| Wylie | e-texts produced with BDRC’s OCR application |
རྗེསུ་ཡིད་རང་ནས་མངོན་པར་སྟོད་པ།། སྟོན་པའི་རྒྱལ་པོ་འོད་བསྲུངས་ཀྱིས།། རྒྱུད་ཀྱི་རྒྱལ་པོ་རྩ་རླུང་རྒྱུད།། ཐམས་ཅད་ཕྱི་ནང་ཟླ་བསྟན་པ། ལྷ་སྒོམ་སྤྱོད་པ་ལ་བཟླས་ནས།། རང་གི་འདུག་ཚུལ་ངོ་སྦྲང ་པ། ཨེ་མ་ཧོ་ངོ་མཚར་ཆེའོ།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། རྗེས་སུ་ཡིད་རང་བའི་ལེའུ་སྟེ། བཅཝོ་ལྔ་པའོ།། ། རྫོགསོ།། ། ཐིག་ལེ་འདུས་པའི་བུའི་མན་ངག། གཞན་དོན་དུ་བསྟན་པ། ་འཆི་ཁ་མ་ལས་ཀྱི་རིན་པོ་ཆེ།། སློབ་དཔོན་དགའ་རབ་རྡོ་རྗེས་སྤྲས་པ། བྱང་ཆུབ་སེམས་དཔའ་ཁྱོད་ལམ་དུ་འཇུག་པའི་ཚེ།། གསང་བའི་སྒོ་དགུ་པའི་གནང་དགུ་ལ། ཡི་གེ་མ་བུའི་སྦྱོར་བས་དགག། གསང་བའི་སྒོ་དགུ་ནི།། སྙིང་ཁ་སྒོ ་མ་ཁ་མིག་གཉིས།། ནོར་འབུད་སྣའི་རྩེ་མོ་རུ།། སྔགས་བྲིས་པ་ནི་གདགས་པར་བྱ།། བསམ་གཏན་ཡེ་ཤེས་ཁོང་གསལ་བསྐྱེད།། ད་ནི་གསང་བའི་སྒོ་གསུམ་དབྱེ།། འཇུག་པ་དེའི་ཐོར་ཏོ་ནས།། ཚངས་པའི་སྐུད་པ་སུམ་སྒྲལ།། བདག་ཉིད ་ལྷའི་སྲིན་ལག་ལ།། བཏགས་ཏེ་སྔགས་འདི་སྟོང་བཟླས་ན།། བཅུ་གཉིས་བཅུ་གཉིས་གསང་སྒོ་ནས།། བདག་ཉིད་ཡེ་ཤེས་སེམས་དཔའ་ལ།། མེ་ལོང་ལྟ་བའི་གཟུགས་བརྙན་ནོ།། དེ་ཡང་ཡེ་ཤེས་ཁོང་གསལ་དུ།། སྒོམ་པ་ཆོས་སྐུ ་མཁའ་ཁྱབ་ཐོབ།། གསུང་གི་སྒྲ་ཡི་བོས་པའི་ཚེ།། བདག་དང་གཉིས་མེད་ཐུགས་ཁར་ཐིམ།། དེ་ཡང་ཡེ་ཤེས་ཁོང་གསལ་དུ།། དེ་ནི་སྐྱེ་བ་མེད་པའི་ལམ་པའོ།། རིག་པ་ལོ་གུ་རྒྱུད་དུ་དྲང་པ་ནི།། གང་ཞིག་གནས་ནས་ཐོན་པའི་ཚེ། ་སྒོ་གསུམ་སྒོ་གསུམ་སྒོ་སྤྲད་དེ།། དབུགས་རེ་ཧཱུཾ་རེ་དྲན་པར་བྱ།། འཇུག་པའི་དབུགས་ནི་ཨ་རུ་ཐིམ།། ཨ་ནི་སྐྱེ་མེད་ཆོས་ཀྱི་སྐུ།། མཁའ་ཁྱབ་དངས་པ་རབ་ཏུ་བསྟན།། ཡེ་ཤེས་ཁོང་གསལ་དང་དུ་བསྟིམ།། དེ་ལ་གཉེན་པོ་ཞིག་ཏུ་མེད། ་དེ་ནི་ཡང་དག་རྫོགས་པའོ།། འཆི་ཀ་མ་ལས་ཀྱི་རིན་པོ་ཆེ།། རིག་པ་ལུ་གུ་རྒྱུད་ནུ་ཟད་པ།། ཐིག་ལེ་འདུས་པའི་བུ་གཞན་དོན་རྫོག་སོ།། །། ། ཐིག་ལེ་འདུས་པའི་བུ།། ཀུན་ཏུ་བཟང་པོས་སྐུ་གསུམ་བསྲ ་བའི་མན་ངག། ཆོས་ཐམས་ཅད་ཆོས་སྐུ་མཁའ་ཁྱབ་དངས་པར་ལ་ཟླ་བ་ནི། རིག་པ་ཁོང་གསལ་གྱི་སྒོ་ནས།། ཡེ་ཤེས་ཡོན་ཏན་དུ་བསྟན་པ་དང་།། ཡེ་ཤེས་ཡོན་ཏན་གྱི་སྒོ་ནས།། ཐུགས་རྗེའི་རྩལ་སྣང་བར་བསྟན་པའོ།། ཆོས་ཀྱི་སྐུ་ལ་རིག ་པའི་རྩ་ལ་མ་འགག་པས། མེ་ལོང་ལྟ་བུའི་ཡེ་ཤེས།། དེ་ལས་འཕོ་འགྱུར་མེད་པས་མི་འགྱུར་བས།། ཆོས་ཀྱི་སྐུ་ལ་ཐམས་ཅད་མཁྱེན་པའི་ཡིས་དང་ལྡན་པས།། སངས་རྒྱས་ཀྱི་སྤྱན་ཞེས་བྱ་བའི་སྤྱན་ཞེས་བྱའོ།། ཆོས་ཀྱི་སྐུའི་ཤེས་རབ ་མི་གཡོ་བས་མཉམ་པ་ཉིད་ཀྱི་ཡེ་ཤེས།། ཡེ་ཤེས་དེ་ཐུགས་རྗེའི་རླན་དང་མ་བྲལ་བས་ཆུ།། ཐམས་ཅད་ལ་ཐུན་མོངས་ཁྱབ་པས་མཱ་ཧ་ཀི་ཞེས་བྱའོ།། ཆོས་ཀྱི་སྐུ་ཀུན་ལ་ཁྱབ་པས་སོ་སོར་རྟོག་པའི་ཡེ་ཤེས།། ཡེ་ཤེས་དེས་ཐམས་ཅད ་སྐྱོབ་པར་བྱེད་ཅིང་ཐུགས་རྗེ་སྨིན་པར་བྱེད་པ་མེ།། སེམས་ཅན་ཀུན་གྱི་དྲོད་ལ་ཁྱབ་པར་གནས་པས་ན་གོས་དཀར་མོ་ཞེས་བྱའོ།། ཆོས་ཀྱི་སྐུ་ལ་མ་བརྩལ་བར་མཁྱེན་པའི་ཡེ་ཤེས་ལྷུན་གྱིས་གྲུབ་པས།། བྱ་བ་གྲུབ་པའི་ཡེ་ཤེས ་