| Wylie | e-texts produced with BDRC’s OCR application |
ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ཞེས་བྱ་བ་བཞུགས་སོ།། ་རྒྱ་གར་སྐད་དུ། དེ་བ་རཱཧཱ་ཀནྣ་ཏནྟ་ན་མ། བོད་སྐད་དུ། ལྷ་རྒྱང་རིན་པོ་ཆེ་སྤུད་པ་ཞེས་བྱ་བ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས་པའི ་དུས་གཅིག་ན། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཡིས།། རང་གྲོལ་ཡེ་ཤེས་རང་ལ་ཤར།། ཕྱི་ནང་མེད་པའི་ཟང་ཐལ་གནས།། ཆེན་པོ་ལྔའི་བསྟན་པ་ལ།། རང་སྣང་ཆེན་པོ་རྣམ་དག་ཡིན།། དེ་ཡང་ཐོག་མ་མེད ་པའི་དུས།། གཞི་གསུམ་དབྱེར་མེད་ལྷུན་གྱིས་གྲུབ།། ཡང་དག་ཡེ་ཤེས་སྣང་བ་དང་།། དག་པ་འཇིག་རྟེན་སྣང་བ་དང་།། མ་དག་འཁྲུལ་པའི་སྣང་བ་གསུམ།། དབྱེར་མེད་ལྷུན་གྱིས་གྲུབ་པ་ཡིན།། ཡང་དག་ཡེ་ཤེས ་སྣང་བ་ནི།། སྐུ་གསུམ་རང་སྣང་སྤུན་གྱིས་གྲུབ།། དེ་ཡང་ཕྱོགས་སུ་མ་ལྷུང་རྒྱ་མ་ཆད།། དག་པ་འཇིག་རྟེན་སྣང་བ་ནི།། འོད་ལྔ་ལ་སོགས་ལྷུན་གྱིས་གྲུབ།། དེ་ཡང་ཕྱོགསུམ་ལྷུང་རྒྱ་མ་ཆད།། མ་དག་འཁྲུལ་བཱི ་སྣང་བ་ཡང་། འགྲོ་དྲུག་ལ་སོགས་ལྷུན་གྱིས་གྲུབ།། དེ་ཡང་ཕྱོགས་ལྷུང་མེད་པ་ཡིན།། ཆོས་ཉིད་བརྡལ་བའི་ཕོ་བྲང་ནས།། ཀུན་གཞི་སྤྱན་དབྱིངས་མི་ཟད་གཏེར།། གཏེར་གྱི་འབྱུང་གནས་རིན་ཆེན་གླིང་།། ཁ་བུར་ལྟ་བུའི་གཞི་མ་ཡིན ་ཕྱོགས་མེད་ཆེན་པོའི་སྣང་བ་ཡིན།། ཅེས་གསུངས།། དེ་ནས་གསང་བའི་བདག་པོ་དེས།། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས།། སྤྱན་དབྱིངས་དེ་ལྟར་ཡིན་པ་ལ།། དེ་ལས་འཁྲུལ་པ་ཇི་ལྟར་ལགས།། བྷིནཱ་བཱརླབས་འབྱུང་བ་ཇི་ལྟར་ལགས།། འཁྲུལ་པ་སྣང་བ་ཇི་ལྟ་བུ ་རྫས་བྱས་ཆོས་དེ་གང་ལ་གསུངས།། ཅེས་ཞུས།། སརྒྱུད་རིན་པོ་ཆེ་སྲུང་བ་ལས་གླིང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་ཀུན་བཡང་གིསོ།། དེ་ལས་འཁྲུལ་པ་བསྡད་པ་ནི།། བྲན་གཞི་གཏེར་གྱི་འབྱུང་གནས ་ལ། ལྷུན་གྲུབ་ཡོན་ཏན་ཕྱོགས་མེད་རླུང་།། དཔེར་ན་རྒྱ་མཚོ་ཆོས་མཐུན་པའི།། རང་འབྱུང་རླུང་གི་ལྷ་ཕོས་བསྐྱོད།། མ་ནིང་རྣམ་གསུམ་ཡིད་འགྱུས་པས།། འགྱུ་བ་རླུང་གི་མིག་ཅན་དེ།། རང་སྣང་འོད་ལྔའི་ལམ་དུ་ཞུགས།། པ་ཉིད་མཁྱེན་པའི་ཤེས་རབ་ཡིན ་རྣམ་གསུམ་ཤེས་པས་ཤེས་རབ་མཆོག། མཆོག་གི་སྐུ་གསུམ་རང་ལ་ཤར།། ལྟས་པ་ལྔའི་གླིང་དུ་གྲོལ།། སངས་རྒྱས་མངའ་བདག་གཅོད་པན་ཅན།། ཡེ་ཤེས་འབའ་ཞིག་ལས་བྱུང་།། མགོན་པོས་ཀུན་གྱི་ཡབ་མེས་ཡིན།། ཀུན་ཏུ་བཟང་པོ་བློ་གྲོས་བཟང ་ཐོག་མའི་སངས་རྒྱས་འོད་དཔག་མེད།། སངས་རྒྱས་ཀུན་གྱི་གཙོ་བོ་ཡིན།། ང་མེད་པའི་སྔོན་ན།། སངས་རྒྱས་བྱ་བའི་མིང་ཡང་མེད།། ཡེ་ཤེས་བྱ་བ་མིང་ཡང་མེད།། ཆོས་སྐུ་བྱ་བ་མིང་ཡང་མེད།། ཆོས་ལས་གྲོལ་བའི་སངས་རྒྱས་ཡིན ་ཐིག་ལེ་ཆོས་མེན་ཡིས་ཀློང་།། བྱ་བཙལ་མེད་པས་རང་གྲོལ་ཡིན།། རང་བྱུང་རང་གི་འོད་སྣང་སངས།། འདས་པ་ལྔ་རུ་རྒྱས་པ་མཆོག། དོན་གྱི་ཡེ་ཤེས་ཁོང་ནས་ཤར།། ཡེ་ཤེས་ཁོང་ཤར་མིག་བྱེད་པས།། ཡེ་ཤེས་མི་གཅིག་དྲི་མ་མེད།། མ་རིག་སྒོ་ལྔའི། ་སྦུབས་འབྱེད་པ།། རང་བྱུང་ཡིད་ཀྱི་ཤེས་རབ་ཀྱིས།། འགྱུ་བའི་ལིང་ཐོག་གསེར་གྱི་ཟུར་མས་བྱེད།། མིག་གི་དབང་པོ་སོ་སོར་མ་འགགས་པས།། སོ་སོར་རྟོགས་པའི་ཡེ་ཤེས་ཡིན།། རང་བཞིན་མེད་པའི་ཟང་ཐལ་ཏེ།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས ་ཡིན།། དེ་ཉིད་རང་གསལ་ཆེན་པོར་ཤར།། མེ་ལོང་ལྟ་བུའི་ཡེ་ཤེས་ཡིན།། ཕྱི་ནང་མེད་པར་མཉམ་པས་ན།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན།། ཐམས་ཅད་མ་ལུས་སྙུན་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས་ཡིན།། ཡེ་ཤེས་ཡིན ་པས་བརྩོལ་གྲུབ་མེད།། ཡོན་ཏན་ཡེ་ཤེས་ལྔ་དང་ལྡན།། འབྲས་བུ་སྐུ་གསུམ་ཁོང་ནས་ཤར།། མཆོག་གི་དང་པོ་སྐུ་གསུམ་འཆང་།། སྐུ་གསུམ་རང་གྲོལ་ལམ་གྱི་མཆོག། ཡེ་ཤེས་རང་ཤར་རིག་པའི་མཆོག། འདས་པ་ལྔ་པོ་འབྲས ་བུའི་མཆོག། ཡེ་ཤེས་ཟང་ཐལ་གདམས་པའི་མཆོག། སངས་རྒྱས་ཀུན་གྱི་དགོད་པ་ཡིན།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྤུང་པ་ལས།། ཀུན་ཏུ་བཟང་པོ་རང་སྣང་གི་ལེའུ་སྟེ་གཉིས་པའོ།། ་དེ་ནས་གསང་བའི་བདག་པོ་ཡིས།། འགྲོ་དྲུག་དག་གི་འཁྲུལ་པ་ཇི་ལྟར་ལགས་ཅེས་ཞུས་པས།། ཀུན་ཏུ་བཟང་བས་བཀའ་སྩལ་པ། ཐོག་མ་མེད་པའི་གཞིས་དེ། དེ་ཡོད་པས་ན་འགྲོ་དྲུག་ཀྱང་།། མི་འཁྲུལ་པའི་རང་དབང་མེད།། དེ་ཡ ་སྣར་འཁྲུལ་ཞེ་ན། ཀུན་གཞིའི་ཀླུང་ཆེན་མ་འགག་པས།། མ་ནིང་རླུང་གི་འཁྲུལ་པ་ཡིན།། དེ་ཡང་ཀུན་གཞིའི་སྤྱན་ཡིན། ཏེ།། གཞི་གསུམ་དབྱེར་མེད་སྤྱན་ཆེན་པོ།། གྱེན་དང་ཐང་ཀར་ཐུར་དུ་གཟིགས།། གཟིགས་པའི་སྤྱན་གསུམ ་ཁོང་ནས་ཤ་ར།། ཐུར་དུ་གཟིགས་པས་འགྲོ་དྲུག་སྤྱན།། འགྱུ་བའི་སྤྱན་གྱི་ཀུན་ཏུ་ལྟ།། འོད་ལྔ་ལམ་གྱི་ལྟ་ཕོ་ལ།། ཆགས་སྡང་ལྔ་ཡིས་འཁྲུལ་པ་ཡིན།། ལས་ནི་ལུང་མ་བསྟན་གྱི་ལས།། རྒྱུ་རྐྱེན་དུས་མཚུངས་རྒྱུ་ལྟར་འཁོར།། མ་རིག་འདམ་དུ་བྱིང་པ ་ཡིན། དམྱལ་བ་ལ་སོགས་འགྲོ་དྲུག་འཁྲུལ།། ལས་དང་ལས་ཀྱི་འབྲས་བུ་ལུང་མ་བསྟན།། ཚེ་ཚད་ལ་སོགས་དུས་ལ་ངེས་པ་མེད།། དེ་ནི་ཐུར་དུ་གཟིགས་པའི་སྤྱན།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྤུད་པ་ལས།། འགྲོ་དྲུག་རང་སྣང་གི་ལེའུ་སྟེ། ་གསུམ་པའོ།། ། དེ་ནས་གསང་བའི་བདག་པོ་ཡིས།། འགྲོ་དྲུག་འཁྲུལ་པ་ཇི་ལྟར་བཟློག། ཅེས་ཞུས་པས།། ཀུན་ཏུ་བཟང་པོས་བཀའ་སྩལ་པ།། འགྲོ་དྲུག་འཁྲུལ་པ་བཟློག་པ་ནི།། ངོ་བོ་ཉིད་ཀྱི་བྱིན་བརླབས་ནི།། ཆོས་ཀྱི་སྐུའི ་ཀྱིན་བརླབ་སོ།། དེའི་བྱིན་བརླབས་རྡོ་རྗེ་སེམས་དཔའ་ཁྱོད།། དེའི་བྱིན་བརླབས་སྣང་བ་ཐུབ་པ་དྲུག། མཐུན་མོངས་བཟློག་པའི་སྟོན་པ་ཡིན།། ཁྱད་པར་བཀའ་རྒྱུད་བྱིན་རྒྱུད་དང་།། ཐུགསུ་རྒྱུད་པའི་སྟོན་པ་གསུམ།། ཐུགས་རྗེ་ཆོས་ཀྱི་འཁོར་ལོ་ནི ་བྱིན་གྱིས་བརླབས་ཀྱིས་བསྐོར་བ་ཡིན།། མཆོག་གི་སྐུ་གསུམ་རང་སྣང་བས།། ཡེ་ཤེས་རང་སྣང་འཁོར་ལོ་བསྐོར།། རྟོགས་པས་ཡེ་ཤེས་འཁོར་ལོ་ཡིན།། ཆོས་ཀྱི་འཁོར་ལོ་ཕྱི་ནང་གསང་བ་གསུམ།། དེ་དོན་རྟོགས་པ་བྱིན་བརླབས ་རྒྱུད་པ་ཡིན།། ཉི་མའི་སྙིང་པོ་ཟེར་དང་འོད།། ཟླ་བ་སྟེང་ཀའ་གཟུགས་སྣང་བ།། ཐ་དད་དུ་མར་མཐོང་བ་ལྟར།། སྐུ་གཅིག་ཡོངས་ལ་སྣང་བས་སྦྲུལ་སྐུ་ཡིན།། ཡེ་ཤེས་ཕྱོགས་མེད་ཤར་བས་ཐུགས་རྗེ་འོད་པོ་ཆེ།། ཀུན་ལ་སྙོམས་པས་ཐུགས་རྗེ། ་ཕྱོགས་མེད་ཤར།། ཅེས་གསུངསོ།། ལྷ་རྒྱུང་རིན་པོ་ཆེ་སྡུད་པ་ལས།། བྱིན་བརླབས་འབྱུང་བ་བསྟན་པའི་ལེའུ་སྟེ། བཞི་པའོ།། ། དེ་ནས་གསང་བའི་བདག་པོ་ཡིས།། རྒྱུད་ལུང་འབྱུང་བ་ཇི་ལྟར་ལགས།། དེའི་ངོ་བོ་སྤོ ་ཇི་ལྟར་བགྱི།། ཅེས་ཞུས་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་བཞིན་བྱིན་རླབས་ངོ་བོའི་རྒྱུད།། རང་བཞིན་རྒྱུད་ལ་རྣམ་པ་གཉིས།། དཔེའི་རྒྱུད་དང་དོན་གྱི་རྒྱུད།། དོན་རྒྱུད་སངས་རྒྱས་དགོངས་པ་ཡིན།། རྒྱུན་དུ་མི་འགྱུར། ་རྒྱུད་ཀྱི་མཆོག། དེ་དོན་ཐུགས་ལ་གང་གནས་པ།། དོན་གྱི་རྒྱུད་ཆེན་ཡིན་པར་བཤད།། བྱིན་རླབས་རྒྱུད་ལ་རྣམ་པ་གསུམ།། ངོ་བོ་ཉིད་ཀྱི་བྱིན། རླབས་དང་།། རྩོལ་དང་བཅས་དང་རྩོལ་མེད་དང་།། རང་བཞིན་བྱིན་རླབས་རྣམ་པ་གསུམ ་ངོ་བོའི་བྱིན་རླབས་རང་སྣང་ཡིན།། རྩོལ་མེད་ཐུགས་བྱིན་རླབས་ཐུགས་རྗེའོ།། རྩོལ་བཅས་བྱིན་རླབས་གདམས་པའོ།། རང་བཞིན་བྱིན་རླབས་ཀུན་ལ་འཇུག། དེ་དོན་གཏན་ལ་གང་འབེབས་པ།། མན་ངག་ཀུན་གྱི་མཆོག་ཏུ་བཤད། ་དེ་དོན་ཐུགས་ལ་གང་གནས་པ། ལུང་རྣམས་མ་ལུས་ཐུགས་ལ་གནས།། རྒྱུད་ལུང་མན་ངག་དབྱེར་མེད་པས།། ཐིག་ལེ་ཡེ་ཤེས་རྩེགས་པ་ཡིན།། ཅེས་གསུངས་སོ།། ལྷ་རྒྱད་རིན་པོ་ཆེ་སྲུང་བ་ལས། བྱིན་རླབས ་ཀྱི་རྒྱུད་བསྟན་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་གསང་བའི་བདག་པོ་ཡིས། བཅོམ་ལྡན་ཀུན་ཏུ་བཟང་པོ་ལ། རྩོལ་མེད་བྱིན་རླབས་ཇི་ལྟར་ལགས། ཅེས་ཞུས་པས་བཀའ་སྩལ་པ། བྱིམ་རླབས་དབང་ལས་འཇུག ་པས་ན་དབང་གི་གདམས་པ་བཤད་པར་བྱ།། དབང་ལ་ཕྱི་ནང་གསང་བ་གསུམ།། ལྷ་དབང་ཡེ་ཤེས་སྐུའི་དབང་།། ཆོས་དབང་རིག་པ་སེམས་ཀྱི་དབང་།། རྩོལ་མེད་ཡེ་ཤེས་ཐིག་ལེའི་དབང་།། དེ་འདོད་པའི་གང་ཟག་གིས།། ལུས་སྲེག་བུ་སྨད་འཁོར་བརྫས་རྣམས ་བྱིན་རླབས་ཞུ་བའི་ཡོན་དུ་འབུལ།། སྦྱིན་པ་བསམ་གྱིས་མི་ཁྱབ་པས།། དབང་བསྐུར་ནུས་པའི་བླ་མ་ལ།། ཡོན་ཕུལ་ཡོན་ཏན་བསམ་མི་ཁྱབ།། སློབ་དཔོན་གདམས་པས་མ་རྒྱན་པ།། དེ་ནི་སློབ་དཔོན་རྟེན་མེད་དེ།། དེ་རྟེན་བྱིན་རླབས་འབྱུང་མི་འགྱུར ་སློབ་མ་ཤེས་རབ་མ་རྒྱམཅིང་།། གདམས་པ་ཟུང་མི་ཐུབ་པར་ནི།། དེ་ནི་སློབ་མ་སྣོད་མེན་ཏེ།། དེ་ལ་བྱིན་རླབས་འཇུག་མི་འགྱུར།། ཛ་ལོག་པས་ནི་དོན་ཀུན་འགྲུབ།། ལྷ་དབང་ཡེ་ཤེས་དབང་བསྐུར་བ།། མིག་གི་ཐུགས་སྣང་མ་འགག་པས།། རྣམ་པར་སྣང་མཛད ་གཟུགས་ཀྱི་དབང་།། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན།། དེའི་དོན་ལ་བསྐྱོད་མེད་པས།། རྡོ་རྗེ་སེམས་དཔའ་མི་བསྐྱོད་པ།། མེ་ལེང་ལྟ་བུའི་ཡེ་ཤེས་ཡིན།། དེའི་ཡོན་ཏན་རྩ་ལ་སྣང་བ།། སྣང་བ་མཐའ་ཡས་འོད་དཔག་མེད།། སོ་སོར་ཀུན་ཏུ་རྟོག་པ ་ཡོམ།། ཡོན་ཏན་ཕྱོགས་རིས་མི་མངའ་བས།། རིན་ཆེན་འབྱུང་ལྡན་འོད་འཕྲོ་བ།། མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན།། ཐམས་ཅད་རང་བྱུང་གྲུབ་པས་ན། དོན་ཡོད་གྲུབ་པ་རྡོ་རྗེ་སྙིང་པོ་ཡིན།། བྱ་བ་གྲུབ་པའི་ཡེ་ཤེས་ཅེས་ཀྱང་བརྗོད།། རྣ་བ་མི ་བསྐྱོད་ལྕེ་ནི་འོད་དཔག་མེད།། སྣ་ནི་རིན་ཆེན་འབྱུང་འོག་སྒོ་དོན་གྲུབ་སྐུ།། ལྔ་ལྡན་ཡེ་ཤེས་རང་ལ་གནས་པས་ན།། ལྷ་དབང་ཡེ་ཤེས་སྐུའི་དབང་བསྐུར་ཡིན།། འབྱུང་བ་ལྔ་ནི་གཟུགས་སྟོང་པས།། ནམཁལ་དབྱིངས་ཕྱུག་ཆོས་ཀྱི་དབྱིངས།། ་དེ་ང་མོ་སངས་རྒྱས་སྤྱན།། གསལ་བ་མེ་ལོང་ཡེ་ཤེས་ལྔ།། ཡོན་ཏན་རྩལ་སྤྲིན་གོས་དཀར་མོ།། སོ་སོར་རྟོག་པའི་ཡེ་ཤེས་རྫོགས།། ཡོན་ཏན་ཐམས་ཅད་འདུས་པས་མཱ་མ་ཀི། ཀུན་ལས་ཡང་དོག་མེད་པས་མཉམ་པ་ཉིད།། དེའི་དོན་ལ་འདའ ་མེད་པས།། དམ་ཚིག་སྒྲོལ་མ་ཞེས་བྱའོ།། ཐམས་ཅད་གཅིག་ཏུ་གྲུབ་པས་ཡིན།། ཐམས་ཅད་རྫོགས་པས་འཁོར་ལོ་ཡིན།། འགྱུ་བ་མེད་པས་རྡོ་རྗེ་ཡིན།། སྐྱོན་གྱིས་མ་གོས་པདྨ་ཡིན།། ཐམས་ཅད་འབྱུང་བས་རིན་པོ་ཆེ།། ཀུན་ལ་ཁྱབ་པ ་རྒྱ་གྲམ་ཡིན།། ཐམས་ཅད་རྫོགས་པས་སེངྒེ་ཡིན།། མ་ལུས་ཐེག་པས་གླང་པོ་ཆེ།། དུག་ལྔ་སྐུ་ཡུ་ཤར་བས་རྨ་བྱ་ཡིན།། ཐམས་ཅད་ཤུག་ལས་གྲོལ་བས་རྟ་མཆོག་ཡིན།། ཐོག་མེད་སྤྱན་ཆེན་ཡངའ་བས་མཁའ་ལྡིང་ཡིན།། ་དེའི་དོན་རྟོགས་པ་རྩོལ་མེད་དབང་བསྐུར་ཡིན།། མི་འདའ་བའི་རྒྱ་ཅིག་ཐོབ་ལ་ཞོག། ཆོས་སྤུ་དྲི་མ་མེད་ཅིང་ཟུག་རྔུ་མེད།། འགྱུར་མེད་གསེར་མདོག་འཇམ་དཔལ་སྐུ།། དེའི་དོན་ལག་ཏུ་གཏད་པས་འགྱུར་མེད་རྟོགས།། འཕྲིན་ལས ་ཐམས་ཅད་རྫོགས་ཤིང་དབང་ཐོབས་པས། མི་ཤིག་བཅོམ་ལྡན་ཕྱག་ན་རྡོ་རྗེའི་སྐུ།། ཡེ་ཤེས་སྤྱན་ཆེན་རང་ལ་ཤར་བས་ན། སྤྱན་རས་གཟིགས་དབང་སེངྒེ་རྣམ་པར་རྩེ། འཁོར་བ་མ་བཅོས་རང་གྲོལ་འོད་གསལ་བ།། རྡོ་རྗེ ་མི་གཡོའི་སྐུ་དེ་རང་བྱུང་ཡིན།། ཐུགས་རྗེ་ཀུན་ལ་འཕྲོ་བས་འོད་ཟེར་ཅན།། སངས་རྒྱས་བྱིན་བརླབས་ཕོག་པས་སྒྲོལ་མ་ཡིན།། སྣང་བ་སྡུག་པར་སྣང་བས་ངག་གདོང་མ།། ཤེས། རབ་ཁོང་ཤར་རལ་གྲི་ཡིན།། ཡེ་ཤེས་ཟང་ཐལ།། ་རྡོ་རྗེ་དང་།། སྐུ་གསུམ་བྱིན་རླབས་སྣང་བ་ཕྲེང་བ་དང་།། ཡོན་ཏན་སྣ་ཚོགས་གཅོད་པས་རལ་གྲི་དང་།། ཆོས་སྐུ་ཡོན་ཏན་རྒྱས་པས་ཨུད་དཔལ་ལ།། ཡོན་ཏན་གཏེར་ཆང་བུམ་པ་དང་།། སྐུ་གསུམ་རང་ལ་གནས་པས་ཁ་ཏཱཾ་ཁ།། ཐམས་ཅད་རང་ལ་རྫོགས ་པས་དབང་ཆེན་ཐོབ།། ཅེས་གསུང་སོ།། ལྷ་རྒྱུད་རིན་པོ་ཆེའི་སྡུད་པ་ལས།། བརྩོལ་མེད་རང་སྣང་དུ་བསྟན་པའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། རྩོལ་བཅས་ལྷ་དབང་བསྟན་པ་ནི་ཀ། དང་པོ་བུམ་པའི་དབང ་ཡིན་ཏེ། དབང་པོ་བུམ་པ་ལྷའི་གྲངས་དང་འཐུན།། དེ་ལ་དབང་ལྔ་རྫོགས་པ་ནི།། བུམ་པ་གཞལ་ཡས་ཁང་ཡིན་པས།། བྲུཾ་ལས་གཞལ་ཡས་ཁང་དུ་བསྐྱེད་།། དེའི་ནང་དུ་བུམ་རྫས་བླུག། གདན་དང་བསྐྱེད་དང་སྤྱན་དྲངས་བསྟིམ།། འཛད་དང་རྙེན་བསྒྲུབ་བྱས ་ནས་ནི།། དེ་ནས་འོད་དུ་ཞུ་ནས་ནི།། སྤྱི་བོ་དག་ནས་དབང་བསྐུར་བས།། བུམ་པའི་དབང་ཞེས་བྱ་བ་ཡིན།། ལུས་ཀྱི་སྒྲིབ་པ་འདགས་པར་བྱེད།། བུམ་པ་བུམ་རྫས་བསྐྱེད་བྱ་ཐབས་ཀྱི་དབང་།། ལྷ་རྣམས་བཀུག་སྟིམ་སྦྱོར་བ་མཛད།། ཤེས་རབ་དབང ་དུ་བསྟན་པ་ཡིན།། སྦྱོར་བ་བྱང་ཆུབ་སེམས་ཀྱི་ཆུ།། ཡེ་ཤེས་དབང་དུ་བསྟན་པ་ཡིན།། རྡོ་རྗེ་ལྕེ་ལྟེངས་བཞག་པ་ནི།། ངག་གི་སྒྲིབ་པ་དག་པར་བྱེད།། ལྷ་ལ་ཡེ་ཤེས་རྒྱས་བཏབ་ནས།། སྐྱེ་བ་མེད་པར་བསྟན་པ་ནི།། ཚིག་གི་དབང་དུ་རྗོད་པ་ཡིན། ་ནསེམས་ཀྱི་སྒྲུབ་པ་དག་པར་བྱེད།། ཅེས་གསུང་སོ།། སྒྲ་རྒྱུད་རིན་པོ་ཆེའི་སྲུང་བ་ལས།། རྔམ་པའི་དབང་གི་ལེའུ་སྐྱེད་བདུན་པའོ།། དེ་ནས་ཡང་བཀའ་སྩལ་པ། ཐམས་ཅད་ཤེས་རབ་དབང་ལ་རྣམ་རྫ་སྟེ།། པ་ནི་ཐབས་ཀྱི ་རང་བཞིན་ནོ།། ལུས་ཀྱི་སྣང་བ་བུམ་པ་ཡིན།། སྒྲ་དང་ལུས་བརྒྱན་ལུས་པོ་ནི།། སྐུ་གསུམ་དག་གི་སྣང་བའོ།། སྒོ་ལྔ་འབྲུ་ལྔ་ཡེ་ཤེས་སྔ།། ཕུང་པོ་ལྔ་ནི་རིན་ཆེན་སྣ་ལྔ་ཡིན།། རང་བྱུང་བདུད་རྩི་སྨན་ལྔའི་ངོ་བོ་ལ།། རྣམ་ཤེས་ལྔ་ནི་དྲི་ལྔ་ཡིན་པར་བཤད། ་བྱང་ཆུབ་སེམས་ནི་བདུད་རྩི་འོག་ཆུ།། དབུགས་ནི་གཟུངས་ཐག་ཐུགས་རྗེས་འབྲེལ།། དེ་ནི་བུམ་པའི་དབང་ཡིན་ནོ།། རང་ལ་སྣང་བ་ཐབས་ཀྱི་དབང་།། དེ་ལྟར་ཤེས་པས་ཤེ་རབ་དབང་།། ཡེ་ནས་གྲུབ་པས་ཡེ་ཤེས་དབང་།། དེ་མཚོན་པ་ནི་ཚིག་དབང ་ཇོ།། ཤེས་རབ་དབང་ལ་རྣམ་པ་ལྔ།། བྷག་བུམ་པའི་རང་བཞིན་ནོ།། རབ་ཏུ་བུམ་རྫས་རང་བཞིན་ནོ།། རྩ་གསུམ་རྙེད་པ་ཐབས་ཀྱི་དབང་།། ཟུང་འཇུག་སྟོང་པ་ཤེས་རབ་དབང་།། བདེ་བའི་ཡིས་གསང་བའི་དབང་།། ངག་གི་བརྒྱན་པ་ཚིག་དབང་ངོ་།། ་ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱུད་ལས།། ཐབས་དང་ཤེས་རབ་ཀྱི་དབང་བསྟན་པའི་ལེའུ་སྟེ། བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་དབང་ལ་རྣམ་ལྔ་སྟེ།། རྡོ་རྗེ་བུམ ་བ་ཆོས་ཀྱི་སྐུ།། རྩ་གསུམ་བརྒྱན་པ་ལོངས་སྐུ་ཡིན།། རིག་ལེ་སྤྲུལ་པའི་སྐུ་རུ་བ་ཤང་།། བདེ་ལ་ཆེན་པོའི་བུམ་རྫས་ཡིན།། དེ་ནི་བུམ་པའི་དབང་ཡིན་ནོ།། ཡིག་འབྲུ་བཀོད་པ་ཐབས་ཀྱི་དབང་།། ལྷ་རྣམས་སྐྱེར་བ་མཛད་པ་ནི། ་བྷ་ག་སྟོང་པ་ཤེས་རབ་དབང་བྱང་ཆུབ་སེམས་འབྲོས་གསང་བའི་དབང་།། རྒྱས་བཏབ་པ་ནི་ཚིག་དབང་ཡིན།། ཡེ་ཤེས་ས་བོན་དགུག་པ་དང་།། དམཚིགས་འོན་སྐྱེད་པ་དང་།། སྦྱོར་བ་གཉིས་མེད་བསྟིམ་པ་དང་། བདེ་ནི། ་མཆོད་པ་འབུལ་བ་དང་། མཆོད་པ་ཕྱོགས་བཅུར་སྤྲོ་བ་དང་།། དེ་རྣམས་རྒྱས་སུ་གདབ་པ་ནི།། རྩོལ་བ་དང་བཅས་དབང་ཞེས་བརྗོད།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྲུང་བ་ལས། གསང་བའི་དབང་གི་ལེའུ་སྟེ་དགུའོ།། ་དེ་ནས་ཡང་བཀའ་སྩལ་པ། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ཚིག་གི་དབང་ལ་རྣམ་ལྔ་སྟེ།། སྣང་སྲིད་ཚིག་ཏུ་བསྟོན་པ་ནི།། དངོས་པོ་སྣ་ཚོགས་གཟུགས་སྣང་བ།། འབྱུང་བ་ལྔ་ནི་བུམ་པར་བཤད།། ཁ་དོག་སྣ་ཚོགས་བུམ་པའི་རྒྱན། ་དབྱིངསུ་སྣང་བ་མགུལ་ཆིངས་ཡིན།། འདུ་འབྲལ་མེད་པ་གཟུང་དང་ཡིན།། འགྲོ་དྲུག་ལོངས་སྐུ་ཅིར་སྣང་བ།། བུམ་པའི་རྫསུ་བསྟན་པ་ཡིན།། དེ་ནི་བུམ་པའི་དབང་ཡིན་ནོ།། སྣང་སྲིད་བསྡུས་ནས་ལམ་དུ་བླང་།། སྣང་བ་རང་བྱུང་ཡེ་ཤེས་ཤར། ་བླ་མའི་གདམས་པས་ཕྱོགས་མེད་གྲོལ།། རང་སྣང་ཡེ་ཤེས་འཕེལ་འགྲིབ་མེད།། ཕྱི་ནང་མེད་པས་ཡེ་ཤེས་སྐུ།། ཡེ་ཤེས་སྐུ་སྟེ་རང་བྱུང་བ།། དེ་ནི་ཐབས་ཀྱི་དབང་མཆོག་ཡིན།། ད་ནི་ཤེས་རབ་དབང་བསྟན་པ།། ཐུགས་རྗེ་འགག་པ་མེད ་པ་དེ།། ཡིད་འགྱུས་སྣང་སྲིད་སེམས་སུ་ཤར།། གཟུང་འཛིན་རྩ་བ་མ་རིག་ཅན།། གཉིས་མེད་རིག་པ་ཕྱི་ནང་མེད་།། ཡེ་ཤེས་ཤེས་རབ་ཟང་ཐལ་བས།། ཡེས་ཤེས་རབ་ཟང་ཐལ་དེ།། ཚད་མ་ཁོང་ནས་ཤར་བས་ན།། མི་སླུ་བའི་གཏན་ཚིགས ་ཡིན།། ཡིད་ཆེས་ངེས་པའི་དབང་དུ་བཤད་།། ད་ནི་ཡེ་ཤེས་དབང་བཤད་དེ།། ཡེ་ནི་ཀུན་གཞི་སྤྱིས་ཡིན་ནོ།། ཤེས་པ་གཞི་ལས་གྲོལ་བའོ།། གྲོལ་བ་གཞན་རྐྱེན་མ་ཡིན་ཏེ།། རབ་རྐྱེན་ཤེས་པས་གྲོལ་བར་བསྟན།། མེ་ལོང་བྱས་ཀྱི་དཔེ་བཞིན་ནོ།། ་ཐིག་ལ་ཤེས་ཁོང་ནས་ཤར།། པར་ལྟས་པས་ནི་ཚུར་ལགས་ལ།། ཡེ་ཤེས་ཟང་ཐལ་ཁོ་ན་ཡིན།། མ་བཅོས་པའི་ཟང་ཐལ་ལ།། མ་བྱས་པའི་རང་བྱུང་ཤར།། རང་གྲོལ་སྦྲུལ་གྱི་མདུད་པ་ལྟར།། རང་གྲོལ་དུག་ལྔ་ཁོང་དུ་གྲོལ།། རྩེ་གཅིག་ཟང་ཐལ ་རྩེ་མོར་སླེབས།། ད་ནི་ཚིག་དབང་དོན་བཤད་དོ།། ནོར་བུ་རིན་ཆེན་གླིང་དག་ན།། ས་རྡོ་ལ་སོགས་མིང་ཡང་མེད།། གདམས་པའི་ཚིག་དབང་ཐོབ་པས་ན།། འཁོར་བ་བྱ་བ་མིང་ཡང་མེད།། འཁོར་བ་ཐིག་ལེ་དབང་བྱས་པས།། རྨ་བྱས་ཧ་ལ་ཟ་བ ་འདྲ།། སྥུ་ཀ་སྣ་ཚོགས་མདངས་དང་ལྡན།། དེ་བཞིན་དུག་གི་དབང་བསྐུར་ན།། འདྲེ་དང་ནད་ཀྱིས་མི་ཚུགས་པས།། དེ་བཞིན་དུག་ལྔའི་དབང་བསྐུར་ན།། འཁོར་བའི་སྒྲ་ཡིས་མི་ཚུག་སོ།། ཐིག་ལེ་ཡཾས་ཇོ་བོ་རྩལ།། ལས་དང་དེ་བཞིན ་གནས་དང་ནི།། ལམ་དང་སྒོ་དང་ཡོན་ཏན་དང་།། འབྲས་བུ་རྣམས་བརྒྱད་དབྱེར་མེད་པས།། དེའི་ངོ་སྤྲོང་ཤེལ་གྱི་མཚོན།། རྟགས་ཀྱི་ངོ་སྤྲོད་ཙིཏྟ་ཡིན།། རིན་ཆེམ་ཟུར་བརྒྱད་འབར་བ་ཡིན།། དོན་ནི་ཐིག་ལེ་ཡེས་དེ།། རྩ་ཆེན་བརྒྱད་ལ ་གནས་པ་ཡིན།། རྟགས་ཀྱི་རྩ་དང་ཡོན་ཏན་རྩག།། རྣམ་པ་བརྒྱད་དུ་ཤེས་པ་བྱ།། དེའི་རྐྱེན་གྱི་གསང་ལམ་ནི།། མ་རིག་པའི་བརྡར་བཅད་པས།། རིག་པའི་ཡེ་ཤེས་ཁོང་ནས་རྡོལ།། ཐིག་ལེ་རྩེགས་པའི་དབང་མཆོག་ཐོབ།། ་ཚིག་དབང་ཅེས་ཀྱི་དེ་ལ་བྱ།། འཁོར་བ་གཙང་གཅོད་ཅེས་ཀྱང་བྱ།། མ་རིག་མིག་འབྱེད་ཅེས་ཀྱང་བྱ།། རིག་པའི་ཡེ་ཤེས་ཅེས་ཀྱང་བྱ།། ཡེ་ཤེས་རང་ཤར་ཅེས་ཀྱང་བྱ།། ཤེས་རབ་རང་བྱུང་ཅེས་ཀྱང་བྱ།། ཡེ་ཤེས་ཐིག་ལེ་ཁོང་ཤར ་ཅེས་གསུང་སོ།། ལྷ་རྒྱུད་རིན་པོ་ཆེ་སྲུང་པ་ལས།། ཚིག་དབང་བློ་མེའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། བསྲུང་ཡོན་ཏན་བསྟན་པ་ནི།། བུམ་པའི་དབང་བསྐུར་ཉོན ་མོངས་སྒྲིབ་པ་དང་།། ཐབས་ཀྱི་དབང་བསྐུར་ལས་ཀྱི་སྒྲིབ་པ་དག། ཤེས་རབ་དབང་བསྐུར་ཤེས་བྱའི་སྒྲིབ་པ་དག། གསང་བའི་དབང་བསྐུར་ངོ་བོའི་སྒྲིབ་པ་འདག། ཚིག་གི་དབང་བསྐུར་རྣམ་སྨིན་སྒྲིབ་པ་འདག། བུམ་དབང་བསྐུར་བས་སྤྲུལ་སྐུ་ཐོབ།། ཐབས་ཀྱི ་དབང་བསྐུར་ལོང་སྐུ་ཐོབ།། ཤེས་རབ་དབང་བསྐུར་ཆོས་སྐུ་ཐོབ།། གསང་བའི་དབང་བསྐུར་ཡེ་ཤེས་སྐུ།། ཚིག་དབང་སྐུ་གསུམ་རང་གྲོལ་ཐོབ།། དབང་མ་བསྐུར་བ་ཆོས་ཆད་པ།། ལོང་པས་ལོང་པ་ཁྲིད་པ་འདྲ།། སློབ་དཔོན། ཚད་མར་མ་གྱུར་པ།། ་གདམས་པ་མེད་པར་དབང་བསྐུར་བྱེད།། སྔགས་མེད་དྲུག་ལ་རྔུབ་པ་འདྲ།། སློབ་མ་ཚང་དང་མི་ལྡན་པ།། དབང་སྐུར་གནོད་པར་མི་བྱེད་དེ།། སྦྲང་མ་མེ་ལ་འཕྱོད་པ་འདྲ།། སློབ་དཔོན་ཚད་ལྡན་དབང་བསྐུར་ན།། བདུད་རྩིའི་ལོངས་སྤྱོད་དཔལ་བ་འདྲ།། ་སློབ་མ་མཚན་ལྡན་དབང་ནོད་ན།། བྱ་རྒོད་མདའ་འཕང་གཅོད་པའང་།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྡུང་པ་ལས།། དབང་བསྐུར་བའི་ཡོན་ཏན་དང་སྐྱོན་བསྟན་པའི་ལེའུ་སྟེ། བཅུ་གཅིག་པའོ།། ་དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྟ་བ་རིག་པ་རང་རྩལ་བསྟན་པ་ནི། རིང་བཞི་ནི་ཆོས་སྐུ་བརྗོད་ལས་འདས།། གཉིས་མེད་རང་སྣང་མ་བཅོས་པ།། ཆོས་ཉིད་སྐྱེ་མེད་ཤེས་བྱའི་གཤིས།། སེམས་ཉིད་མ་བཅོས་བློ་ལས ་འདས།། སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ།། ན་མཁའ་ལྟ་བུའི་ཆོས་ཉིད་ལ།། ཉི་ཟླ་སྐར་ཚོགས་མ་འདྲེས་རྫོགས།། ཚོགས་རྫོགས་རང་བྱུང་ལྟ་བའི་མཆོག། དངོས་པོ་མེད་པས་རང་སར་གྲོལ།། རང་གྲོལ་འུབ་ཆུབ་ལྟ་བའི་གློང་།། ལྟ་བ་ཀློང་གྲོལ་མཐའ་གྲོལ ་ཡིན།། ལྟ་བ་རིག་པའི་དབང་ཐོབ་ན།། སྐྱེ་བ་མེད་པའི་དགོངས་པ་ཐོབ།། སྒོམ་པ་རིག་པ་རང་རྩལ་དབང་།། མཚན་བཅས་སྒོམ་དང་མཚན་མེད་སྒོམ།། དང་པོ་མ་ཤར་ཤར་བར་བྱེད་པ་ལ།། ན་མཁའ་མེད་པའི་མཁའ་དཀྱིལ་སྒོམ།། དེ་ལྔ ་སྭཱ་ཊ་རྡོ་རྗེར་སྒོམ།། རྡོ་རྗེ་འོད་ཆུ་རྡོ་རྗེ་སེམས་དཔར་སྒོམ།། སྐུ་མདོག་དཀར་པོ་གང་རི་ཉི་ཤར་འདྲ།། གཡས་ན་རྡོ་རྗེ་རྩེ་ལྔར་རྣམས།། གཡོན་ན་དྲིལ་བུ་སྒྲ་རུ་རྟེན།། བརྒྱན་རྣམས་ཀུན་གྱིས་བརྒྱན་པར་བསྒོམ།། ཨོཾ་བཛྲ་ས་ཏྭཱ་བྷྲཱུཾ། དཔའ་བོ་འབྱུ ་ཡང་སྙིང་ཐུགས་ཀྱི་ཡང་སྙིང་བཟླས། བཛྲ་ཨ་ཧ་ར་ཧཱུཾ། དྷཱུ་པེ་ཧཱུཾ། པུས་པེ་ཧཱུཾ། ཨ་ལོ་ཀེ་ཧཱུཾ་གནྡྷེ་ཧཱུཾ་ཛ་ནེ་པེ་ནེ་ཧཱུཾ། གནྡྷེ་རཏྣ་ཧཱུཾ། ཞེས་མཆོད་ནས། འགྲོ་དྲུག་ཞུ་ནས་བདག་ཞུ་སྟེ། སྤྱི་གཙུག་རྡོ་རྗེ་སེམས་དཔ་ར་ཐིམ།། རྡོ་རྗེ་སེམས་དཔའ་འོད་དུ། ་ཞུ།། རྡོ་རྗེ་གང་པོ་རྩེ་ལྔར་གྱུར།། རྡོ་རྗེ་འོད་ཞུ་ཧཱུཾ་ལ་ཐིམ། ཧཱུཾ་ཞབས་བསྐྱེད་ཞུ་ནས་ནི།། འ་ཡང་འདི་དུ་སྟིམ་གྱི་འུ།། དེ་ནས་ཧ་ཡང་འོད་དུ་ཞུ་བ་ཡིན།། དེ་ཡང་ཟླ་བ་དག་ལ་ཐིམ།། ཟླ་བ་འོད་ཞུ་ཐིག་ལེ་ཡིན།། ཐིག་ལེ་འོད་ཞུ་ཡིས་ཟང་ཐལ། ་ཡིན། ང་ཡང་ཐིག་ལེ་ཁོང་ཤར་ཡིན།། མཚན་བཅུ་སྐུ་སྒོམ་པའོ།། ཐུགས་ཀྱི་ཕྱག་མཚན་སྒོམ་པ་ནི།། དང་པོ་རང་གི་སེམས་ཉིད་སྟོང་པ་སྒོམ།། དེའི་ངང་ལས་རྡོ་རྗེར་སྒོམ།། རྡོ་རྗེའི་ནང་དུ་ང་རང་ཉིད་ནི།། རང་གསལ་འཕྲོས་པ། ་མེད་པར་སྒོམ།། དེ་ནི་ཐུགས་ཀྱི་སྒོམ་པ་རྫོགས།། ད་ནི་གསུང་གི་སྒོམ་པ་བསྟན།། འཁོར་ང་བྱུང་སེམས་ཉིད་སྡོང་།། མཚོན་པའི་ཧཱུཾ་ཡང་མངོན་དུ་བྲི།། དེ་ལ་ཤེས་པ་བཏང་ལ་སྒོམ།། དེ་ནས་ཤེས་པ་ཧཱུཾ་དུ་སྒོམ།། ཧཱུཾ་ལས་ཤེས་པ་ཚུད་པ་ནི།། སེམས་ཟིན་པ ་ཚད་ཡིན་ནོ།། དེས་ནི་སྣང་བ་སྣ་ཚོགས་ཀུན།། ཧཱུཾ་དུ་མི་འགྱུར་རང་དབང་མེད།། ཧཱུཾ་དེ་ཞུ་ནས་རང་གསལ་ཟང་ཐལ་སྒོམ།། དེ་ནི་གསུང་གི་སྒོམ་པ་རྫོགས།། ཨོཾ་དང་ཨཱ་ཧཱུཾ་དང་ནི།། འཁོར་ལོ་རྡོ་རྗེ་པདྨ་དང་། ཡིག་འབྲུ་གང་ཡང་རུང་པ་ལ།། སྤྲོ་ར ་བསྡུ་བ་བྱས་གྱུར་ན།། མཚན་བཅས་སྒོམ་པ་རྫོགས་པ་ཡིན།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྡུད་པ་ལས།། ལྟ་སྒོམ་རིག་པ་དང་རྩལ་གྱི་ལེའུ་སྟེ་བཅུ་གཉིས་པའོ།། ་དེ་ནས་མཚན་མེད་སྒོམ་པ་མི།། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཁྱོད།། རང་གི་བྱང་ཆུབ་སེམས་ཉིད་ནི།། སྟོང་གསལ་ཁྱབ་པའི་དོན་དེ་ཉིད་ནི། རང་གི་སྙིང་གི་དཀྱིལ་དུ་སྒོམ།། གཟུང་འཛིན་རྣམ་པ་སྐྱེས་པའི་ཚེ།། དེ་ཉིད་སྟོང་པ་ཉིད་དུ་སྒོམ ་དེ་ནས་ཤེས་པ་གསལ་བཏབ་ལ། མར་མེ་ལྟ་བུར་སྒོམ་པར་བྱ།། གཟིངས་ཐོག་བྱ་འཕུར་སླར་ལ་ལྡོག། འཕྲོས་པ་སྟོང་པར་སྒོམ་པས་གཟུངས་འཛིན་ལྡོག། དཔེར་ན་ཆུ་ལ་འཁྱག་ཞུ་བཞིན།། དུག་ལྔ་སྟོང་པར་བསྒོམ་པས་གཟུངས་འཇི ་འཇིག། དཔེར་ན་ན་མཁའ་སྤྲིན་དང་བཞིན།། རྟོགས་པ་སྐྱེ་མེད་སྒོམ་པས་གྲོལ་བར་འགྱུར།། བྱ་བ་བཏང་བའི་སྐྱེས་བུ་བཞིན།། སྒང་ངེ་མ་བཅོས་དཔལ་བཞག། སྟོང་ཉིད་འོད་གསལ་སྒོམ་པར་བྱ།། དང་པོ་སྔ་དྲོ་ནས་བརྩམས་ནས།། ཚོགས་དྲུག ་འོད་གསལ་སྒོམ་པར་བྱ།། ཤེས་པ་འགྱོགས་པ་གསུངས་ནས་ནི།། ལུས་ཀྱི་ངལ་ལུ་ཤ་ཆང་ཡང་།། དཀར་གསུམ་དག་ལ་རྟེན་པ་ནི།། མཐུན་དགུར་གཙང་བ་ལ་སྒོམ་པར་བྱ།། ཁམས་དང་སྦྱར་ཞིང་སྐོམ་པ་ནི།། སྲོད་ནས་རྫམས་ཏེ་སྒོམ་པ་ནི། ་འགྱུ་བ་འོད་གསལ་སྒོམ་པར་བྱ།། ཐུན་དང་ཁམས་རྣམས་གོང་དང་ཐུན། སྤྱོད་ལམ་འོད་གསལ་ཁོ་ནར་བྱ།། གུང་ལ་འགྱུ་བ་རྗེས་མེད་སྒོམ།། འོད་གསལ་འཐུན་ཚད་ཁམས་དང་སྦྱར།། རྨི་ལམ་འབྱོངས་ན་ལམ་ཆེན་ཡིན།། འོད་གསལ་རྒྱུ ་ལུས་མཁས་པས་སྒོམ།། སྒྱུ་ལུས་སྒོམ་ཁ་ཤེས་གྱུར་ནས། དེ་ནས་རིག་པ་འོད་གསལ་སྒོམ།། རིག་པ་འོད་གསལ་ཤེས་ནས་ནི།། དེ་ནས་ཡེ་ཤེས་འོད་གསལ་སྒོམ།། ཡེ་ཤེས་འོད་གསལ་ཤེས་ནས་ནི།། ཐིག་ལེ་འོད་གསལ་མཐར་ཐུག་སྒོམ ་མ་ཤར་བ་ལ་ཤར་བ་བྱ།། ཤར་བ་བོགས་དབྱུང་བསྟན་པའི་འབྲས་བུ་བསྟན།། ཐོ་རངས་རང་སྣང་འོད་གསལ་སྒོམ་པར་བྱ།། རྨིས་པའི་ཆོ་འཕྲུལ་རང་སྣང་འོད་གསལ་ཡིན།། བཙུན་མོ་བདེ་སྐྱོང་རྨིས་པ་ནི།། བུ་ཚས་ལོ་གསུམ་ལོན་ཅིང་སྨི། ་བུ་ཡང་ཤི་སྟེ་བསྲེགས་ཤིང་རྨི།། མྱ་ངན་ཆེན་པོ་སྐྱེས་ཀྱི་སྤྲི།། དེ་རྨིས་སད་པར་གྱུར་པ་དང་།། སྡུག་བསྔལ་ཤེས་པ་ཙམ་གྱིས་གྲོལ།། དེ་བཞིན་རྨིས་པ་ནི་བྱུང་ཡང་།། འཁྲུལ་པའི་སྣང་བར་རྟོག་གྱུར་ན།། དེ་ཉིད་རྨིས་པ་སྒོམ་པ་ཡིན། ་ན། 5། དུས་པཞི་མཉམ་སྦྱོར་སྒོམ་པའི་མཆོག། བསམ་གཏན་དང་གྲོལ་གདམས་པའི་མཆོག། ཟང་ཟིན་ཤེས་པ་གནང་ཀྱི་མཆོག། ཅེས་གསུང་སོ།། སྒྲ་རྒྱང་རིན་པོ་ཆེ་སྡུད་པ་ལས། སྒོམ་པ་བསྟན་པའི་ལེའུ་སྟེ། བཅུ་གསུག ་པའོ།། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྤྱོད་པའི་ཁྱད་པར་བསྟན་པ་ནི། དང་པོ་ལྷ་སྐོམ་དང་བཅས་ནས།། ནགས་ཁྲོད་དགོན་པར་གཅིག་པུ་གནས།། དུ་ཁྲོང་ལ་སྐྱ་གྲོག་སུ་མཙལ།། ལྟ་བ་གདེང ་ཆུང་བག་ཚ་མེད།། དགོན་པའི་སྒྲ་གཅད་ཤིན་ཏུ་ཅེས།། སྒོམ་པ་གདེང་ཆུང་ཉམས་ང་མེད།། གང་ཡང་སྤྱོད་པའི་གྲོག་སུ་འགྱུར།། སེམས་ཀྱི་སྒྲ་གཅད་ཅེས་བྱའོ།། འཁུ་འཕྲིག་མེད་པའི་རང་སྒྲ་སྦགས།། ཐམས་ཅད་གསུང་གི་འཁོར་ལོར་ཤེས།། གསུང་གི ་སྒྲ་གཅད་ཅེས་བྱའོ།། གཅེར་བུའི་སྤྱོད་པས་ཅི་དགར་གནས།། ཚོགས་དྲུག་ལྷུག་པའི་སྤྱོད་པ་ཡིན།། ལུས་ཀྱི་སྒྲ་གཅད་ཅེས་བྱའོ།། འཁོར་མ་རིག་མ་མཚན་ལྡན་ལ།། བག་ཚ་ཉམ་པ་མེད་པར་ནི།། ཅི་སྤྱོད་བདེ་བའི་རླན་གྱིས་འཚོ།། འཁོར་གྱི་སྒྲ་གཅད་ཅེས་བྱའོ།། ་གདམས་པ་གསང་ནས་རང་དོན་སྒྲུབ།། བྱིམ་རླབས་ཕྱོགས་མེད་འཆར་བ་ནི།། རིག་པའི་སྤྱོད་པ་ཅེས་བྱ་སྟེ། གདམས་པའི་སྒྲ་གཅད་ཅེས་བྱའོ།། ཡུལ་ཁྱིམ་སྤངས་ནས་ཕྱོགས་མེད་འགྲོ།། སྒོ་དང་སྐུར་པ་ཉམ་ང་མེད།། དམན་པའི་སྤྱོད་པས་འཁྱམས་པ ་ནི།། གསང་བའི་སྤྱོད་པ་ཅེས་བྱ་སྟེ། ཡུལ་གྱི་སྒྲ་གཅད་ཅེས་སུ་བརྗོད།། ཕྱོགས་བཅུར་འཁྱམ་ཤིང་བདུད་རྩི་རྟེན།། རྟོག་པ་ཐམས་ཅད་རང་སར་དག། རྣམ་པར་རྒྱལ་བའི་སྤྱོད་པ་ཡིན།། ཚུལ་ཞུགས་སྤྱོད་པ་ཅེས་ཀྱང་བྱ།། ཟས་ཀྱི་སྒྲ་གཅད་ཅེས་བྱའོ།། ་ཐམས་ཅད་རང་སྣང་རབ་བྱུང་བས།། རྟོག་པའི་རྩི་ལ་མ་རྟོག་བདུད།། བདུད་ནི་འདྲེ་རུ་ཤར་བ་ཡིན།། རྩི་ནི་ལྷ་རུ་ཤར་བ་ཡིན།། བདུད་རྩི་འབྱུང་བའི་རྒྱུ་ནི་རང་བྱུང་ཡིན།། སྒྲུབ་པའི་བདུད་རྩི་མ་ཡིན་རང་བྱུང་བདུད་རྩི་ཡིནཀ། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ ་སྤུངས་པ་ལས། སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་ལྟར་བྱས་པའི་འབྲས་བུ་བསྟན་པ་ནི།། ཐིག་ལེ་མི་འདའ་ཡིས་ཀློང་སླེབ་ན།། མི་འགྱུར་རྡོ་རྗེ་ལྟ་བུའི་སྐུ་ཐོབ་འགྱུར། ་ལུས་ཀུན་ལྔ་མི་གྲོལ་ཏེ།། ལུས་ཀྱི་མཐའ་རྟོགས་ཡིས་ལུས།། གནས་ཀྱི་མཐའ་གྲོལ་ཐིག་ལེར་བརྡལ།། སྐད་གཅིག་གཅིག་གིས་དོན་དང་མཇལ།། འཁོར་བ་མ་སྤངས་གནས་སུ་དག། མྱ་ངན་འདས་པར་རང་ལ་ཤར།། ཡིས་ཐིག་ལེའི་རྩེ་མོར་སླེབས ་ཕྱི་ནང་མེད་པར་དབྱིངས་དང་མཇལ།། བགྲོད་པར་མེད་པར་རང་སར་སླེབས།། སྦྱངས་པ་མེད་པར་གནས་སུ་དག། སྒྲུབ་པ་མེད་པར་འབྲས་བུ་ཐོབ།། མ་བྱས་པ་རུ་ལུས་རྣམས་ཟིན།། མ་དཀྲུས་པ་རུ་དྲི་མ་དག། སྒྲོན་མེ་བཏེག་པས་མུན་པ་སངས།། ཁམས་གསུམ ་རྩ་བ་དེ་རུ་ཆོད།། སྲིད་གསུམ་ལོ་ཨ་དེ་རུ་ཆོད།། སྔ་མ་ཕྱི་མའི་བར་འཚམས་ཆོད།། སྲིད་པ་རྒྱ་ཐེག་ཆོས་སྐུ་ཤར།། འཇིག་རྟེན་གསུམ་གྱི་ཟམ་པ་རྒལ། དབང་ཕྱུག་ཆེན་པོའི་མེ་མར་ཐོབ།། ཚངས་པ་ཆེན་པོའི་མེ་ལོང་ཐོབ།། དགའ་བོ་འཇོག་པོའི་རིན་ཆེན ་ཐོབ།། དཀར་པོ་སྤྱན་ཅིག་ཤེས་ཁར་ཐོབ།། ཧ་ནུ་ལྤགས་ཤུའི་རལ་གྲི་ཐོབ། ནག་པོ་ཁྲག་མེད་ཁྲམ་བམ་ཐོབ།། གནོད་སྦྱིན་རྣམས་ཀྱི་ཤེལ་སྒོང་ཐོབ།། གཤིན་རྗེའི་རྒྱལ་པོའི་ལྕགས་ཁར་ཐོབ།། སྲིད་པ་རྒྱལ་མོའི་གཏེར་མཛོད་ཐོབ།། གསུང ་མཆོག་རྒྱལ་པོའི་ཞགས་པ་ཐོབ། ལྷ་སྲིན་སྡེ་བརྒྱད་སྲོག་རྩ་ཆོད།། ཆོས་འཁོར་སྐྱོང་གི་རྒྱལ་བློན་འབངས་དང་གསུམ། མ་ལུས་ལུས་པ་མེད་པར་སྲོབ་རྩ་གཙང་།། ལྷ་ཡང་ཞིག་པས་སྒོ་སྔགས་སྟོར།། སྡེ་མིག་ཚིག་པས། ་དབྱེ་རུ་མེད།། ཕ་སྤུན་གཉིས་ཀྱི་དཔེ་བྱས་པས།། ཁམས་གསུམ་འཁོར་བ་སྐྱེ་རྒྱུད་གཙང་།། རྣམ་པར་སྣང་མཛད་ཞིང་ཁམས་མཐོང་།། རྡོ་རྗེ་སེམས་དཔའི་མེ་ལོང་མཐོང་།། སྣང་བ་མཐའ་ཡས་ཞིང་ཁམས་མཐོང་།། རིན་ཆེན་འབྱུང་ལྡན་ཡོན་ཏན་མཐོང་།། དོན ་ཡོ་གྲུབ་པའི་ཞིང་ཁམས་མཐོང་།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེའི་སྦུང་པ་ལས། འབྲས་བུ་རང་སའི་ལེའུ་སྟེ་བཅཝོ་ལྔ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། དེ་རྣམས་ཡོན་ཏན་བསྟན་པ་ནི། ་ས་བ་བསྟན་པས་ཆོས་སྐུ་ཐོབ།། སྒོམ་པ་བསྟན་པས་ལོངས་སུ་རོར།། སྤྱོད་པ་བསྟན་པས་སྦྲུལ་སུ་ཐོབ།། འབྲས་བུ་བསྟན་པས་རང་གྲོལ་མཐོའ།། སྟ་བདུག་ལྔ་ཞི་བར་བྱེད།། སྒོམ་པ་ཉོན་མོངས་པར་བྱེད།། སྤྱོད་པས་འདྲེ་གདོན་ཞི་བར་བྱེད།། འབྲས་བུས ་ཚང་ཁམས་འི་བར་བྱེད་།། ས་བརྐོས་པས་ཡེ་ཤེས་ཤར། སྒོམ་པ་རྟོགས་པས་ཉམས་མྱོ་ཤར།། སྤྱོད་པ་རྟགས་པས་ཐུགས་ཕྲང་ཤར།། བཟས་བུ་རྟོགས་པས་ཐིག་སེར་ཤང་།། སྐ་བར་ང་གྲོལ་རིག་པའི་གནས།། ཡེས་པང་ཐལ་དབང་པོ་ཡིན། ་སྒོམ་པ་རང་གྲོལ་གདམས་པའི་གནང་།། ཉམས་མྱོང་འོད་གསལ་དབང་པོ་ཡིན།། སྤྱོད་པ་རང་གྲོལ་ཐབས་ཀྱི་གནད།། གཉིས་མེད་རང་ཤར་དབང་པོ་ཡིན།། འབྲས་བུ་རང་གྲོལ་ཡེ་ཤེས་གནང་།། རིག་པ་ཡུལ་མེད་དབང་པོ་ཡིན།། ཉམས་མྱོང་ཡིས ་འཆར་བ་ལ། བཟུང་འཛིན་གཉིས་ཀྱི་ལམ་སྣ་ལས།། གཉིས་མེད་ངོ་སྤྲོད་དབང་པོ་གཅེས།། མ་རིག་འཁོར་བར་འཁྱམས་པ་ལ།། རིག་པའི་ཡིས་ངོ་སྤྲོད་དགོས།། འགྱུ་བ་སྣ་ཚོགས་འཁྲུལ་པ་ལ།། ཡེ་ཤེས་ངོ་སྤྲོད་ཕྱོགས་མེད་དགོས།། འཁོར་བའི་རྩ་བ ་ཉོན་མོངས་ཡིན།། རང་གྲོལ་ཤེས་རབ་ངོ་སྤྲོད་དགོས།། དེ་ནི་ངོ་སྤྲོད་རྣམ་པ་བཞི།། འགྱུ་བ་དངས་སངས་ཤར་གྲོལ་བའི།། ཁ་མི་འཁྱར་དང་གཟེར་ཐེབས་པས།། སྒོ་དང་དབང་དཔ་གཟེར་ལྟ་བུ།། དེ་ནི་དབང་བསྐུར་འདུས་པ་ཡིན།། ཅེས་གསུངསོ།། ལྷ་རྒྱུད ་རིན་པོ་ཆེ་སྤུངས་པ་ལས། ཡོན་ཏན་དང་འབྲས་བུ་དམར་ཁྲིད་ཀྱི་ལེའུ་སྟེ་བཅུ་དྲུག་པའོ།། ། ད་ནི་རིག་པ་ཡེ་ཤེས་རྩོད་མེད་དབང་བསྟན་གྱིས།། ཉོན་ཅིག་གསང་བའི་བདག་པོ་ཁྱོད།། ཐིག་ལེ་རང་བྱུང་དབང་བསྐུར་བས ་བརྡའ་དང་རྟགས་དང་དོན་དུ་བསྟན།། ཕྱིའི་བརྡའི་དབང་བསྟན་པ།། རིན་ཆེན་མན་ཤེལ་ཟང་ཐལ་དེ།། བྱེད་པས་མ་བྱས་རང་བྱུང་ཡིན།། མལ་ཤེལ་ཟང་ཐལ་ཤར་བ་ནི།། ཐིག་ལེ་ཟང་ཐལ་ཡིན་པའི་བརྡའ།། ཤེལ་གྱི་ངོ་བོ་འོད་གསལ་བ།། ཐིག ་ལེ་འོད་གསལ་ཡིན་པའི་བརྡའ།། ཤེལ་ལ་ཟུར་དྲུག་ཤར་བ་ནི།། འགྲོ་དྲུག་རང་སར་གྲོལ་བའི་བརྡའ།། ཤེལ་ལ་ཐེལ་དྲུག་བྱུང་བ་ན།། ཐིག་ལེ་ཟུག་རྔུ་མེད་པའི་བརྡའ།། མན་ཤེལ་མཐིང་ཀར་ཤར་བ་ནི།། ཐིག་ལེ་འགྱུར་བ་མེད་པའི་བརྡའ།། མན་ཤེས ་གཞི་ལ་འོད་གནས་པས།། ཐིག་ལེའི་ཡོན་ཏན་ཨ་འགགས་བརྡའ།། ཤེལ་ནི་དྲི་མེད་རང་བྱུང་བས།། ཆོས་སྐུ་དྲི་མ་མེད་པའི་བརྡལ།། ཤེལ་གྱི་སྣ་བ་མ་འགགས་པས།། ལོངས་སྐུ་གཞི་ལ་གནས་པའི་བརྡའ།། མན་ཤེལ་དེ་ལ་འོད་ཤར་བས ་སྦྲུལ་སྐུས་འགྲོ་དོན་བྱེད་པའི་བརྡའ།། སྤྱན་གསུམ་ཡེ་ཤེས་རྣམ་པ་གསུམ།། སྟོན་པ་གསུམ་གྱི་བརྡའ་ཡིནོ།། ད་ནི་རྟགས་ཀྱི་བརྡའ་བསྟན་ཏེ། ཙིཏྟ་ཁོང་སྟོང་ཟད་ཐལ་ཏེ།། ཐིག་ལེ་ཡེ་ཤེས་རང་བྱུང་རྟགས།། སྙིང་ལ ་གཞི་ཟང་ཐལ་བ།། ཐིག་ལེ་ཟང་ཐལ་ཡོད་པའི་རྟགས།། སྙིང་སྟོང་དཀར་པོར་འདུག་པ་དེ།། ཐིག་ལེ་འོད་གསལ་ཡོད་པའི་རྟགས།། ཙིཏྟ་ཟུར་དྲུག་འབར་བ་དེ།། འགྲོ་དྲུག་གཡང་ས་ཆོད་པའི་རྟགས།། སྙིང་ལ་ཐེལ་དྲུག་བྱུང་བ་ནི། ཐིག་ལེ་ཆོས་མེན་ཡོད་པའི ་རྟགས།། སྙིང་འཚམས་ཆོས་ཉིད་རྩས་མཚོན་པ།། ཐིག་ལེ་འགྱུར་མེད་པའི་རྟགས།། ཙཏྟ་ཟུར་བརྒྱད་འབར་བ་ནི།། ཐིག་ལེ་ཡོན་ཏན་མ་འགག་རྟགས།། སྙིང་ནི་ཟུར་གསུམ་དབྱིངསུ་ཤར།། སྐུ་གསུམ་རང་ལས་གྲུབ་པའི་རྟགས།། སྙིང་ལ་རྟོད་སྨར ་དབུགས་དང་ལྡ།། སྤྱན་གསུམ་རང་ལ་ཡོད་པའི་རྟགས།། ཐིག་ལེ་རང་ལ་ཡེ་ནས་གྲུབ།། དེ་ལྟར་ཤེས་ན་དབང་གི་རྒྱལ་པོ་ཡིན།། དེ་ལྟར་ཤེས་ན་དངདྨ་བླ་མ་ཡིན།། རྩལ་མི་དགོས་པས་མཆོག་གི་དབང་།། ཐིག་ལེ་ཡེ་ནས་ཡོད་པ་དབང་གི་རྒྱལ་པོ་ཡི།། ་རིག་པ་རང་གནས་དབང་གི་རྫས་སུ་བཤད།། རིག་པ་རང་གྲོལ་དབང་གི་བསྐུར་ཐབས་ཡིན།། ཐིག་ལེ་རང་གནས་དབང་གི་འབྲས་བུ་ཡིན།། ཙིཏྟ་བུམ་པའི་དབང་ཞེས་བརྗོད།། མིག་ལ་སྤྱན་གྱིས་ངོ་སྤྲད་པས།། དེ་ནི་ཐབས་ཀྱི་དབང་ཞེས་བརྗོད།། ཡིད་ལ ་ཤེས་རབ་པོ་སྤང་པས།། དེ་ནི་ཤེས་རག་དབང་ཞེས་བརྗོད།། འགྱུར་བ་ཡེ་ཤེས་ངོ་སྤྲད་པས།། གསང་བའི་དབང་ཞེས་དེ་ལ་བྱ།། མ་རིག་ཡེ་ཤེས་ཟང་ཐལ་བས།། གཟུང་འཛིན་ཐིག་ལེ་ཁོ་ནར་ཤར།། ཚིག་དབང་རིན་པོ་ཆེ་ཞེས་བརྗོད།། ཅེས་གསུང་། ་སྒྲ་རྒྱུང་རིན་པོ་ཆེ་སྲུངས་པ་ལས།། ཐིག་ལེ་དང་ཡེ་ཤེས་དབང་གི་ལེའུ་སྟེ་བཅུ་བཙུན་པའོ།། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྤྱན་གྱི་དབང་བསྐུར་བསྟན་པ་ནི། ཐོག་མ་གཏེར་གྱི་འབྱུང་གནས་ན།། སུན ་གྱི་གྲུབ་པའི་སྤྱན་གནས་ཏེ།། གསལ་བ་གཞན་དབང་མ་གྱུར་པ།། དེ་ནི་ཐབས་ཀྱི་སྤྱན་ཡི་ནོ།། འལག་མེད་གཞན་དབང་མ་གྱུར་ན།། དེ་ནི་ཤེས་རབ་སྤྱན་ཡིན་ནོ།། ཟང་ཐལ་གཞན་དབང་མ་གྱུར་པ།། དེ་ནི་ཡེ་ཤེས་སྤྱན་གྱི་གཞི།། དེ་གསུམ་དབྱེར་མེད་དབང་ཡིན་པས ་ལྷུན་གྲུབ་ཡོངསུ་རྫོགས་པའི་སྤྱན།། དེ་ནི་གཞིའི་སྤྱན་གྱི་དབང་།། ང་ནི་ལམ་གྱི་དབང་བསྟན་པ། དཔེ་དོན་རྟགས་ཀྱི་དབང་བསྟན་པ།། དཔེར་ན་རིན་ཆེན་མན་ཤེལ་དེ།། སྤྱན་གསུམ་དབང་གི་དཔེ་ཡིན་ནོ།། རྟགས་ནི་མིག་ལ་ཤར་བའོ།། ཕྱིའི་རྟགས་དང་དོན་དུ་འབྲེལ། ག་གི་ཡང་དུལ ་ནང་གི་དབང་རྟགས་སྙིང་ཡིན་ནོ།། དོན་གྱི་རྟགས་དང་སྦྱར་བ་གཅེས།། ཕྱིའི་དབང་རྟགས་མིག་ཡིན་ནོ།། ངོ་སྣོད་བྱས་ཏེ་རྟག་སུ་བསྟན།། མིག་གཡས་ཆོས་ཀྱི་སྤྱན་གྱི་རྟགས།། གཡོན་པ་ཤེས་རབ་སྤྱན་གྱི་རྟགས།། ཛོད་བུ་ཡེ་ཤེས་སྤྱན་གྱི་རྟགས། ་དོན་གྱི་སྤྱན་གསུམ་འགྱུ་བའི་མིག། འགྱུ་བའི་སྤྱན་ལ་ང་སྤ་ན། སྤྱན་གྱི་དངོས་གྲུབ་ཐོབ་པར་འགྱུར།། རྣ་པ་གལས་པ་ཆོས་ཀྱི་སྤྱན།། གཡོན་པ་ཤེས་རབ་ཆེན་པོའི་སྤྱན།། མིག་ནི་ཡེ་ཤེས་སྤྱན་ཡིན་ནོ།། རྣ་བཆོས་ཉིད་རྩ་གནས་པ།། སྒོ་ཇོགས ་བའི་རྡོ་སྤྲོད་བྱ།། མིག་ལ་ཡེ་ཤེས་རྩ་གནས་པས། ཟང་ཐལ་རྟོགས་པའི་ངོ་སྤྲོད་བྱ།། སྙིང་ལ་ཤེས་རབ་རྩ་གནས་ཏེ།། ཡེ་ཤེས་ངོ་སྤྲོད་ཤིན་ཏུ་གཅེས། བློ་སྒང་གཉིས་ལ་རྩ་གཉིས་གནས།། གཟུང་འཛིན་གཉིས་སྣང་གློ་བའི་རྩ།། མེད་པར་བཊ ་ཀྱི་རྩ་གནས་པ། སེམས་ཀྱི་རྟ་པོ་བྱེད་པའི་རྩ།། སྙིང་འཚམས་ཐུགས་ཀབ་འབྲེལ་པའི་རྩ།། དབུགས་ཅན་དབུགས་མེད་སོ་འཚམ་ཡིན། སྙིང་ལ་རྩ་ཆེན་བརྒྱད་གནས་པ།། ཐིག་ལེ་ཡེ་ཤེས་བརྒྱད་ཀྱི་རྩཀ། མགྲིན་པ་རྩ ་ལྔའི་འོད་གསལ་བ། བར་དོར་འོད་དུ་འཆར་བའི་རྩག། ཐིག་ལེ་བརྩན་ཐབས་རྟག་སུ་བཤད།། མཛོད་སྤུ་ཐིག་ལེ་ཟང་ཐལ་རྩག།། འདས་པ་ལྔའི་རྩ་ཡིན་ནོ།། ཅེས་གསུང་སོ།། སྟ་རྒྱུད་རིན་པོ་ཆེ་སྲུང་བ་ལས།། སྤྱན་དང་ཙའི་ལེའུ་སྟེ་བཅཝོ་བརྒྱད ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་གཅིག། སྐུ་གསུམ་དབང་བསྐུར་བསྟན་པ་ནི། སྙིང་ཁ་འོད་དཔག་མེད་པའི་དབང་།། དཔག་མེད་ཡིས་ཡོན་ཏན་དབང་།། ཡེ་ནས ་ཡོད་པས་དབང་ཡིན་ནོ།། མ་བསྐུར་སྤྱད་པ་མི་ནུས་ཏེ།། བསྐུར་བས་ཐོབ་པའི་དབང་ཡིན་ནོ།། ཆོས་གསུམ་འདུས་པས་འོད་དཔག་མེད།། ཀུན་ཏུ་བཟང་པོའི་དགོངས་པ་ཡིན།། དེ་ལ་བློ་འཚམས་འོད་བསྲུངས་ཡིན།། རྡོ་རྗེ་སེམས་དཔའ་ཁོང ་ཤར་ཡིན།། བློ་བའི་མཐིལ་དུ་མར་མེ་མཛད།། དགའ་ར་བ་རྡོ་རྗེ་རིག་པ་རང་གྲོལ་ཡིན།། སྟོན་པ་སྐུ་གསུམ་རང་ལ་གནས།། ཡེ་ནས་གཞི་ལ་གྲུབ་པས་ན། སྐུ་གསུམ་དབང་བསྐུར་ཅེས་ཀྱང་བྱ།། མགྲིན་པ་འོད་བསྲུངས་དབང་བསྐུར་ཐོབ།། མིག་ལ ་མར་མེ་མཛད་ཀྱི་དབང་།། མ་བསྐུར་མུན་པས་འཐིབས་པ་ཡིན།། བསྐུར་བས་མུན་པ་ཡུལ་ན་མེད།། མར་མེ་མཛད་ཀྱི་དབང་བསྐུར་རྫོགས།། བསྐལ་པ་སྟོང་གི་མུན་པ་ཡ། མར་མེ་འཐེབ་མོ་ཙམ་གྱི་སེལ།། མ་རིག་མུན་པ་འཐིབས་པ་ལ། ་མར་མེ་མཛད་ཀྱི་དབང་བསྐུར་བས།། མ་རིག་མུན་པ་སྐད་གཅིག་གཅིག་ལ་སངས།། དེ་ལྟར་བསྐུར་བའི་དབང་མཆོག་ནི།། བསྒྲུབས་པས་འགྲུབ་པར་མི་འགྱུརརོ།། སྤྱད་པས་གཏན་ལ་མི་ཕེབ་སོ།། བརྗོད་པས་བློ་ཐོག་མི་ཕེབ་སོ།། ཐོས་མང་ཚིག་ཚོགས ་ང་པོས་ཀྱང་།། དེས་ཀྱང་གཏན་ལ་མི་ཕེབསོ།། མ་བསྟན་ཤེས་པར་མི་འགྱུརརོ།། བསྟན་ན་མི་འཆར་མི་སྲིད་དོ།། དེ་བས་འདོད་པ་འབྱུང་མི་འགྱུར།། དབང་གི་རྒྱལ་པོ་སྐུ་གསུམ་དག། རྟག་ཀྱི་རྒྱལ་པོ་བསྟན་དུ་ཡོད།། དཔེའི་རྒྱལ་པོ་མཚོན་དུ་ཡོད།། ་ཐིག་ལེའི་རྒྱལ་པོ་སྤྲད་དུ་ཡོད།། ངོ་སྤྲང་རྒྱལ་པོ་ཐིག་ལེ་རང་སྣང་ཡིན།། ཉམས་ཀྱི་རྒྱལ་པོ་ཡེ་ཤེས་རང་སྣང་ཡིན།། གཞིའི་རྒྱལ་པོ་ལྷུན་གྲུབ་ཡོངས་རྫོགས་ཡིན།། འབྲས་བུའི་རྒྱལ་པོ་ཆོས་ལ་གྲོལ་བ་ཡིན།། ཐུགས་རྗེའི་རྒྱལ་པོ་སྐུ ་གསུམ་རང་འཁྲུངས་ཡིན།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེའི་སྤུད་པ་ལས།། སྐུ་གསུམ་དབང་བསྐུར་བའི་ལེའུ་བཅུ་དགུ་པའོ།། ། དེ་ནས་ཡང་བཀའ་སྩལ་བ། གསང་བའི་བདག་པོ་ཁྱོད་ཉོན ་གཅིག། གཞིའི་བསྐོར་ལུགས་མ་ཤེས་ན།། ནོར་བུ་རིན་ཆེན་རྟོར་པ་འདྲ།། ཀུན་གཞི་ཞིང་ས་ལྟ་བུ་ལ།། ཆོས་ཀྱི་སྒོ་མོ་ཟུག་པ་རྩ་བ་འདྲ།། ཐེགས་གསུམ་གཅིག་ཏུ་དྲིལ་པས་སྡོང་པོ་འདྲ།། ཐེག་དགུ་རང་ལ་ཚངས་པས་གྱེས་པ་ཡལ་ག ་འདྲ།། ཆོས་ཀྱི་སྒོ་མོ་བརྒྱད་ཁྲིར་ཤར་བས་རྒྱས་པ་ལོ་འདབ་འདྲ།། མེ་ཏོག་སྣ་ཚོགས་གསལ་བས་ལོངས་སྐུ་འདྲ།། དྲི་མཆོག་སྣ་ཚོགས་འབྱུང་བས་སྤྲུལ་སྐུ་འདྲ།། འབྲས་བུ་རབས་བསྨིན་པས་ཆོས་སྐུ་འདྲ།། དེ་ནི་ཡར་གྱི་འདྲིར་ལུགས་ཡིན ་མར་གྱི་འདྲིར་ལུགས་གཤད་པ་ནི།། ཀུན་གཞི་མ་འགགས་ཡངས་ལ།། ཉོན་མོངས་སྒོ་མོ་ཟུག་པས་རྩ་བ་འདྲ།། དུག་གསུམ་གཅིག་ཏུ་འདྲིལ་པས་སྡོང་པོ་འངདྲ་།། ཉོན་མོངས་ལྔ་རུ་གྱེས་པས་ཡལ་ག་འདྲ་།། ཉོན་མོངས། ་བརྒྱད་ཁྲིར་ཤར་བས་རྒྱས་པ་ཡོ་འདབ་འདྲ།། མེ་ཏོག་གསལ་ལ་མཛེས་པ་འབྱུང་ལྔ་འདྲ།། འབྲས་བུ་རང་སར་སྨིན་པ་འགྲོ་དྲུག་གོ།། ཕྱོགས་མེད་རྟོགས་ན་རྫོགས་ཆེན་ཡིན།། ཕྱོགས་ཆར་འཛིན་པ་འཁྲུལ་པ་ཡིན།། ཕྱོགས་རྟོགས་ཡང་དག་ཉིད་མ ་རྟོགས།། མ་རྟོགས་པ་དང་ལོག་པར་རྟོགས།། དེ་ཡི་འབྲས་བུ་ཐོབ་མི་འགྱུར།། འབྲས་བུའི་རྫོགས་ལུགས་མ་ཤེས་ན།། མི་ཐོག་སད་ཀྱི་ཁྱེར་བ་འང་།། མཐོངས་དང་ཐ་དད་མ་ཤེས་ན།། གོལ་སྒྲིབ་གངར་ཤ་མི་ཆོ་པས།། ལ་མི་སྔོས་པའི་སྐྱོན ་དུ་འགྱུར།། ནོར་བུ་རིན་ཆེན་གཞག་ནས་འཆིང་བུ་འཚོལ་བ་འདྲ།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། ཐེག་པ་དང་འགྲོ་དྲུག་བསྡུ་བའི་ལེའུ་སྟེ་ལྕི་བའོ།། ་དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། སྣང་བ་ལྔ་ལ་ངོ་སྤྲད་པ། མེ་ལོང་ནང་གི་བྱང་ལྟར་ཤར།། སྣང་བས་གནོད་པ་མ་ནུས་པས།། སྣང་བ་དབང་དུ་འདུས་པ་ཡིན།། རྒྱུ་དྲུག་དག་ལ་ངོ་སྤྲད་པས།། ་རིག་པ་འོད་གསལ་ལྷག་མཐོང་ཤར།། ཞི་གནས་དགོངས་པ་རང་སར་གྲོལ། འགྲོ་དྲུག་དབང་དུ་འདུས་པ་ནི།། དུག་སྦྲུལ་འགྲོ་བའི་མདུད་པ་འདྲ།། ཡེ་ཤེས་འོད་གསལ་ངོ་སྤྲང་པས།། ཐིག་ལེ་ཡིས་རང་ལ་ཤར།། འགྲོ་དྲུག་གཡང་ས ་དབང་དུ་འདུས།། རི་བར་རྩེ་མོར་ཕྱིན་པ་འདྲ།། ལྔ་གསུམ་བཅོས་ལྔས་མིག་འབྱེད་པ།། དབང་པོའི་རིམ་པར་ཤེས་པར་བྱ།། ཕྱི་འགྱུ་ཡེ་ཤེས་རང་སྣང་ཡིན།། ནང་འགྱུ་ལྷའི་རྣལ་འབྱོར་ཡིན།། གསང་འགྱུ་ཐིག་ལེའི་སྣང་ཐོབ་ཤར།། དངོས ་གནི་གཉིས་པོ་མ་ཤེས་ནཀ། ལོང་པས་ལོང་བ་ཁྲིད་པ་འདྲ།། འཁྲུལ་གནི་འཁྲུལ་པ་དངོས་པོ་གསུམ།། དེའི་ས་མཚམས་མ་ཤེས་ན།། རྒྱལ་བུ་རྐང་ནས་འཁྱམས་པ་འདྲ།། འཁོར་བ་འཁྲུལ་པ་ལྡོག་པ་གསུམ།། དེའི་གདམས་པ ་ཤེས་ན།། རྨུ་ལོང་བྱང་ཐང་ལས་པ་འདྲ།། གཞི་དང་ཚིག་དང་དཔེ་ཐོག་ཤོར།། དེ་གསུམ་ངོ་ཡི་མ་ཟིན་ན།། ཇོ་བོས་མ་འཆུན་ཁོལ་པོ་འདྲ།། སྣང་རྒྱ་རིགས་རྒྱ་གདམས་པའི་རྒྱ།། རྒྱ་གསུམ་རང་ཤར་མ་ཤེས་ན།། ཁྱི་མོ་ནང་ཟན་བྱེད་པ་འ ་ང་ལྟ་འཆི་ཀ་བར་ངོ་གསུམ།། གདམས་པའི་རྩི་ཡི་མ་ཐེབས་ན།། ཤིང་གི་རང་ཐག་བསྐོར་བ་འདྲ།། གོ་བ་རྟོག་པ་ཆོང་པ་གསུམ།། དེ་གསུམ་ཚད་དུ་མ་སྐྱོལ་ན།། མ་འཇའ་མེད་པར་གསེར་ཉོ་འདྲ།། བརྒྱུད་པ་གདམས་པ་ཉམས་དང་གསུམ།། ་དེ་གསུམ་མེད་པར་བློ་མ་རྟེན།། ཆུ་ཞིང་སྙིང་པོ་སྟོན་པ་འདྲ།། དབང་དང་ལག་ལེན་ཉམས་མྱོང་གསུམ།། དེ་གསུམ་མེད་པར་དབང་བསྐུར་བ།། ནོར་བུས་རྒྱལ་ས་ཟུང་བ་འདྲ།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། ངོ་སྤྲོད་གནང་ཀྱི ་ལེའུ་ལྡེ་གཅིག་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ངོ་སྤྲོད་བཞི་དང་དུས་བཞི་མཉམ་སྦྱོར་དང་།། སེམས་དང་ཡེ་ཤེས་དབྱེ་བ་དང་།། རིག་པའི་ཡེ་ཤེས་ངོ་སྤང་བ། འབྲིང་གི་གདམས་པ ་ཡིན་པར་བཤད་ལ། གསང་ལམ་གཞིའི་ངོ་སྤོད་དང་།། འོད་གསལ་འཁོར་ལོའི་གཟེར་གདབ་པ།། སྣང་བ་འོད་གསལ་འཁོར་ལོ་བསྐོར།། གནང་དང་ལོག་ནོན་ཤེས་པར་བྱ།། ཚོགས་དྲུག་འོད་གསལ་འཁོར་ལོ་སྐོར།། ཚེ ་དྲུག་ར་གྲོལ་དབང་པོ་ཡིན།། འགྱུ་བ་འོད་གསལ་འཁོར་ལོ་བསྐོར།། གཟུང་འཛིན་དངས་པ་དབང་པོ་ཡིན།། ཤེས་རབ་རིག་པའི་ངོ་སྤྲོད་བསྟན།། འཁོར་འདས་རུ་གཅོད་དབང་པོ་ཡིན།། ཡེ་ཤེས་དངོས་ཡིན་དང་པོ་ཡིན།། ཡིས་སྤྱན་གྱི་བྱེད་པ་ཡིན། ་སྨན་གསུམ། དབང་བསྐུར་བྱེད་པ་ལ།། གནས་ཚུལ་བཞུགས་ཚུལ་རྟོགས་ཚུལ་དང་།། བསྐུལ་ཚུལ་འཆར་ཚུལ་གྲོལ་ཚུལ་གྱིས།། སྤྱན་གྱི་དབང་བསྐུར་ཐོབ་པ་ཡིན།། དྲུག་གསུམ་བཅོ་བརྒྱད་དག་གིས་མིང་ཕྱེ་ནས།། ཆོས་དང་ཤེས་རབ་སྤྱན་གྱི་དབང ་རང་དབང་རང་གིས་ཐོབ་པས་རྒྱལ་པོ་ཡིན།། ཡིས་གསལ་འགྲིབ་མེད་པ་དེ།། ཟབ་དང་དཔག་མེད་འགག་པ་མེད།། ཡིས་དབང་གི་བསྐུར་ཐབས་ཡིན།། ཤེས་རབ་ཐོག་པ་མེད་པ་དེ།། མྱུར་དུ་དྲག་དང་སྐད་ཅིག་ལ།། གཞུངས་ཏེ་འབབ་དང་ཕྱིར་མི་ལྡོག། ཤེས་རབ་དང ་གི་བསྐུར་ཐབས་ཡིན།། ཆོས་ཉིད་རང་གྲོལ་མྱུར་བ་དེ།། མྱུར་དང་གསལ་ཏེ་སྐད་ཅིག་ལ།། ཆོས་ཀྱི་དབང་གི་བསྐུར་ཐབས་ཡིན།། ཡིས་སྤྱན་གྱི་གནས་ཚུལ་མིག། བཞུགས་ཚུལ་ཟང་ཐལ།། རབ་དང་འབྲིང་དང་ཐ་མ་གསུམ།། སྣང་བ་ཡན་རིག་པ་རང་གྲོལ་དང ་ཆོས་ཉིད་འོད་གསལ་ཆེན་པོ་གསུམ།། དབྱེ་དུས་ཕྱེད་དུས་ཕྱེད་པའི་ཚང་།། མ་བྱེད་སྐྱོན་ཡོན་འབྲས་བུ་དང་།། གདེང་ལྡན་བླ་མ་སློབ་མ་ཡིས།། འདི་འདྲ་རྒྱ་མཚོའི་ཕ་བོང་བཞིན།། བསྐལ་པ་འཁྲུགས་ཀྱང་ཁར་དབྱུང་མིན།། རུས་སྦལ་གྲེ་བར་ནོར་བུ་ཆུ ་པ་བཞིན་དུ་སྡོམས་། ཅེས་གསུང་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། དམར་ཁྲིད་དམར་བྱང་དང་། དོན་བསྐོར་སངས་རྒྱས་ངོ་སྤྲོད་ཀྱི་ལེའུ་སྟེ་སྡེ་གཉིས་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བདག་པོ་ཁྱོད་ཉོན་ཅིག། ་འཆི་བ་འཆི་ལྷས་འཆི་རྩི་གསུམ།། རླུང་དང་ཐིག་ལེ་རྩ་དང་གསུམ།། ནད་དང་གདོན་དང་རྣམ་སྨིན་གསུམ།། འབྱུང་བ་འཁྲུག་པའི་ནང་ཡིན་ཏེ།། དཀར་ན་དྲགས་པ་ཆུ་ཡི་དྲུག། དམར་ན་ཚ་བ་མེའི་དུག། མཐིང་ན་བད་ཀན་ན་མཁའ་དྲུག། སེར་མ་ཁྲིས་པ་སའི་དུག། ་ལྗང་ན་འདུ་བ་རླུང་གི་དུག། དཀར་ན་ཆུའི་རླུང་ལ་རྒྱལ་པོ་གནོད་།། མཐིང་ན་ནམཁའི་རླུང་ལ་བདུད་ཀྱི་གྱི་གདོན།། དམར་ན་མེའི་རླུང་ལ་བཙན་ཁས་གདོན།། སེར་ན་སའི་རླུང་ལ་ཆུ་ཚོགས་གདོད།། ལྗང་ན་རླུང་གི་རླུང་ལ་སྣ་ཚོགས་འདྲེ་ཀུན་གདོན།། རྐང་མཐིལ་དུ་ཀ། ་དྲོང་རྟོར་ན། དམྱལ་བར་འགྲོ་བའི་མངའ་ལྟས་ཡིན་ཀ། གསང་བར་ཧྲི་དམར་དྲོད་སྟོར་ན།། ཡི་དགས་འགྲོ་བའི་མངའ་བལྟས་ཡིན།། སྟེ་བར་སུ་མཐིང་དྲོད་སྐོར་ན།། བྱོལ་སོང་འགྲོ་བའི་མངའ་བལྟས་ཡིན།། སྙིང་ཀར་ནེ་སེར་དྲོད་སྟོར་ན།། མི་རུ་འགྲོ་བའི ་མངའ་བལྟས་ཡིན།། མགྲིན་པར་ཨ་ལྗང་དྲོད་སྟོར་ན། ལྷ་མ་ཡིན་དུ་སྐྱེ་བའི་མངའ་བལྟས་ཡིན།། སྤྱི་བོར་ཨ་ལྗང་དྲོད་གཏོར་ན།། ལྷ་རུ་སྐྱེ་བའི་མངའ་བལྟས་ཡིན།། དེ་ཡང་དམྱལ་བ་ལ་སོགས་སྣང་བ་རྒྱུར།། མི་རུ་ཐོབ་པའི་སྣང་བ་ཐམས་ཅད་བཤད། ད ་པོ་རྒྱུ་ལྟར་ཁོར་བར་བྱེད།། རླུང་ནི་ལྔ་གསུམ་བཅཝོ་ལྔ་བརྟག། ཐིག་ལེ་མིག་གི་བ་ཐག་ཡལ།། བླ་རྩ་གཏོར་ན་འཆི་བར་བཤད།། གནམ་གྱི་རེ་ཐག་ཆད་པ་དང་།། ཆོས་ཀྱི་སྤྱན་གྱི་རང་སྒྲ་ཆང།། ཤེས་རབ་སྤྱན་གྱི་ཤེས་པ་འགྱུར།། ཡིས་སྤྱན་གྱི་ཐིག་ལེ་ནུབ། ་རྟ་མཆོག་སྔོན་པོའི་ག་པུར་གཏོར།། ཏི་ཚེ་གང་གི་རླང་པ་ཡལ།། ཀློག་ལྷམ་མར་མོའི་སྦྲང་རྩི་ཡལ།། རྒྱ་ཚོར་ཆུ་བྲན་ཐམས་ཅད་བསྡུས།། དབུས་ཀྱི་བཀའ་བ་བཙན་ཆེན་འཁྱུས།། ཁོལ་པོ་བཞི་པོ་བཀའ་བཞིན་རེངས།། དཔག་བསམ ་ཤིང་གི་མེ་ཏོག་ཡལ། ཅེས་གསུང་སོ།། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། འཆི་བ་འཆི་ལྟས་འཆི་རྩིས་དང་རྟགས་ཀྱི་ལེའུ་སྟེ་རྗེ་གསུམ་པའོ།། ། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། འཆི་ཀའི་གདམ་པ་བསྟན ་པ་ནི།། འཐུན་པའི་རྐྱེན་དང་འགལ་བའི་རྐྱེན། རྐྱེན་དྲུག་གིས་འཆི་བ་ཡིན།། འཐུན་རྐྱེན་འདུ་དུས་ཐིམ་དུས་འཆར་བའི་དུས།། གྲོལ་བའི་དུས་དང་རྣམ་པ་གཞི།། དབང་པོ་རབ་འབྲིང་ཐ་མ་གསུམ།། བར་དོ་ཡོད་དང་བར་དོ་མེད།། རྒྱལ་ཐབས་སྤྱི་སྨུག་ཚུལ ་དུ་བསྟན།། བར་ངོ་ཡོད་པ་འབྲིང་དང་ཐ་མ་ཆོས་ཉིད་བར་དོར་འཁྲུལ་པ་ལྡན།། རང་རྐྱེན་འཐུན་པའི་གྲོག་སུ་འཆར།། ཆོས་ཉིད་རང་སྣང་དོན་གྱི་མེ་ལོང་ཡིན།། འཐུན་རྐྱེན་རང་སྣང་ངོ་སྤྲོད་བླ་མའི་གདམས་པ་འཆར།། དེ་ནི་རང་སྣང་རྐྱེན་དུ་འཆར་ཅེས་བྱ།། ་འགལ་རྐྱེན་འོད་ལ་ཆགས་སྡང་སྐྱེ།། དེའི་འབྲས་བུ་གཞན་རྐྱེན་འགྲོ་དྲུག་འཁྲུལ། འཁོར་བ་རྣམ་གཞིར་འཁྱམས་པ་འགལ་རྐྱེན་ཡིན།། རྒྱུ་ལྟར་འཁོར་བ་མ་རིག་དུག་སོགས་ཡིན།། ནག་པོ་ལྟར་འཁོར་ལས་ཀྱི་རྣམ་སྨིན་ཡིན།། དཀར་པོ་ལྟར་འཁོར་ལས ་ཨེ་འབྲས་བུ་ཡིན།། འབྲས་བུ་ལྟར་འཁོར་གྲགས་ཆེན་སངས་རྒྱས་ཡིན།། འཁོར་བ་རྣམ་བཞི་སྲེག་གཅོད་སྣང་ཆེན་སངས་རྒྱས་ཡིན།། སྣང་བ་གཞན་དབང་མ་གྱུར་དབང་བསྐུར་རྒྱལ་པོ་ཡིན།། ཅེས་གསུང་སོ།། དེ་ནས་ཡང་བཀའ་སྩལ་པ།། འཁོར་བ་རྣམ་བཞིའི་འབྲས ་བསྟན་པ་ནི།། རྒྱུ་དང་འཁོར་བ་དང་པོའི་ལས་དང་ནི་ཀ། རྒྱུ་དང་རྐྱེན་གྱིས་འགྲོ་བ་དྲུག་སྐྱེས་སོ།། ལས་དང་འཕྲོ་དང་འཐུད་པའི་འབྲས་བུ་ནི།། ལས་ནི་དགེ་དང་མི་དགེ་ལུང་མ་བསྟན་གྱི་ལས།། དགེ་པའི་ལས་ལ་མཚན་བཅས་མཚན་མེད་དོ།། མཚན་བཅས ་རྣམ་པ་གཉིས་ཡིན།། འོག་མའི་དགེ་བ་བཅུ་པོ་དང་།། སྔགས་དང་ཡི་དམ་སྒོམ་ལ་སོགས། དེ་ནི་ལས་ཀྱི་རྣམ་གྲངས་ཡིན།། བསྣུན་དགེ་དང་མི་དགེ་གཉི་སུ་འདུས།། དེ་ཡང་ཆོས་ལ་སྤྱོད་པ་ཡིན་པར་བཤད།། ལས་མེད་ལུས་མི་ལེན་པས་འཕྲོ་མེད་པ།། དེ་ནི ་ལེ་ཆོས་མིན་ཡིན།། འོད་ལུས་ཡིད་ལུས་ཤ་ཁྲག་ལུས་དང་གསུམ།། འཁོར་བའི་ལུས་ལ་བསམ་མི་ཁྱབ།། བསྡུས་པས་ལུས་གསུམ་དག་ལ་འདུས་པ་ཡིན།། ལས་ནི་ད་ལྟ་འཕྲོ་ནི་བར་ངོ་མཐུང་།། མཐུང་བའི་འབྲས་བུ་གནས་སྐབས་རང་སོར་སྦྱར།། ཅེས ་གསུང་སོ།། ལྷ་རྒྱུད་རིན་པོ་ཆེ་སྡུད་པ་ལས། བར་རོ་བསྟན་པའི་ལེའུ་སྟེ། ཏྲེ་བཞི་པའོ།། །། དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། མི་ལུས་ཆགས་ལུགས་བསྟན་པ་ནི།། སྐྱེ་བ་རྒས་པ་ན་པ་དང་། འཆི་བ་དང་ནི་རྣམ་པ ་བཞི། སྐྱེ་བ་རྣཔ་ལྔ་ཡིན་ཏེ། མངལ་དང་སྒོ་ང་ལས་སྐྱེ་དང་། དྲོད་ལས་སྐྱེ་དང་ཤར་ལས་སྐྱེ། རྫུས་ཏེ་སྐྱེ་བ་རྣམ་པ་ལྡན། མངལ་ནས་སྐྱེ་བ་ཤ་ཁྲག་ལུས།། ཡིད་ལུས་འདོད་ལུས་རྫོགཱ་ནས་སྐྱེ།། དྲོད་གཤེར་སྐྱེ་བ་ཤ་ཁྲག་ལུས།། སྐྱེ་བ་འབྱུང་བས་འནི ་བ་འབྱུང་།། དེ་ཡང་ལས་ཀྱི་ཆགས་ལུགས་ལ།། ཕོ་དང་མོ་དང་མ་ནིང་དང་།། ཕོ་མོ་རྒོད་དང་མ་ནིང་ཚན་པོ་ཆེ།། དེ་ཡང་ཇི་ལྟར་ཆགས་ཅེས་ན། རྟེན་གྱི་གནང་ནི་རྩ་ཡིན་ཏེ། དེ་ལྟར་འབྱུང་བ་རླུང་ཡི་ནོ།། དེ་ལ་རྟེན་གྱི་རྩ་བསྟན་པ། དབང་པོ་བཞི་ལ་ལྷུན་གྱི་ཐུབ ་ཕྲའི་རྩ་དང་རླུང་དང་ནི།། རགས་པའི་རྩ་དང་རླུང་དང་གསུམ།། དེ་ནས་དངོས་པོའི་རྩར་འཁྲུལ་ཏེ།། དངོས་པོ་ཕ་མའི་ཐིག་ལེ་དཀར་དམར་ཏེ།། རགས་པའི་རྩ་རུ་མཐོང་བ་ལས།། རགས་པར་རྩར་གྱུར་དངོས་པོར་སྨིན།། ཐིག་ལ། ་རྩའི་རྒྱལ་པོ་དེ།། དེ་ལ་སྤུ་ཙམ་ཙར་གྱིས་བྱུང་།། རྐྱང་མ་ཞེས་བྱའི་རྩ་རུ་གྲགས།། དེ་ནས་ཡང་ཅིག་ཟླ་རུ་བྱུང་།། རོ་མ་ཞེས་བྱ་གཉིས་སུ་བྱུང་།། དེའི་དབུས་དང་གསུམ་དུ་བྱུང་།། དེ་གསུམ་འདུས་པས་སྙིང་དུ་བྱུང་།། ཨ་བ་དྱུ་ཏི་ཞེས་ཀྱང་བྱ།། དེ་ནས་སྤྲུལ་ནས ་ལྟེ་བར་བྱུང་།། མའི་སྲོག་རྩ་ཡལ་ག་དང་།། བུའི་ལྟེ་བར་འབྲེལ་ནས་གནས།། ལྟེ་བའི་རྩ་ནས་ཐཾད་བསྐྱེད།། མས་ཟོས་བུའི་ལྟེ་བར་འཁྲོད།། དེ་ནས་ལུས་ལ་འཁོརབ་བས་ན།། ལྟེ་བ་སྤྲུལ་པའི་འཁོར་ལོ་ཡོན།། དེ་ནས་ཐུར་དུ་བྱུང་བ་ལས།། མ་ཡི་བྲོས ་པས་བུ་ལ་ཐིམ།། བུ་ཡི་ཟོས་པས་གསང་སྒོར་འཁོར།། གསང་བའི་འཁོར་ལོ་ཅེས་ཀྱང་བརྗོད།། སྙིང་ཁར་པའི་ཐིག་ལེར་རྩལ།། དམར་པོ་མའི་ཤེས་རབ་རྩ་ལ།། མཐིང་ཀ་རིག་པ་སེམས་ཀྱི་རྩ་ལ།། དེ་རྣམས་ཐམས་ཅད་ཚང་པས་ན།། ཆོས་ཀྱི་འཁོར་ལོ ་ཞེས་ཀྱང་བྱ།། སྙིང་ལ་ཆོས་ཉིད་རྩ་ཡིས་བསྐོར།། ཞི་བ་ལ་སོགས་ཆོས་སྐུའི་རྟེན། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བརྗོད།། འགྱུ་བ་མཛོད་པུར་འཁྱིལ་པའི་ལམ།། མགྲིན་པའི་རྩལ་ལོང་སྤྱོད་བྱེད། ལོངས་སྤྱོད་འཁོར་ལོ་ཞེས་ཀྱང་བྱ།། སྤྱི་བོའི་རྩ་ལ་ཐད ་འདུས། བདེ་བ་གསལ་ལ་མི་རྟོགས་པས།། ཆོས་ཀྱི་འཁོར་ལོ་ཞེས་ཀྱང་བྱ།། མཛོད་སྤུ་ཡེ་ཤེས་རྩ་གནས་པས། རྟེན་གྱི་འབྱུང་གནས་ཞེས་བྱའོ།། རོ་མ་རྐྱང་མ་གཉིས་པོའི་ཁ།། སྣ་ལ་ཟུག་པས་ཕོའི་རྟེན། གསང་བར་ཟུག་པས་མོའི་རྟེན། ་ཡར་མར་སྣོལ་མར་འབྱུང་བ་ནི་ཀ། མ་ནི་པ་ཞེས་སུ་བཤད་པའི་ཡིན།། ཁ་ལ་གང་འགྲིམ་འཕེལ་བ་ནི།། ཕོ་མོ་རྒོད་ཅེས་འགྱུར་བ་ཡིན།། ཁ་གཉིས་ཟུམ་ནས་མ་ཕྱེད་པས།། ནིང་ཚན་པོ་ཆེ་ཞེས་བརྗོད།། དེ་ལྟར་བསྐྱོད་པ་རླུང་ཡིན་ནོ།། ཕོ་རླུང་དྲག་ལ་མོ་རླུང་། ་རལ།། ངལ་བས་རྒྱུ་བས་ཐུར་དུ་བྱུང་།། དྲག་པར་རྒྱུ་བས་གྱེན་ལ་བྱུང་།། ལུང་བསྟན་རླུང་དག་ལས།། ཕོ་མོ་རྒོད་དང་མ་ནི་ཚན་པོ་ཆེ།། དེ་ལྟར་གྲུབ་པར་ཤེས་པར་བྱའོ།། དེ་ནས་རུས་པའི་གནད་བསྟན་པ།། མཛོད་བུའི་རྟེན་དུ་སྨིན་རུས་ཆགས།། དེ་ལས་གྱེས། ་པས་དཔྲལ་རུས་བྱུང་།། དེ་ལས་མུ་སྒོངས་རུས་པ་བྱུང་།། དེ་ལས་ཟ་བའི་ཟ་འགྲམ་བྱུང་།། དེ་ནས་ཡ་ཐོད་མཐོང་བྱུང་།། དེ་གཉིས་འབྲེལ་པས་རུས་སྲུབས་བྱུང་།། སྙིང་དང་འབྲེལ་པས་སྲོག་རུས་ཆགས།། དེ་རྣམས་འཚོགས་པས་སོགས་པ་ཆགས། ་དེ་རྣམས་ཚིག་སུ་གཅད་པས་ཚིག་པ་ཆགས།། རུས་པ་ཐམས་ཅད་ཁྱབ་པས་ཅི་བ་མ་ཆགས།། རུས་པས་མུས་ཀྱི་སྟོབས་བསྐྱེད་པརླ་རུས་ཆགས།། དེ་རྣམས་མ་འགགས་བསྐྱོད་པས་རྐང་ལག་ཡིན།། དེ་རྣམས་འཇུག་རུས་འཕོངས་རུས་ཆགས།། དེ་ནས ་གཞུག་གུ་ཏུང་དུ་ཆགས།། དེ་ནི་རུས་པའི་ཆ་ལུགས་རྫོགས།། ད་ནི་ཤའི་ཆགས་ལུགས་སྟོན།། སྤྲིན་མ་སྤགས་པའི་ཤ་ཡང་སྨིན།། དང་པོ་དེ་ལ་སྨིན་པས་སྨིན་མ་ཡིན།། དེ་བཞིན་རིམས་ཀྱིས་ཆགས་ཉམ་མོ།། དེ་ལ་རྩའི་མཚན་ཉིད་ཀྱང ་རྩ་བ་གཅིག་ཏུ་འདུས་པ་ཡིན།། ཅིག་པ་རང་བྱུང་གནས་པའི་རྩ།། དེ་ལས་གྱེས་པས་ལོ་རྩ་དང་།། མོ་རྩ་དང་ནི་ཡེ་ཤེས་རྩ།། མ་ནིང་པོ་མ་རྒོད་དང་ནི།། མ་ནིང་མཚན་པོ་ལྕེའི་རྩ་དང་གསུམ།། དེ་ལས་གྱེས་པས་འཁོར་ལོ་ལྔ།། དེ་ལ་བརྒྱ་དང་རྩ་བ ་ཡིད། དེ་ལས་གྱེས་པའི་རྣམས་ནིཀ། སྟོང་ན་རྒྱད་ཁྲི་བཞི་སྟོང་ཡོད།། སྨད་ན་བརྒྱད་ཁྲི་བཞི་སྟོང་ཡོད།། དེ་ལས་གྱེས་པ་བསམ་མི་ཁྱབ།། དཔེར་ན་ཁ་ཤོ་བའི་འོ་མ་འདྲ།། དཔེར་ན་ཤ་མོའི་ཚུལ་བཞིན་ནོ།། རླུང་དང་ཐིག་ལེ་དེ་དང་འདྲ།། ཙ་ལ་ཁྲག་དང་དྲོ ་དང་རླུང་།། ཤ་དང་སེམས་རྣམས་རྟེན་པས་ན།། རྟེན་པ་རྩ་ཞེས་བརྗོད་པ་ཡིན།། དེ་ལ་འབྱུང་བ་རྟེན་པས་ན།། འབྱུང་བའི་ནད་རྣམས་འཁྲུགས་ནས་ནི།། དེ་ལས་འགེགས་རྟེན་གདོན་དུ་ཆེ།། དེ་ལ་དབུགས་རྟེན་ཆད་པས་འཆི།། འབྱུང་བ་ཆ་མ་སྙོམས་པས་འཕེལ ་འགྲིབ་འབྱུང་།། དེ་ལས་རྒས་ཤིང་འཁོག་པ་འབྱུང་བར་འགྱུར།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེའི་སྤུངས་པ་ལས།། ལུས་ཀྱི་མན་ངག་བསྟན་པའི་ལེའུ་སྟེ། ལྡེ་ལྔ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག ་པོ་ཁྱོད་ཉོན་ཅིག། གྱི་རྩ་ལུས་ལ་གནས་པ་ནི། ཁ་ཤོའི་ལོ་མ་འདྲ་སྟེ་སྤེལ་མར་གནས།། དེ་ལ་བཤད་ན་བསམ་མི་ཁྱབ།། ནང་རྩ་རུས་པ་དག་ལ་གནས།། དེ་ནི་གསེར་གྱི་མེ་ཏོག་འདྲ་སྟེ་ཡོན་ཏན་རྒྱས།། གསང་རྩ་སྙིང་ལ་གནས་ཏེ་འཁོར་ལོ་འདྲ། ་དེ་འདྲ་སྐྱོན་ཡོན་བྱེད་པའི་རྩ།། གདམས་པའི་རྩ་ནི་རྣ་བ་མིག་ལ་གནས།། གནད་ཀྱི་མན་ངག་རབ་ཏུ་གཅེས།། ཚད་མས་མཇལ་བའི་སྲང་དང་གྲུབ་མཐའ་སྐྱོང་བའི་སྲང་།། ལག་ཕྲད་བྱེད་པའི་སྲང་དང་གསུམ་དུ་འདུས།། ཚད་མས་མཇལ་བའི་སྲང་ནི་རྒྱུད ་པ་ཡིན།། གྲུབ་མཐའ་སྐྱོང་བའི་སྲང་ནི་འབྲས་བུ་ཡིན།། ལག་ཕྲད་བྱེད་པའི་སྲང་ནི་གདམས་པ་ཡིན།། སྣང་བ་དབང་དུ་འདུས་པས་རིག་པ་གཅེར་བུར་འཐོན།། རིག་པ་དབང་དུས་པས་སངས་རྒྱས་ཡུལ་མེད་མཐོང་།། རང་གྲོལ་དབང་དུ་འདུས་པས་ཆོས ་མིན་ཆུདང་ལས་གྲོལ།། རྒྱུད་པ་ཚད་དང་མི་ལྡན་ན།། གནད་མེད་ཕྱི་བ་རྐོ་བ་འདྲ།། གདམས་པ་ཚད་དང་མི་ལྡན་ན།། རྒྱུས་མེད་མཚན་སྐྱོང་བྱེད་པ་འདྲ།། བཀའ་རྒྱུད་ཚད་དང་མི་ལྡན་ན།། བེའུ་ཐག་པ་སྦྲེལ་ནས་ལྷུང་བ་འདྲ།། བྱིན་རྒྱུད་ཚད་དང་མི་ལྡན་ན། ་གྲོག་པོ་སྐམ་པོར་ཉ་སྦུགས་འདྲ། སྙན་རྒྱུད་ཚད་དང་མི་ལྡན་ན། སྒོ་ང་རུལ་པ་གནོད་པ་འདྲ།། ཐུགས་བརྒྱུད་ཚད་དང་མི་ལྡན་ན།། དམིགས་པའི་ཚད་ནས་ཆུ་ཚོལ་འདྲ།། ཉམས་མྱོང་ཚད་དང་མི་ལྡན་ན།། སྨྱོན་པའི་ལག་ཏུ་མདུང་བསྐུར་འདྲ། ་དེ་རྣམས་ཚད་དང་ལྡན་པ་ནི།། ནོར་བུ་རིན་ཆེན་འདྲ། ཅེས་གསུང་སོ།། ། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། རྩ་དང་ཚད་མའི་ལེའུ་སྟེ་ལྡེ་དྲུག་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང ་བའི་བདག་པོ་ཁྱོད་ཉོན་ཅིག། བྱིན་རྒྱུད་ཚད་དང་ལྡན་པ་ནི།། མཁའ་འགྲོ་མ་ནི་རབ་གནས་ཏེ།། རང་བཞིན་ངོ་བོ་སྤྲུལ་པ་གསུམ།། རང་བཞིན་མཁའ་འགྲོ་རྣམ་པ་ལྔ།། རྡོ་རྗེ་མཁའ་འགྲོ་རིན་ཆེན་དང་།། པདྨའི་མཁའ་འགྲོ་ལས་འགྲོ་དང ་དེ་བཞིན་རིགས་ཀྱི་མཁའ་འགྲོ་དང་།། རྣམ་པ་ལྔ་རུ་ཤེས་པར་བྱ།། ངོ་བོ་མཁའ་འགྲོ་རྣམ་པ་གསུམ།། འབྱུང་བ་རྣམས་ལྔ་མཁའ་འགྲོ་ལྔ།། དབྱིངས་ཀྱི་མཁའ་འགྲོ་རྣམ་ལྔ་ཡིན།། འབྱུང་བ་ལུས་ཀྱི་མཁའ་འགྲོ་ལྔ།། དམ་ཚིག་དྲི་སྣོམ ་མཁའ་འགྲོ་ཡིན།། རྣམ་ཤེས་སྒོང་མཁའ་འགྲོ་ལྔ།། ལུས་ཀྱི་མཁའ་འགྲོ་སྣ་ལྔ་ཡིན།། སྤྲུལ་པའི་མཁའ་འགྲོ་རྣམ་པ་གསུམ།། ཀུམ་གཞི་ཡེ་ཤེས་མཁའ་འགྲོ་ཡིན།། ཡིད་ནི་རྡོ་རྗེ་མཁའ་འགྲོ་ཡིན།། རྣམ་ཤེས་ཤ་ཟའི་མཁའ་འགྲོ ་ཡིན།། རྣ་བ་མཁའ་འགྲོ་ཀློག་ཕྲེང་མ།། མིག་གཡོན་ཉི་མའི་འོད་ཟེར་ཅན།། མིག་གཡས་ཟླ་བའི་འོད་ཟེར་ཅན།། ལྕེ་ནི་མཁའ་འགྲོ་མཚོ་སྐྱེས་མ།། སྣ་ནི་མཁའ་འགྲོ་དྲི་མ་མེད།། ལུས་ནི་མཁའ་འགྲོ་དུང་སྐྱོང་མ།། དེ་ནི་མཁའ ་འགྲོའི་རྒྱུད་པ་ཡིན།། མཁའ་འགྲོའི་བྱིན་གྱ་བརྒྱུད་བསྟན་པ་ནི།། མཁའ་ནི་རིག་པའི་སྣང་བའོ།། འགྲོ་བ་འགྱུ་བ་ཐོག་མེདོ།། དེ་ཉིད་འདུས་པའི་དབང་བསྐུར་བས།། བྱིན་བརླབས་ཕྱོགས་མེད་པར་འཆར།། བྱིམ་རླབས་ནང་ནས་ཤར་ཙམ་ན།། ཉམ་མྱོང་ཚད་ལྡན ་སྐྱེ་བ་ཡིན།། ཉམས་མྱོང་ཡེ་ཤེས་རང་ཤར་བས།། ཡིས་ཚད་དང་ལྡན་པ་ན།། སངས་ལ་མི་རྒྱའི་རང་དབང་མེད།། སངས་རྒྱས་ས་ལ་གྲོལ་ཙམ་ན།། ཐུག་རྗེ་མི་འབྱུང་རང་དབང་མེད།། ཐུག་རྗེ་ཕྱོཊ་མེད་ཤར་ཙམ་ན།། བྱིན་རླབས་མི་འཇུག་རང་དབང་མེད།། ། ་ཅེས་གསུང་སོ།། ལྷ་རྒྱང་རིན་པོ་ཆེ་སྤུངས་པ་ལས། མཁའ་འགྲོ་དབང་བསྐུར་བའི་ལེའུ་སྟེ།། རྗེ་བདུན་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་གཅིག། ཐེག་པའི་ཁྱད་པར་བསྟན་པ་ནི།། ཉན ་འབྲས་བུ་དགྲ་བཅོམ་པ།། བསྐལ་པ་གྲངས་མེད་བདུན་ན་འདོད།། དྲུག་ལྔ་དགྲ་བཞིན་སྤོང་བ་བཞིན།། ཐིག་ཆེན་དབུ་མ་སྟོང་པར་འདོད།། གཅིག་དང་དུ་བྲལ་ལ་སོགས་པ།། གཏན་ཚིག་གཞི་ཡིས་གཤེས་ནས་འདོད།། དེ་ཡང་དུག་ལྔ་སྤྱོ་པ་ཡིན།། ་ཕུལ་ལ་ཕྱིན་ལ་སོ་ཊ། མདོ་རྒྱུད་སྔགས་ཀྱི་ཁྱད་པར་གང་།། མདོ་རྒྱུད་དབང་གི་གདམས་པ་མེད།། སྔགས་པ་རྣམ་པ་གཉིས་ཡིན་ཏེ།། ཕྱི་བ་དང་ནི་ནང་པའོ།། ཕྱི་བའི་དབང་ནི་རིག་པའི་དབང་།། ཕན་པའི་དབང་བཅུ་ཁྱད་པར་འཕག། ནང་གི་རྒྱུད་ནི་དབང ་རྡོ་ལྔ་དང་།། བདུད་རྩི་ལྔ་ཡིས་ཁྱད་པར་འཕགས།། དེ་བས་རྫོགས་ཆེན་ཁྱད་པར་ཆེ།། སྔགས་ཀྱི་སྒྲུབ་རྒྱུར་འབྲས་བུང་འདོད།། རྫོགས་ཆེན་རྟོགས་པས་སངས་རྒྱས་པ།། ཚིག་དབང་ཅིག་གིས་རྟོག་པར་འདོད།། དབང་བསྐུར་རྫོག་པ་དབང་ལྔ་ཡིན།། དེ་ནིའོ།། ་མ་རྣམས་ལ་མེད།། མཆོད་པ་རྣམ་ལྔ་ལྷ་བསྒོམ་པ།། ། དེ་ནི་ཀྲི་ཡ་ཡིན་པར་འདོད།། མཆོད་པ་རྣམས་ལྔ་སྐུ་སྒྲོམ།། དེ་ནི་ཆོ་ག་ག་ཡིན་པར་འདོད།། བདུད་རྩི་ལྔ་མཆོད་རིཊ་ལྟར་སྒྲུབ།། དེ་ནི་མ་ཧཱ་ཨ་ནུར་འདོད།། གསང་སྔགས་དབང་གིས་ཁྱད་པར་འ ་རྫོགས་ཆེན་ཐཾད་ཆོས་སྐུར་རྟོགས།། རིག་པ་རྩལ་གྱི་དབང་ཆེན་ཐོབ།། དེས་ན་ཁྱད་པར་རབ་ཏུ་ཆེ།། སྙན་རྒྱུད་རིན་ཆེན་སྤུངས་པ་འདི།། ཐཾད་ངོ་སྤྲོད་ས་ལ་འགོད།། དུས་གཞི་ཉམས་སྦྱོར་ཁྱད་པར་ཆེ།། གཞི་ལས་གྲོལ་བས་ཁྱད་པར་འཕགས།། ཅེས་གསུ ་སོ།། སྒྲ་རྒྱུད་རིན་པོ་ཆེ་སྤུངས་པ་ལས།། ཐེག་པའི་ཁྱད་པར་མཚོན་པའི་ལེའུ་སྟེ།། རྗེ་བརྒྱད་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྫོགས་པའི་རྫོགས་ལུགས་བསྟན་པ་ནི།། ཉོན་མྱོངས་དུག ་ལྔའི་དགྲ་འཆོམས་ནས།། འདས་པ་ལྔ་རུ་གྲོལ་བས་ན།། ཉན་ཐོས་གྲུབ་མཐའི་འབྲས་བུ་རྫོགས།། ངོ་བོ་གསལ་བས་སེམས་ཙམ་རྫོགས།། རང་བཞིན་སྟོང་པས་དབུ་མ་རྫོགས།། འདས་པ་གསུམ་གྱི་ཏྲི་ཡ་རྫོགས། སྐུ་ལྔ་རིགས་ལྔ་དབྱིངས་དང ་ཡིས་རྫོགས།། ཀྲི་ཡ་ཡོ་ག་མ་ཧཱའི་ཐེག་པ་རྫོགས། ཨ་ནུ་ཡོ་གའི་གྲུབ་མཐའ་རྫོགས།། འདས་པ་ལྔ་ཡི་ཐཾད་ཁྱབ།། རྫོགས་པ་ཆེན་པོའི་ལྟ་བ་རྫོགས།། ཕྱོག་སུ་མ་ལྷུང་རྒྱ་མ་ཆད།། མཚན་མ་རང་སར་གྲོལ་བས་ན།། སྨན་རྒྱུད་བྱིན་རྒྱུད་གྲུབ་མ། ་རྫོགས། ལྷ་སྒོམ་སྤྱོད་པ་འབྲས་བུ་རྫོགས། ཡེ་ཤེས་ལྔ་དང་སྐུ་ལྔ་སྐུ་གསུམ་རྫོགས།། འགྲོ་བ་རིགས་དྲུག་མུ་སྟེགས་རྟགས་ཆད་རྫོགས།། འགག་པ་མེད་པའི་ཡིས་རང་བྱུང་བས།། མཚན་མའི་སྣ་ཚོགས་དག་པའི་ཞིང་དུ་སངས།། ཆོས ་ན་འབྱེད་པ་མེད་པའི་ཀློང་དུ་རྒྱས།། མ་བསྒྲིབ་ཡོངས་ལ་གསལ་བས་ན།། ཅིར་ཡང་མི་འགག་ཕྱོགས་རིས་མི་མངའ་བས།། ཐམས་ཅད་མ་ལུས་ལུས་མེད་རང་སྣང་ཡིན།། ཤེས་རབ་ཡོངས་སྤྱོད་མ་འགགས་པས། ངེས་པའི་ཚིག་ནི་མཁྱེན་པའི་ཡིས ་ཡིན།། དབྱེ་བ་ཕྱི་ནང་གསང་བ་ཡང་གསང་ཡིན།། ཤེས་རབ་སྡང་ཚད་ཆོས་སྐུ་རང་གྲོལ། ཡིན།། འུབ་ཆུབ་ཤེས་རབ་ཤེས་པས་ཤེས་རབ་ཡིན།། རང་སྣང་རང་བྱུང་ཤེས་པས་སྦྱིན་པ་རྫོགས།། རིག་པ་རང་གྲོལ་ཤེས་པས་ཚུལ་ཁྲིམས་རྫོགས།། གཉིས ་མེད་ཟང་ཐལ་ཤར་བས་བཟོད་པ་རྫོགས།། ཆོས་མེད་ཟད་ཐལ་ཤར་བས་རྩོན་འགྲུས་རྫོགས།། ཐཾད་ཐིག་ལེར་ཤར་བས་བསམ་གཏན་རྫོགས།། སྣང་སྲིད་ལྷ་མཐོང་ཤར་བས་ཤེས་རབ་རྫོགས།། ཆོས་སྐུ་རང་ལ་ཤར་བས་ཐབས་ཆེན་རྫོགས།། མཚན་མ ་རང་གྲོལ་སྟོབས་ཀྱང་རྫོགས།། སྣང་བ་རྒྱ་ཡན་སྨོན་ལམ་རྫོགས།། འདུ་འབྲལ་མེད་པས་ཡེ་ཤེས་རྫོགས།། འོད་ལྔ་རིན་ཆེན་སྣ་རྫོགས།། རྫོགས་པའི་གདམས་པ་ཨ་ཤེས་ན། བུང་བུས་སེང་ལྤགས་གོན་པ་འདྲ།། ཅེས་གསུངསོ།། ལྷ་རྒྱུད་རིན་པོ་ཆེ ་སྲུངས་པ་ལས། རྫོགས་ལུགས་ཀྱི་སྤད་པའི་ལེའུ་སྟེ་ལྡེ་དགུ་པའོ།། ། དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོང་ཉོན་གཅིག། དེ་ཡང་སྤྱིའི་མཚན་ཉིད་ཡིན།། རང་གི་མཚན་ཉིད་འདི་ལྟ་སྟེ།། སྲོག་ནི་ཡུལ ་ལས་འདས་པར་རྫོགས། སྣང་བ་སྐུ་ལས་འདས་པར་རྫོ། གྱེ་ནི་གཉིས་མེད་འདས་པར་རྫོགས། སྣ་ནི་ཡཻས་ཟང་ཐལ་རྫོགས།། འོག་སྒོ་གཞི་ལས་འདས་པར་རྫོག། ཕྱོགས་བརྒྱད་ཐིག་ལེ་ཡིས་བརྒྱད་དུ་རྫོགས།། ཕུང་པོ་ལྔ་ནི་འདས་པ་ལྔ་རུ་རྫོགས།། ་རྫོགས།། འབྱུང་བ་ཤ་ཁྲག་དྲོད་སེམས་དབུགས། འདས་པ་ལྔ་རུ་རྫོགས་པས་དབང་ཆེན་ཐོབ།། སྙིང་སྟོང་སྐུ་ལ་འདས་པར་རྫོགས།། དབུས་ནི་ཡུལ་ལས་འདས་པར་རྫོགས།། སྨད་ནི་གཉིས་མེད་འདས་པར་རྫོགས།། བུམ ་རིལ་ཆོས་ལས་འདས་པར་རྫོགས།། རྩ་རྣམས་ཐམས་ཅད་མཁྱེན་པར་རྫོགས།། ཟུང་བརྒྱད་ཡེ་ཤེས་བརྒྱད་དུ་རྫོགས།། ཐལ་བརྒྱད་ཐིག་ལེ་བརྒྱད་དུ་རྫོགས།། ཤེལ་གྱི་སྦུ་གུ་ཐུགས་རྗེའི་རོལ་པར་རྫོགས།། ངོ་བོ་སྐུ་ལ་འདས་པར་རྫོགས།། རང ་བཞིན་ཡུལ་ལས་འདས་པར་རྫོ་ཊ། ཁྲུགས་རྗེ་གཉིས་མེད་འདས་པར་རྫོགས།། ཡོན་ཏན་ཡེས་ཟང་ཐལ་རྫོགས།། འཕྲིན་ལས་ཐཾད་མཁྱེན་པར་རྫོགས། ས་རྣམས་མ་ལུས་བགྲོང་མེད་རྫོགས།། སྣང་བ་འོད་གསལ་ཕྱིའི་ཚོགས་ལམ་རྫོགས། ་ཚེགས་དྲུག་རང་གྲོལ་ནང་གི་ཚོགས་ལམ་རྫོགས།། འགྱུ་བ་ལམ་ཁྱེར་གསང་བའི་ཚོགས་ལམ་རྫོགས།། སྣང་སྲིང་དབྱེར་མེད་ཤར་བས་སྦྱོར་ལམ་རྫོགས།། ཡེ་ཤེས་ཟང་ཐལ་ཤར་བས་མཐོང་ལམ་རྫོགས།། གཉིས་མེད་ཟད་ཐལ་ཤར་བས ་སྒོམ་ལམ་རྫོགས།། ཐང་མཚན་མ་རང་སར་གྲོལ།། མཐར་ཕྱིན་ལམ་ནི་རྫོགས་པའོ།། ཅེས་གསུང་སོ།། ལྷ་རྒྱུད་རིན་པོ་ཆེ་སྦུད་པ་ལས། དབང་རྫོགས་རང་ཆས་སུ་བསྟན་པའི་ལེའུ་སྟེ་སུམ་བཅུ་པའོ།། ་དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། གཞི་དཔལམ་དང་འབྲས་བུ་དང་།། དེའི་ངོ་སྤྱོད་བསྟན་པར་བྱ།། ཉན་ཐོས་དུག་ལྔ་སྤོང་ལམ་ཡིན།། བྱང་ཆུབ་སེམས་དཔའ་སྤྱོད་ལམ་ཡིན།། སྔགས་ཀྱི་ཐེག་པ ་རྒྱུར་ལམ་ཡིན།། རྫོགས་ཆེན་གཞི་ལམ་དབྱེར་མེད་ཡིན།། བཀའ་རྒྱུད་གཞི་ལམ་རང་གྲོལ་ཡིན།། ཐུགས་རྗེ་བཀྲག་དངས་ཉི་མ་སྟོང་གི་གཟི།། བདག་བློ་འཁྲུལ་པས་བློའི་མུན་པ་གསལ།། ཐུགས་རྗེ་སྤྱན་ཆེན་ཡིས་ཁོང་ནས་ཤར།། འཁོར་བ་རྣམ་ག། ་ཐོག་གཅད་པ།། ཐིག་ལེ་ཡིས་ཟང་ཐལ་ཐོབ།། གཞི་དང་ལམ་དང་འབྲས་བུ་ཆོད།། སད་པ་བཞི་དང་བདུད་བཞི་འཚོམས་པ་ཡིན།། ཡེ་ཤེས་ཉི་མ་ཐུགས་ཀྱི་གློང་ནས་ཤར།། སྐུ་བཞི་རང་སར་གྲོལ་བས་བདུད་དང་སྒྲིབ་པ་དང་།། འོད་ལྔ་ལམ་དུ་ཤར་བས ་འགྲོ་བའི་རྩ་བ་སྨིན།། ཁམས་གསུམ་རྩ་བ་ཆོད་པས་སྲིད་གསུམ་རྩེ་ནས་འགྱེལ།། གཞི་དང་འོད་སྣང་བར་ན་གཉིས་མེད་ཤར་བས་ཡོན་ཏན་ཡིས་ལྔ།། ཡིད་དང་འགྱུ་བ་འོད་དང་གསུམ།། རང་བྱུང་རང་ལ་ཤར་བས་སྐུ་གསུམ་ལམ་དུ་སློངས།། ་འབྱུང་ལྔ་རང་བྱུང་འོད་ལས་གྲོལ་བས་ན། ལྔ་ལྡན་ཡེ་ཤེས་མི་གཅིག་དྲི་མ་མེད།། ཐུགས་རྗེའི་བྱིན་བརླབས་མཁའ་ལ་ཉི་ཤར་འདྲ།། སྐལ་པ་བར་མའི་སངས་རྒྱས་འོད་སྲུངས་དང་།། ཐོག་མའི་སངས་རྒྱས་འོད་དཔག་མེད།། ཐ་མའི་སངས་རྒྱས་མར་མ ་མཛད་དང་གསུམ།། བཀའ་བགྲོས་རྒྱུད་དུ་བྱིན་རླབས་ནས།། སངས་རྒྱས་བཀའ་བགྲོས་རྒྱུད་ཅེས་བྱ།། གཞིའི་ཆོས་ལྔ་ལྷུན་གྲུབ་ཡིན།། དེ་མ་ཤེས་པས་འཁྲུལ་པ་ཡིན།། ལམ་གྱི་འོད་ལྔ་རང་སྣང་ཡིན།། ། དེ་མ་ཤེས་པས་འཁོར་བ་ཡིན།། འདྲ ་བུ་འཁོར་བ་རྣམ་བཞི་ཡིན།། དེ་མ་ཤེས་པས་དངོས་པོ་ཡིན།། གཞི་འཤེས་པས་ནི་གྲོལ་བ་དེ། ཐམས་ཅད་མཁྱེན་པ་ཐོབ་པ་ཡིནཱ་ཀ། ལམ་ཤེས་པས་ནི་རང་བྱུང་བ། འཁོར་བ་གཡང་ས་ཆོད་པ་ཡིན། ཀ། འབྲས་བུ་འདས་པ་སྔར་གྲོལ་བས་ཀ། འཁོར་བའི་འབྲས་བུ ་ཚོཆོ་པ་ཡིན་ཀ། ཡེ་ཤེས་སྤྱན་གསུམ་གཅིག་ཏུ་འདྲིལ།། སངས་རྒྱས་སྤྱན་ཞེས་རབ་ཏུ་བརྗོད།། སངས་རྒྱས་ཀུན་གྱི་དགོངས་པ་ཡིན།། གོས་དཀར་མ་ཞེས་བརྗོད་པ་ཡིན།། དགོངས་པས་ཕྱོགས་མེད་ཁྱབ་པས་ན།། ནམ་མཁའ་དབྱིངས་ཕྱུག་མ་ཞེས་བརྗོད ་ཐུགས་རྗེའི་བླན་དང་མི་འབྲལ་བས།། མཱ་མ་ཀི་ཞེས་རབ་ཏུ་བརྗོད།། ཐུགས་རྗེ་ཀུན་ལ་སྙོམས་པར་འཆར།། དམ་ཚིག་སྒྲོལ་མ་ཞེས་བྱའོ།། ཐེག་པའི་རང་བཞིན་ཤེས་རབ་སྙིང་རྗེ་སྟེ། དེའི་ཁྱད་པར་ཐེག་པ་ཆེ་ཆུང་བསྟན།། འོག་མ་རྣམས་ནི་རང་ངོན ་སྤྱོད་པ་ཡིན།། སྔགས་ཀྱི་ཐེག་པ་གཉིས་ཀ་སྤྱོད་པ་ཡིན།། རྫོགས་པ་ཆེན་པོ་དབྱེ་བ་མེད་པ་ཡིན།། བཀའ་རྒྱུད་དེ་ནི་བདག་དོན་གཞན་དོན་གཉིས།། རང་གྲོལ་དབང་པོའི་ཁྱད་པར་སྟོན་པ་ཡིན།། ཐབས་དང་ཤེས་རབ་བྲལ་བས་ཉན་ཐོས་ཉིད་དུ་ལྟུང་།། ་སྙིང་རྗེ་ཆེ་དང་ཤེས་རབ་ཀྱིས།། འགྲོ་དོན་མ་ལུས་བྱེད་པ་པོ།། སྙིང་རྗེ་ཆེན་པོ་ཅིར་མི་མཛད།། ཆེ་བའི་ཡེ་ཤེས་རྙེད་བཀའ་བ།། ཤེས་རབ་ཐབས་ཀྱི་འགྲོ་དོན་བྱེད།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། ལམ་རྣམས་ཀུན་གྱི་མཆོག་ཏུ་ཤད་།། ཐུན་མོང ་ཁྱད་པར་མཆོག་དང་གསུམ།། ལོག་ལྷ་མ་དང་ལེ་ལོ་དང་།། མ་རིག་པ་དེ་ལམ་དུ་སློངས།། ངོ་སྤྲོད་སངས་རྒྱས་ས་ལ་འགོད།། ལམ་གྱི་མཆོག་ཅེས་བྱའོ།། ཅེས་གསུང་སོ།། ་རྩཝ་རྒྱུད་རིན་པོ་ཆེའི་སྤུངས་པ་ལས།། ངོ་སྤྲོད་གྱིས་ལྟ་སྒོམ་ལས་གྲོལ་བའི་ལེའུ་སྟེ། སོ་གཅིག་པའོ།། ། ་དེ་ནས་ཡང་བཀའ་སྩལ་པ།། གསང་བའི་བདག་པོ་ཁྱོད་ཉོན་ཅིག། རྩ་དང་རླུང་དང་ཐིག་ལེ་དང་།། ཡེ་ཤེས་རྣམ་པ་བཞི་རུ་འདུས།། ཐུན་མོང་ཁྱད་པར་མཆོག་དང་གསུམ།། ཐུན་མོང་འཁོར་ལོ་ལྔ་པ་གནས ་རྒྱ་རང་ཉི་ཤུ་རྩ་བཞི་ཡོད།། དེ་ཡང་བསྡུས་ན་གསུམ་དུ་འདྲས། དེ་ཡང་ཨ་བ་དྷུ་ཏིར་འདུས།། ཨ་ནི་ཚིག་དབང་རིན་པོ་ཆེ།། ཝ་ནཱི་གསང་བ་ཡེ་ཤེས་དབང་།། འ་ནི་ཤེས་རབ་དབང་ཡིན་ནོ།། ་དྲ་ནི་ཐབས་ཀྱི་དབང་ཡིན་ནོ།། ཏི་ནི་བུམ་པའི་དབང་ཞེསཿ། ཐམས་ཅད་འདྲེས་པས་བུམ་པའི་དབང་། ཚིག་ཏུ་འཚོན་པ་མིང་གི་དབང་། བརྒྱུད་པ་མ་ཚང་ཆུའི་དབང་།། རང ་ཆས་སྟོན་པས་དབུ་རྒྱན་དབང་།། ཟུང་དུ་འབྲེལ་པས་རྡོ་རྗེ་དྲིལ་བུའི་དབང་།། རིག་པའི་དབང་ལྔ་ཞེས་ཀྱང་དེ་ལ་བྱ།། དེ་ནི་ཁྱད་པར་དབང་ཞེས་བྱ།། ད་ནི་མཆོག་གི་རྩ་བསྟན་པ།། ཟག་པ་མེད་པའི་དབང་བསྐུར ་ཏེ།། གཞི་ལ་རྩ་རླུང་ལྷུན་གྱི་གྲུབ།། ཕྲ་བའི་རྩ་དང་རགས་པའི་རྩ།། དངོས་པོ་འཁྲུལ་པའི་རྩ་དང་གསུམ།། དངོས་པོའི་རྩ་ནི་ཟག་བཅས་ཡིན།། དེ་ལ་སྦྱངས་ན་བདེ་བ་སྐྱེ།། བདེ་བ་སྐྱེས་ནས་ཡམ་དུ་འཇུག ་ཟག་མེད་རྩ་ནི་བཀའ་རྒྱུད་ཡིན།། གཞིའི་རྩ་དང་རླུང་དང་ནི།། ཐིག་ལེ་ལྷན་གཅིག་སྐྱེས་ཡེ་ཤེས།། ལམ་དུ་ད་ལྟ་བར་ངོ་ལ།། ཟག་པ་མེད་པའི་ངོ་སྤྲོང་ཡིན།། འབྲས་བུ་རང་སར་གྲོལ་བའོ།། ངོ་སྤྲོད་ཤིན་ཏུ ་གཅེས་པ་ཡིན།། དེ་ཡང་བཀའ་རྒྱུད་བྱིན་རྒྱུད་དང་།། ཐུགས་སུ་བརྒྱུད་པའི་རྩ་ཡིན་པས།། བསྐལ་པ་འཁྲུགས་ཀྱང་ཁར་མ་འབྱིན།། སེམས་ཅན་ལས་འཕྲོ་མེད་པ་དང་།། འོག་མའི་གྲུབ་མཐའ་སྒོར་ཞུགས་པས། ་སྡང་ཞིང་བསྒྲག་ནས་བསྐུར་པ་འདེབས།། དེའི་རྣམ་སྨིན་འབྲས་བུ་ནི།། རྡོ་རྗེ་དམྱལ་བར་ལྟུང་བར་འགྱུར།། དེས་ན་བསྐལ་པ་ཁར་མི་འབྱིན།། དུས་ངན་ཐ་མ་བྱུང་བའི་ཚེ།། མར་མེ་འཆི་ཀར་གསལ་བ་ཡིན།། བསྟན་པ ་ནུབ་ཀར་དམ་ཆོས་དང་།། གསལ་བ་རང་གིས་འཆི་བ་ཡིན།། དར་བ་རང་གིས་ནུབ་པ་ཡིན།། ཅེས་གསུངས་སོ།། ལྷ་རྒྱུང་རིན་པོ་ཆེ་སྤུངས་པ་ལས། རྩ་རླུང་ཐིག་ལེ་ཡེ་ཤེས་རླུང་གི་ལེའུ་སྟེ། སོ་གཉིས་པའོ།། ་དེ་ནས་ཡང་བཀའ་སྩལ་པ། གསང་བའི་བདག་པོ་ཁྱོད་ཉོན་ཅིག། ལྷ་རྒྱུད་རིན་པོ་ཆེ་སྤུངས་པ་འདི།། ངོ་སྤྱོད་དབང་བསྐུར་རྒྱུད་ཡིན་ཏེ།། བྱིན་གྱི་རླབས་ཀྱི་བཤད་པ་ཡིན།། འཁོར་དོང་སྦུགས་རྒྱུད་དུ་ཟུང་།། ཡེ་ཤེས ་སྤྱན་གསུམ་རྒྱུད་དུ་ཟུང་།། དབང་བསྐུར་རྒྱལ་པོའི་རྒྱུད་དུ་ཟུང་།། ཡེ་ཤེས་རྗེན་སྟོན་རྒྱུད་དུ་ཟུང་།། ཡེ་ཤེས་འཁོར་ལོའི་རྒྱུད་དུ་ཟུང་།། ངོ་སྤྲོད་ཆེན་པོའི་རྒྱུད་དུ་ཟུང་།། ཅེས་གསུངས་སོ།། རྡོ་རྗེ་སེམས་དཔས་གསོལ་བ ་ལེགས་པ་རྫོགས་སངས་རྒྱས་པའི་མཆོག། དེ་ལྟར་གསུངས་པ་རྗེ་ཡི་རང་།། འཁོར་རྣམས་རབ་ཏུ་གྱེས་པ་ཡིན།། བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེ།། ཅེས་གསུངས་སོ།། ་ལྷ་རྒྱུད་རིན་པོ་ཆེ་སྤུད་པ་ལས།། རྗེས་སུ་ཡིད་རང་བའི་ལེའུ་སྟེ། སོ་གསུམ་པའོ།། ། ལྷ་རྒྱུད་རིན་པོ་ཆེ་སྤུངས་པའི་རྒྱན་ཞེས་བྱ་བ་རྫོགས་སོ།། ་