CLOSE WINDOW

Gbr006.28: phyi nang gsang ba gsum gyi yang zhun thig le 'dus pa
Wyliee-texts produced with BDRC’s OCR application

ཕྱི་ནང་གསང་བ་གསུམ་གྱི་ཡང་ཞུན་ཐིག་ལེ་འདུས་པ་བཞུགས ་ཕྱི་ནང་གསང་བ་གསུམ་གྱིས་ཡང་ཞུན་ཐིག་ལེ་འདུས་པ། སངས་རྒྱས་འོད་དཔག་ཏུ་མེད་པ་དང་། འོད་བསྲུང་དང་མར་མེ་མཛད་གསུམ་གྱིས་དགོངས་པ་གཅིག་ཏུ་བསྟན ་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་བསྡུས་པ་ཐིག་ལེ་འདུས་པའི་རྒྱུད་ཅེས་བྱ་བ། འཁོར་བ་རྒྱ་ཐེག་ཏུ་བསྟན་པའི་ཕྱིར། ཐོག་མའི་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ།། ་རྒྱུད་ཐམས་ཅད་ཀྱི་སྙིང་པོ། ལུང་ཐམས་ཅད་ཀྱི་རྩ་བ། མན་ངག་ཐམས་ཅད་ཀྱི་ཉིང་ཁུ། གསང་བ་བས་ཀྱང་གསང་བ། ཀུན་ཏུ་བཟང་པོ་མ་འཁྲུལ་པའི་དགོངས་པ། གཞིའི་འདུག ་ཚུལ་འཁོར་དོང་སྔགས་སུ་བསྟན་པ། རྒྱུད་ཉི་ཤུ་རྩ་ལྔའི་རྩ་བ།། མན་ངག་གསུམ་བརྒྱ་རྩ་གཉིས་ཀྱི་རྩ་བ། ཕྱི་ནང་གསུམ་གྱི་ཡང་ཞུན། ཐིག་ལེ་འདུས་པས། སངས་རྒྱས་འོད་དཔག་ཏུ ་མེད་པ་འོད་བསྲུང་དང་། མར་མེ་མཛད་གསུམ་གྱི་དགོངས་པ་གཅིག་ཏུ་བསྟན་པ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། ཐིག་ལེ་འདུས་པའི་རྒྱས་རྒྱུད་ཟེར་ཞེས་བྱ་བ་འཁོར་རྒྱ་ཐེག་ཏུ་བསྟན་པའི། ་ཕྱིར། སྒྲུབ་པ་མ་ཧཱ་ཡོག་ལ་ངོ་སྤྲད་པ་དང་། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་དང་། མན་ངག་ཨ་ཏི་ཡོ་ག་ལ་ངོ་སྤྲང་པ་དང་། ཡང་དག་པའི་མན་ངག་ཐིག་ལེ་འདུས་པ་ལ་ངོ་སྤྲད་པ་དང་། རྩ་དང་རླུང་ཐིག་ལེ་ངོ་སྤྲད་པ་དང་། བརྡའ་ངོ་སྤྲང་པ་དང་། ་འཁྲུལ་བཞི་ལ་ངོ་སྤྲད་པ་དང་། གནས་ལ་ངོ་སྤྲད་པ་དང་། ལྡོག་པ་ལ་ངོ་སྤྲད་པ་དང་། ལོག་པ་རང་གི་མཚན་ཉིད་ལ་ངོ་སྤྲད་པའོ།། རྩ་བ་མདོར་བསྡུས་པའི་ལེའུ་སྟེ་དང་པའོ།། ་ཐོག་མ་མེད་པའི་དུས་ཉིད་ན་གནས་མེད་ངོ་བོ་གཉིས་ཀྱི་གནས།། སྟོན་པའི་ལྷུན་གྲུབ་ཆེན་པོ་སྟེ། འཁོར་ནི་རང་གདངས་ཆེན་པོ་སྟེ།། བསྟན་པ་རང་ཤར་ཆེན་པོ་ལ།། ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དུ་གནས་སོ།། ངོ་བོའི་སྟོན་པ ་འོད་མི་འགྱུར་བ་ཞེས་བྱ་བ།། རང་གསལ་འརྡལ་ཁྱབ་འདུས་མ་བྱས་སུ་གན་སོ།། ཐུགས་རྗེའི་སྟོན་པ་མར་མེ་མཛད་ཅེས་བྱ་བ།། འབག་མེད་བརྡལ་ཁྱབ་འདུས་མ་བྱས་ལ་གནས་སོ།། རང་བཞིན་གྱིས་སྟོན་པ་འོད་བསྲུངས་ཞེས་བྱ་བ། ་གཉིས་མེད་བརྡལ་ཁྱབ་འདུས་མ་བྱས་ལ་གནསོ།། གཞི་གཏན་ལ་དབབ་པའི་ལེའུ་སྟེ། གཉིས་པའོ།། ། སྟོན་པ་གསུམ་ལ་སྲས་རྣམ་པ་གསུམ་འཁྲུངས་པ་ཡ་ཆ། སྤུན་གྲུབ་རླུང་ཆེན་མ་འགགས་པས། ་རིག་པ་རང་གསལ་ཆེན་པོར་བསྐྱོད།། སྟོང་པ་རང་གདངས་འོད་དུ་གཟུང་།། སྲས་གསུམ་དུས་མེད་རྟག་ཏུ་འཐབ་པ་ཡ་ཆ།། འབྱེད་པ་མེད་པའི་ཆོས་སྐུ་ལ།། སྐུ་གསུམ་སྣང་བ་གསུམ་དུ་ཤར།། སྐུ་གསུམ་རང་བཞིན་འདུག་ཚུལ་གཅིག་པ། ་ལ།། དུས་གསུམ་དབང་གིས་འཁོར་བར་ཁྱམས་པ་ཡ་ཆ།། སྲས་གསུམ་འགག་པ་མེད་པ་ལ།། རང་གདངས་ཡུལ་ལ་རྟོབ་ཤ་བྱེད་པ་ཡ་ཆ།། བརྡའི་ངོ་སྤང་བའི་ལེའུ་སྟེ། གསུམ་པའོ།། ་བསྒྲུབ་པ་མ་ཧཱ་ཡོ་ག་ལ་པོ་སྤྲད་པ་ནི།། སྣང་ལ་རང་བཞིན་མེད་པའི་སྐུ་མེ་ལོང་ལོག་ལ་ངོ་སྤྲད།། ཡུལ་གསལ་ལ་མ་འདྲེས་པ་ན་མཁའི་འཇའ་མཚོན་ལ་ངོ་སྤྲད།། ཐུགས་གཉིས་སུ་མེད་པ་ཆུའི་ཟླ་བ་ལ་ངོ་སྦྲད།། མ་ཧཱ་ཡོ་ག་ངོ་སྤྲོ། ་གསུམ་པོ་འདིས་ནི་མ་སྒྲུབས་པར་སངས་རྒྱས་པར་བསྟན་པའོ།། ལུང་ཨ་ནུ་ཡོ་ག་ལ་ངོ་སྤྲད་པ་ནི། འཛིན་པའི་རིག་པ་ཀུན་ཏུ་བཟང་པོ་ཡུལ་རང་གདངས་ནི།། སྐུ་བདེ་བ་འགག་མེད་དུ་ངོ་སྡང་བས་རྩོལ་བ་མེད་པར་སངས་རྒྱས་པའོ།། ་མ་ཧཱ་ཨ་ནུའི་ངོ་སྤང་བའི་ལེའུ་སྟེ་བཞི་པའོ།། ། མན་ངག་རྫོགས་ཆེན་ཁ་འཇམ་ལ་ངོ་སྤྲད་པ་ནི། རང་བཞིན་སྙུན་གྱི་གྲུབ་པའི་སྐུ་བརྡལ་ཁྱབ་ཆེན་པོ་ལ་བསྒོམས་དང་མ་སྒོམས་གཉིས་སུ་མེད་ཡེ་ཤེས་སངྱས ་ཆེན་པོར་བསྟན་ཀའོ།། མན་ངག་ཨ་ཏི་ཡོ་ག་ལ་ཁ་འཇམ་པོ་སྤྲད་པ་དང་།། ཡང་དག་པའི་མན་ངག་ཐིག་ལེ་འདུས་པ་ལ་ངོ་སྤྲོད་པ་གསུམ་ཏེ། རང་ཕྱིའི་སྣང་བ་ཐམས་ཅད་རང་བཞིན་གྱི་འོད་གསལ་བ་ཞེས་བྱ་གཞི་རང་གདངས་སུ་ངོ་སྤྲང་པ ་དང་། བསྒྲུབ་པ་མ་ཧཱ་ཡོ་ག་རྩོལ་སྒྲུབ་དང་། བྲལ་བར་བསྟན་པའོ།། རིག་པ་སྣ་ཚོགས་སུ་མ་འགགས་པས་ཡིས་ཀྱིས་ཙལ་ལས་མ་འདས་པར་ངོ་སྤྲད་པས་ལུང་ཨ་ནུ་ཡོ་ག་ལ་རྩོལ་སྒྲུབ་དང་བྲལ་བར་བསྟན་པའོ།། ཕྱི་ནང་སྣོད་བཅུ ་ཐམས་ཅད་འཁྲུལ་པའི་དུས་སུ་ཡིས་རྩལ་དུ་སྣང་ལ། གྲོལ་བའི་དུས་རྩ་ལ་སྣང་བ་ངོས་ཟིན་ལ། འཆི་ཀའི་དུས་སུ་ཡེ་ཤེས་ཁོང་གས་ལ་དུ་ཐིམ་ནས་སངས་རྒྱས་པར་བསྟན་པའོ།། འབྲས་བུ་བར་དོ་ཐོབ་དུས་མེད་པར་བསྟན་པས་ཐ~ཾད་རང་གྲོལ་རང ་སྣང་རང་སངས་རང་ཤར་གཉིས་འཛིན་ལས་འདས་ཏེ། རང་གྲོལ་བའི་སངས་རྒྱས་ཀྱི་དགོངས་པ་འདུས་ཅེས་བྱའོ།། ཡང་དག་པའི་མན་ངག་འདུས་པའི་ངོ་སྤྲང་པའི་ལེའུ་སྟེ་ལྔ་པའོ།། ། ་རྩ་དང་རླུང་དང་ཐིག་ལེ་ལ་ངོ་སྤྲད་པ་ནི། སེམས་ཅན་དྲན་ཤེས་ཙི་ཏྟའི་དཀྱིལ།། ཆོས་གསུམ་འོད་ཀྱི་ངོ་བོ་ཤར།། བསྐལ་པ་བར་མ་ལ་སངས་རྒྱས་འོད་བསྲུངས་ཀྱིས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའི་ཞལ་མ་འཇལ་བ་ཡ་ཆ།། རྩལ་ཡང ་ཕྱི་ནང་གསང་བ་གསུམ་ཏེ།། ཕྱི་ཆོས་ཉིད་རང་བྱུང་རང་གདངས་ཆེན་པོའི་རྩ་དང་།། ནང་རིག་པ་སྟོང་པའི་རྩ་དང་།། གསང་བ་ཐིག་ལེ་བརྟེན་པའི་རྩའོ།། རྒྱས་པའི་རྩལ་ཉི་ཁྲི་ཆིག་སྟོད་ཀྱང་།། བསྡུས་པའི་ངོ་སྤྲོད་གསུམ་དུ་འདུས།། རླུང་ལ ་ཡང་ཕྱི་ནང་ག་སུམ་སྟེ། ཕྱི་རླུང་ཐམས་ཅད་ནང་རླུང་སྣང་བ་ཡིན།། ནང་རླུང་ཐམས་ཅད་ཡིས་རླུང་གིས་རྩལ།། གསང་བའི་རླུང་ཆེན་ངོས་ཟིན་ན།། འཁོར་བ་དོང་ནས་སྤྲུགས་པ་ཡིན།། ཐིག་ལེ་ལ་ཕྱི་ནང་གསང་བ་གསུམ་སྟེ། ཕྱིའི་ཐིག་ལེ་རང་བྱུང ་ཡེ་ཤེས་ཡིན།། ནང་གིས་ཐིག་ལེ་རིག་པ་ཡེ་ཤེས་ཡིན།། གསང་བའི་ཐིག་ལེ་ཆོས་ཀུམ་མཁའ་ཁྱབ་ཡིན།། ཡང་གསང་ཐིག་ལེ་ཡིས་ཁོང་གསལ་ཡིན།། གནང་དུ་འཇིམ་པ་རིག་པ་ཡིས་ཡིན།། གཉིས་མེད་སྤངས་ཀྱིས་རྟོགས་པས་ཡིས ་རླུང་དུ་ཤེས།། གཟུང་འཛིན་གཉིསུ་སྤྲོས་པས་མ་རིག་རླུང་དུ་ཤེས།། རྩ་རླུང་ཐིག་ལེ་ལ་ངོ་སྤང་བའི་མཚན་མ་ལམ་པའི་རྩོལ་གྲུབ་ལ་མི་རྟེན་པའི་ལེའུ་སྟེ། དྲུག་པའོ།། ་སྟོན་པ་གསུམ་དུས་གཅིག་ལ་འཁོར་བར་འཁྱམས་པ་ཡ་མཚན་ཆེ།། བྱེད་པ་མེད་པ་གཏི་མུག་རང་བཞིན་གྱི་སྟོན་པ།། འགག་པ་མེད་པ་ཞེ་སྡང་ངོ་བོ་ཉིད་ཀྱི་སྟོན་པ།། རང་སྣང་ཆེན་པོའི་ཙལ་མི་འགག་པ་འདོད་ཆགས་ཐུགས་རྗེའི་སྟོན་པ། ་རྩལ་འགག་པ་མེད་པ་དུག་ལྔ།། ཐུགས་རྗེ་རོལ་པ་མ་འགགས་པ་འགྲོ་དྲུག་རང་བཞིན་ཆོས་སྐུ།། ངོ་བོ་ལོངས་སྐུ།། ཐུགས་རྗེ་སྦྲུལ་སྐུ། སྐུ་གསུམ་འཁོར་བར་འཁྱམས་ཀྱང་། སྙིང་པོ་ལ་འགྱུར་བ་མེད་པར་གནས་སོ།། གནས་ལུགས་ལ་ངོ ་སྤང་བའི་ལེའུ་སྟེ། བདུན་པའོ།། ། བསྐལ་པ་ཐ་མ་ལ་གསུམ་གྱི་ཐབས་པས་སྐད་ཅིག་ལ་འཁྱམས་པ་ཐམས་ཅད་ཀྱི་སྲོག་དུས་གཅིག་ཏུ་གཅད་ནས། མི་ཆེན་གྱི་སྲེགས། རླུང་ཆེན་གྱི་རྒྱུག་པ་དེ་ཡ་ཆ། ་ཡེ་ཤེས་ཆེན་པོའི་སྨན། གཉིས་འཛིན་མེད་པའི་རང་གསལ་ཆོས་ཀྱི་སྤྱན་པར་ངོ་མེད་པའི་རང་གདངས། ཐབས་དང་ཤེས་རབ་ཀྱི་སྤྱན་ཅི་སྣང་ཅིར་འཛིན་གྱི་ཡིས། མ་བསྒྲུབས་མ་བཙལ་ཡེ་ཡིན་པའི་སྤྱན་གསལ་ལོ།། སྤྱན་གསུམ་ལ ་སུ་གསུམ་པོ་སྤང་བ་ནི། ཡེ་ཤེས་ཀྱི་སྤྱན་ཆོས་བསྐུར་ངོ་སྤང་ཆོས་ཀྱི་སྤྱན་ལོང་སྲུར་ངོ་སྦྲང་།། ཐབས་དང་ཤེས་རབ་ཀྱི་སྤྱན་སྤྲུལ་པའི་སྐུར་ངོ་སྤང་།། ངོ་སྤང་བའི་མན་ངག་གིས་འདུག་ཚུལ་ནི།། ངོ་བོ་རང་བཞིན་ཐུགས། ་རྗེ་གསུམ་ལས་མ་འདས་པའོ།། སྤྱན་གསུམ་རང་ལ་གནས་པ་ནི།། སྤྱན་གྱི་ནི་རིག་པ་ཡིས་སྤངས་ཀྱིས་རྟོགས་པའོ།། ཆོས་ཀྱི་སྤྱན་ནི་སྒྲོ་འདོགས་སྤྱོད་པའོ།། ཐབས་དང་ཤེས་རབ་ཀྱི་སྤྱན་ནི་ཐམས་ཅད་རང་གི་འདུག་ཚུལ་གཅིག་པ་ལས ་མ་འདས་པར་ཤེས་པས་སྤྱན་གསུམ་ཁོང་དུ་ཆུད་པས་ཐེག་པ་རིམ་པ་བརྒྱད་ཀྱི་ཆོས་དང་།། མུ་སྟེགས་རྟགས་ཆད་དང་། རྫོགས་ཆེནཁ་འཇམ་གཞི་ལ་དགོངས་ནས་ལས་ཀྱིས་དབང་མི་བཙན་ཟེར་བ་ལ་ཤན་ཕྱེ་ཏེ། ཆོས་སྐུ་མཁའ་ཁྱབ ་དང་པ། སྤྱན་གསུམ་འདུག་ཚུལ་གཅིག་ཏུ་བསྟན་པས་གྲོལ་བ་མཐར་ཕྱིན་པའོ།། ལོག་པའི་ངོ་སྤྲང་བའི་ལེའུ་སྟེ་བརྒྱད་པའོ།། ། ལོག་པ་རང་གིས་མཚན་ཉིད་ནི།། འདས་པ་གསུམ་དུ་ངོ་སྤྲད་པ ་སྐུ་འདས་པ་ཡེ་ཤེས་ཁོང་གསལ།། ཡུལ་འདས་པ་ཆོས་ཀུན་མཁའ་ཁྱབ་དང་བ།། གཉིས་མེད་ལས་འདས་པ་ཐུགས་རིམ་པོ་ཆེ་མན་ཤེལ་དངས་པ་ལྟ་བུའོ།། སྟོན་པ་རྣམ་གསུམ་གྱི་འཁོར་བར་འཁྱམས་པ་ཚོར་ནས། ཆོས ་སྐུ་བརྩལ་བས་བསམ་སྡུག་ཀྱི་ལྷ་ཁང་དུ་སླེབས་ནས། འགྲོ་ས་མ་རྙེད་པ་ཡ་ཆ།། ཐོག་མའི་སྟོན་པ་འོད་མི་འགྱུར་བས།། གཅུང་གཉིས་པ་ལ་བོས་པ། ཀྱཻ་ཀྱཻ་གྲོགས་པོ།། བསམ་སྡུག་ཀྱི་ལྷ་ཁང་དུ་སླེབས་ནས་འགྲོ ་ས་ཉེས་པ་ཡ་ཆ།། ཆོས་སྐུ་མཁའ་ཁྱབ་དངས་པ་བཙལ་བས་མ་རྙེད་པ་ཡ་ཆ།། ཆོས་བསྒྲུབས་པ་འབྲས་བུ་སྟོར་བ་ཡ་ཆ།། བརྩོལ་བསྒྲུབས་བྱས་པས་དྲིལ་བརྔུབ་པ་ཡ་ཆ།། དེ་སྐད་ཅེས་བཀའ་སྩལ་པ། སྟོན་པ་འོད ་བསྲུངས་ཀྱི་ཞལ་ནས།། རང་རིག་རང་ཤར་ནས་ཆོས་ལས་འདས་པ་ཡ་ཆ།། ཡེ་ཤེས་ཁོང་གསལ་རྟོགས་པས་བསམ་དུ་མེད་པ་ཡ་ཆ།། ཆོས་སྐུ་མཁའ་ཁྱབ་རང་ཆས་ཡིན་པས་བཙལ་དུ་མེད་པ་ཡ་ཆ།། སྒྲུབ་པས་མ ་རྙེད་རང་ལ་ཡོད་པ་ཡ་ཆ།། ཡེ་ཤེས་རང་གྲོལ་དུ་ཤར་བས།། སྟོན་པ་གསུམ་དུས་གཅིག་ལ་རྩོལ་སྒྲུབ་ལ་མ་རྟེན་པར་སངས་རྒྱས་པ་ནི་ཡ་མ་གསུངསོ།། སྟོན་པ་མར་མེ་མཛད་ཀྱི་ཞལ་ནས།། ང་ནི་མཐའ་གཉིས་ཟད་པ་སྟེ། ་འབྱུང་བ་འོང་དུ་སྣང་བ་རང་གིས་གདངས་ཡིན་པས།། ཉོན་མོངས་བག་ཆགས་ཀྱིས་སྒྲིབ་པའི་མཐའ་གཉིས་ཟད་པ་ཡ་ཆ།། འཛིན་པ་ཡེ་ཤེས་ཁོང་གསལ་ཆེན་པོའི་རྩལ་དུ་ཤེས་པས།། ཤེས་བྱའི་སྒྲིབ་པའི་ལས ་གྱིས་མཐའ་གཉིས་ཟད་པ་ཡ་ཆ།། ཆོས་སྐུ་མཁའ་ཁྱབ་དངས་པ་རང་ཆས་ཡིན་པ་ཡ་ཆ།། ལས་ཀྱི་སྒྲིབ་པ་མཐའ་གཉིས་ཟད་པ་ཡ་ཆ།། ཕུང་པོ་བོར་ནས་དུས་ཀྱི་མཐའ་ཟད་པ་ཡ་མ།། བར་ངོ་མེད་པར་ཡེ ་ཤེས་ཁོང་གསལ་དུ་འཐིམས་པས་ལས་ཀྱི་མཐའ་གཉིས་ཟད་པས་ཡ་ཆ་གསུང་སོ།། སྟོན་པ་རྣམ་པ་གསུམ་གྱི་དགོངས་པ་བསྣུར་བའི་ལེའུ་སྟེ་དགུ་པའོ།། ། ་ཐམས་ཅད་རྩ་བ་རང་བྱུང་དུ་འདུས་པས་རྩོལ་ལས་འདས་པ་ཡིན།། ཡིས་ཁོང་གསལ་དུ་རྟོགས་པས་མཚན་མའི་ཆོས་ལས་འདས་པ་ཡིན།། ཚེ་སྐུ་མཁའ་ཁྱབ་ཏུ་འདུས་པས། འབྲས་བུ་མ་བསྒྲུབ། ་པར་སངས་རྒྱས་པར་བསྟན་པའོ།། ཕྱིའི་སྣང་བ་ལྷ་མོ།། བུམ་པ་བསྐྱེད་པའི་རིམ་པ་རང་སྣང་ཐོགས་མེད་དུ་ངོ་སྤྲང་པས་ཕྱིའི་དབ་ཐམས་ཅད་དུས་གཅིག་ལ་ཐོབ་པ་ཡིན།། མ་རིག་པ་ཁོང་གསལ་དུ་འདུས་པས་ཐབས་དང་ཤེས་ཀྱི་སྣང ་བ་གསལ་བས།། ཐབས་དང་ཤེས་རབ་ཀྱིས་དབང་སྐད་གཅིག་ལ་ཐོབ་པ་ཡིན།། གསང་བ་ཕྱི་ནང་མེད་པ་ཆོས་མཁའ་ཁྱབ་ཏུ་རྟོགས་པས།། གསང་བ་ཡིས་ཀྱི་དབང་སྐད་ཅིག་ལ་ཐོབ་པ་ཡིན།། དེ་བླ་མས་བསྟན་ནས ་མི་གོ་མི་སྲིད་པས་བསྟན་པས་ཚིག་དབང་རིན་པོ་ཆེའི་སྐད་ཅིག་ལ་ཐོབ་པ་ཡིན། དབང་གི་ལེའུ་སྟེ། བཅུ་པའོ།། །། རང་བྱུང་ཡེ་ཤེས་ཆེན་པོ་ལ།། རང་གདངས ་སྣ་ཚོགས་རིགས་ལྔར་སྣང་།། སྣང་བ་ཡིན་པར་ཐག་ཆོད་པས།། ལྷ་བསྐྱེད་རིམ་སྐད་གཅིག་ལ་རྫོགས་པ་ཡིན།། མ་བྲིས་དཀྱིལ་འཁོར་རང་སྣང་བས།། དཀྱིལ་འཁོར་གཞལ་ཡས་ཁང་སྒོམ་པས།། སྐད་ཅིག་གཅིག་ལ ་རྫོགས་པ་ཡིན།། རྫོགས་པའི་ངང་ལ་མི་འདའ་བས།། དམ་ཚིགས་ཐད་དུས་གཅིག་བསྲུངས།། ཡིས་ཁོང་གསལ་མི་འགྱུར་དྲན།། སྔགས་ཀྱི་འཛབ་འདྲེན་དུས་གཅིག་ཐོན།། དེའི་དོན་ལ་ཡེ་ནས་གནས་པ་ལ། ་བསྲུངས་མཚམས་ཐང་དུས་གཅིག་དག་པ་ཡིན།། ལྷ་རྣམས་བསྐྱེད་དང་དཀྱིལ་འཁོར་སྒོམ་པ་དང་།། དམ་ཚིགས་སྲུངས་དང་སྔགས་ཀྱི་འོད་འདུ་དང་།། བསྲུང་མཚམས་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ་སྟོན་པ་རྣམ་གསུམ་གྱི་རྫ་མཁན་གྱི་བུ་མོ་ཐམས་ཅད་སྲོག་དུས་གཅིག་ལ་གཅད་ནས། གཅིག་པུ་རབ་ཏུ་ཆེ་བའི་གམ་དུ་བསྐྱལ་བ་དེ་ཡ་ཆ།། སྲོག་གཅད་པ་དང་བདུད་གཅད་པའོ།། ཀུན་ཏུ་བཟང་པོ་ལ་བདུད་ཞུགས་པའི་དུ་སུ། ་འཁྲུལ་སྣང་ལོང་སྐུར་འཁྱམས་པ་ཡ་ཆ།། སྟོན་པ་འོད་པ་སྲངས་དང་བསྒོས་པས་མི་ཐུབ་པར་གཟིགས་ནས། དྲང་སྲོང་རང་གིས་གཅང་རང་བདུད་རང་གིས་གཅད་ནས།། མཁའ་ཁྱབ་རང་བའི་དུརས།། ཕུང་པོ་ལྷག་མ་མེད་པར་མྱ་ངན་འདས ་པས་ན། ཕྱིས་འོང་མ་ནུས་པས་དེ་ཡ་ཆ།། དེ་ནས་རྡོ་རྗེ་སེམས་དཔའ་ཞེས་བྱ་བ།། སངས་རྒྱས་འོད་བསྲུངས་དང་འཇལ་ནས་བགྲོས་པས།། མི་ཐུབ་པར་གཟིགས་ནས། ཁོང་གཉིས་གྲོགས་པོ་བྱས་ནས།། སྟོན་པས ་ས་ཟུང་ནས་། འཁོར་རིགས་ལྔ་ལ་ཆོས་སྟོན་པ་ཡ་ཆ།། དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ།། རྡོ་རྗེ་སེམས་དཔའི་སྤྲུལ་པ། ཁྱེའུ་སྣང་བ་དམ་པ་ཅེས་བྱ་བ། སྟོན་པ་འོད་བསྲུང་ཞེས་བྱ་བ།། དེས་ངོ་མ ་ཤེས་ནས། ལྷ་སྒོམ་ཉི་ཚེ་ལ་སྤྱད་པས་འགྲོ་དྲུག་ཏུ་འཁྱམས་པ་ཡ་ཆ།། དེ་ནས་སྟོན་པ་དགའ་རབ་རྡོ་རྗེས་ཀུན་ཏུ་བཟང་པོ་ལ་ལུང་བསྟན་ཐོབ་ནས།། སྟོན་པ་འོད་བསྲུངས་དང་མར་མེ་མཛད་གཉིས་ཀྱིས་ཞལ ་གཟིགས་ནས། སྟོན་པ་གཉིས་ལ་མ་ཆགས་པར་བྱེད་ཀྱིས་སོང་བ་སྟེ་ཡ་མཚན་ཆེ།། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ། ཐིག་ལེ་འདུས་པ་མན་ངག་གི་རྒྱུད་སྟོང ་པ་གསུམ་གསུམ་དྲུག་གིས་གདར་ཤ་གཅད་ནས། ཁམས་གསུམ་སེམས་ཅན་ངོ་སྤྲོད་བྱས་ནས། ལྷ་སྒོམ་ལ་རག་མ་ལུས་པ། སྐུ་གསུམ་བཀོག་བཞེངས། འཁོར་པ་དོང་སྦུགས་མངལ་ལ་རྒྱས་འདེབས། ་བརྡའ་ཆོས་ཡང་དག། ཟང་བཅས་ཀྱི་ཕུང་པོ་ལ། སྐུ་གསུམ་ངོ་སྤང་ནས་འཇོག་པ། བར་ངོ་མེད་པར་ཡེ་ཤེས་ཁོང་གསལ་དུ་སངས་རྒྱས་པ། འབྲས་བུ་དུས་ཟིང་པ་ཐོབ་པ། ལས་ཀྱི ་མཐའ་ཟད་པས་སངས་རྒྱས་པ། ཐམས་ཅད་ངོ་སྡོང་དུ་སྟོན་པ། བཞི་དང་ཚུལ། ལྡོག་ཚུལ། ལྡོག་པ་རང་གིས་མཚན་བསྟན་པའོ།། ཐིག་ལེ་འདས་པ་མན་ངག་གིས་རྒྱུད་རྫོགས་སོ།། ་