| Wylie | e-texts produced with BDRC’s OCR application |
ཐིག་ལེ་ཉག་གཅིག་གི་རྒྱུད་གསང་བ་ཡང་གཏེར་གྱི་རྒྱུད་བཞུག་སོ།། ་རྒྱ་གར་སྐད་དུ། ཏི་ལ་ཨེ་ཀ་ཏནྟྲ། བོད་སྐད་དུ། ཐིག་ལེ་ཉག་གཅིག་གིས་རྒྱུད་གསང་བ་ཡང་གཏེར་ཞེས་བྱ་བ། ཐིག་ལེ་རང་བྱུང་ཆེན་པོ་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ། ཡེ་ཤེས་ཀྱི་ཕོ་བྲང་ཐིག་ལེ་ཆེན་པོ་ཁྱབ་བརྡལ་ན་བཞུགས་པའི་དུས་ན། རང་སྣང་བདེ་བ་ཆེན་པོའི་བསྟན ་ལ་གནས་སོ།། དེའི་ཚེ་དེའི་དུས་ན། མཁའ་འགྲོ་མ་འོད་ཟེར་རབ་ཏུ་སྐྱེ་བ་ཞེས་བྱ་བ། གཡས་ངོས་ནས་ལན་གསུམ་བསྐོར་ནས་བདུན་དྲང་པོར་བཞུགས་ཏེ། ཐལ་མོ་རབ་ཏུ་སྦྱར་ཏེ། ཀུན་ཏུ་བཟང་པོའི ་སྤྱན་མངའ་ན་བཞུགས་སོ།། དེ་ནས་རྡོ་རྗེ་མཁའ་འགྲོ་མ་དྲི་མ་མེད་དང་། མཁའ་འགྲོ་མ་འཚོ་སྐྱེས་དང་། བཀྲག་ལྡན་མ་དང་། མཁའ་འགྲོ་མ་མཛེས་མ་དང་། མཁའ་འགྲོ་མ་ཡེ་ཤེས་དང་། གར་མ ་ཕྲེང་མ་ལ་སོགས་པ། ཕྱིའི་མཁའ་འགྲོ་ལྔ་དང་། གསང་བའི། མཁའ་འགྲོ་ལྔས་ཞུས་པ། 6།། བཅོམ་ལྡན་འདས། བདག་ཅག་མཁའ་འགྲོ་མ་རྣམས་ལ། ཐིག ་ཉག་གཅིག་གསང་བ་ཡང་གཏེར་བླ་ན་བླ་ན་མེད་པར་བཤད་པར་ཞུ། ཅེས་གསོལ་པས། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་གྱི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས། ཐིག་ལེ་ཉག་གཅིག་གིས་དགོངས་པ་ལས་གཞེང་ནས། མཁའ་འགྲོ་མའི་ཚོགས་དང་བཅས་པ་ལ། འདི་སྐད་ཅེས་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་མཁའ་འགྲོ ་མ། སློབ་དཔོན་སློབ་མའི་མཚན་ཉིད་དང་། དེ་ལ་གདམས་པའི་མན་ངག་དང་། ངོ་སྤྲོད་སྙན་རྒྱུད་བཤད་པར་བྱ། ཅེས་བསུངསོ།། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་གྱི་རྒྱུད་ལས ་ལན་བཏབ་པའི་ལེའུ་སྟེ། གཉིས་པའོ།། ། དེ་ནས་མཁའ་འགྲོམས་འོད་ཟེར་བཀྱེ་བས། སློབ་དཔོན་མཚན་ཉིད་ཇི་ལྟར་ལགས། ཅེས་ཞུས་པས།། ཐིག་ལེའི་ཀློང་ནས་བཀའ་སྩལ་པ། རྡོ་རྗེ་སློབ་དཔོན། ་ལྔ་ཡིན་ཏེ། འདྲེན་པའི་སློབ་དཔོན་ཕ་ལྟར་བཀུར།། ཉམས་ཆགས་བསྐོང་བའི་སློབ་དཔོན་མ་ལྟར་བཀུར། རྒྱུད་མིན་དབང་གིས་སློབ་དཔོན་ནི། དཔྲལ་གྱི་མིག་ལྟར་བཀུར་བའོ།། གདམས་ངག་སྟོན་པའི་སློབ་དཔོན་ནི། ་ཁོང་གི་སྙིང་ལྟར་བཀུར་བར་བྱ།། ངོ་སྤོང་སྟོན་པའི་སློབ་དཔོན་ནི།། བྱང་ཆུབ་སེམས་དང་རིན་ཆེན་སྲོག་ལྟར་བསྐུར།། ཅེས་གསུངས་སོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས། སློབ་དཔོན་གྱིས་མཚན་ཉིད་བསྟན ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་ཡང་ཞུས་པ། མཆེད་ཀྱིས་མཚན་ཉིད་ཇི་ལྟར་ལགས། བཀའ་སྩལ་པ། དམ་ཚིག་འདྲེས་པ་ཕྱིའི་མཆེད།། སྤུན་དང་མིང་པོ་སྲིང་མོ་ལྟར།། རྡོ་སྤུན་དང་མ་འགྱུར་མེད་བྷ ་ནིདེ་ནི་མ་ལྟར་ལྟ་བར་བྱ།། དེ་མི་ཕྱིའི་མ་ཕྱེད་ལྕམ་མོ།། དབང་གཞི་རྫོགས་པའི་རྣལ་འབྱོར་སྤུན། དེ་ནི་ཁོང་གི་སྙིང་ལྟར་ལྷ།། དབང་ལ་མ་རྟེན་གདམས་པའི་མཆེད།། དེ་ནི་དཔྲལ་བའི་མིག་ལྟར་ལྟ། དེ་ནི་ནང་གིས་མཆེད་ལྕམ་མོ།། ་ངོ་སྤོང་བྱས་པས་ཡེ་ཤེས་མཆེད། དེ་ནི་རིན་ཆེན་སྲོག་ལྟར་ལྟ། དེ་ནི་གསང་བའི་མཆེད་གསང་ཡིན། ཅེས་གསུངསོ།། ཐིག་ལེ་ཉག་གཅིག་གསང་བའི་ཡང་གཏེར་གྱི་རྒྱུད་ལས། སློབ་མའི་མཚན་ཉིད་བསྟན་པའི་ལེའུ་སྟེ། ་བཞི་པའོ།། །། ཡང་ཞུས་པ། གདམས་པའི་མན་ངག་བསྟན་དུ་གསོལ།། ཅེས་གསོལ་པས་བཀའ་སྩལ་པ། གདམས་པ་ལ་རྣམ་པ་གཉིས་ཏེ། ཕྱི་བ་དང་ནི་ནང་པའོ།། ཕྱི་བའི་མཚན་ཉིད་བསྟན་པར། ་བྱ།། མུ་སྟེགས་ལྟ་བ་སུམ་རྒྱ་དྲུག་བཅུ་ཡང་། ཕུང་པོ་བཞི་རུ་འདུས་པས་སྟེ།། སྔ་མ་རྗེས་དཔག་ཤེས་པ་དང་།། ད་ལྟའི་རྗེསུ་དཔག་པ་དང་།། མངོན་གསུམ་རྗེས་དཔག་ཤེས་པས་ཕུང་།། དེ་ཡང་བསྡུས་ནས་སྔ་མ་ལས་ལྟོས་རྒྱ་དང་ཉྩི། ད་ལྟ་ལས ་ལྟོས་བརྒྱ་དང་ཉེ།། ཕྱི་མ་ལས་ལྟོས་བརྒྱ་དང་ཉྩ་སྟེ།། སུམ་བརྒྱ་དྲུག་བཅུ་ཡིན།། དེ་ཡང་དྲུག་བཅུ་གཉིས་སུ་འདུས་པ་སྟེ། རྟགས་པ་དང་ནི་ཆད་པའོ།། དེ་ཡང་བསྡུས་ན་ཕུང་པོ་རྣམ་བཞི་ཏེ། མངོན་པར་ཤེས་པས་ཕུང་པ་དང་། རྒྱུ་ལ་གསུམ ་གྱི་ཕུང་པ་དང་།། རྟག་ཆད་གཉིས་ཀྱིས་ཕུང་བ་དང་། དཀའ་ཐུབ་དག་གིས་ཕུང་བའོ།། རྒྱུ་ལྟས་བལྟས་གསུམ་གྱི་ཕུང་བ་ནི།། ཕྱི་རང་རང་བཞིན་དངོས་པོ་ཡི།། ། སྡང་བ་འདི་ལ་རྒྱུ་བལྟས་ཕུང་། ཐིག་ལེ་ཉག་ཅིག་སང་པ་ཡང་གཏེར་གྱི་རྒྱུད ་ལས། ཕྱི་རོལ་པ་དོན་ལོག་པས་ཕུང་བའི་ལེའུ་སྟེ་ལྔ་པའོ།། @#། ཡང་ཞུས་པ། ནང་པའི་གདམས་ངག་བསྟན་དུ་གསོལ།། ཅེས་ཞུས་པས་བཀའ་སྩལ་པ། རྩ་རླུང་ཐིག་ལེའི་གདམས་པ་དང ་སྣ་རྩ་གསུམ་གྱི་གདམས་པ་དང་། རྟུལ་བཞུགས་སྤྱོད་པའི་གདམས་པ་དང་། ཆོས་འབྱུང་མཛོད་ཀྱི་གདམས་པ་དང་། ཐིག་ལེ་ཉམས་ཀྱི་གདམས་པ་དང་། བསྒྲུབ་བྱ་ཐབས་ཀྱི་གདམས་པ་དང་། ཐབས་དང་ཤེས་རབ་གདམས་པ་དང ་མཐར་ཐུགས་འབྲས་བུའི་གདམས་པ་དང་། བྱིན་བརླབས་དབང་གིས་ནུས་པ་བཤད་པར་བྱ།། ཅེས་གསུངས་པས། དེ་ལ་རྩ་རླུང་ཐིག་ལེའི་གདམས་པ་ནི།། གནས་པ་ཙའི་དབང་དུ་བྱས་ནས་བཤད་ན། རྩ་བྱེ་བ་ཕྲག་རྒྱར་གནས་ཀྱང་། མིང་དུ། ་རྟགས་པ་རྩ་སྟོང་ཕྲག་དྲུག་བཅུ་རྩ་བཞིར་གནས། དེ་ཡང་བསྡུས་ན་འཁོར་ལོ་བཞི་དང་། རྩ་འདབ་བརྒྱ་ཉིར་འདུས།། དེ་ཡང་གསུམ་དུ་འདུས། རྐྱང་མ་རོ་མ་ཀུན་བརྡར་རོ།། དེ་ཡང་ཨ་བ་དྷཱུ་ཏིར་འདུས། དེ་ལ་མི་རྟོགས་པའི་ཡེ་ཤེས ་གནས་པ་དེ་སྐྱེ་བར་བྱ་བའི་ཕྱིར།། རླུང་གིས་རྩ་འགེད་པས་ན།། ཡོ་བ་རླུང་གིས་དབང་དུ་བཤད་ན། སྤྱིར་དབུགས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྱུ་ཡང་རླུང་གསུམ་དུ་འདུས། དངས་སྙིག་འབྱེད་པའི་རླུང་། ཤེས་པ་རྟེན་སྲོག་འཛིན་པའི་རླུང ་ལུས་ཟུང་བཅུད་ཀྱི་རླུང་སོ།། དངས་སྙིགས་འབྱེད་པའི་རླུང་ནི་ལོ་བ་ཁ་ན་གནས། རྒྱུ་བ་གྱེན་དུ་རྒྱུ། ཟས་དངས་སྙིང་འབྱེད་བསྟེ་དངས་མ་གསོ་སུ་འགྱུ་རོ།། ཤེས་པའི་རྟེན་སྲོག་འཛིན་པའི་རླུང་ནི། སྙིང་ཁོག་འོད་གསལ་ན་ཡུམ་ཀུན་ཏུ་བ ་མོའི།། གཟུགས་ཀྱི་ཕུང་པོ་འབྱུང་བ་ན་མཁའ། ཡུམ་ཀུན་ཏུ་བཟང་མོའི་ངང་དུ་སངས་རྒྱས་སོ།། གཟུགས་ཀྱི་ཕུང་པོ་ཀུན་ཏུ་བཟང་པོའི་ངང་དུ་སངས་རྒྱསོ།། དེ་གཉིས་ཀ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་སངས་རྒྱསོ།། མེ་ལོང་ལྟ་བུའི ་ཡིས་ཀྱི་སྣང་བ་ལས། རྡོ་རྗེ་སེམས་དཔའ་ཡབ་ཡུམ་སངས་རྒྱས་སྤྱན། རྣམ་པར་ཤེས་པའི་ཕུང་པོ་འབྱུང་བ་སངས་རྒྱས་སྤྱན་དུ་བུདྷ། རྣམ་ཤེས་ཕུང་པོ་རྡོ་རྗེ་སེམས་དཔར་བུདྷ།། གཉིས་ཀ་མེ་ལོང་ལྟ་བུར་སངས་རྒྱས་སོ།། ་མཉམ་པ་ཉིད་ཀྱི་ཡིས་ཀྱི་སྣང་བ་ལས།། རིན་ཆེན་འབྱུང་ལྡན་ཡབ་ཡུམ་མ་མ་ཀི། ཚོར་བའི་ཕུང་པོ་འབྱུང་བ་ཆུ། ཆུ་མ་མ་ཀིར་བུདྡྷ། ཚོར་བ་རིན་ཆེན་འབྱུང་ལྡན་དུ་བུདྡྷ། གཉིས་ཀ་མཉམ་པ་ཉིད་ཀྱི་ཡ་སུ་སངས་རྒྱསོ།། སོ་སོར ་རྟོག་པའི་སྣང་བ་ལས།། སྣང་བ་མཐའ་ཡས་གོས་དཀར་མོ།། འདུ་ཤེས་ཀྱི་ཕུང་པོ་འབྱུང་བ་མེ།། མེ་གོས་དཀར་བུདྡྷ། འདུ་ཤེས་སྣང་བ་མཐའ་ཡས་བུདྡྷ། གཉིས་ཀ་སོ་སོར་རྟོག་པས། སངས་རྒྱསོ།། བྱ་བ་གྲུབ་པའི་སྣང་བ་ལས།། དོན་ཡོད་གྲུབ ་པའི་དམ་ཚིགས་སྒྲོལ་མ་འདུ་བྱེད་ཀྱི་ཕུང་པོར་འབྱུང་བ་རླུང་སྒྲོལ་མར་བུདྡྷ།། འདུ་བྱེད་དོན་ཡོད་གྲུབ་པར་སངས་རྒྱསོ།། ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་ལས་མཛོད་ཀྱི་ལེའུ་སྟེ་གཉིས་པའོ།། ་ཐིག་ལེ་ཉམས་ཀྱི་མན་མན་ངག་བསྐན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། གཞིའི་ཐིག་ལེ་འགག་པ་མེད་པ་ལས་ཀྱི་ཐིག་ལེ་རང་རྩལ་ཡིན། འཕྲུལ་པའི་ཐིག་ལེ་རང་སྣང་ཡིན།། རང་གྲོལ་ཐིག་ལེ་ཤེས་རབ་ཆེམ་པོ་ཡིན།། འབྲས་བུའི་ཐིག་ལེ ་ཁྱབ་བརྡལ་ཡིན། ཅེས་གསུང་སོ།། ཐིག་ལེ་ཉག་གཅིག་གསང་བ་ཡང་གཏེར་གྱི་རྒྱུད་ལས། ཐིག་ལེ་གཏན་ལ་དབབ་པའི་ལེའུ་སྟེ་བཅུ་པའོ།། །། ཡང་ཞུས་པས།། སྒྲུབ་བྱ་ཐབས་ཀྱི་མན་ངག་བསྟན་དུ་གསོལ།། ཅེས་ཞུས་པས།། བཀའ་སྩལ་པ། ཐབས་ནི ་རྣམ་པ་བཞི་ཡིན་ཏེ། ཤེས་རབ་ཐབས་ལ་རྟེན་པས་སྡུབ། ཐབས་ལ་འཚངས་པ་རྣམ་པ་བའི་བྱུང་སྟེ། བྱེང་པ་པོར་རྒྱར་ལྟ་བ་ལས་ལོག་སྟེ། ཤེས་རབ་ཀྱིས་ཡིས་ངོས་བཟུང་བས་འཚེངས།། མངོན་པར་ཤེས་པ་ལས་ལོག་སྟེ། ཡིས་ཟང་ཐལ་ཐིག་ལེ་ཉག་གཅིག་སུ ་པས་འཚེངས།། རང་བཞིར་རྒྱུར་ལྟ་བ་ལས་ལོག་སྟེ།། རིག་པ་རང་གྲོལ་ཏུ་རྟོགས་པས་འཚེངས།། ཆང་པ་རྒྱུར་ལྟ་བ་ལས་ལོག་སྟེ།། རང་བྱུང་ཡིས་ལམ་དུ་སློང་བས་འཚངས།། ཅེས་གསུངསོ།། ཡང་གཏེར་ལས།། བསྒྲུབ་བྱ་ཐབས་ཀྱི་གདམས་ངག་བསྟན་པའི ་ལེའུ་སྟེ། བཙུག་པའོ།། ཡང་ཞུས་པ། ཐབས་དང་ཤེས་རབ་གདམས་ངག་བསྟན་དུ་ནསོལ།། ཟས་གསུདྲབས་བཀའ་སྩལ་པ། ཐབས་དང་ཤེས་རཔ་ལམ་དུ་བྱེད་བ་ནྀ།། རྣམ་སྐྱོང་ཡོངས་སྤྱོད་དབྱེར་མེད་སྐྱོད། རྣམ ་ཐབས་དང་ཤེས་རབ་ལམ་དུ་ཁྱེར་ལ་བསྟན་དེ། བསྐྱེད་པའི་རིམ་པ་འཁྲུལ་པའི་སྣང་བ་རྣམས།། རང་སྣང་འོད་གསལ་ཤེས་རབ་ཐབས་ཀྱི་མཆོག། དེ་ཉིད་ཟང་ཐལ་ཤེས་པ་ཤེས་རབ་ཆེན་པོ་ཡིན། ལོངས་སྤྱོད་ཐབས་དང་ཤེས་རབ་བསྟན་པ་ནི། ལྟ་བ་ཡོངས ་སྤྱོད་པ་དང་།། སྤྱོད་བ་བསྒོམ་པ་ཡོངསུ་སྤྱོད་པའི་ཕྱིར། སྟོན་པ་ཆེན་པོ་ལ་ཆོས་ཀྱང་ངོ་།། ཉན་པའི་ཚོགས་ལྡན་པ་ཡིན་ཏེ།། ལྷ་སྒོམ་སྤྱོད་པ་པོ་ཡང་ང། ལྷ་བསྒོམ་སྤྱོང་པ་རང་གྲོལ་ཤེས་ན་ཐབས་ཀྱི་མཆོག། དེ་ལ་ཆགས་པ་མེད་ན་ཤེས་རབ་ཆེམ་པོ་ཡིན། ་ཅེས་གསུངསོ།། ཡང་གཏེར་ལས་ཐབས་དང་ཤེས་རབ་གདམས་ངག་གི་ལེའུ་སྟེ། གཉིས་པའོ།། ། ཡང་ཞུས་པ།། མཐར་ཐུགས་འབྲས་བུའི་གདམས་ངག་བསྟན་དུ་གསོལ། ཅེས་ཞུས་པས་བཀའ་སྩལ་པ། འབྲས་བུའི་དོན་ནི་འདི་ལྟ་སྟེ། ་སྣང་བ་འོད་གསལ་ཤེས་པས་ཆོས་ཀྱི་འབྲས་བུ་ཡིན།། རིག་པ་འོད་གསལ་ཤེས་པས་ཤེས་རབ་འབྲས་བུ་ཡིན།། ཡེ་ཤེས་འོད་གསལ་རྟོགས་པས་ཐིག་ལེའི་འབྲས་བུ་ཡིན།། ཕྱི་ནང་མེད་པས་ཤེས་རབ་འབྲས་བུ་ཡིན།། དེའི་དོན་ལ་གྲོལ་ན་དབང ་དང་ཐུགས་རྗེ་རྒྱུན་མེ་ཆད། ཅེས་གསུངསོ།། དེ་ནས་བྷ་ག་ཝན་གྱིས་ཐིག་ལེ་ཁྱབ་བརྡལ་དུ་མཁའ་འགྲོ་མ་འོད་ཟེར་འཕྲོ་བ་དང་བཅས་ནས་གཤེགས་སོ།། མཁའ་འགྲོ་མ་ཐམས་ཅད་དགའ་འགུ་སྙིང་རང་ངོ་།། རྫོགསོ ་