| Wylie | e-texts produced with BDRC’s OCR application |
ཚིག་དང་ཡི་གེ་ལ་འཇམ་དཔལ་ཤྲིའི་སིང་ཧས་བྲིས་པའོ།། ངོ་བོའི་རྒྱུད་ཐུགས་རྗེའི་རྒྱུད།། ཚིག་དང་ཡི་གེའི་རྒྱུད་ལས།། འདི་ཚིག་དང་ཡི་གེའི་རྒྱུད་དོ།། རྫོགས་སོ།། །། ཐིག་ལེ་འདུས་པའི་རྒྱུད་ཕྱི་མཱ་ལླི།། ཐོག་མའི ་སྟོན་པ་འོད་མི་འགྱུར་བ་ལ་ཕྱག་འཚལོ།། འོད་སྲུངས་ཅེས་བྱ་བའི་སྟོན་པས།། སྟོན་པ་མར་མཛད་ལ་གདམས་པའི་རྒྱུད།། ཐོག་མ་མེད་པའི་དུས་ཉིད་ན།། སྟོན་པ་འོད་མི་འགྱུར་བ་མྱ་ངན་ལས་འདས་སོ།། དེའི་ཞལ་སྦྱིན་དུ་ཡང་འོད་བསྲུངས་སྐྱེསོ།། ་སྟོན་པ་མར་མེ་མཛད་ལ་གང་མཱ་པ་བསྟན་ཏེ། ཐོག་མ་སངས་རྒྱས་སེམས་ཅན་དང་།། ཉི་མ་ཟླ་བའི་མིང་ཡང་མེད།། འཁྲུལ་པ་མེད་པའི་དུས་ཉིད་ན།། སྟོན་པ་གསལ་བ་ཐུགས་རྗེའི་རང་བཞིན་ཅན།། འཁྲུལ་པ་སྨིན་པའི་ཐུགས་རྗེ་ཅན། ་ལྷན་གྲུབ་གཡོ་བའི་རླུང་ཆེན་དེས།། ཐམས་ཅད་ལྷུན་གྲུབ་བསྐྱོད་པར་བྱེད།། རྒྱབ་གྱེས་པའི་དུས་ཉིད་དེ།། མ་ནིང་རླུང་དུ་གཅོད་པར་བྱེད།། སྣང་བ་སྲིད་པ་བསྐལ་པ་གསུམ།། སྣང་བ་འོད་དུ་སྣང་བའོ།། སྲིད་པའི་སྒོ་ང་ལྔ་རུ་སྲིད།། བསྐལ ་པ་རྣམ་པ་གསུམ་དུ་སྲིད།། ཅེས་གསུང་སོ།། རྩ་བའི་སྣང་བ་སྲིད་པའི་བསྐལ་པ་དང་།། རླུང་གི་སྣང་བ་སྲིད་པའི་བསྐལ་པ་དང་།། ཐིག་ལེ་སྣང་བ་སྲིད་པའི་བསྐལ་པ་དང་། ང་ཡིས་ཁྱོད་ལ་ལུང་བསྟན།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུང་།། ་ཕྱི་མའི་ཕྱི་མ་ལས། འོད་བསྲུངས་ཀྱི་ལུང་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་སྟོན་པ་མར་མེ་མཛད།། ཅེས་བྱ་བ་དེས།། ཞུས་པ་མ་ཡིན་པར་ལུང་བསྟན་པར་འདི་ལྟར་རོ།། ཡེ་ཤེས་ཀྱི་སྣང་བ་ནི་འོད་མའི ་འོང་མི་འགྱུར་བ་སྟེ།། སྣང་བ་ནི་འོང་དུ་སྣང་བའོ།། སྲིད་པའ་ནི་རྟོགས་པ་མངོན་དུ་གྱུར་པ་སྲིད་པའོ།། བསྐལ་པ་ནི་ལྷུན་གྲུབ་འགག་མེད་ཀྱི་བསྐལ་པའོ།། ཅེས་གསུང་སོ།། ཐོག་མའི་སྣང་བ་སྲེད་པ་བསྐལ་པ་ལ་ངོ་སྤྲད་པའོ།། ཅེས་གསུངསོ།། ་ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་ངོ་སྤད་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་སྟོན་པ་འོད་བསྲུངས་ཀྱི་སྣང་བ་ནི།། འོད་ལྔ་ལ་སྣང་ལ་རང་བཞི་མེད་པའོ།། ཡིད་ནི ་ཇི་ལྟ་བ་དང་ཇི་རྙེད་པ་མཁྱེན་པ།། ཡིད་ནི་རྣམ་ཤེས་ལྔ་མི་སྣང་ལ་རང་བཞིན་ཡོད་པའོ།། ལུས་ནི་སྣང་ལ་རང་བཞིན་མེད་པའོ།། དེའི་གདངས་ལས་ཡིས་ལྔའི་སྣང་བ།། རིག་སྔའི་སྣང་བ་ཁྱེའུ་ལྔ་ནི།། སྣང་ལ་རང་བཞིན་མེད་པའོ།། ཡུལ་ལྔ་སྣངས ་རང་བཞིན་མེད་པའོ།། ཡུལ་འོད་ལྔ་སྣང་ལ་རང་བཞིན་མེད་པའོ།། ཡིད་བྱུང་གི་ཡེ་ཤེས་སུ་རང་ཤར་པོ།། དེ་ནི་སྟོན་པ་འོད་བསྲུངས་ཉིད་རངས་ཟིན་པ་ལ་ངོ་སྤང་བའོ།། ཅེས་གསུངསོ།། ཐིག་ལེ་འདུས་པ་རྒྱུད་ཕྱི་མ་ཕྱི་མའི་རྒྱུད་ལས ་སྟོན་པ་འོད་སྲུངས་ལ་ངོ་སྤྲང་པའི་ལེའུ་སྟེ་གསུམ་པའོ།། ། དེའི་བྱིན་བརླབས་ལས། ཐུགས་རྗེའི་སྟོན་པ་རྣམ་པ་བདུན་འཁྲུངས་པ་ཡ་ཆ།། འདོད་ཆགས་ཀྱི་སྟོན་པ་དང་། ཞེ་སྡང་གི་སྟོན་པ་དང ་གཏི་མུག་གི་སྟོན་པ་དང་། ང་རྒྱལ་གྱི་སྟོན་པ་དང་། ཁོང་ཁྲོའི་སྟོན་པ་དང་། ཕྲག་དོག་གི་སྟོན་པ་དང་། དགའ་རབ་རྡོ་རྗེ་དང་བདུན་ནི། སྟོན་པ་རྣམ་བདུན་ནོ།། ཡང་སྟོན་པ་རྣམ་པ་བདུན་ནི། གཏི་མུག་གི་སྟོན་པ་ཀུན་ཏུ་བཟང་པོ།། འདོད་ཆགས་གི ་སྡོམ་པ་སྣང་བ་མཐའ་ཡས།། ཞེ་སྡང་གི་སྟོན་པ་སྟོན་པ་བ་རྡོ་རྗེ་སེམས་དཔའ།། ང་རྒྱལ་གྱི་སྟོན་པ་རིན་ཆེན་འབྱུང་ལྡན།། ཕྲག་དོག་གི་སྟོན་པ་དོན་ཡོད་གྲུབ་པ།། ཁོང་ཁྲོའི་སྟོན་པ་མི་ཕམ་མགོན་པོ།། ངོ་བོ་ཉིད་ཀྱི་སྟོན་པ་དགའ་རབ་རྡོ་རྗེ་དང་བདུན ་ནི།། མ་རྩལ་ལྷུན་གྱིས་གྲུབ་པའོ།། སྣང་བ་ནི་ཡེ་ཤེས་ལྔའོ།། སྲིད་པ་ནི་རིག་དྲུག་ངོ་བོ་དང་བདུན།། བསྐལ་པ་ནི་རང་སྣང་ངོ་མ་ཤེས་པའོ།། ཅེས་གསུངསོ།། སྟོན་པ་དྲུག་འགྲོ་དྲུག་ནས་ཐིག་ལེའི་ཀློང་རང་གྲོལ་བ་ཡ་ཆ།། ཅེས ་གསུངས་སོ།། ཐིག་ལེ་འདུས་པརྒྱུད་ཕྱི་མེ་ཕྱི་མ་ལས།། འགྲོ་དྲུག་ངོ་སྤད་བའི་ལེའུ་སྟེ། བཞི་པའོ།། ། དེ་ན་ཡང་དག་བཤད་བྱ་བ།། ཉོན་ཅིག་སྟོན་པ་མར་མེ་མཛད།། སྒོ་ང་ལྔའི་དོན་བཤད་པ།། ཤའི་སྐྱོང་ག་ཎྜཱི ་མུག་ཕག་དང་སྦྲུལ།། རུས་པའི་སྒོ་ལྔ་བྱའི་རྒྱུ།། འོད་ཀྱི་སྒོ་ལྔ་གཟུགས་ཀྱི་རྒྱུ།། ཐིག་ལེའི་སྒོ་ང་མིའི་རྒྱུ།། སྣང་བའི་སྒོ་ང་དམྱལ་བའི་རྒྱུ།། སྒོང་ལྔ་ལ་ངོ་སྤང་བས། ཤའི་སྒོང་ཐུགས་རྗེའི་སྐུ།། རུས་པའི་སྒོ་རྡོ་རྗེའི་སྐུ།། འོད་ཀྱི་སྒོ ་པ་མངོམ་བྱང་སྨྲ།། ཡིད་ཀྱི་སྒོ་ལྔ་གྱོང་སྨྲ།། ཐིག་ལེའི་སྒོ་ངཆོས་སྨྲའོ།། ཐིག་ལེ་གཅིག་ཏུ་ང་སྨད་པས།། ཞོང་ལྔ་པོ་སྤུ་ལྔར་གྲོལ།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་བྱེ་མའི་ཕྱི་མ་ལས། སྲིད་པའི་སྐུང་རང་གྲོལ་ངོ་སྤད་པའི་ལེའུ་སྟེ། ་ལྔ་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རྩའི་སྣང་བ་བསྟན་པ་ནི། རྩ་ཞེས་བྱ་བ་སྟོང་པའོ།། ཕྲེང་བ་རྣམ་པ་ལྔ་ཡིན་ཏེ།། སྤྱི་གཙུག་བདེ་བ་ཆེན་པོའི་རྩ།། འཁོར་ལོ་ལྟ་བུའི་དབྱིང་སུ་སྲིད།། སུམ་བཅུ་སོ་གཉིས་དག་ཏུ ་བསྐལ།། སྐལ་པར་བྱེད་པ་མ་རིག་རླུང་།། མགྲིན་པ་ལོངས་སྤྱོད་ཆེན་པོའི་རྩ།། རྒྱ་ཐམ་ལྟ་བུའི་དབྱིངསུ་སྲིད།། གྲངས་ནི་དྲུག་བཅུ་དག་ཏུ་སྲིང་།། མ་རིག་རྨོངས་པས་དྲུག་བཅུ་བསྐལ།། སྙིང་ཀ་ཆོས་ཀྱི་འཁོར་ལོའི་རྩ།། རིན་ཆེན་ཟུར ་བརྒྱད་དབྱིངསུ་སྲིད་།། གྲངས་ནི་རྣམ་པ་བརྒྱད་དུ་གྲགས།། ངོ་མ་ཤེས་པས་བརྒྱད་དུ་བསྐལ།། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ།། པདྨ་ལྟ་བུའི་དབྱིབསུ་སྲིད།། གྲངས་ནི་དྲུག་བཅུ་རྩ་བཞིར་གྲགས།། མ་རིག་ངོ་མ་ཤེས་ཏེ། དྲུག་བཅུ་རེ ་བཞི་བསྐལ།། གསང་བ་ཡེ་ཤེས་འཁོར་ལོའི་རྩ།། དབྱིབས་ནི་རྡོ་རྗེ་པདྨར་སྲིད།། གྲངས་ནི་རྣམ་པ་བཞི་དུ་གྲགས།། ངོ་མ་ཤེས་པས་བཞི་རུ་བསྐལ།། རླུང་གི་ཙ་ནི་སྤྱི་བོའི་གཙུག་ན་གནས།། སའི་རྩ་ནི་མགྲིན་པ་ན།། ཆུའི་རྩི་ནི་སྙིང་ཞན ་ནི་ལྟེ་བ་ན། མའི་རྩ་ནི་གསང་བ་ན།། དེ་ལས་སྤྲོས་པ་བསམ་མི་ཁྱབ།། རླུང་གི་རྩ་ལས་འཁོར་ལོ་ལྟ་བུའི་རྩག། དཔྲལ་བའི་འཛིའུ་རུས་པ་ལ།། གྲངས་ཀྱང་སུམ་བཅུ་རྩ་གཉིས་ཡོད།། ལྷག་ཁུངས་འཐམ་པ་གཡས་གཡོན་ན ་གོང་དང་འདྲ་བ་རྩ་དང་རླུང་།། ཐིག་ལེ་རྣམ་ནི་རབ་ཏུ་གསལ།། ཤར་ན་ས་ལ་ལྷོ་ན་ཆུ།། ནུབ་ན་མེ་ལ་བྱང་ན་རླུང་།། དབུས་ན་ན་མཁའ་ཇི་བཞིན་ནོ།། མགྲིན་པའི་རྩ་ལས་འཕྲོས་ནས་ནི།། མ་ཁུར་ཆོས་གཡས་ན་སའི་ཙ། ་གཡོན་ན་ཆུའི་རྩ་གནས་སོ།། ཨོ་གོང་གཡས་ན།། མེའི་རྩག། གཡོན་ན་རླུང་གི་རྩ་དེ་རྒྱ་གྲམ་འདྲ། དབུས་ན་ན་མཁའ་དེ་བཞིན་ནོ།། སྙིང་ཁའི་རྩ་ལས་འཕྲོས་པ་ནི། ཨན་གོང་གཡས་པ་སའི་རྩ།། གཡོན་པ་ཆུ་དེ་དཔུང་གཡས་མེ། ་དཔུང་གཡོན་ལྔ།། དབུས་ན་མཁའི་རྩ།། རིན་ཆེན་ཟུར་བརྒྱད་དབྱིབས་སུ་སྣང་།། ཅེས་གསུངསོ།། ལྟེ་བ་སྤྲུལ་པའི་རྩ་ལས་ནི།། འཕྲོ་སྟེ་ཕྱི་གཡས་སའི་རྩཀ། གཡོན་པ་ཆུ་ལ་དཔུང་མོ་གཡས་པ་མེའི་རྩ།། གཡོན་པ་རླུང་གི་རྩ།། དབུས་ན་དེ་བཞིན ་ནམམཁའི་རྩ།། གསང་བའི་རྩ་ལས་འཕྲོས་པ་ནི།། རྩིབ་མ་གཡས་པས་སྟེ་གཡོན་པ་ཆུ།། བུམ་པའི་རྩེ་མོ་མེའི་རྩ།། ཙ་བ་རླུང་གི་རྩ་རུ་སྣང་།། ཐིག་ལེ་བྲོང་འབེབས་དེ་ནས་བྱུང་།། རླུང་ལ་བདེ་བ་ཡོད་པས་ན།། བདེ་བ་རྒྱས་པ་དེ་ལས ་བྱུང་།། རྩའི་ངོ་བོ་བསྟན་པ་ནི།། བདེ་བ་སྟོང་པ་དེ་ནས་བྱུང་།། ཐིག་ལེའི་ངོ་བོ་འོད་གསལ་ལ།། ཡེ་ཤེས་ངོས་བཟུང་དེ་ནས་བྱུང་།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། རྩ་དང་རླུང་ཐིག་ལེ་སྤྱིའི་རྣམ་པར་བསྟན ་པའི་ལེའུ་སྟེ། དྲུག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རྒྱས་པའི་རྩ་ལ་བསམ་མི་ཁྱབ།། བསྡུས་པ་རྣམ་པ་ལྔ་ཡིན་ནོ།། སྤྱི་གཙུག་བྱ་བ་གྲུབ་པའི་རྩ།། རླུང་ཡང་བྱ་བ་གྲུབ་པའི་རླུང་།། ཐིག་ལེ་བྱ་བ་གྲུབ ་པའོ།། མགྲིན་པ་མེ་ལོང་ལྟ་བུའི་རྩ།། སྙིང་ཁ་མཉམ་པ་ཉིད་ཀྱི་རྩ།། ལྟེ་བ་སྟོང་པ་ཉིད་ཀྱི་རྩ།། གསང་བ་སོ་སོར་རྟོགས་པའི་རྩ།། ཐམས་ཅད་འདུས་པའི་ངོ་བོའི་རྩ།། གཉིས་པོ་ཟུང་དུ་འབྲེལ་པའོ།། ཅེས་གསུངས།། ཐིག་ལེ་འདུས་པ ་རྒྱུད་ཕྱི་མའི་ཕྱི་མ་ལས།། རྩ་རྟགས་ལ་ངོ་སྤྲད་པའི་ལེའུ་སྟེ། བདུན་པའོ།། ། དེ་ནས་རང་གི་མཚན་ཉིད་བསྟན་པ་ནི། རེག་པའི་ཟང་ཐལ་ཆེན་པོའི་ཐིག་ལེ་ཡིན།། དེ་ཉིད་སྟོང་པ་རྩ་ཞེས་བྱ།། དེ་ལྔ་གཡོ ་ངོ་སྤྲང་གྱིས།། བྱས་པས་བསམ་པ་དྲུག་པ་ཡ་ཆ།། བྱིང་ན་རིག་པའི་རང་སྒོ་ལྟས།། བསམ་སྡུག་ལྷ་ཁང་ལྟད་མོ་ཆེ་བ་ཡ་ཆ།། འཕྲོ་ན་རིག་པ་ཟང་ཐལ་ལྟོས།། འགྲོས་མེད་པ་ཡ་ཆ།། རྩོལ་ན་རང་འབྱུང་ཡེ་ཤེས་ལྟོས།། རྩོལ་བས་གཏོར་བ ་ཡ་ཆ།། སྒྲུབ་ན་ལྷུན་གྲུབ་འཕོངས་ར་ལྟོས།། བསྒྲུབས་པས་བརླག་པ་ཡ་ཆ།། སྐྱུར་ན་རྩ་དང་རླུང་ལ་ལྟོས།། རང་གྲོལ་ཡིན་པ་ཡ་ཆ།། སྐྱོང་ན་ཀུན་བཟང་ལྷད་མོ་ལྟོས།། སྦྱང་བས་གཏོར་བ་ཡ་ཆ།། འགེགས་ན་ཡེ་ཤེས་ཁོང་འ# ་ལྟོས། བཀག་པས་འོད་གསལ་རྟོར་བ་ཡ་ཆ།། ཅེས་གསུང་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། རང་གི་མཚན་ཉིད་ལ་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། ་རི་ནས་ཡང་དག་བཤད་བྱ་བ།། ཐིག་ལེ་སྣང་བ་སྲིད་པ་དང་།། བསྐལ་པ་རྣམས་ནི་འདི་ལྟ་སྟེ། བྱི་ནང་གསང་བ་གསུམ་དུ་བཤད།། སྣང་བཇིག་ལེ་ལྔ་ཡིན་ཏེ།། དབྱིངས་ཀྱི་ཐིག་ལེ་རྣམ་ལྔའོ།། སྲིད་པ་ནང་ནི་ཐིག་ལེ་ལྔ། ་བསྐལ་པ་ཆགས་སྡང་བཅུ་རུ་བསྐལ།། ཅེས་གསུང་སོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། ཐིག་ལེ་ཁ་སྦྱོར་གྱི་གདམས་ངག་གི་ལེའུ་སྟེ། དགུ་པའོ།། ། ་གསང་བའི་ཐིག་ལེ་བསྟན་པ་ནི།། སྣང་བ་ཟང་ཐལ་ཐིག་ཅེས་བྱ།། ཐུགས་རྗེ་མི་འགག་ལེ་ཅེས་བྱ།། གཉིས་སུ་མེད་པས་ཉག་ཅེས་བྱ།། ལྷུན་གྱི་གྲུབ་པས་ཐིག་ཅེས་བྱ།། སྣང་བ་འོད་གསལ་ལེ་ཞེས་བྱ།། རིག་པ་ཟང་ཐལ་ཐིག་ཅེས་བྱ།། ་འགྱུ་བ་མི་འགག་ལེ་ཞེས་བྱ།། དབྱེར་མི་ཕྱེད་པས་ཉག་ཅེས་བྱ།། ལྷུན་གྱི་གྲུབ་པས་གཅིག་ཅེས་བྱ།། སྣང་བ་འོད་གསལ་ལ་ཞེས་བྱ།། རག་པ་ཟང་ཐལ་ཐག་ཅེས་བྱ།། འགྱུ་བ་མ་འགག་ལ་ཞེས་བྱ།། དབྱར་མ་ཕྱེད་པས་ཉག་ཅེས་བྱ།། ་ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་ལས།། ཐིག་ལེ་ཉག་གཅིག་ངོ་སྤང་བའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་ཡང་དག་བཤད་བྱ་བ།། རིག་པའི་ལེ་དང་སེམས་ཀྱི་ལེ།། སེམས་ཀྱི་ལེ་ནི་ཆགས་སྡང་ངོ་།། ་བླངས་པས་འཁོར་བར་འཁྱམས་པ་ཡ་ཆ།། རིག་པའི་ལེ་ནི་ཤེས་རབ་ཆེན་པོ་སྟེ།། སྐུ་གསུམ་རོལ་པར་ཤེས་པ་ཡ་ཆ།། བླངས་པས་ཟང་ཐལ་ཆེན་པོར་གནས།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། ་རིག་པ་རང་སེམས་ཀྱི་སྡང་བ་བསྟན་པའི་ལའུ་སྟེ། བཅུ་གཅིག་པའོ།། ། དེ་ནས་ཡང་དག་བཤད་བྱ་བ། ཉན་ཅིག་སྟོན་པ་མར་མེ་མཛད།། རླུང་གི་སྣང་བསྲིང་བསྐལ་པ་གསུམ།། སྣང་ལ་སྡང་ཁུ་འགག་མེད་ལས ་དབྱིབས་ནི་འོད་མ་བཀུག་པར་སྲིད་།། སྐལ་པ་ཕྱི་ནང་གསུམ་དུ་བསྐལ།། གླེང་གཞི་འདེགས་པ་འབྱུང་ལྔའི་རླུང་།། ཡང་ཞིང་གཡོ་བ་རླུང་གི་རླུང་།། རླན་ཞིང་སྡུད་པ་གཡོ་བ་ཆུའི་རླུང་།། དྲོད་འབེབས་གཡོ་བ་མེའི་རླུང་།། ཞྭ་ཞིང་གཡོ་ལ་སའིང་རླུང་།། ་སྟོང་ཁྱབ་གཡོ་བ་ན་མཁའི་རླུང་།། ལྔ་ནི་རྩ་བ་འབྱུང་ལྔའི་རླུང་།། ཟུང་དུ་འཇུག་པ་བཅུ་མིང་ཅན།། རང་བྱུང་ཡེ་ཤེས་འགག་མེད་རླུང་།། ཕྱིའི་རླུང་དུ་བཤད་པའོ།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས། ་གྱི་རང་བྱུང་གི་ཆུང་ལ་ང་སྤད་པའི་ལེརུ་སྟེ་བཅུ་གཉིས་པའོ།། ། ནང་གི་རླུང་ལྔ་བསྟུན་པ་ནི།། འཁོར་ལོ་ལྡན་དྲུང་ལྔ་གནས།། སའི་རླུང་དང་ཆུའི་དྲུང་།། མེའི་དྲུང་དང་རྣམ་པའི་རྙེང་།། རླུང་གི་རླུང་སྟེ་རྩ་བ་ཡེ།། རླུང་ལྔ་དག ་ཡན་ལག་རྫ།། སྔ་བདག་ཉིད་བཅུ་ཚང་ཅན།། ནད་གི་རླུང་ལ་རྡོ་སྣད་པའི་སེརུ་སྟེ་བཅུ་ག་སུམ་པའོ།། གསང་བའི་རླུང་ལ་ངོ་སྦྲང་ངོ་།། རིག་པ་གཡོ་བརླུང་གི་དྲུང་།། དེ་ཉིད་བསྲུང་བ་ཅུའི་རླུང་།། རེག་པ་སྙེན་པ་མེའི་དྲུང ་རིག་པ་བསྟན་པས་སའི་རླུང་།། ཀུནྡ་ལ་ཁྱབ་པ་ན་མཁའི་དྲུང་།། ཟུང་དུ་ཞུགས་པས་བཅུ་མིན་ཅན།། ཐུགས་རྗེ་མི་འགག་རླུང་གི་རླུང་།། རིག་པ་ཁོང་གསལ་མེའི་རླུང་།། སྨིན་ནས་བརྟན་པ་སའི་རླུང་།། ཐམས་ཅད་བསྡུང་པ་ཆུའི་རླུང་།། མཁ ་ཁྱབ་དངས་པ་ན་མཁའི་རླུང་།། དེ་ནི་གསང་བའི་ངོ་སྤྲོད་དོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། རླུང་ལྔ་ལ་ངོ་སྤྲད་པའི་ལེའུ་སྟེ། བཅུ་བཞི་པའོ།། ། དེ་ནས་སྟོན་པ་མར་མེད་མཛད་ཀྱིས ་རྗེསུ་ཡིད་རང་ནས་མངོན་པར་སྟོད་པ།། སྟོན་པའི་རྒྱལ་པོ་འོད་བསྲུངས་ཀྱིས།། རྒྱུད་ཀྱི་རྒྱལ་པོ་རྩ་རླུང་རྒྱུད།། ཐམས་ཅད་ཕྱི་ནང་ཟླ་བསྟན་པ། ལྷ་སྒོམ་སྤྱོད་པ་ལ་བཟླས་ནས།། རང་གི་འདུག་ཚུལ་ངོ་སྦྲང ་པ། ཨེ་མ་ཧོ་ངོ་མཚར་ཆེའོ།། ཅེས་གསུངསོ།། ཐིག་ལེ་འདུས་པའི་རྒྱུད་ཕྱི་མའི་ཕྱི་མ་ལས།། རྗེས་སུ་ཡིད་རང་བའི་ལེའུ་སྟེ། བཅཝོ་ལྔ་པའོ།། ། རྫོགསོ།། ། ཐིག་ལེ་འདུས་པའི་བུའི་མན་ངག། གཞན་དོན་དུ་བསྟན་པ། ་