| Wylie | e-texts produced with BDRC’s OCR application |
དེ་ནི་ཡང་དག་རྫོགས་པའོ།། འཆི་ཀ་མ་ལས་ཀྱི་རིན་པོ་ཆེ།། རིག་པ་ལུ་གུ་རྒྱུད་ནུ་ཟད་པ།། ཐིག་ལེ་འདུས་པའི་བུ་གཞན་དོན་རྫོག་སོ།། །། ། ཐིག་ལེ་འདུས་པའི་བུ།། ཀུན་ཏུ་བཟང་པོས་སྐུ་གསུམ་བསྲ ་བའི་མན་ངག། ཆོས་ཐམས་ཅད་ཆོས་སྐུ་མཁའ་ཁྱབ་དངས་པར་ལ་ཟླ་བ་ནི། རིག་པ་ཁོང་གསལ་གྱི་སྒོ་ནས།། ཡེ་ཤེས་ཡོན་ཏན་དུ་བསྟན་པ་དང་།། ཡེ་ཤེས་ཡོན་ཏན་གྱི་སྒོ་ནས།། ཐུགས་རྗེའི་རྩལ་སྣང་བར་བསྟན་པའོ།། ཆོས་ཀྱི་སྐུ་ལ་རིག ་པའི་རྩ་ལ་མ་འགག་པས། མེ་ལོང་ལྟ་བུའི་ཡེ་ཤེས།། དེ་ལས་འཕོ་འགྱུར་མེད་པས་མི་འགྱུར་བས།། ཆོས་ཀྱི་སྐུ་ལ་ཐམས་ཅད་མཁྱེན་པའི་ཡིས་དང་ལྡན་པས།། སངས་རྒྱས་ཀྱི་སྤྱན་ཞེས་བྱ་བའི་སྤྱན་ཞེས་བྱའོ།། ཆོས་ཀྱི་སྐུའི་ཤེས་རབ ་མི་གཡོ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས།། ཡེ་ཤེས་དེ་ཐུགས་རྗེའི་རླན་དང་མ་བྲལ་བས་ཆུ།། ཐམས་ཅད་ལ་ཐུན་མོངས་ཁྱབ་པས་མཱ་ཧ་ཀི་ཞེས་བྱའོ།། ཆོས་ཀྱི་སྐུ་ཀུན་ལ་ཁྱབ་པས་སོ་སོར་རྟོག་པའི་ཡེ་ཤེས།། ཡེ་ཤེས་དེས་ཐམས་ཅད ་སྐྱོབ་པར་བྱེད་ཅིང་ཐུགས་རྗེ་སྨིན་པར་བྱེད་པ་མེ།། སེམས་ཅན་ཀུན་གྱི་དྲོད་ལ་ཁྱབ་པར་གནས་པས་ན་གོས་དཀར་མོ་ཞེས་བྱའོ།། ཆོས་ཀྱི་སྐུ་ལ་མ་བརྩལ་བར་མཁྱེན་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས ་ཡེ་ཤེས་དེའི་ཐུགས་རྗེའི་དབང་གིས་ཐམས་ཅད་སྒྲོལ་བས་རླུང་།། ཕྱིར་མི་ལྡོག་པས་དམ་ཚིག་སྒྲོལ་མ་ཞེས་བྱའོ།། ཆོས་ཀྱི་སྐུའི་ཡེ་ཤེས་ལོངས་སྐུ་ལ་རྫོགས་པས་ཆོས་ཀྱི་སྐུའི་ཡེ་ཤེས།། ཡེ་ཤེས་དེས་ཀུན་ལ་ཁྱབ་པས ་ཐམས་ཅད་ཀྱི་གཞི་མ་ལྷུ་སྟེ་ནམ་མཁའ། ཆོས་འདི་དེ་དུས་གསུམ་དུ་མི་འགྱུར་བས་ཀུན་ཏུ་བཟང་མོ་ཞེས་བྱའོ།། དེ་ཆོས་ཀྱི་ཟུང་ལྔ་ཡ་བཅུ་དང་ལྡན་པ་དེ།། རྩལ་གྱི་སྒོ་ནས་ཡོན་ཏན་དུ་བསྟན་པའོ།། ཡོནྡན་གྱི་སྒོ་ནས་རྩལ་དུ་བསྟན་པ་ནི།། ལོངས ་སྤྱོད་རྫོགས་པའི་སྐུ་ལྔ་ལ།། རིགས་རེ་རེ་ལ་འདུལ་བའི་ངོ་གང་ཐ་དད་པ་རེ་རེ་བྱུང་བས་ནི།། དཔེར་ན་ཉི་མའི་སྙིང་པོ་གཅིག་ལ་ཡུལ་གྱི་དབང་དུ་རྩིས་པ་ལྟ་བུ་སྟེ། ཡུལ་རེ་རེ་ན་ཉི་མ་རེ་རེ་སྣང་བ་དང་འདྲ་སྟེ།། དེ་བཞིན་དུ་ཆོས་ཀྱི་སྐུ་གཅིག་གི ་ཀུན་ལ་ཁྱབ་པར་བསྟན་པ་ནི།། ཡོན་ཏན་གྱི་སྒོ་ནས་རྩལ་དུ་བསྟན་པའོ།། ཡེ་ཤེས་ལྔ་ལུས་ལ་ཐིམ་པའི་དུས་ན།། ཡེ་ཤེས་ལུས་ཅན་ནོ།། ཡེ་ཤེས་ལྔའི་སྣང་བ་འོད་ལྔ་རུ་འཆར་རོ།། དེ་ལ་འམོ་དྲུག་ཏུ་སྐྱེ་བའི་རྒྱུ་དྲུག་དང་། ་ལམ་ལྔ་དང་། ཡུལ་དྲུག་དང་། འབྲས་བུ་དྲུག་ཏུ་སྨིན་པ་ནི།། བར་དོར་གདམས་ངག་ལས་ཤེས་པར་བྱའོ།། བར་དོར་འཁྲུལ་པ་ལྡོག་པའི་རྐྱེན་གསུམ་འཆར་ཏེ། བླ་མའི་གདམས་ངག་རྐྱེན་དུ་འཆར་བ་དང་།། རང་སྣང་རྐྱེན ་བུ་འཆར་བའོ།། དེ་གསུམ་ཡང་གདམས་ངག་ལས་ཤེས་པར་བྱའོ།། ད་ལྟ་ནི་ཆོས་སྐུ་མཁའ་ཁྱབ་ཉམ་སུ་མྱོང་བ་ཡིནོ།། དཔེར་ན་ཐུང་སྒོ་ངན་གནས་པ་འདྲའོ།། སློང་རྒྱ་རལ་བསམ་དང་མཉམ་མོ། སེ་དེ་བཞི་མདུ་ཡེ་ཤེས ་ཁོ་གསལ་ཉམ་སུ་མྱོང་ངོ་།། དབུགས་ཆང་ནས་རྐྱེན་གསུམ་འཆར་བས་དངོས་སུ་སངས་རྒྱསོ།། དེ་ཡང་གདམས་ངག་ལས་ཤེས་པར་བྱའོ།། ད་ནི་སྨིན་པར་ཉི་མ་ལྟ་བུ།། དལྟ་མ་ཉམས་ཐོག་ན་གནས་སོ།། མངོན་དུ་བར་མ་རོར ་འགྱུརརོ།། འཁྲུལ་པ་ལྡོག་པའི་ཐབས་ནི་ད་ལྷ་ཡིན།། སངས་རྒྱས་མངོན་དུ་འགྱུར་བའི་དུས་པར་དོ་ཡིན།། སངས་རྒྱས་ནས་འབྲས་བུ་ནི་གདམས་ངག་ལས་ཤེས་པར་བྱའོ།། གཞི་འཕྲུལ་གཞི་ག་རིང་།། ལྡོག་པའི་ཐབས་གསུམ་གྱིས ་བསྟན།། གནས་ལུགས་ལ་མཐའ་ཡས།། འགྲོ་དྲུག་གཡང་ས་གཅད།། གནས་ལུགས་ལས་འོད་ཁམས་གཟུགས་ཁམས།། གཟུགས་མེད་ཁམས་གསུམ།། ལོངས་སྤྱོད་སྐུའི་གནས་ལུགསོ།། སྤྱི་ནི་འོད་སྲུང་ཆེན་པོ་ཡིན།། དགོས ་ནི་འོད་སྲུང་ཆུང་ངུ་ཡིན།། ཐིག་ལེ་འདུས་པའི་སྙན་རྒྱུད་འདི།། སྟོན་པ་གསུམ་དང་། རིགས་འཛིན་གསུམ་གྱི་བྱིན་རླབས།། ལྕེ་གཙུན་བདག་ལ་ཐུགས་ཀྱི་བཙུན་ཐིགས་པ།། དབང་ཆེན་ཐོབ་པས་ཆོས་སྤྱོང་འོང་སྟེ་མཆི།། ཟས་སྐོམ་མི་ལ ་ཆོལ་ཡང་གདམས་ངག་གཅིག་མ་ཤོར།། དགོས་དགུ་མི་ལ་ཚོལ་ཡང་གསང་གཏེར་འདི་མ་ཤོར།། ཉལ་ས་མི་ལ་ཚོལ་ཡང་ཐུགས་ཀྱི་བཅུད་མ་བསྟན།། གྲོང་སྤང་རྟག་ཏུ་བྱེད་ཀྱང་ཁ་རུ་འབྱིན་མ་མྱོང་།། ཐུགས་ལ་གབ་པོ།། ཐིག་ལེ ་འདུས་པའི་སྙན་རྒྱུད་རྫོགས་སོ།། ། ཐིག་ལེ་འདུས་པའི་མན་ངག། མཆི་ཀ་མ་ལས་རིན་པོ་ཆེ།། འཁོར་བའི་མཐའ་གཅད་པ།། སྐྱེ་བའི་སྒོ་དགག་པ་མངལ་ཁ་རྒྱས་འདེབས་འདི་མཆོག་ཏུ་གསུངསོ།། བདག་ནམ ་འཆི་བའི་དུས་སུ།། རླུང་རྣམ་པ་ལྔ་རིམ་ཀྱིས་ཞི་ནས།། ཕྱི་འབྱུང་བ་ལྔ།། ནང་གི་འབྱུང་ལ་ལྔ་ལ་ཐིམ་ནས། ནང་གི་འབྱུང་བ་ལྔ་ཡུལ་ལྔ་མཁའ་འགྲོ་ཀློང་རྣམ་པ་ལྔ་ལ་ཐིམ།། ཡུལ་ལྔ་རིགས་ཀྱི་ཡུམ་ལྔ་ལ་ཐིམ་སྟེ། ་ཡབ་སོ་སོའི་འབྲས་བུ་ལྔ་ལ་ཐིམ་ནས།། ཡིག་འབྲུ་ལྔ་ཡེ་ཤེས་ལྔ་ལ་ཐིམ་མོ།། ཡེ་ཤེས་ལྔ་འོད་ཀྱི་གོང་བུ་མཚོན་གྱི་གླུ་གུ་བརྫོགས་པ་བཞིན་དུ་གནསོ།། དེ་ཡེ་ཤེས་ཀྱི་རླུང་གིས་བསྐྱོད་ནས། ན་ས་ལ་གཡས་གཡོན་དུ་འབྱུང་སྟེ། འཆི་ཀ་མའི་གདམས་ངག ་དྲན་པར་བྱས་ལ།། འཛུག་མོ་གཡོན་པའི་རྩེ་ལ།། ཡི་གེ་ཨ་ཅིག་བསམ་ཞིང་།། ནས་གཡས་གཡོན་དགག་པར་བྱའོ།། དེའི་དུས་སུ་ཕྱིར་མི་ལྡོག་པའི་གདམས་ངག་དྲན་པར་བྱའོ།། བར་དོའི་མན་ངག་རྐྱེན་གསུམ་དང་ལྡན་ན། མངོན་པར་རྫོགས་པར ་སངས་རྒྱས་སོ།། ཡེ་ཤེས་ཁོང་གསལ་དྲན་པར་བྱའོ།། དེའི་ཡོན་ཏན་ནི་ཆོས་སྐུ་མཁའ་ཁྱབ་དང་ལྡན་ནོ།། རྫོག་སོ།། ། སངས་རྒྱས་ཐིག་ལེ་ཉག་ཅིག་ལ།། ཆོས་སྐུ་བརྡལ་ཁྱབ། རྟོགས་པར་བྱ་བ་འམ། རྩལ་བའི་ཆོས་མེད ་སྟེ། གང་ཟག་བློའི་ངོས་ནས་གཉིས་སུ་མེད་པར་རྟོགས་དགོས་པ་ལས། རྩ་རླུང་ཐིག་ལེའི་གདམས་པ་བཤད་པར་བྱ།། དེ་ནས་གདམས་པ་ནི། རྩ་དང་ཐིག་ལེའི་གནད་གསུམ་རང་གྲོལ་དུ་ཤེས་དགོས་ཏེ།། ཐིག་ལེ་ཆེན་པོའི་རྩ་རླུང་འདི་ནི་ཕྱི་ནང་གས ་བ་གསུམ་དུ་འདུས་པའོ།། དེ་ལ་ཐིག་ལེ་ཕྱི་ལྟར་བཤད་པ།། འབྱུང་བ་ལྔ་ནི་ངོ་བོ་འོད་གསལ་དེ་རང་གསལ་དུ་གནས་རང་བྱུང་ཡེ་ཤེསོ།། དེ་ནི་ཕྱིའི་ཐིག་ལེའོ།། ནང་གི་ཐིག་ལེ་ནི།། ངོ་བོ་རིག་པའི་ཡེ་ཤེས་རང་ཤར་ངོ་ཤེས་པའོ།། གསང་བའི་ཐིག ་ནི་སྒོམ་པས་མ་ཉེད། མསྒོམ་པས་མ་གཏོར།། ཡེ་ཤེས་རང་ལས་མ་རྟོགས་པ་མེད།། ཕྱི་གསལ་བ་འབྱུང་ལྔ་ནི་རང་སྣང་ཆེན་པོའོ།། ནང་རིག་པ་ཡེ་ཤེས་གདངས་ནི།། མེ་ལོང་དང་བྱད་ལྟ་བུའོ།། གཉི་སུ་མེད་པའི་ཆོས་སྐུ་བརྡལ་ཁྱབ་ཆེན་པོ་དང་།། ཡེ་ཤེས་གརྡལ་ཁྱབ ་གཉིས་སུ་མེད་པའོ།། ཐིག་ལེ་གསང་བ་གསུམ་པོའི་རི་རྟོགས་ཤིག། རྟོགས་པའི་སངས་རྒྱས་ཀྱི་དགོངས་པ་ཁོང་དུ་ཆུད་པ་ཞེས་བྱའོ།། རླུང་ལ་ཡང་ཕྱི་ནང་གསང་བ་གསུམ་སྟེ།། ཐོག་མ་གནས་ནས་རིག་པ་བསྐྱོད་པ་གཞི་ལ་གན་སོ།། ཕྱིའི་རླུང་ནི་གླིང་བ་ན། ་འདེགས་པ་དང་།། རང་བྱུང་དུ་བསྐྱོད་པའི་རླུང་ངོ་།། ནང་གི་རླུང་ནི་འགྲོ་དང་འདོན་པ་དང་བསྐྱོད་པའོ།། གསང་བའི་རླུང་ནི་འགྱུ་བ་དང་མཉམ་ཁྱེད་དང་།། དབུགས་འབྱུང་བའོ།། རླུང་གསུམ་པོ་དེ་ཡང་ཡེ་ཤེས་ཀྱི་རླུང་དུ་རྟོགས་ན་སྐུ་གསུམ་ཐོབ་པ།། རྩ་ལ་ཡང ་ཕྱི་ནང་གསང་བ་གསུམ་སྟེ།། ཕྱིའི་རྩ་ནི་ཆོས་ཉིད་རང་བྱུང་གི་རྩ་སྟེ། འོད་ལྔ་སྟོང་པ་རང་སྣང་དུ་ཤེས་རང་སྣང་དུ་ཤེས་པའོ།། ནང་གི་རྩ་ནི་རྣམ་རྟོག་རང་རིག་པའི་ཡེ་ཤེས་རང་ཤར་བ་སྟེ།། རིག་པའི་ཡེ་ཤེསོ།། གསང་བའི་རྩ་ནི་དབུགས་དང་འགྱུ་བ་སྟོང་པ ་ཉིད་ཀྱི་ཡིས།། དབྱེར་མེད་པའི་ཆོས་སྐྲ་ཟང་ཐལ་ལོ།། ཙ་དང་རླུང་དང་ཐིག་ལེ་བསྟན་ལ་ཕབ་པ།། སྐུ་གསུམ་བཀོག་ཞེད་ཀྱི་དགོངས་པ།། བསྟན་མཐོག་ཏུ་ལྟ་སྒོམ་ལ་རག་མ་ལུས་པ་ལྔ།། སངས་རྒྱས་ཀྱི་དགོངས་པ་སྐད་ཅིག་མ་ལ་ཐོབ་པ།། ཟག ་བཅས་ཕུང་པོའི་ནང་དུ་སངས་རྒྱས་ཀྱི་དགོངས་པ་དང་འཇལ་བ།། ལམ་བཟོད་པ་རང་སར་སླེབ་པ།། སྐུ་གསུམ་གྱི་དགོངས་པ་དུས་ཅིག་ལ་ཐོབ་པ། འཁོར་མངལ་ཁ་དུས་གཅིག་ལ་རྒྱས་ཐེབས་པ། ཞེས་བྱ་བའི་མན་ངག། མཛོད་ཀྱི་གདམས་པ།། རྩ ་རླུང་ཐིག་ལེ་བསྟན་པ་རྩ་རླུང་གི་རྩ་བ་རྫོག་སོ།། ། གསང་བསྐོར་མན་ངག་ལ། ཙ་དང་རླུང་དང་ཐིག་ལེ་གསུམ་ལམ་དུ་བཀྱེར་བའི་ཐབས་ལ།། ད་ལྟ་རང་དང་འཐུན་པའི་ཆོས་གསུམ་ལ།། སྙིང་སྟོང་པའི་ནང་ན།། ཁྲག་གི་དངས་མཐིག ་ལེ་འོད་དུ་གནསོ།། དབུགས་ཀྱི་དངས་མ་དྲོད་ལ་གནས་སོ།། ཐིག་ལེའི་དངས་མ་གསལ་ལ་དངས་པར་གནསོ།། དེ་གསུམ་ནི་ཐམས་ཅད་འབྱུང་བའི་གཞིའོ།། དེ་ལ་རྩ་བཞིར་གྱེས་པ་ནི། ཆོས་ཉིད་རང་བྱུང་རྩ་དང་གཅིག། གཉིས་སུ་མེད་པ་ཡེ་ཤེས་ཀྱི་རྩ་དང་། ་གཉིས།། བློ་བུར་རྒྱུད་ལ་འཛིན་པའི་རྩ་དང་གསུམ།། སྐྱོན་ཡོན་དབང་པོ་དངས་མ་འབྱེད་ཅེས་ཀྱང་བྱ།། རྩ་བཞིར་གྱེསོ།། རྩ་དེ་རྣམས་ཀྱི་ཁ་དོག་ནི།། ཆོས་ཉིད་རང་བྱུང་གི་རྩ་ནི་དཀར་པོར་གནས།། གཉིས་སུ་མེད་པ་ཡིས་ཀྱི་རྩ་ནི་མཐིང་ཁ་རུ་ཀནྡ ་སོ།། བློ་བུར་རྒྱུད་ལ་འཛིན་པ་དམར་པོར་གནས་སོ།། སྐྱོན་ཡོན་དབང་པོ་དང་།། འབྱེད་ཀྱི་རྩ་ནི་སེར་པོར་གནསོ།། རྩ་དེ་རྣམས་ཀྱི་རྒྱུ་ལུགས་ནི།། ཆོས་ཉིད་ཀྱི་རྩ་བ་ནི་རླུང་ལ་རྒྱུ།། བློ་བུར་རྒྱུད་ལ་འཛིན་པའི་རྩ་ནི་བག་ཆགས་ལ་རྒྱུའོ།། སྐྱོན་ཡོན ་དངས་འབྱེད་རྩ་ནི།། དབང་པོ་ལ་རྒྱུའོ།། དེ་རྣམ་པར་རྒྱུ་བ་ལ་ཤེས་པ་བསྟན་པ་ནི།། ཆོས་ཀྱི་རྩ་ནི་ཀུན་བཞིའི་རྣམ་ཤེས་ལ་རྒྱུ།། གཉིསུ་མེད་པའི་རྩ་ནི།། ཡིད་ཀྱི་རྣམ་ཤེས་ལ་རྒྱུ།། བློ་བུར་རྒྱུད་ལ་འཛིན་པའི་རྩ་ནི་ཉོན་མོངས་པའི་ཡིད་ལ་འགྱུའོ།། སྐྱོན་ཡོ། ་དབང་པོ་དངས་འབྱེད་ཀྱི་རྩ་ནི།། སྒོ་ལྔའི་རྣམ་ཤེས་ལ་རྒྱུ།། རྩ་དེ་རྣམས་ཀྱི་མདོག་ཆོས་གསུམ་དུ་འདུསོ།། དེ་ཡང་ཁ་དོག་ནི་ངར་དཀར་གྱི་སྐུད་པ་དང་འདྲ།། སྦོམ་ཕྲའི་ཚད་ནི་རྟ་རྗེ་བཅུར་བཤགས་པ་ཙམ་མོ།། དེ་ལ་ཉོན་མོདྲ་བ་ཅན་ཞེ་སྡང་རྒྱུའོ།། འོད་དམར ་པོ་ལས་འདོད་ཆགས་རྒྱུའོ།། འོད་ལྗང་ཁུ་ལས་ཕྲག་དོག་རྒྱུའོ།། འོད་སེར་པོ་ལས་ང་རྒྱལ་རྒྱུའོ།། འོད་མཐིང་ཁ་ལས་གཏི་མུག་རྒྱུའོ།། དེ་རྣམས་ཀྱི་དབུས་ན་དྲན་པ་ཐང་དུ་འཆར་བ།། ཐིག་ལེ་འདུས་པའི་རྒྱུད་ལས། སེན་དྲན་ཞི་ཙཏྟའི་དཀྱིལ།། སེམྦ་ཉིད་འོད་ཀྱི ་ཐིག་ལེ་རགསལ།། ཆོས་གསུམ་ངོ་བོ་འོང་དུ་ཤར་ཅེས་པ་སོ།། དེ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་རྟེམ་ཡིན།། ཀུན་གཞི་ཆ་ཕྲ་མ་ཡང་དེ་ལས་བྱུང་།། ཉོན་མོངས་པའི་ཡིད་ཀྱང་དེ་ལས་བྱུང་།། རྣམ་པར་ཤེས་པའི་ཚོགས་ཀྱང་དེའི་ཆ་ལྔ་བྱུང་།། དེ་རྣམས་རིག་པའི་ཡིས་ཡིན། ་བར་རྟོག་ན་མངོན་དུ་འགྱུརརོ།། ད་ནི་ངོ་སྦེད། ཆོས་ཉིད་རང་བྱུང་གི་རྩ་ནི་ཆོས་ཀྱི་དབྱིངས་ཀྱི་ཡཾ་སུ་ངོ་སྤྲང་།། གཉི་སུ་མེད་པའི་ཡིས་ཀྱི་རྩ་ནི་རང་རིག་པའི་ཡཾ་སུ་ངོ་སྤྱད།། བློ་བུར་རྒྱུད་པའི་རྩ་ནི།། རིག་པའི་ཡས་ཁོ་ནའོ།། སྐྱོན་ཡོན་དབང་པོ་དང་དབྱེ་རྩ་ནི།། འབྲས ་ཆོས་ཀྱི་སྐུའི་ཡཾ་སུ་ངོ་སྤོ་།། འོད་ལྔ་ལས་རྩ་ལྔ་དུག་ལྔ་འབྱུང་བའི་ངོ་སྤྲད་པས།། འོད་དཀར་པོ་མེ་ལོང་ལྟ་བུའི་ཡཾ་སུ་ངོ་སྤྲང་།། འོད་དམར་པོ་འདོད་ཆཊ་སོར་རྟོག་བཱི་ཡཻ་སུ་ངོ་སྤང་། འོད་སེར་པོ་ང་རྒྱལ་མཉམ་པ་ཉིད་ཀྱི་ཡཾ་སུ་ངོ་སྤྲད།། འོད་ལྗང་ཁུ་ཕྲག་དོག ་བ་གྲུབ་པའི་ཡཻ་སུ་ངོ་སྤྲད།། འོད་མཐིང་ཁ་གཏི་མུག་ཆོས་ཀྱི་དབྱིངསུ་ངོ་སྤྱད་།། དེ་ནས་ཕྱི་ནང་བར་དྲོ་དོ་ཤྭེ་ནས།། ཚེ་རྟེན་སྲོག་རྟེན་ཆོད་མཆོད་པ་ཞེས་བྱའོ།། དོན་གསུམ་དུ་གནས་པ་དེ་ནི།། ཀུན་བཞི་ཞེས་བྱའོ།། དབྱིངས་དང་ཡིས་ཞེས་བྱའོ།། ཐབས་དང་ཤེས ་རབ་ཏུ་ཡང་ལྡན་ཡ།། འབྲས་བུ་སྐུ་གསུམ་ཐུགས་རྫོགས་པས།། ཆོས་ཀྱི་སྐུ་རུ་རྟོགས་པ་ཞེས་ཀྱིས་དེ་ལ་བྱའོ།། ཐིག་ལེ་སྒོམ་པའི་རིམ་པ་ལ།། ཨའི་རྒྱས་གདབ།། སེམས་ཅན་དབུགས་ལས་རྒྱུ།། རྟོག་པ་སྣ་ཚོགས་པ་སྐྱེ།། གཟུང་བའི་ཡུལ་དུ་སྣ་།། དེས་འ། ་།། དྲུག་ཏུ་འཁྱམ་སོ།། དེ་ལ་དབུགས་ལྟས་འགྱུ་བ་བསྒྲལ། ཨའི་རྒྱས་གདབ་ངོ་སྤྲོད།། དེ་ནས་བྱང་ཆུབ་སེམྦ་ནི་རྩ་ལ་ཞོན་ནས་ཕྲག་ལ་རྒྱུ།། དབུཊ་ཀྱི་རྟ་ལ་འགྱུ་བ་རྣམ་པར་རྟོག་པ་སྐྱེ། སྟོག་པས་མ་རིག་པ་སྣ་ཚོག་གཅོད་ཅེས་གསུང་སོ།། ད་ནི་འགྲུབ ་ཀློང་དུ་གསད་དེ།། ཆོས་གསུམ་ཨའི་གནས་སུ་དག། འགྱུག་དབུགས་ཀྱི་བསྒྲལ། སེམས་དཔའགྱུ་བ། གློང་དུ་གསད་ཅེས་བྱའོ།། རྣམ་རྟོག་རིག་པའི་ཕུག་གཏིག། ཆོས་གསུམ་ཨའི་གན་སུ་དག། འོད་ལ་རྣམ་རྟོག་སྐྱེ་བ་མ་རིག་པས་གཅད་པས།། འོད་ལྔ་ཨའི་རྒྱས ་གཏབ། གཏབ་པས་རིག་པའི་ཕུག་གཏིབ་པའོ།། འོད་གསུམ་གྱི་རྩལ་ལ་ཁ་དོག་ལྔ་རུ་སྣང་བས། ཐཾད་ཡུལ་དུ་སྣང་བར་བྱེད། བསྡུས་པས་ཆོས་གསུམ་ཨའི་རྒྱས་གདབ། སྣང་བའི་རྩ་བ་གཅར་ཅེས་བྱའོ།། དྲགསུམ་ཆོས་གསུམ་དུ་སྦྱོར་བ་དང་། སྒྲོལ་བ ་ཡིན། དབུག་དང་འགྱུ་བ་ཡིས་རླུང་དུ་སྦྱོར་བ་དང་སྒྲོལ་བ་ཡང་ཡིན།། རྣམ་རྟོག་དང་རེག་པའི་ཡིས་ཀྱི་རྩལ་དུ་སྦྱོར་བས་སྒྲོལ་བ་ཡང་ཡིན། ཐོབ་མ་མྱོང་བའི་ལུས་ཐོབ་ཡང་ཡིན།། ཡིས་རང་ས་ཟིན་པས།། མྱོང་མ་མྱོང་བའི་ཡུལ་མཐོང་བ་ཡང་ཡིན། ཆོས་ཉིད ་མ་དང་མཇལ་བས།། ཤེས་མ་མྱོང་བའི་གཏམ་ཤེས་པ་ཡང་ཡིན།། རང་དབང་རང་གིས་ཐོབ་པས།། རྟོགས་མ་མྱོང་བཱི་དོན་རྟོགས་པ་ཡང་ཡིན།། སྐུ་གསུམ་ཐིག་ལེར་རྫོགས་པས། སྦྱོར་གྲོལ་མཆོད་པ་ཆེན་པོའི་ཐིག་ལེ་ཡང་གསང་བསྒོ་ཕྲ་མོའི་གདན་བསྡུས་པ ་ཆོས་གསུམ་ལམ་དུ་སྤྲུལ་བ།། ཡང་གསང་སྐོར་རྫོགས་ཆེན་ཨ་ལམ་མེད་ལམ་ཆེན་པོ། སྟོན་པ་གསུམ་གྱི་བྱིན་བརླབས།། རིག་འཛིན་གསུམ་གྱི་བྱིན་རྒྱུད་རྫོགསོ།། ཐིག་ལེ་སྐོར་དང་རྔ་འོག་གི་བསམ་པ་མ་བུ་མ་ལུས་པ་སྙན་དུ་རྒྱུད་པའི་དཔེ་སྐོར་རོ།། སྙན་རྒྱུད་ཡིས་ངོས ་ས་ཆེ་པར་ཐོར་ནོ།། དེའི་དང་གང་བྱུང་རྫོབ་ཉིས་མ་ཆེན་མོགས་པ་ཆེན་བྱེ་བེན་མས། དཔ་ཡང་མནམ་མཇས་པ་གང་མམ་གྲལ་བྱ་རྒྱལ་བར་མང་རྒྱས་མམ་པོ་ཅ་ཡང་རྒྱ་མཏམ་མ་ཁས་ས། ་