CLOSE WINDOW

Gbr006.32: thig le 'dus pa'i rgyud
Wyliee-texts produced with BDRC’s OCR application

ཐོག་མའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལོ།། རྒྱུད་ཐམས་ཅད་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་ཙ་བ་མན་ངག་ཐམས་ཅད་ཀྱི་ཉིང་ཁུ།། གསང་བ་བས་ཀྱང་ཆེ་བས་གསང་བ། ཀུན་ཏུ་བཟང་པོ་མ་འཁྲུལ་པའི་དགོངས་པ། ་གཞི་འདུག་ཚུལ་འཁོར་བ་དོང་སྦུགས་སུ་སྟོན་པ།། རྒྱུད་ཉི་སུ་རྩ་ལྔའི་རྩ་བ། མན་ངག་སུམ་རྒྱ་རྩ་གཉིས་ཀྱི་རྩ་ལ།། ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན།། ཐིག་ལེ་འདུས་པ་སངས་རྒྱས་འོད་དཔག་ཏུ་མེད་པ་དང་།། འོད་བསྲུང་དང་། མར་མེ་མཛད ་གསུམ་གྱི་དགོངས་པ་གཅིག་ཏུ་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྡུས་པ། ཐིག་ལེ་འདུས་པའི་རྒྱུད།། ཅེས་བྱ་བ།། འཁོར་བ་རྒྱ་ཐེག་ཏུ་བསྟན་པའི་ཕྱིར།། སྒྲུབ་པ་མ་ཧཱ་ཡོ་ག་ལ་ངོ་སྤྲད་པ་དང་།། ལུང་ཨ་ནུ་ཡོ་ག་ལ་པོ་སྤྲད་པ ་དང་།། མན་ངག་ཨ་ཏི་ཡོ་ག་ལ་ངོ་སྤྲང་པ་དང་། ཡང་དག་པའི་མན་ངག་ཐིག་ལེ་འདུས་པ་མ་བུ་ལ་ངོ་སྤྲང་པ་དང་། རྩ་དང་རླུང་དང་ཐིག་ལེ་ལ་ངོ་སྤྲད་པ་དང་། རྔའི་ངོ་སྤྲད་པ་དང་། འཁྲུལ་གཞིའི་ངོ་སྤྲད་པ་དང་། གནས་པའི་ངོ་སྤྲང་པ་དང་། ལྡོག་པའི ་པོ་སྤྲང་པ་དང་། ལྡོག་པ་རང་གི་མཚན་ཉིད་གནས་ལུགས་ལ་ངོ་སྤྲང་པ་ངོ་སྤྲད་པའོ།། རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པའོ།། ། ཐོག་མ་མེད་པའི་དུས་ཉིད་ན། གནས་མེད་ངོ་བོ་ཉིད་ཀྱི་གནས། སྟོན་པ་ལྷུན་གྲུབ ་འབར་བ་སྟེ།། འཁོར་རྣམས་རང་གདངས་ཆེན་པོ་ལ།། བསྟན་པ་རང་ཤར་ཆེན་པོ་ཡིན།། ཅེས་གསུངསོ།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས།། ངོ་བོ་སྟོན་པ་འོད་མི་འགྱུར་བ་ཞེས་བྱ་བ།། རང་གསལ་བརྡལ་ཁྱབ་འདུས་མ་བྱས་སུ་གན ་སོ།། ཐུགས་རྗེའི་སྟོན་པ་མར་མེད་མཛད་ཅེས་བྱ་བ།། འགག་མེད་བརྡལ་ཁྱབ་འདུས་མ་བྱ་སུ་གནསོ།། རང་བཞིན་གྱི་སྟོན་པ་འོད་སྲུངས་ཅེས་བྱ།། གཉིས་མེད་བརྡལ་ཁྱབ་འདུས་མ་བྱསུ་གནསོ།། གཞི་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། ་སྟོན་པ་གསུམ་ལ་སྲས་རྣམ་གསུམ་འཁྲུངས་པ་ཡ་ཆ།། ལྷུན་གྲུབ་རླུང་ཆེན་མ་འགགས་པས་རིག་པ་རང་གསལ་ཆེན་པོར་བསྐྱོད།། སྟོང་པ་རང་གདངས་འོད་དུ་ཟུང་སྲས་གསུམ་དུས་མེད་རྟག་ཏུ་འཐབ་པ་ཡ་ཆ།། འབྱེད་པ་མེད་པའི་ཆོས་སྐུ་ལ་སྐུ་གསུམ ་སྣང་བ་གསུམ་དུ་ཤར།། སྐུ་གསུམ་རང་བཞིན་འདུག་ཚུལ་གཅིག་པ་ལ་དུག་གསུམ་དབང་གི་འཁོར་བ་ཡ་ཆ།། སྲས་གསུམ་འགག་པ་མེད་པ་ལས། རང་གདངས་ཡུལ་ལ་སྟོང་འབྱེད་པ་ཡ་ཆ། བརྡའི་ངོ་སྤྲོད་ཀྱི་ལེའུ་སྟེ་གསུམ་པའོ།། ་སྒྲུབ་པ་མ་ཧཱ་ཡོ་གའི་ངོ་སྤྲད་པ་ནི། སྣང་ལ་རང་བཞིན་མེད་པའི་སྐུ། མེ་ལོང་ལོགས་ལ་ངོ་སྤྲད་།། ཡུལ་གསལ་ལ་མ་འདྲེས་པ་ན་མཁའི་འཇའ་མཚོན་ལ་ངོ་སྤྲད། གཉིསུ་མེད་པ་ཆུའི་ཟླ་བ་ལ་ངོ་སྤྲད་།། མ་ཧཱ་ཡོ་གའི་ངོ་སྤྲོད་གསུམ་པོ་འདིས་ནི་མ་སྒྲུབས་པ་སངས ་རྒྱས་པར་བསྟན་པའོ།། ལུང་ཨ་ནུ་ཡོ་གའི་ངོ་སྤོང་བསྟན་པ་ནི།། འཛིན་པའི་རིག་པ་ནི་ཀུམ་ཏུ་བཟང་པོ།། ཡུལ་དང་གདངས་ནི་ཀུན་ཏུ་བཟང་མོ།། གཉིསུ་མེད་པ་ནི་བདེ་བ་འགག་མེད་དུ་ངོ་སྤང་པ་བརྩོལ་བ་མེད་པར་སངས་རྒྱས་པར་བསྟན་པའོ།། ་ན་སུ་མ་ཡིམ་མ་རྒྱས་ཆེན་པར་། ས་སཏུ་སྟེ་གྱི་སྣང་ཐ~ཾ་ལ་འོ།། ་མ་ཧཱ་དང་ཨ་ནུ་ལ་ངོ་སྤྲད་པའི་ལེའུ་སྟེ། བཞི་པའོ།། ། མམངག་རྫོགས་ཆེ་ན་གསོལ་ཞེས་བྱ་བ་གཞིའི་རང་གདངས་སུ་ངོ་སྤྲད་པས།། སྒྲུབ་པ་མ་ཧཱ་ཡོ་གའི་བཅོ་ལ་སྒྲུབ་དང་བྲལ་བར་བསྟན་ན།། རིག་པ་སྣ་ཚོགས་འགག ་པ་ཡིས་ཀྱི་རྩ་ལ་ལས་མ་འདས་པར་ངོ་སྤྲད་པས་ལུང་ཨ་ནུའི་བརྩོ་ལ་བསྒྲུབ་དང་བྲལ་བར་བསྟན།། ཕྱི་དང་སྣོད་བཅུད་ཐམས་ཅད་འཁྲུལ་པའི་དུས་སུ་ཡིས་ཀྱི་རྩལ་དུ་སྣང་བ་གྲོལ་བའི་དུས་རྩལ་དུ་སྣང་བ་ངོས་ཟིན་ལ་འཆི་བའི་དུས་སུ་ཡཻས་ཁོང་གསལ། ་དུ་སངས་རྒྱས་པར་བསྟན་པའོ།། འབྲས་བུ་བར་དོར་ཐོབ་ཏུ་མེད་པར་བསྟན་པས་ཐ~ཾད་རང་གྲོལ་རང་སྣང་རང་སང་རང་ཤར་གཉིས་འཛིན་ལས་འདས་ཏེ།། དེའི་ཚེ་དེའི་དུས་ན་རང་གྲོལ་བའི་སངས་རྒྱས་ཀྱི་དགོངས་པ་འདུས་པ་ཞེས་བྱའོ།། ཡང་དག་པའི་མན་ངག ་ཐིག་ལེ་འདུས་པའི་ངོ་སྤྲོད་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། རྩ་དང་རླུང་ལ་ངོ་སྤང་བ་ནི། སེམས་ཅན་དྲན་ཞིང་ཙིཏྟའི་དཀྱིལ།། ཆོས་གསུམ་འོད་ཀྱི་ངོ་བོར་ཤར།། བསྐལ་པ་བར་མ་ལ་སངས་རྒྱས་འོད་བསྲུངས་ཀྱི་ཐོག་མའི་སངས་རྒྱས་འོད་མི་འགྱུ ་བའི་ཞལ་མ་འཚོལ་པ་ཡ་ཆ།། རྩ་ལ་ཡང་ཕྱི་ནང་གསུམ་དུ་འདུས་ཏེ། གྱི་ཆོས་ཉིད་རང་བྱུང་རང་གདངས་ཆེན་པོའི་རྩ་དང་། ནང་རིག་པའི་སྟོང་པའི་རྩ་དང་། གསང་བ་ཐིག་ལེ་བསྟན་པའི་རྩའོ།། རྒྱས་པའི་རྩ་ཉི་ཁྲི་ཚིག་སྟོང་ཀྱང་བསྡུས་པས་ངོ་སྒོ་གསུམ་དུ ་འདུས།། རླུང་ལ་ཡང་ཕྱི་ནང་གསང་བ་གསུམ།། ཕྱི་རླུཔ་ཐམས་ཅད་ནང་རླུང་སྣང་བ་ཡིན། ནང་རླུང་ཡེས་རླུང་གི་རྩ་ལ།། གསང་བའི་རླུང་ཆེན་ངོས་ཟིན་ན།། འཁོར་བ་དོང་ནས་སྐྲག་པ་ཡིན། ཐིག་ལེ་ལ་ཡང་ཕྱི་ན་པ་གསང་བ་གསུམ། ཕྱིའི་ཐིག་ལེ་རང ་བྱུང་ཡེ་ཤེས་ཡིན། ནང་གི་ཐིག་ལེ་རིག་པ་ཡིས་ཡིན།། གསང་བའི་ཐིག་ལེ་ཆོས་སྐུ་ཁྱབ་གདངས་པ་ཡིན། ཡང་གསང་ཐིག་ལེ་ཡིས་ཁོང་གསལ་ཡིན། གནང་དུ་འཛིན་པའི་རིག་པའི་ཡིས་ཡིན།། གཉིས་མེད་ལྷངས་ཀྱིས་རྟོགས་པས་ཡིས་རླུང་དུ་ཤེས། ་གཟུང་འཛིན་གཉིསུ་སྨྱོས་པ་མ་རིག་རླུང་དུ་ཤེས། རྩ་རླུང་ཐིག་ལེ་ལ་ངོ་སྤྲད་པའི་མཚན་མ་ལམ་པའི་རྩོལ་བསྒྲུབ་ལ། མི་རྟེན་པའི་ལེའུ་སྟེ་དྲུག་པའོ།། ། སྟོན་པ་གསུམ་འཁོར་བར་དུས་གཅིག་ལ་འཁྱམས་པ་ཡ་མཚན་ཆེ། འབྱེད་པ་མེད་པ་གཏི་མུག ་རང་བཞིན་གྱིས་སྟོན་པ། འགག་པ་མེད་པའི་བཞི་སྡང་ངོ་བོ་ཉིད་ཀྱིས་སྟོན་པ།། རང་སྣང་ཆེན་པོའི་རྩ་ལ་མི་འགག་པ་འདོད་ཆགས་ཐུགས་རྗེའི་སྟོན་པ།། རྩ་ལ་འགག་པ་མེད་པ་དུག་ལྔ་ཐུགས་རྗེའི་རོལ་པ་མ་འགག་པ་འགྲོ་དྲུག། རང་བཞིན་ཆོས་སྐུ་ངོ་བོ་ལོང ་སྐུ། ཐུགས་རྗེ་སྦྲུལ་སྐུ། སྐུ་གསུམ་འཁོར་བར་འཁྱམ་ཀྱང་སྙིང་པོ་ལ་འགྱུར་བ་མེད།། འགྱུར་བ་མེད་པར་གནས་པའོ།། གནས་ལུགས་ལ་ངོ་སྤྲད་པའི་ལེའུ་སྟེ་བདུན་པའོ།། ། བསྐལ་པ་ཐ་མ་ལ་སྲས་གསུམ། གྱིས་འཐབས་པས་སྐད ་ཅིག་མ་ལ་འཁོར་བ་ཐམས་ཅད་དུས་གཅིག་ཏུ་སྲོག་གཅད་ནས་མེ་ཆེན་གྱིས་བསྲེགས།། རླུང་ཆེན་གྱིས་ཆགས་པ་དེ་ཡ་ཆ། ཡིས་ཆེན་པོའི་སྤྱན། གཉིས་འཛིན་མེད་པར་རང་གསལ།། ཆོས་ཀྱི་སྤྱན་པར་དོ་མེད་པར་ར་པདངས།། ཐབས་དང་ཤེས ་རབ་ཀྱི་སྤྱན་ཅིར་སྣང་ཅིར་འཛིན་ཡིས།། མ་བསྒྲུབ་མ་བརྩལ་ཡིན་པའི་སྤྱན་གསོལ་ལོ།། སྤྱན་གསུམ་ལ་སྐུ་གསུམ་པོ་སྤྲང་པ་ནི། ཡེ་ཤེས་ཀྱི་སྤྱན་ཆོས་སྐུར་ངོ་སྤྲད། ཆོས་ཉིད་ཀྱི་སྤྱན་ལོངྒ་སྐུར་ངོ་སྤྲད།། ཐབས་དང་ཤེས་རབ་ཀྱི་སྤྱན ་སྤྲུལ་བསྐུར་ངོ་སྤང་། ངོ་སྤྲད་པ་མན་ངག་གི་རྒྱུད་གྱི་འདུག་ཚུལ་ནི།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལས་མ་འདས། སྨན་གསུམ་རང་ལ་གནས་པའི་ཡེ་ཤེས་ཀྱི་སྤྱན་ནི། རིག་པའི་ཡིས་ལྷངས་ཀྱིས་རྟོགས་པའོ།། ཆོས་ཀྱི་སྤྱན་ནི་སྒྲོ་འདོགས་གནོད ་པའོ།། ཐབས་དང་ཤེས་རབ་ཀྱི་སྤྱན་ནི་ཐད་རང་གི་འདུག་ཚུལ་ལས་འདས་པར་མ་ཤེས་པའོ།། སྤྱན་གསུམ་ཁོང་དུ་ཆུད་པས་ཐེག་པ་རིམ་པ་བརྒྱད་ཀྱི་རྩོལ་སྒྲུབ་ཀྱི་ཆོས་དང་མུ་སྟེགས་རྟག་ཆད་དང་། རྫོགས་ཆེན་ཁ་འབྱམས་གཞི་ལ་དགོད་པ་ལས་ཀྱི་དབང་མི་བ ་ཟེར་བ་ལས་ཤན་ཕྱེ་སྟེ་ཆོས་སྐུ་མཁའ་ཁྱབ་དངས་པ་སྤྱན་གསུམ་འདུག་ཚུལ་གཅིག་ཏུ་བསྟན་པས་གྲོལ་བ་མཐར་ཕྱིན་པའོ།། ལྡོག་པའི་ངོ་སྤྲད་པའི་ལེའུ་སྟེ་བརྒྱད་པའོ།། ། ལོག་པ་རང་གི་མཚན་ཉིད་ནི། འདས་པ་གསུ ་དུ་ངོ་སྤྲད་པ་སྟེ་སྐུ་ལས་འདས་པའི་ཡེ་ཤེས་ཁོང་གསལ།། ཡུལ་ལས་འདས་པའི་ཆོས་སྐུ་མཁའ་ཁྱབ་དངས་པ་གཉིས་མེད་ལས་འདས་པ་རིན་པོ་ཆེ་མན་ཤེལ་དངས་པའི་མཆོད་རྟེན་ལྟ་བུ། སྟོན་པ་གསུམ་གྱི་འཁོར་བར་འཁྱམས་པ་ཚོར ་ནས་ཆོས་སྐུ་བཙལ་བས་བསམ་སྔགས་ཀྱི་ལྷ་ཁང་དུ་སླེབ་ནས་འགྲོས་མ་རྙེད་པ་དེ་ཡ་ཆ།། ཐོག་མའི་སྟོན་པ་འོང་མི་འགྱུར་བས་གནུང་པོ་གཉིས་ལ་འོས་པ།། ཨོཾ་ཀྱཻ་གྲོགས་པོ་བསམ་རྡུགས་ཀྱི་ལྷ་ཁང་དུ་སླེབ་པས་འགྲོས་མེད་པ་ཡ་ཆ། ་ཆོས་སྐུ་མཁའ་ཁྱབ་དང་པོས་བཙལ་བ་ཡ་ཆ། ཆོས་བསྒྲུབས་པས་འབྲས་བུ་ཏོར་བ་ཡ་ཆ། རྩོལ་སྒྲུབ་མང་པོ་བྱས་པས་དྲི་མས་བཏུམ་པ་དེ་ཡ་ཆ། དེ་སྐད་ཅེས་གསུངས་པས། སྟོན་པ་འོད་བསྲུངས་ཀྱི་ཞལ་ནས། རང་རིག་པ་རང་ལ་ཤར་བས ་ཆོས་ལ་འདས་པ་ཡ་ཆ།། ཡེ་ཤེས་ཁོང་གསལ་རྟོགས་པས་བསམ་དུ་མེད་པ་ཡ་ཆ།། ཆོས་སྐུ་མཁའ་ཁྱབ་དངས་པ་རབ་ཆས་ཡིན་པས་བཙལ་དུ་མེད་པ་ཡ་ཆ། བསྒྲུབས་པས་མ་རྙེད་རང་ལ་ཡོད་པ་ཡ་ཆ། ཡེ་ཤེས་རང་གྲོལ་དུ་ཤར་ནས་སྟོན་པ་གསྐ ་དུས་གཅིག་ལ་རྩོལ་སྒྲུབ་ལ་མ་རྟེན་པར་སངས་རྒྱས་པ་ནི་ཡ་ཆ་གསུང་སོ།། སྟོན་པ་མར་མེ་མཛད་ཀྱི་ཞལ་ནས།། ད་ནི་མཐའ་གཉིས་ཟད་པ་སྟེ་འབྱུང་བ་འོབ་ཏུ་སྣང་བ་ནི་རང་གི་གདངས་ཡིན་པས།། ཉོན་མོངས་བག་ཆགས་ལས་ཀྱི་སྒྲིབ་པའི་མཐའ་ཟད ་པ་དེ་ཡ་ཆ། འཛིན་པ་ཡེ་ཤེས་ཁོང་གསལ་ཆེན་པོའི་རྩལ་དུ་ཤེས་པས་ཤེས་བྱའི་སྒྲིབ་པ་ལས་ཀྱི་མཐའ་ཟད་པ་དེ་ཡ་ཆ།། ཆོས་སྐུ་མཁའ་ཁྱབ་དངས་པ་རང་ཆས་ཡིན། ལས་ཀྱི་སྒྲིབ་པ་མཐའ་ཟད་པ་ཡ་ཆ། ཕུང་པོ་བོར་བས་དུས་ཀྱི་མཐའ ་ཟད་པ་ཡ་ཆ། བར་དོ་མེད་པར་ཡེ་ཤེས་ཁོང་གསལ་དུ་ཐིམ་པས།། ལས་ཀྱི་མཐའ་ཟད་པ་ཡ་ཆ། གསུང་ངོ་།། སྟོན་པ་གསུམ་གྱི་དགོངས་པ་མདོར་བསྡུས་པའི་ལེའུ་སྟེ་དགུ་པའོ།། ། རྩ་བ་ཐམས་ཅད་རང་བྱུང་ལས་འདུས་པས་རྩེ ་སྒྲུབ་ལས་འདས་པ་སྟན་པ་ཡིན།། ཡེ་ཤེས་ཁོ་གསལ་དུ་རྟོགས་པས་མཚན་མ་ཆོས་ལས་འདས་པ་ཡིན།། ཆོས་སྐུ་མཁའ་ཁྱབ་དུ་འདུས་པས་འབྲས་བུ་མ་བསྒྲུབ་པར་སངས་རྒྱས་པར་བསྟན་པའོ།། ཕྱིའི་སྣང་བ་ལྷ་དང་ལྷ་མོ།། བུམ་པ་བསྐྱེད ་པའི་རིམ་པ་རང་སྣང་ཐོགས་མེད་དུ་ངོ་སྤྲང་པས་ཕྱིའི་དབང་ཐང་དུས་གཅིག་ཏུ་ཐོབ་པ་ཡིན།། རང་རིག་པ་ཁོང་གསལ་དུ་ཤེས་པས་ཐབས་དང་ཤེས་རབ་ཀྱི་སྤྱན་གསལ་བས་ཐབས་དང་ཤེས་རབ་ཀྱིས་དབང་སྐད་ཅིག་མ་ལ་ཐོབ་པ་ཡིན།། ་གསང་བ་ཕྱི་ནང་མེད་པར་ཆོས་སྐུ་མཁའ་ཁྱབ་ཏུ་རྟོགས་པས། གསང་བ་ཡིས་ཀྱི་དབང་སྐད་ཅིག་ལ་ཐོབ་པ་ཡིན།། དེ་རྣམས་བླ་མས་བསྟན་ན་མི་གོ་མི་སྲིད་པར་སྙན་པས་ཚིག་དབང་རིན་པོ་ཆེའི་དབང་དུས་ཅིག་ལ་ཐོབ་པ་ཡིན་ནོ།། དབང་བསྐུ། ་པའི་ལེའུ་སྟེ་བཅུ་པའོ།། ། རང་བྱུང་ཡེ་ཤེས་ཆེན་པོ་ལ། རང་གདངས་སྣ་ཚོགས་རིགས་ལྔ་སྣང་།། སྣང་བ་ཡིན་པར་ཐག་ཆོང་པས། ལྷའི་བསྐྱེད་རིམས་སྐད་ཅིག་གིས་རྫོགས།། མ་བྲིས་དཀྱིལ་འཁོར་རང་སྣང་བས།། དཀྱིལ་འཁོར ་གཞལ་ཡས་ཁང་།། སྒོམ་པ་སྐད་ཅིག་ཙམ་ལ་རྫོགས།། རྫོགས་པའི་ངངལ་མི་འདའ་བས།། དམ་ཚིག་ཐམས་ཅད་དུས་གཅིག་བསྲུངས།། ཡེ་ཤེས་ཁོང་གསལ་མི་འགྱུར། དྲན།། སྔགས་ཀྱི་འཛབ་འདྲེན་དུས་ཅིག་ཐོན།། དེ་ཡི་དོན་ལ་ཡེ་གནས ་གསལ།། བསྲུང་མཚམས་ཐམས་ཅད་དུས་གཅིག་བསྲུངས་པ་ཡིན། ལྷ་རྣམས་བསྐྱེད་དང་དཀྱིལ་འཁོར་སྒོམ་པ་དང་།། དམ་ཚིག་བསྲུང་དང་སྔགས་ཀྱི་འཕྲོ་འདུ་དང་།། བསྲུང་བ་མཚམས་ཀྱི་འཁོར་ལོ་བསྟན་པའི་ལེའུ་སྟེ། གཅུ་གཅིག་པའོ།། ་སྟོན་པ་གསུམ་གྱི་རྫ་མཁན་གྱི་བུ་མོ་ཐང་སྲོག་གཅད་ནས་གཅིག་པུ་རབ་ཏུ་ཆེ་བའི་ལྷའི་གམ་དུ་བསྐྱལ་པ་དེ་ཡ་ཆ།། སྲོག་བཅད་པ་དང་བདུད་གཅད་པའོ།། ཀུན་ཏུ་བཟང་པོ་ལ་བདུད་ཞུགས་པའི་དུས་སུ། འཁྲུལ་སྣང་ལོངས་སྐུར་འཁྱམས་པ ་ཚོར་ནས་སྟོང་པ་འོད་བསྲུངས་དང་བསྒོས་པས་མི་ཐུབ་པར་གཟིགས་ནས་རང་སྲོག་རང་གིས་གཅད།། རང་བདུད་རང་གི་གཅད་ནས་མཁའ་ཁྱབ་དངས་པའི་དུར་སར་ང་ཕུང་པོ་ལྷག་མ་མེད་པར་མྱ་ངན་འདས་ནས་ཕྱིར་འོང་མ་ནུས་པ་ཡ་ཆ། ་དེ་ནས་དཔལ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དང་། སངས་རྒྱས་འོད་སྲུངས་འཇལ་ནས་བསྒོས་པས་ཁོང་གཉིས་གྲོགས་པོ་བྱས་པས་སྟོན་པའི་ས་གཟུང་ནས་འཁོར་རིགས་ལྔ་ལ་ཡ་ཆ། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་སེམས་དཔའི་སྤྲུལ་པ་བྱའུ ་སྣང་བ་དམ་པ་ཞེས་བྱ་བས།། སྟོན་པ་འོད་སྲུངས་ཞེས་བྱ་བ་དེ་བར་དུ་ངོ་མ་ཤེས་ནས་ལྟ་སྒོམ་ཞི་ཚེས་སྤྱད་པས་འགྲོ་དྲུག་ཏུ་འཁྱམ་པ་ཡ་ཆ།། སྟོན་པ་དགའ་རབ་རྡོ་རྗེས་ཀུན་ཏུ་བཟང་བའི་ལུང་བསྟན་ཐོབ་ནས་སྟོན་པ་འོད་བསྲུངས་དང་མར་མེ་མཛད ་གཉིས་ཀྱི་ཞལ་གཟིགས་ནས་སྟོན་པ་གཉིས་ལ་མ་ཆགས་པར་སྤྱད་ཀྱིས་སོང་བ་ཡ་མཚན་ཆེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། ཐིག་ལེ་འདུས་པ་མན་ངག་གི་རྒྱུད། སྟོན་པ་གསུམ་དྲུག་གི་བདར་ཤ་གཅད་པ།། ཁམས་གསུ ་སེམས་ཅན་ལ་ངོ་སྤྲོད་བྱས་པས་ལྷ་སྒོམ་རང་ལ་རག་མ་ལུས་པ་སྐུ་གསུམ་བཀོག་བཞེངས་འཁོར་བ་དོང་སྤྲུགས། མངལ་ཁ་རྒྱས་འདེབས། བརྡའ་ཆོས་ཡང་དག་པ་ཟག་བཅས་ཕུང་པོ་ལྔ་དྲོ་སྤྲད་ནས་འཇོག་པ། བར་མ་དོ་མེད་པར་སངས་རྒྱས ་ཁོང་གསལ་དུ་སངས་རྒྱབ་འབྲས་བུ་དུས་ཟད་པས་ཐོབ་པ། ལས་ཀྱི་མཐའ་ཟད་པས་སངས་རྒྱ་བ། ཐམས་ཅད་དུ་ངོ་སྤྲོང་དུ་བསྟན་པ།། བཞི་དང་། འཁྲུལ་ཚུལ་གནས་ཚུལ། ལྡོག་ཚུལ། ལོག་པ་རང་གི་མཚན་ཉིད་བསྟན་པ།། ཐེག་ལེ ་འདུས་པའི་རྒྱུད་རྫོགས་སོ།། ། ཐིག་ལེ་ཉག་ཉི་སྐུ་ལ་ཕྱག་འཚལ་ལོ།། ཤིན་ཏུ་རྣལ་འབྱོར་རྒྱུད་པའི་རྒྱུད། མན་ངག་ཐིག་ལེ་ཕྱི་རྒྱུད་ལས། ཐིག་ལེ་ཉག་གཅིག་བསྟན་པ་ནི། སྟོན་པ་ཀུན་ཏུ་བཟང་པོ ་