CLOSE WINDOW

Gbr006.29: thig le gsang ba yang gter gyi rgyud
Wyliee-texts produced with BDRC’s OCR application

ཐིག་ལེ་གསང་བ་ཡང་གཏེར་གྱི་རྒྱུད་བཞུགསོ།། ་རྒྱས་གང་དུ། ཏེས་བབྱནས་ཏནྡ་ཙ་ཏིས་ཏྲན་མ་ནྡན་མ་འོད་སང་དུ། རིག་ལེགས་པ་ཡང་གཏེར་ཞེས་བྱ་བའི་རྒྱུད། བྱང་ཆུབ་སེམས་དཔའ་ཐུན་གྱི་རྒྱུ་ས ་བྱབ། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། འོག་མིན་ཆོས་ཀྱི་དབྱིངས་བདེ་བ་ཅན་དང་པདྨ་ཅན་གྱི་གནས། མངོན་པར་དགའ་བའི་ཚལ།། བྱང་ཆུབ་མཐའ་ཡས་ཀྱི་དྲུག། འཇིགས་སུ་རུང་བ་སྟེ ་ཟུང་ཤེས་བྱ་ན། དཔས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་སྤྲུལ་ནས། རྡོ་རྫག་པའ་འཚམ་མ་ལོང་འདོང་ཞེས་བྱ་བ་དང་། གཙུག་གི་བརྒྱན་གཅིག་མ་དང་། ཏོཏི་ཀ་དང་། རྡོ་རྗེམ་ཁའ་མ་ལྡན་དང་། ་ཐོང་པའི་འཕྲེང་དང་། ཟླ་བའི་འོད་ཟེར་དང་། དྲི་མ་མེད་དང་། དུང་སྐྱོང་མ་དང་། འོད་འབར་མ་དང་། ཀུན་གྱི་འགྲམ་དུ་བྱོན་ནས། ལ་ལ་ནི་སླབ་འཛིན་ཏུ་བཅུག། ལ་ལ་ནི་སངས་རྒྱས་ཀྱིས་ལ་བཀོད ་ལ་ལ་ནི་འཕགས་པའི་རྣལ་འབྱོར་ལ་བསྐོར།། དེའི་ཚེ་དེའི་དུས་ན། གནས་ཀྱང་མཁའ་འགྲོའི་གླིང་།། དུར་ཁྲོད་འབར་བའི་གཞལ་ཡས་ཁང་དུ།། ཉིད་མངོན་པར་སྐུ་སྤྲུལ་ཏེ། ཆོས་ཉིད་བདེན་པས་བཀའ། ་བསྒོ་བ་མཛད་པས།། ཐམས་ཅད་ཆོས་ཉིད་ལ་བཀོད།། ལ་ལ་ནི་རྡོ་རྗེ་མཁའ་འགྲོར་སྐུ་ལྷམ། ལ་ལ་ནི་ལས་ཀྱིས་མཁའ་འགྲོར་ཞལ་གྱིས་བཞེས།། ལ་ལ་ནི་པདྨའི་མཁའ་འགྲོར་ཞལ་གྱིས་གཞེས།། ལ་ལ་ནི་ཤ་ཟའི་མཁའ་འགྲོར ་ཞལ་གྱིས་གཞེས།། ལ་ལ་ནི་དམ་ཚིགས་མཁའ་འགྲོར་ཞལ་གྱིས་བཞེས་སོ།། དེ་ནས་སྟོན་པ་རྡོ་རྗེ་སེམས་དཔའ་ཡིས།། དབང་རིམ་པར་བསྐུར་རོ།། ཨཱཾ་དྷ་ཌཱ་ཀི་ནི་ཨོ་ཨཿཧཱུཾ་རྞྞ་ཨཽ་པདྨ་ཌཱ་གི་ནི་ཨཱཾ་ཨཿཧཱུཾཿཱཾ་ཀརྨ་ཌ ་ཀི་ནི་ཨོཾཿ་ཧཱུཾ། ཞེས་དབང་བསྐུར་རོ།། ཐད་མཁའ་འགྲོ་མའི་དབང་དམ་པ་དང་ལྡན་ནས། ལ་ལ་ནི་བྲོ་བསྡུང་། ལ་ལ་ནི་གར་བྱེདའོ།། རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས་མཁའ་འགྲོ་མ་ལི་དབང་བསྐུར་བའི་ལེའུ་སྟེ་དང་པའོ།། ། ་མཁའ་འགྲོ་རྣམས་ཀྱིས་ཡང་ཞུས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་ཉིད།། བརྡའ་དང་བརྡལ་དུ་རྒྱུད་པའི་ཆོས།། ཉིད་ཀྱི་ཞལ་ནས་བྱིན་གྱིས་བརླབ་སོ།། བདག་ཅགས་མཁའ་འགྲོ་མའི་ཚོགས་རྣམས་ལ།། ངེས་པར་མྱུར་དུ ་བཤད་པར་ཞུ།། ཞེས་ཞུས་པ་དང་། རྡོ་རྗེ་སེམས་དཔས་བཀའ་སྩལ་པ། རྩེ་ཀྱཻ་མཁའ་འགྲོ་མ་རྣམས་ཉོན་ཅིག། ཉི་མ་འབུམ་དུ་གསལ་བའི་དཀྱིལ་ན།། རིག་པའི་ཁྱེ་ཆུང་ཉི་མའི་ཟེར་ལྔར་འཕྲོ།། འགག་སྒྲིབ ་མེད་པར་འགྲོ་བ་ལ། སྤྲིན་ནག་པོ་ཆེན་པོ་གཅིག་བྱུང་ན།། ཁྱེའུ་ཆུང་གི་རྐང་པ་བཀག་ཟེར་བ་དེ་ཡ་མཚན་ཆེ།། ཐིག་ཁོང་གསལ་ཆོས་མེན་སྐུ།། རིགས་པ་ཟེར་གྱི་ཐིག་ལེ་ཕྱོགས་བཅུར་འཕྲོ།། ཕྱོགས་རིས་མེད་པར་ཡོངས་ལ། ་ཁྱབ་པ་ལ། མ་རིག་འཁྲུལ་པས་མུན་པ་ཙམ་དུ་བསྒྲིབས།། བདག་བློ་འཁྲུལ་པས་འཁོར་བའི་འདམ་དུ་ཚུད། ཐིག་ལེ་ཆོས་མིན་ཁོང་གསལ་ངོ་མ་ཤེས།། སྒོམ་དང་སྒྲུབ་པ་ཀ་ནས་མ་གྲུབ་ལ།། རྒྱ་ཆང་ཕྱེན་ལྷུང་མེད་པ་བློ་རེ་བདེ། ་ཅེས་གསུང་སོ།། རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། ཐིག་ལེ་ཁོང་ནས་གསལ་བ་དང་མ་རིག་པའི་ཟེར་དུ་ངོ་སྤྲད་པའི་ལེའུ་སྟེ་གཉིས་པའོ།། ། ཡང་བཀའ་སྩལ་པ། འདོད་པའི་རྒྱལ་པོ་བུ་དྲུག ་ཕ་མ་གཉིས།། རྒྱ་མཚོའི་གླིང་ན་ནོར་བུ་རིན་པོ་ཆེ་འོད་འབར་བའི་གསེབ་ན་རྟ་གཅིག་མཚོ་ཡིན་ཡོད་པ་ལ། རྟ་དེ་ཕ་སྤད་ཀྱིས་མ་ཐུག་པས།། ཕྱིའི་ལྷ་མོ་ལྔའི་གམ་དུ་ཤོར་བས།། ཕྱིའི་ལྷ་མོས་ཀྱང་མཐུབ།། དེར་རྟ་ཚོམས་ཀྱིས ་འཚེམས་པས།། ཁྱེའུ་ལོ་གཅིག་ལས་མ་ལོན་པ་གཅིག་གིས་རྟ་དེ་ཐུབ་ནས་ནོར་བུ་སོང་བ་དེ་ཡ་མཚན་ཆེའོ།། རིན་པོ་ཆེ་འོད་འབར་བའི་ཐིག་ལེ་ངོ་སྦྲང་ན་ཚོགས་དྲུག་ལྷུག་པའི་གདམས་པ་ཆང་ངོ་།། ཚོགས་དྲུག་རོལ་པའི་གདམས་པ ་ཆད་ནས།། ཞི་བའི་ཆོས་ཀྱི་སྐུའི་ངང་ལ་བསྒོམ་པའི་ཉན་ཐོས་འགོག་པ་དང་ཁྱད་མེད་དོ།། རིན་པོ་ཆེ་འོད་ཀྱི་ཐིག་ལ་ཆོས་མེན་ཀྱི་སྐུའི་ཡས་ལ།། སྒོམ་སྒྲུབ་ཀ་ནས་མ་སྒྲུབ་པའོ།། རིན་པོ་ཆེ་ཡིན་པས་ཐཾད་རང་ལ་ལྷུན་གྱི་གྲུབ་བོ།། ་འོད་ཀྱི་གོང་བུ་ལྟ་བུ་མ་ཡིན་ཏེ་ཡོནྟ་ཐཾད་རང་ལ་གནསོ།། ཐིག་ལེ་ཡིན་ཏེ་རྒྱ་མ་ཆང་ཕྱོགསུ་མ་ལྷུང་ངོ་།། ཡིད་བཞིན་ཡིན་ཏེ་མཚན་མ་རང་ས་ར་གྲོལ་ལོ།། ཞེས་གསུངས་སོ།། རྡོ་རྗེ་སེམས་དཔའ ་ཅན་གྱི་རྒྱུད་ལས། རིན་པོ་ཆེ་འོད་ཀྱི་ཐིག་ལེ་ལ་ངོ་སྤྲད་པས་ཚོགས་དྲུག་ལྷུག་པའི་གདམས་པའི་ལེའུ་སྟེ་གསུམ་པའོ།། ། ཡང་བཀའ་སྩལ་པ། རིག་པ་དབུགས་མེད་ཀྱིས་ཐིག་ལེ་ལ་ངོ་སྤྲད ་པ་བསྟན་པ་ནི།། སྔོན་ཙམ་ན་དྲང་སྲོང་དྲི་མ་མེད་པའི་གྲོང་འཁྱེར་ཤེལ་གྱི་མཆོད་རྟེན་གཅིག་ཡོད་དེ། འོད་ཀྱི་ཕྱོགས་ཐམས་ཅད་ཁྱབ་པ་གཅིག་ཡོད་པ་ལས། དྲང་སྲོང་དེའི་ཡུལ་མིས་འོད་ལ་ལྟ་ལྷ་ནས།། ཤེལ་གྱི་མཚོན་མ་མཐོང་ཟེ། ་ཏེ། མིག་བརྡུལ་ལམ་དེ་ཇི་ལྟར་ཡིན་ཏེ་ངོ་མཚར་ཆེ།། དེ་ནས་རི་རབ་ཏུ་སོང་བ་ན། དྲང་སྲོང་དེའི་ཉེ་གནས་པ་གཅིག་བྱུང་ནས།། མན་དེ་ཡུལ་མི་ཀུན་ལ་བསྟན་པས་དེ་ཕན་ཆད་མནོན་མཐོང་བས་འོད་ཟེར་ཐད་མཚོན་ལ་ཚུར ་འདུས་སོ།། རིག་པ་དབུགས་མེད་ཆེན་པོའི་ཐིག་ལེ་ལ།། རིག་པ་ཆོས་མེན་གྱིས་ཡིས་ལས།། འགྱུ་བ་ཕྱོགས་མེད་དུ་ཤར་བ་ལས།། སྣང་བ་འགག་པ་མེད་པ་ལ་ཡིན་པས་སྒོམ་སྒྲུབ་དགེ་བའི་རྩ་བ་ཅི་བྱས་ཀྱང་ཡུལ་ཡན་པ་ཡིན་ཏེ ་དངོས་ཆོས་ཅན་ལས་མ་འདས་སོ།། རིག་པ་དབུགས་མེད་ཀྱི་ཐིག་ལེ་དེ་སྒོམ་སྒྲུབ་འདུས་བྱས་ཀྱིས་ཆོས་དང་ཚོགས་གཉིས་རྫོགས་པ་ནི་མ་ཡིན་ཏེ།། དུས་ཐད་དུ་ཆོས་ལས་འདས་པའི་སྐུ་ཡིན་ནོ།། འབྱུང་བ་ཆེན་པོ་ལྔས ་མི་བསྐྱེད་པས་རྒྱུ་མ་བསྐྱེད་པ་ཡིན་པས་ན།། ཆོས་ལས་འདས་པའི་སྐུ་ཡིནོ།། དུས་གསུམ་དུ་བདེ་བར་གཤེགས་པ་ཐད་པས་ཅད་པས་སྔ་བས་རིགས་ལྔ་ལ་སོགས་པའི་སངས་རྒྱས་ཐ~ཾད་ཀྱི་སྟོང་མ་ནུས་པས་རང་སྣང་བའི་ཐིག ་ལེ་ཡིན་ནོ།། དུས་གསུམ་དུ་ཆུ་བོའི་བརླབས་ཀྱི་ཁྱེར་མ་ནུས་པས་རྒྱུ་རྐྱེན་གྱི་ཕན་གནོད་མ་ནུས་པ་ཡིན་ནོ།། སེམས་ཀྱི་གཏན་ལ་མ་ཕེབས་པས།། སེམས་ལས་མ་བྱུང་བའི་ཡེ་ཤེས་ཡིན་ནོ།། མ་རིག་པ་ཡོད་རྣམས་ཤེས་པག ་གས་འདུས་ནས་ཀུན་གཞི་ཞེས་བྱ་བ་དབུགས་ཅན་ཡིན་ཏེ་ཀུན་བཞི་ཆོས་ཅན་ཡིན་ནོ།། སྐྱེ་འཇིག་ཅན་ཡིན་ནོ།། དེས་ན་གཞི་དུས་ཐ~ཾད་དུ་གནོད་པ་བསྐྱལ་ལོ།། རིག་པ་དབུགས་མེད་ལ་ཕན་གནོད་རྩིར་མི་བཏུབ་བོ།། ་ཅི་ཏེ་རྐྱེ་མཁར་མི་སྣང་བའི་ཕྱིར་རོ།། ཞེས་གསུང་སོ།། རིག་པ་དབུགས་མེད་ཀྱི་ཐིག་ལེ་དང་སེམས་དབུགས་ཅན་དུ་ངོ་སྤྲང་བའི་ལེའུ་སྟེ་བཞི་པའོ།། །། ཡང་བཀའ་སྩལ་པ། ་རིག་པ་འོད་ཀྱི་ཐིག་ལེ་བསྟན་པ་ནི།། པདྨ་འདབ་མའི་སྟོང་དང་ལྡན་པའི་ཡུ་བ་ལ་ཉི་ཟླ་གཉིས་ཁ་སྤྲད་ནས་ཉལ་བས་བར་ནས་གཟའ་ལྷག་པ་གཅིག་བྱུང་ནས་བར་སྣང་སྟོང་པ་བསྐོར་བས།། དུས་རེར་ཐང་དུ་ཉིན་མོ་དང ་མཚན་མོ་ངོ་མ་ཤེས་པ་གཅིག་གིས་སྣང་བ་ཅིག་བྱུང་ངོ་།། དུས་ཐ~ཾད་ཀྱི་མུན་པ་སྐད་གཅིག་མ་འདངས་ཏེ།། འོད་ཀྱི་གདངས་ལ་མ་འདས་པ་གཅིག་བྱུང་ཟེར་བ་དེ་ཡ་མཚན་ཆེ།། རིག་པ་སྐྱོན་མེད་ཀྱིས་ཡིས་ལ་འོད་ཟེར་གྱི ་ཕུང་པོ་ཕྱོགས་ཐམས་ཅད་དུ་འཕྲོ་ཡོ།། དེའི་རྩ་བ་ཐབས་ཤེས་རབ་ཟུང་དུ་འབྲེལ་པ་ལྷག་མཐོང་རང་རིག་པའི་ཡེ་ཤེས་ཀྱི་རྒྱན་པ་གཅིག་པོ་ཤེས་པས་ཆོག་པར་བསྟན་ཏེ། དེ་ལ་ངོ་སྤྲ་ར་སྣང་གྲགས་ཀྱི་ཆོས་ཀྱི་སྒོ་མོ་བརྒྱད ་ཁྲི་བཞི་སྟོང་ཐམས་ཅད་རིག་པ་འོད་ཀྱི་ཐིག་ལེར་འདུས་ཏེ། དེ་ཡང་ཐབས་ཤེས་རབ་ཏུ་འདུས་ཏེ། དེ་ཡང་ཟུང་དུ་འབྲེལ་པར་འདུས།། དེ་ཡང་ལྷག་མཐོང་ཁོ་ནར་འདུས།། ལྷག་མཐོང་སུ་བསྒོམ་སུ་ལྷ་སྤྱོད།། འབྲས་བུ་ཐོབ་པར་འདོད་ན་འདོད་མཁན་འཕྲུལ ་གྱིས་འདོད་མཁན་འཕྲུལ་བསྒོམ་མཁན་འཕྲུལ་པ་ལས།། འོ་ན་གཞན་དུ་འཕྲུལ། མི་སྒོམ་སྒོམ་ན་མཉམ་པ་ཉིད་ལས་གོལ། མི་ལྟ་བསྟས་ན་རིག་པ་ལ་ཞེ་འདོད་འོང་བས་གོལ།། མི་སྤྱོད་སྤྱད་ན་དམིགས་བྱ་བྱུང་བས་གོལ།། ་འབྲས་བུ་མི་འདོད་འདོད་ན་རང་མ་ཡིན་པས་སྐྱོན་དུ་ཆེ་བས་གོལ། རོ་དོགས་ཀྱི་རྟ་ལ་ཉམས་མྱོང་གི་བཅག་གིས་བྲབས་པས།། བརྩོན་འགྲུས་ཀྱི་མདུད་པ་མངོན་དུ་བཏང་ནས།། ཐིག་ལེ་ཡང་པའི་བྱེ་ཐང་ལ།། ཕྱོགས་རིས་སུ་གཅད་པའི ་ཐང་ཁ་ལ།། ཕྱིན་ཏེ་བོར་བས་རང་སྡུག་རྟ་ཆང་ནས་ལམ་ཁར་ཤི་ནས་དུར་རྒྱག་མེད་པར་མཆིའོ།། རིག་པ་འོད་ཀྱི་ཐིག་ལེ་སྒོམ་ཡེ་ནས་ཤར་བས།། ཡུལ་སྣང་དུ་མ་གྲུབ་པས་མི་སྤྱོད་རང་ཡིན་པས་འབྲས་བུ་མི་འདོད་ཆོས་མིན་གྱི་སྐུ ་ལ་བོགས་མི་འབྱིན།། དབྱུང་དུ་འབྱུང་མྱེད་ཡོད་ན་ཐུགས་མེད་དོ།། ཅེས་གསུངསོ།། རིག་པ་འོད་ཀྱི་ཐིག་ལེ་རང་གྲོལ་དུ་སྟོན་པའི་དབུགས་མེད་ཉག་གཅིག་དགོངས་པའི་མཆོག། ལྟ་རུ་འདོད་ན་རྣམ་པར་དག། སྒོམ་དུ་ཟླ ་ཡུལ་ལས་གྲོལ།། སྤྱང་དུ་གཉིས་སྣང་མཐའ་ལས་འདས།། འབྲས་བུ་ཐོབ་ཏུ་ཡེ་ནས་གཏོར་བྲལ་མེད།། སྣང་སྲིད་ཁྱུར་གྱི་མིང་དུ་གྲེ་བ་མེད།། འགྲོ་དྲུག་ག་ཡང་གཅད་དུ་ཡུལ་སྣང་ཉག་ཅིག་པོ་ལ་ཡེ་ནས་ཞེན་པས་འདོད་རྒྱུ་མེད།། ་བལ་ནག་ཡེ་ནས་རྣག་པ་ལ།། ནག་པོ་འཕྲལ་ལ་སྒྲུབ་རྒྱུ་མེད། ཡོད་ན་ནག་པོ་ཡིན་པར་ཐལ།། ཐ་སྙད་ཚིག་གི་མཚོན་དུ་མེད། ཐ་སྙད་ཉག་ཅིག་དང་དུ་གཏོར་ཅེས་གསུངསོ།། རྡོ་རྗེ་སེམས་དཔའ་ཅན་གྱི་རྒྱུད་ལས། ་རིག་པ་འོད་ཀྱིས་ཐིག་ལེ་ལ་ངོ་སྤྲད་པས།། ཉག་གཅིག་རང་སྣང་དུ་བསྟན་པའི་ལེའུ་སྟེ། ལྔ་པའོ།། ། ཡང་བཀའ་སྩལ་པ། རིགས་ཀྱིས་བུ་འཁོར་འདས་ཐིག་ལེ་རང་བསལ་བསྟན ་པར་བྱ། ཞེས་གསུངས་ཏེ།། འཁོར་འདས་ཐིག་ལེ་བརྡའ་བསྟན་པ།། ཨུ་རྒྱན་གྱི་ཡུལ་འདི་ན་ནགས་འོད་མའི་ཚལ་ཞེས་བྱ་བ་ཀ་ཡིན།། ཕ་བོང་ནག་པོ་གནམ་བབས་ཀྱི་འོག་ན། མཁའ་འགྲོ་མཚོ་སྐྱེས་རྡོ་རྗེ་ཞེས ་བྱ་བ།། སྤྱན་མིག་གཡས་པའ་ཆོས་ཉིད་འཁྲུལ་གྱི་ལོང་དུ་འབར་རོ།། སྤྱན་མིག་གཡོན་པ་རང་བྱུང་འཁྲུལ་གྱི་མེ་ལོང་དུ་འབར་ཏེ། མཁའ་འགྲོ་མ་གཞན་གྱི་བལྟས་པའི་ཚེ།། རེས་གང་མཐོང་རེས་གང་མཐོང་ལོ།། ་མོ་རང་གིས་བལྟས་ཙམ་ན་རེས་གང་ལ་ལྷ་རིས་གང་ལ་ལྟ། གོང་མ་ལ་བསྟས་ཙམ་ན་སྣང་སྲིང་ཐིག་ལེ་གཅིག་ཏུ་མཐོང་།། འོག་མ་ལ་བསྟས་ཙམ་ན་འཁོར་བའི་སྣང་བ་མཐོང་། བསྣོལ་མར་གཅིག་གིས་ནང ་དུ་གཅིག་ལ་བལྟས་ཙམ་ན།། འདུག་པ་གཉིས།། འདུག་པ་ལ།། མོས་སུ་དབྱེར་མ་ཕྱེད་ནས། ཅི་གཙུག་ཡིན་ཐེ་ཙོམ་ཟོས།། རེས་ཐིག་ལེ་ཉག་གཅིག་བདེན་པ་ཀ་འདྲ།། རེས་འཁོར་བ་བདེན་པ་ཀ་འདྲ།། ་རེས་གཉིས་ཀ་བདྲེན་པ་འདྲ་ནས་ཐེ་ཙོམ་ཟོས་པས་དུས་ནམ་ཞིག་ན།། ཨུ་རྒྱན་གྱི་ཡུལ་གྱི་ཤར་ཕྱོགས་ན། རི་མཁའ་ལ་མེ་འབར་གྱི་གནས་ན། དུར་ཁྲོད་ཀྱི་བདག་མོ་ལྔའི་ཙོ་མོ་མེ་ལོང་གདོང་ཞེས་བྱ་བ་གཅིག་བྱུང་ནས།། མོ་ལ་ཁྱོད་ཐེ ་ཚེམ་ཟོས་པ་བདེན་ནོ།། དེ་ཅིས་ལན་བྱས་པས་མེ་ལོང་གདོང་ན་རེ། ཁྱོད་རང་ལ་མེ་ལོང་གཉིས་ཡོད་པས་ལན།། པ་ཡི་བྱད་ལ་མེ་ལོང་གཅིག་ལས་མེད་པས་ང་ནི་ཐེ་ཚོམ་མི་ཟ། ངའི་མེ་ལོང་ལ་ཁྱོད་བལྟོས།། ཁྱོད་ཀྱི་མེ་ལོང་ལ་ངས ་བྱས་པས།། ཁྱོད་ཀྱི་མེ་ལོང་ལ་ངས་ལྷ་ཡི་བྱས་པས། རུང་ཟེར་ནས་ལྟ་རེས་བྱས་པས། མེ་ལོང་བ་གདོང་གིས་ལྟས་པས།། མེ་ལོང་གཉིས་པོ་ཟིལ་གྱིས་མནན་ནས།། མེ་ལོང་གཅིག་ཏུ་གྲོལ་བར་མཐོང་།། མཚོ་སྐྱེས་ཀྱི་ལྟས ་བས་མོའི་མེ་ལོང་གཅིག་པོ་དེའི་ན་པན། མོའི་མེ་ལོང་གཉིས་ཀ་འདུག། མོའི་མེ་ལོང་གཉིས་པོར་མོའི་མེ་ལོང་གཅིག་མི་ཤོང་བར་འདུག་པར་མཐོང་ནས།། མེ་ལོང་གཅིག་པོ་བླངས་ནས་བྱིན་ནས།། ཕྱིས་མོའི་མེ་ལོང་གཉིས ་བོ་མི་དགོས་ཟེར་ཏེ། ངོ་ཚར་ཆེ་ཏེ། འཁོར་འདས་གཉིས་པོ་ལྟོས་ཆོས་ལ།། ལྟོས་ཆོས་ཆོས་མེད་ཐིག་ལེ་ཟང་ཐལ་སྐུ།། ཐབས་དང་ཤེས་བདག་ལ་རྟེན་བཅས་ནས།། གཉིས་སྣང་ཡོད་དོ་ཟེར་བ་སྙིང་རེ་རྗེ། ་བྱ་བྲལ་ཡུལ་མི་རྟེན་ཟང་ཐལ་སྐུ།། ཕྱི་ནང་མེད་པའི་ཟང་ཐལ་དོན་གཅིག་མ་རྟོགས་ན།། ཐེ་ཚོམ་ཟོས་ནས་འཁོར་བས་འཁྱམས་པར་མཆིའོ།། ཆོས་ལ་མ་རྟེན་ཤེས་རབ་བདག་མེད་སྐུ། དབྱེར་མེད་ཟང་ཐལ་ཆེན་པོ་མ་ཤེས ་ན།། རྟོག་སྒོམ་ཆོས་སྐུ་འདོད་པས་དོན་མི་རྙེད།། རྣོན་པོ་མེད་པར་ཤེས་རབ་ཟང་མའི་སྐུ།། རེ་དོག་མེད་པའི་ཤེས་རབ་མ་རྟོགས་ན།། ཕྱོགས་ལྷུང་རྒྱ་ཆད་ཡུལ་དུ་སོང་བར་མཆི།། ཞེས་གསུངསོ།། རྡོ་རྗེ་སེམས་དཔ ་སྤྱན་གྱིས་རྒྱུད་ལས། འཁོར་འདས་ཐིག་ལེ་འོད་གསལ་དུ་བསྟན་པའི་ལེའུ་སྟེ་དྲུག་པའོ།། ། ཡང་བཀའ་སྩལ་པ། སངས་རྒྱས་འོད་གསལ་ཐིག་ལེ་བསྟན་པ་ནི།། ཨུ་རྒྱན ་གྱི་ཡུལ་གྱི་བྱང་ཕྱོགས་ན། མཁའ་འགྲོ་མ་རྡོ་རྗེའི་འོད་ཟེར་ཞེས་བྱ་བ་གཅིག་ཡོད་པ་རེ་ལ། ནོར་བུ་སྒྲེ་སྦྱང་ནག་པོ་གཅིག་ཡོད་དེ་དེ་ནི་མེའི་རྟ་ཡིན་ནོ།། དུས་ནམ་ཞིག་མོས་ཙནྡན་གྱིས་ཕོ་བྲང་དུ་ཕྱིན་ནས། ་མཁའ་འགྲོ་མའི་ཚོགས་ལྟར་ཕྱིན་ནས།། ཙན་དན་གྱི་སྲེབ་སླབ་པས། རྟའི་མིག་ལ་ཙན་དན་གྱི་ཚེར་མ་གཉིས་ཟུག་ནས་རྟ་ཤི་མོ་རང་ཐང་སྟོང་པ་ལ་ལིས་ནས།། མོ་རང་གི་གནས་ནས་ནི་འཕགས།། ། མཁའ་འགྲོ་མའི ་གསྲེབ་ཏུ་མ་སྲེབ་ནས་ཡོད་པ་ལ།། སྔུན་དུ་བ་དུང་ཧ་ལི་ནག་པོ་བྱུང་ནས།། གཟའ་བྱས་པས་བུ་ཁྱེའུ་དྲུག་བུ་མོ་དྲུག་ཏེ་བཅུ་གཉིས་ཞག་ཅིག་ལ་སྐྱེས་ཏེ། ཧ་ལིང་ནག་པོ་དང་མོ་གཉིས་ལ་དབོགས་པའི་ནོར ་མེད་ནས། དྲུག་རྡོ་རྗེ་གདན་གྱི་སྟེང་དུ་སྤྲུག་པས།། དྲུག་འོག་ཀླུའི་ཡུལ་དུ་སྤྱུག་པས། སྟེང་དུ་འོང་མ་ནུས་འཐུར་ལ་བབ་མ་ནུས་པ་དེ་ཡ་མཚན་ཆེའོ།། རྡོ་རྗེ་ལྟ་བུའི་ཐིག་ལེ་ཆོས་མེན་སྐུ། འོད་ཟེར ་ཕྱོགས་བཅུ་ཀུན་ཏུ་འཕྲོ་བ་ལ།། མ་རིག་དབང་གིས་ཡེ་ཤེས་དྲི་མེད་བསྲུབས།། འདོད་ཆགས་ཞེ་སྡང་གཉིས་སུ་འདུས་པ་ལས། དུག་དྲུག་ཡུལ་དྲུག་དག་གིས་སྣང་བ་ཤར།། ངན་འགྲོ་རྣམ་གསུམ་རྣམ་པ་གསུམ་དུ་ཆད།། མཐོ་རིས ་རྣམ་གསུམ་སྣང་བ་གསུམ་དུ་ཆང་།། འགྲོ་དྲུག་སྣང་བ་ལོགས་ན་མེད་དེ་རང་གིས་བསྒོས།། ཐིག་ལེ་ཆོས་མེན་སྐུ་ཡི་ཀློང་དེ་རང་གིས་བསྒྲིབས།། འོད་གསལ་ཟང་ཐལ་ཡོད་པ་མ་རིག་པས།། དུག་ལྔའི་ཐང་ལ་ཐར་པའི་དུས་ཀྱང ་མེད།། སངས་རྒྱས་སེམས་ཅན་འཁྲུལ་པའི་ཐིག་ལེ་ཡིན།། རང་འཁྲུལ་ཤེས་པས་རང་གྲོལ་མ་ཤེས་ན། སེངྒེའི་མིག་གཞི་མ་རྒྱུན་དུ་མི་གདོད་པ།། ལས་ཀྱི་ལུས་བླངས་གར་འགྲོ་ཤེས་སམ་བྱ་བྲལ་ཡུལ་ལ་ཀུན་ཏུ་རྒྱུག། ་འབྱུང་བ་རང་བྱུང་ཡིན་ཏེ་སྤྲིན་གྱིས་ན་མཁའ་བསྒྲིབས།། རྒྱ་མཚོའི་ཁ་རུ་དར་ཆགས་འདྲ་བར་འཁྲུལ།། གདོད་པས་གདུངས་པས་ཕྱེ་ལེབ་མེས་ཚིག་འདྲ།། འགྲོ་དྲུག་གཡངས་ལ་རྟག་ཏུ་རྣམ་རྟོག་ལྷུང་།། ཉམས་མྱོང་སྐྱེས ་ཏེ་བཟོད་པའི་གླགས་མེད་ན།། རྣམ་པར་སྨིན་པའི་ལུས་དེ་ཡང་བོར་ཡང་ལེན་ན། བོར་བས་མ་ཕན་བག་ཆགས་རྟགས་པས་ལན།། བག་ཆགས་འཁྲུལ་པར་འོང་བ་ཅི་ལས་སྤྲོས།། ནམ་མཁའ་སྤྲིན་དང་འདྲ་སྟེ་ཡང་ང ་ཡང་དུ་དགོས།། ཞེས་གསུངསོ།། རྡོ་རྗེ་སེམས་དཔའ་སྤྱན་གྱི་རྒྱུད་ལས། སངས་རྒྱས་འོད་གསལ་འཁྲུལ་པའི་ལེའུ་སྟེ་བདུན་པའོ།། ། ཡང་བཀའ་སྩལ་པ། འཕྲུལ་པ་ཡིན་པས་གྲོལ ་བར་བསྟན་པ་ནི། ཨུ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན།། མཁའ་འགྲོ་རྡོ་རྗེ་འོད་ཟེར་སྐྱོང་གིས་འཁྱམ་དུ་ཕྱིན་པ་ལ།། ལམ་ཀ་ན་མེ་ཏོག་ལེགས་པ་གཅིག་དང་ཕྲང་ནྡ།། མོས་སྙིང་དུ་སྡུག་གྲགས་ནས། འཚོ་སན་ཕན་སྙམ ་ནས་ཆོས་པས་དེ་མ་ཐོག་ཏུ་མོ་ནད་ཀྱིས་ཐེབས་སོ།། དེར་མོས་ཁྱིམ་དུ་འོངས་ནས་ཟླ་མོ་ལ་ངན་བྱས་པས། སྨན་པས་རྩལ་ལོ།། སྨན་པ་བརྒྱད་ཡོད་ནས། རིམ་པ་ཀས་སྟན་པས་སོ་ཤི་ཤ་མདངས་མ་ཕྱེད་དོ། ་དེ་ལས་རིང་བ་ནས་སྨན་པ་དེ་ཚོ་ཡི་ཡང་མེས་པོ་གཅིག་ཡོད་ནས་བཀུག་ནས་བསྟན་པས། སྨན་པ་དེ་ན་རེ། ཁྱོད་ཀྱིས་ཟོས་པའི་མེ་ཏོག་དེ་ལྟ་བུ་གཅིག་ཚོལ་གཅིག་ཟེར་ནས། གཞན་གྱིས་མ་རྙེད་ནས། མོ་རང་གིས་འགོགས ་ཏེ་ཕྱིན་པས། སྔ་ནའི་ས་ནས་མེ་ཏོག་ཟོས་པ་དེ་ལ་ཡང་གཅིག་སྐྱེས་ནས་འདུག་ཁྱེར་འོངས་པས་སྨན་པ་ལ་ནི་འདི་དུག་ཡིན་པས། སྤྱང་ལོག་དགོས་ཟེར་ནས་དེ་མེན་གྱི་དུག་ཀྱང་སྦྱར་ནས་གཏང་བས།། འདི་གཏང་ན་ང་འཆི་སྨན་པ ་དེ་མིན་ཀུན་མཁས་པར་འདུག་ཁྱོད་ཀྱིས་མི་འོད་ཟེར་རོ།། འོ་ན་ངའི་ཚ་བོ་བས་ང་མཁས་ཀྱིས་དུག་འདི་ལ་དུག་གཅིག་འཐུང་དང་ཕན་གདེགས་གིས་ཁྱོད་ཤི་ན་ཡངང་ཡང་ལྡེབ་ཀྱིས་བྱས་ནས། རུང་ཟེར་ནས་དུམ ་ས་མདྲངས་པས་མ་དང་། བདེནས་ཡིད་ཅེས་སོ།། དེར་ཡོད་ཚང་འབྱུང་བས་གང་ཅིམས་ལ་པོས་། དོརྗེ་སུས་བཞིན་དུ་གྱུར་ཏེ། འདི་ངོ་མཚར་ཅི།། འཁྲུལ་པ་རང་གིས་རང་གྲོལ་མ ་ན། གཞན་གྱི་གྲོལ་བར་ཅི་ལ་ནུས།། སྐྱེ་མེད་རང་བྱུང་རང་གྲོལ་མ་ཤར་ན། རྒྱུ་རྐྱེན་འདུས་པའི་འབྲས་བུ་འཆིང་བར་འགྱུར། དཔེར་ན་ཁྱི་ཁུ་འབྱིན་དང་མཚུངས། ཐེག་བརྒྱད་སྤང་བླང་ཆོས་ཀྱི་འབྲས་བུ་འབྱིན་མི་རུས་ཀ་འོད་རྗེ ་གཅིག་ཐོབ་པ་འདྲ་ཡང་འདུས་བྱས་འབྲས་བུ་ཡིན་། འདུས་བྱས་འབྲས་བུ་བརྒྱན་རྩན་འདྲ་ཏེ་ཡོང་མི་ཅན། རང་གྲོལ་འུབ་ཆུབ་འབྲས་བུ་མ་རྟོགས་ན། ཕྱོགས་རྟོགས་ཙམ་གྱི་ཡང་དག་ཏོན་མི་རྙེད། འཁྲུལ་པ་ཕྱོགས་མེད་ཤར་བའི་སྡུག ་བསྔལ་རྣམས། རང་འཁྲུལ་རང་གྲོལ་ཉིད་དུ་མ་ཤེས་ན། མཚན་མ་ལམ་པའི་ཆོས་ཀྱིས་འཁྲུལ་པ་ཅི་ལ་བཟློག། བག་ཆགས་ཙམ་ཟློག་པ་དང་འདྲ་སྟེ་གཉེན་པོ་རྟེན་པ་ཡིན། གཉེན་པོ་མ་རྟེན་འཁྲུལ་པའི་ཁ་ན་འདུག། ཡིད་སྨོན་བློ ་ཆུང་རྣམས་ལ་རྫོགས་ཆེན་མི་ཤོང་སྟེ། ཐབས་དང་ཟུར་རྩི་རྫོགས་ཆེན་མ་བསྟན་ན། དོགས་ལ་ནས་སོན་སྙིང་རྗེ་བས། ཐབས་དང་ཟུ་ཀྱི་དབང་པོ་ཆུག་གིན་སྟོན། འདུས་རྫས་དགེ་ཙ་བསམ་གྱི་མི་ཁྱབ་བྱས་པ་བས། སྐར ་ཅིག་རྫོགས་ཆེན་རྣ་བར་གྲགས་པས་ཆར་མི་ཕོད། ཅེས་གསུངསོ།། རྡོ་སེམས་དཔའ་ཅན་གྱི་རྒྱུད་ལས་ཐད་རང་གྲོལ་ཏུ་བསྟན་པས། སངས་རྒྱས་མངོན་དུ་གྱུར་པ་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། ་འབྲས་བུ་རང་གྲོལ་བཀའ་སྩལ་པ། ནོང་བུ་རིན་པོ་ཆེད་དེ་མི་གཅིག་གི་རྐེད་པ་དང་འདྲའོ།། དགྲག་མེད་རིག་པ་ཆོས་མེན་སྐུ། ཐིག་ལེ་ཡེ་ཤེས་སྐུ་ལ་བད་རྡོཀྐ། རང་གྲོལ་ནོར་བུ་རིན་ཆེན་རྙེད་པས་རྫས་ལ་ཡིད་མི་སྨོན། ཐིག་ལེ་ཆོས ་ཆེན་ཤེས་པས་འབྲས་བུའི་འདོད་མེད།། ཅེས་གསུང་སོ།། རྡོ་སེམས་དཔའ་སྤྱན་གྱི་རྒྱུད་ལས་འབྲས་བུ་རང་གྲོལ་དུ་བསྟན་པས་རྗེསུ་ཡིད་རང་ངོ་།། རྡོ་རྗེ་སེམས་དཔའི་རྒྱུད་ལས་ལེའུ་དགུ་པའོ།། ་རྫོགས་སོ།། རྒྱམ ་