ངོ་སྤྱོད་ཡིན།། ཐིག་ལེ་ཡིས་ཟང་ཐ ་ལ། རྒྱུ་དང་རྐྱེན་གྱིས་མ་སྐྱེད་པར།། རང་བཞིན་ཤུགས་ཀྱི་ཤར་བ་དེ།། ངོ་བོ་ཉིད་ཀྱི་སྐུའི་ངོ་སྤྲོད་ཡིན།། ཅེས་གསུངསོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་བཞི་སྦྱོར་ངོ་སྤྲོད་ཀྱི་ལེའུ་སྟེ་བདུན་པའོ།། ། ་དེ་ནས་ཡང་བཀའ་སྩལ་པ། ཐིག་ལེ་ལྔ་སྦྱོར་བཤད་པ་ནི།། དབྱིངས་ཀྱི་ཐིག་ལེ་འོད་གསལ་བ།། རང་བྱུང་ཡེ་ཤེས་མལ་དུ་གཞུག། ཡེ་ཤེས་ཐིག་ལེ་ཆེན་པོ་དེ།། རིག་པའི་ཡེ་ཤེས་མ་བུ་སྨད།། གཉི་སུ་སྣང ་པའི་ཡེ་ཤེས་དེ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། བཟུང་འཛིན་ཐག་པ་བཅད་པར་བྱ།། དེ་ནི་ལྷུན་གྲུབ་ཐིག་ལེ་ཡིན།། སྙིང་པོ་གཡོ་མེད་ཡེ་ཤེས་ཀྱིས།། དང་དུ་ཕྲད་ན་བཟུང་འཛིན་འཆད།། དབྱིངས ་ཉིད་རྣམ་དག་ཐིག་ལེ་ཡིན།། ཡིས་ཟང་ཐལ་ཆེན་པོར་བཟླ།། བལྟ་བའི་སྒོ་ང་རྒྱ་རལ་པ་ཡིན།། ལྷུན་གྱི་གནས་པའི་ཐིག་ལེ་ཡིན།། སྒོ་ལྔ་ཆགས་སྡང་མདུད་པ་ལ།། ལྷག་མཐོང་རིག་པའི་ཡེ་ཤེས་ཀྱིས།། ་རལ་གྲིས་བཅད་དེ་གཏང་བར་བྱ།། སྣང་བ་འོད་གསལ་གྱི་ངོ་སྤོད་དོ།། དཀར་དམར་འདོད་ཆགས་ཀྱི་མདུད་པ་ལ།། རང་བྱུང་རང་སྣང་གི་ཡེ་ཤེས་ཀྱིས།། ལྕག་ཀྱུས་བཟུང་བ་གཏང་བར་བྱ།། ཆོས་སྐུ་འོད་གསལ། ་གྱི་ངོ་སྤྲོད་དོ།། སེམས་འགྱུར་རྣམ་རྟོག་གི་མདུད་པ་ལ།། ཉམས་མྱོང་སྒོམ་པའི་སྒོང་རྒྱ་ལ།། རང་རིག་ཡེ་ཤེས་ཀྱི་ངོ་སྤྲོད་བྱས།། སྙིང་པོ་ཡེ་ཤེས་སྣང་མེད་ཀྱིས།། ཆགས་འཛིན་སྒོམ་པའི་ཞོན་པ་སྤངས ་རང་སྣང་ཐིག་ལེའི་ངོ་སྤྲོད་དོ།། ཡིད་འགྱུས་བག་ཆགས་ཀྱི་མདུད་པ་ལ།། འོད་གསལ་གསང་ལམ་གྱི་ངོ་སྤྲོད་ཀྱིས།། རྒྱས་འདེབས་སྤྱོད་པའི་སྒོ་རྒྱ་ལ།། རང་ལ་ཤར་བའི་འོད་གསལ་སྐྱེས།། མཚན་མ ་ལམ་གྱི་གོལ་ས་ཆོད།། ཀུན་གཞི་ཟུང་ཐལ་གྱི་ཐིག་ལེ་དང་།། མཚན་མ་རང་སྡང་གི་ཐིག་ལེ་གཉིས།། བསྲེས་པ་མེད་པར་ཀྲུག་གིས་འདྲེས། འབྲས་བུ་སྤངས་ཐོབ་དུས་ཀྱི་སྒོ་རྒྱ་རལ་ཨེ་མ་ཧོ།། ་ཅེས་གསུངས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས། ཐིག་ལེ་ལྔ་སྦྱོར་དུ་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་བཀའ་སྩལ་པ། འགག་གི་རྣམ་པ་བསྟན་པར་བྱའོ་ཅེས་གསུངས ་སེམས་འཛིན་ཕྲ་མོ་རྩོམ་པ་ནི།། ཡེ་ཤེས་ཟང་ཐལ་སྐྱེ་བའི་འགག། ཚོགས་དྲུག་བཀག་ནས་དབུགས་ལ་གཏོད།། ཆོས་ཉིད་འོད་གསལ་སྐྱེ་བ་འགག། དབུགས་ལ་གཏོད་ཅིང་དྲུང་ལ་སྐྱོང་།། རང་བྱུང་ཡེ་ཤེས ་སྐྱེ་བ་འགག། ཕུང་པོ་ལྷ་དང་ལྷ་མོར་བསྒོམ།། སྐུ་ཡིས་དམ་ཚིག་རྟེན་པ་དེས།། ཆོས་སྐུ་འོད་གསལ་སྐྱེ་མེད་འགག། ངག་གི་བཟླས་བརྗོད་ཕྲོ་འདུ་སྦྱོང་།། གསུང་གི་དམ་ཚིག་རྒྱུན་དུ ་སྤྱོད། དེས་ནི་རང་རིག་ཡེ་ཤེས་འགག། དམ་རྫས་རྣམ་ལྔ་རྒྱུན་དུ་རྟེན།། ཐུགས་ཀྱི་དམ་ཚིག་རྒྱུན་མི་གཅོད།། ལྷག་མཐོང་རིག་པའི་ཡེ་ཤེས་འགག། རྒྱ་ཆེ་ལྟ་བ་ཁ་འགྱང་ཁྱེར།། འགྱུར་ངས་ཡེ་ཤེས་སྐྱེ་བ་འགག ་འགག་མེད་ཐིག་ལེ་འདི་ཡིན་གྱིས།། ཐུག་པར་མོས་ལ་སྤྱད་པར་གྱིས།། ཅེས་གསུངས་ནས་ཆོས་ཉིད་རང་སྣང་གི་དབྱིངསུ་གཤེགས་སོ།། ཨ་ཏི་རྫོགས་པའི་རྒྱུད་ལས་ལེའུ་དགུ་པའོ།། ་ཨ་ཏི་རྫོགས་པའི་རྒྱུད་རྫོགས་སོ།། ་