| Wylie | e-texts produced with BDRC’s OCR application |
ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་བཞུགསོ། ་རྒྱ་གར་སྐད་དུ། དི་བཱི་མ་རི་ཙྱཻ་ཏ་ཏནྟྲ། བོད་སྐད་དུ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད ་དུ་སྣང་བ། བྱང་ཆུབ་སེམས་ཀྱི་ལྷ་མོ་གསལ་བའི་སྒྲོན་མ་མར་མེ་མཛད་གཙུག་གི་རྒྱན་གཅིག་མ་ལ་ཕྱག་འཚལོ།། ཆོས་ཀྱི་སྐུ་མཚན་མའི་ཡུལ་ལས་འདས་ཀྱང་། གཟུགས་ཀྱི་སྐུ་མངོན་པར ་སྣང་བས། སངས་རྒྱས་ཀྱི་བདེན་པ་མཐོང་བར་བྱེད་པ། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་འདི་གྲོལ་བར་བྱའོ།། རིགས་དྲུག་གི་སེམས་ཅན་ལ་ཆོས་ཀྱི་སྐུ་རང་བཞིན་གྱི་གསལ་བ་ལྔ་ཡོད་དེ། དེ་ས ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འོད་དཔག་ཏུ་མེད་པར་གནསོ།། བྱང་ཆུབ་སེམས་དཔའ་རྣམས་ལ་དཔག་ཏུ་ཡོད་པར་གནས་སོ།། ལྷ་རྣམས་ལ་གཞལ་དུ་ཡོད་པར ་གནས་སོ།། མི་རྣམས་ལ་མཚན་དུ་ཡོད་པར་གནས་སོ།། ངན་སོང་གསུམ་ལས་སེམས་རང་གསལ་བ་ཙམ་དུ་གནས་སོ།། མཛོད་བུའི་འོད་ཟེར་མ་འགགས་མཁྱེན་མངའ་བ། མགོན་པོ་སྤྱན ་རས་གཟིགས་ལ་ཕྱག་འཚལ་ལོ།། ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་འདི་ལ་ལེའུ་གསུམ་གྱིས་བསྟན་ཏེ། ལེའུ་དང་པོ་ཆོས་ཀྱི་སྐུ་ལ་འོད་ཟེར་འབྱུང་བར་བསྟན་པ་དང་། ལེའུ་གཉིས་པ་འོད་ཟེར་རྣམ་པར་དག་པར་བསྟན ་པ་དང་། ལེའུ་གསུམ་པ་སེམས་ཅན་ཐ་དེ་ལ་མཚོན་པའི་ཡིས་འོད་རང་ཆས་སུ་བསྟན་པ་དང་། གསུམ་གྱིས་བསྟན་ཏོ།། དེ་ནས་རྒྱུད་དག་པའི་རྡོ་རྗེ་འཆང་ཆེན་པོས་མཛོད་སྤུའི་བུག་ནས། འོད་ཟེར་ལྔ་བཀྱེ་བས་འཇིག ་རྟེན་གྱི་ཁམས་སྣང་བར་བྱས་ཏེ། འོད་ཟེར་དེའི་བྱིན་གྱི་བརླབས་ལས། སངས་རྒྱས་བདེ་ལྡན་མགོན་པོ་སྤྱན་རས་གཟིགས་ཞེས་བྱ་བ། སྐུ་དཀར་པོ་འོད་ཟེར་གྱི་ཕྲེང་བས་བསྐོར་བ། ཕྱག་གཡས་པ་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་ལྡན ་པ། གཡོན་པ་སྤུས་མོ་ལ་རྟེན་པ། པདྨའི་གདན་ལ་ཞུགས་པ་གཅིག་རང་བྱུང་དུ་མདུན་དུ་ལྷུག་སྟེ། ཀྱཻ་གྷུ་ཐུགས་རྗེ་ཆེན་པོ་སེན་གྱི་ཉོན་མོངས་པའི་དུག་ལྔ་འདུལ་དུ་གསོ།། མཛོད་པུའི་བུ་གནས་འོད་ཟེར་རྣམ་པ་ལྔ་འཕྲོས་ནས ་འཇིག་རྟེན་གྱི་ཁམས་སྣང་བར་མཛད་ནས། བདག་གི་སེན་གྱི་དོན་དུ་འོད་ཟེར་ལྔ་མི་སྤྲོ་བ་ཙེ་སྟེ། སང་དགེ་པར་རྫོགས་པའི་སངས་རྒྱས་ལ་སྐུ་རྣམ་པར་དག་པའི་འོད་ལྔ་འཕྲོས་པ་འདི་ཅིའི་རྒྱུ་ཅིའི་རྐྱེན། ཆོས་ཀྱི་སྐུ་ནི་རང་བཞིན་སྟོང་མ་གརུ ་ཀྱི་སྐུ་ཡིས་རྒྱུ་མའི་ལུས་སུ་འབྱུང་བ་འདི་ཇི་ལྟ་བུ་ལགས་ཅེས་ཞུ་བ་ཞུས་ཏེ། དེ་ནས་བཅོམ་ལྡན་འདས་ཏིངེ་འཛིན་ལྔ་གཞེངས་ཏེ། ཞལ་འཛུམ་པ་མཛད་ནས། ལྗགས་ཀྱི་པདྨོ་ལས་འོད་ཟེར་ལྔ་སྤྲོས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱོད ་ཀྱི་དྲི་བ་གསུམ་དཱི་པ་དེ་ལེགས་སོ།། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སྐུ་རྣམ་པར་དག་པ་ཡིས་སྒྱུ་མ་ལྟ་བུའི་སྐུ་འབྱུང་བ་ནི། ཡིས་ལྔའི་རྩ་ལམ་འགརྡ་པར་འཆར་ཏེ། དེ་ཡང་ཤེས་རབ་འགག་པ་མེད་པ་སྟོང་པ། ཡིས་ཀྱི་སྙིང་པོར ་གསལ་བ་དང་། ཤེས་རབ་མི་གཡོ་བ་མཉམ་པ་ཉིད་དུ་གནས་པ་དང་། ཤེས་རབ་རྒྱུན་མི་ཆད་པ་བྱེ་བྲག་ཐ་དད་དུ་ཤེས་པ་དང་། ཤེས་རབ་ཟག་པ་མེད་པ་ལྷུན་གྱིས་གྲུབ་པ་དང་། ཤེས་རབ་འགྱུར་བ་མེད་པ་རང་བཞིན་རྣམ་པར་དག་པ་དང ་ལྔ་བྱ་རྩལ་མེད་པའི་བདག། སངས་ཀུན་གྱི་རང་ལུས་ཡིན། གཅིག་པུ་རབ་ཏུ་ཆེ་བའི་ལྷ། ནམ་མཁའ་ཉི་མའི་ཚུལ་དུ་གནས། རྡོ་རྗེ་ལྟ་བུའི་ཏིང་འཛིན་ལ། འདུ་འབྲལ་མེད་པར་རྟག་པར་བཞུགས། ཅེས་བཀའ་སྩལ་པས་མགོན་པོ་སྤྱན་རས ་གཟིགས་ཉིད་ཡིས་ཀྱི་སྣང་བར་གང་རྒྱས་ཏེ་འོད་ཟེར་ལྔ་ཕྱོགས་བཅུར་ཁྱབ་པར་ཤར་ཏོ།། ཅེས་དྲི་བ་དྲིས་པ་གསུམ་པས། མགོན་པོ་སྤྱན་རས་གཟིགས་ཀྱི་བདེན་པ་མཐོང་ངོ་།། དོན་ཐུགས་སུ་ཆུད་དོ།། ཞེས་ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་གོས། ་ཆོས་ཀྱི་སྐུ་ལ་འོད་ཟེར་འབྱུང་བར་བསྟན་པའི་ལེའུ་སྟེ་དང་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་རྡོ་རྗེ་འཛིན་གྱི་མདུན་དུ་བཀའ་ནོད་པའི་ཚུལ་དུ་ཐལ་མོ་སྦྱར་ནས། ཐུགས་རྗེ་ཆེན ་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ངོ་བོ་དང་། རང་བཞིན་ནི་དཔག་པའི་མཐའ་ལས་འདས་ན། ཐུགས་རྗེ་སྤྲུལ་པའི་སྐུ་འོད་ཟེར་དུ་སྣང་བའི་ཚུལ་དུ་བདེ་ན། འོན་ཏེ་སྣང་ཚུལ་དཔག་པ་ལས་འདས། དཔག་པ་ལས་འདྲ ་མཐུགས་རྗེའི་ཚུལ་དུ་བྱུང་བ་འགག་གི་མི་འགག། དེ་བདག་གིས་མ་ཤེས་མ་འཚལ་ཏོ།། ཇི་ལྟར་ལགས་བཅོམ་ལྡན་འདས་ཀྱི་བསྟན་དུ་གསོལ། ཅེས་དྲི་བ་དྲིས་སོ།། དེ་ནས་ཡང་བཅོམ་ལྡན་འདས་མཉམ་པའི་ཏིང་ངེ་འཛིམ་ལས་གནས ་ཞལ་འཛུམ་པ་མཛད་ནས་བྲི་ཀུ་ཏ་གྱེན་དུ་འགྲེང་སྟེ། ལྗགས་ཀྱི་པདྨོ་ལས་འོད་ཟེར་ལྔ་སྤྲོས་ནས། བྱང་ཆུབ་སེམས་དཔའ་ཁྱོད་ཉོན་གཅིག། སྔོན་བྱུང་གི་དུས་ན། ང་མ་འོངས་པའི་སྔོན་རོལ་ན་ཐོག་མའི་སངས་རྒྱས་འོད་མི་འགྱུར། རང་བྱུང ་གི་གཞལ་ཡས་ཁང་ཆེན་པོ་དང་འདུ་འབྲལ་མེད་པར་བཞུགས་པ། སྙིང་པོ་བྱང་ཆུབ་ན་བཞུགས་པའི་སྐུ། འོད་ཟེར་གྱི་ཕུང་པོར་གཞི་ནས་གནས་ཏེ། འགག་པ་མེད་ཀྱང་། འོད་ཟེར་གྱི་ཕུང་པོ་དེ་ཉིད་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ ་ཡིན། ཅི་སྟེ་འོད་ཉིད་ཆོས་ཀྱི་སྐུ་ལས་འབྱུང་བའི་ཕྱིར། ཆོས་སྐུ་དེ་ཉིད་ཡང་དག་པར་ཡོད་པ་ཡང་མ་ཡིན། མེད་པ་ཡང་མ་ཡིན་ནོ།། དེ་བཞིན་དུ་འོད་ཟེར་གྱི་ཕུང་པོ་དེ་སྣང་བར་ཡང་མ་ཡིན་མི་སྣང་བ་ཡང་མ་ཡིན་ཏེ། སྣང་བ་དང་མི་སྣང་བའི ་འཐའ་ལས་འདས་པའོ།། དེ་ཅིའི་ཕྱིར་ཞེ་ན། འོད་ཟེར་དེ་ལ་རང་བཞིན་མེད་པས་ན་མཁའི་མཐའ་དང་མཉམ་ལ། འོད་དེ་མ་འདྲེས་ལ་ཡོངས་སུ་རྫོགས་པར་གནས་པས། དཔེར་ན་ནམ་མཁའ་དང་རི་མོའི་ཚུལ་དུ་གནསོ།། དེའི་ཕྱིར་བྱང་ཆུབ་ཉིད་སྙིང ་པོའི་རང་བཞིན་དུ་འོད་དུ་གསལ། སྙིང་པོ་རྣམ་དག་ཡིས་འོད་གསལ་ཅེས་གསུངསོ།། དེ་ཡང་ཐུགས་རྗེ་འབྱུང་བའི་དུས་སུ་སྒོ་ཐ~ཾད་ནས་འོད་ཟེར་ལྔ་ལྔ་འབྱུང་སྟེ། སེན་ལ་བསྟན་པའི་སྙིང་པོ་རེ་རེ་འབྱུང་ངོ་།། ཀྵུཾ་སེམས་དཔའ་ཆེན་པོ་ངས་སེན་གྱི། ་དོན་དུ་སྐུ་གསུམ་གྱི་ཐུརྔ་རྗེ་བསམ་གྱི་མི་ཁྱབ་པར་བསྟན་ཀྱང་། དོན་བརྗོད་པ་ལས་འདས་པའི་ཆོས་སངས་རྒྱས་མེད་པའི་ཀློང་དུ་ལ་བཟླས་ན། བསྐྱེད་རྫོགས་རྣཾ་པར་གསུམ་དུ་འདུ་འབྲལ་མེད་པར་མ་བསྟན་ན། སངས་རྒྱས་ཐུགས་རྗེ ་འབྱུང་བའི་སྒོ་འགགས་པར་དཔེར་ན་ཨུ་དུམ་འབར་བའི་མེ་ཏོག་གི་ཚུལ་དུ་བསྟན་ཏོ།། སྐུ་དེ་ལྟར་བསྟན་ཀྱང་བསྡུ་བ་ཅིག་ཏུ་མ་བསྡུས་ན། ཆོས་ཐ~ཾད་ཀྱི་མདོ་མི་འདུས་ཏེ། དེའི་ཕྱིར་རིགས་ལྔ་འབྱེད་པར་འདས། སྐུ་ལྔ་ངོ་བོ་ཉིད་ཀྱི་སྐུར ་འདས། ཡུམ་ལྔ་མཁའ་ཀློང་རྣམ་པར་དག་པར་འདས། ཡིས་ལྔ་མི་གནས་པའི་ཡིས་ཆེན་པོར་འདས། ཕྱི་ནང་གི་འབྱུང་བ་ལྔ་ན་མཁའ་ཆེན་པོར་འདས། འོད་ལྔ་རང་བྱུང་གི་འོད་ཆེན་པོར་འདས། ཟེར་ལྔ་ཐུགས་རྗེའི་རྩལ་དུ་འདས ་རྒྱུད་ཐདེ་ཀུན་ཏུ་བཟང་པོ་རྩ་བའི་རྒྱུད་ཆེན་པོ་ཡི་གེ་མེད་པའི་རྒྱུད་དུ་འདས། ཡུང་ཐ~ཾང་སྙིང་པོ་བྱང་ཆུབ་སེམསུ་འདས། མན་ངག་ཐཾད་བྱ་རྩལ་མེད་པར་འདས། དེ་དག་ཐ~ཾད་ཀྱང་ཆོས་ཡིན་ཏེ། ཆོས་ཐདེ་རྣམ་པར་གྲོལ་བའི་ཡིས་ཀྱི་ཀློང་དུ ་འདས། སངས་རྒྱས་ཐཾད། སངས་རྒྱས་མེད་པའི་ཀློང་དུ་འདས་སོ།། འདས་ཞེས་བྱ་བའི་ཚིག་དེ་དག་ཐོད་ཀྱང་། ཆོས་ཀྱི་རྒྱན་དུ་སྤྲོས་པ་ཡིན་ཏེ། དེ་ཙམ་ལས་ཀྱང་འདས་ན། རིགས་ཀྱི་བུ་ཆོས་ཐ~ཾད་ཀྱང་ཚིག་གི་བླ་དགས་སོ།། རིགས་ཀྱི་བུ། ་བྱང་ཆུབ་ཀྱི་སྙིང་པོ་ལ་སྙིང་པོ་ཡོད་མེད་ཀྱི་མཐའ་ཡས་འདསོ།། སྐུ་གསུམ་དུ་གནང་བར་བསྟན་པ་ཡང་། དངོས་པོ་མེད་པར་རང་བཞིན་གྱི་རྩལ་ཤེས་བྱ་ལ་མ་རྨོངས་པའོ།། གང་གིས་གང་ལ་དྲིས་པ་དེ། དེ་ཡིས་དེ། ་ལྷ་དེ་བསྟན་པ། དེའི་རྣམ་པར་གྲོལ་བའོ།། དེ་ཐོབ་དེ་མཐོང་དེ་མི་གནས། དེ་གྲོལ་དེ་ཡིས་ཐ~ཾང་ཤེས། དེ་མེད་པར་ཡང་དེ་འབྱུང་།། ཅེས་ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་ལས། འོད་ཟེར་རྣམ་པར་དག་པར་བསྟན་པའི་ལེའུ་སྟེ། ་གཉིས་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། སྒྱུ་མ་ལྟ་བུའི་སྐུ་དང་། ཐུརྔ་རྗེའི་འོད་ཟེར་འབྱུང་བ་ལགས་ན། ཁམས་གསུམ་གྱིས ་ལ་འོད་ཟེར་ཇི་ལྟར་གནས།། སྙིང་པོ་བྱང་ཆུབ་ཀྱི་སེམས་སུ་ནི་གཅིག་ན། འོད་ཟེར་མེད་ན་ཐུགས་རྗེའི་རྒྱུན་ཐག་མ་ཆད་དཾ། ཡོད་ན་ཇི་ལྟར་གནས་བསྟན་དུ་གསོལ།། བཤད་དུ་གསོལ་ཅེས་ཞུས་ཏེ། དེ་ནས་ཡང་བཅོམ་ལྡན་འདས་འོད་ཅེ ་གྱི་ཕུང་པོ་ལྔའི་ཏིང་ངེ་འཛིན་ལྔ་གཞེངས་ཏེ། རིགས་ཀྱི་བུ་སྙིང་པོ་བྱང་ཆུབ་ཀྱི་སྐུ་དྲི་མ་མེད་པའི་ཡིས་སོ་སོར་མ་ཡིན་ཐ་མི་དད་པས། འགྲོ་བ་ཡོངས་ལ་ཁྱབ་པའི་ཕྱིར། དེ་བཞིན་གཤེགས་པ་ལ་སྟོབས་དང་མི་འཇིགས་པ་ཇི་ལྟར་གས ་པ་དེ་བཞིན་དུ་འགྲོ་བ་ཡོངས་ལ་ཁྱབ་སྟེ། དཔེར་ན་སྐྱེས་བུའི་བྱང་རང་ལ་ཡོད་ཀྱང་མེ་ལོང་མསྟན་པར་རང་གི་བཞིན་མི་མཐོང་པ་དེ་བཞིན་དུ། སྟོབས་དང་མི་འཇིག་པ་ཡོད་ཀྱང་སེང་གེའི་བུ་མའི་མངལ་དུ་བཙལ་བ་བཞིན་འདོན་མ་ནུས་ཏེ། ་ཡིས་སྣང་བའི་བག་ལ་ཞབས། ཐབས་མཁས་པས་བསྟན་པར་བྱའོ།། ཁྱོད་ཉོན་ཅིག། བྱང་ཆུབ་སེམས་དཔའ་ལ་དཔག་ཏུ་ཡོད་པའི་འོད་ཟེར་ལྔ་རང་ཆས་སུ་གནས་ཏེ། ཤེས་བྱའི་སྒྲིབ་པ་ཤེས་རབ་ཀྱི་དཔག་ཏུ་ཡོད་དོ།། ལྷ་རྣམས ་ལ་གཞལ་དུ་ཡོད་པའི་འོད་ལྔ་རང་ཆས་སུ་གནས་ཏེ། དེ་ཡང་མོས་པའི་སྤྱོད་པའི་བསོད་ནམས་ལས་གྲུབ་པས་མངོན་དུ་སྣང་བའོ།། མི་རྣམས་ལ་མཚོན་དུ་ཡོད་པའི་འོད་ལྔར་རང་ཆས་སུ་གྲུབ་པས། དེ་ཡང་ཤེས་རབ་ཟབ་མོ་བསྟན་དཀའ་བ། ་ཟག་མེད་ཀྱི་སྙིང་པོ་བྱང་ཆུབ་སེམས། མཚོན་གང་འོད་ཀྱི་དཀྱིལ་འཁོར་ན། སྙིང་པོ་བྱང་ཆུབ་སེམས་ཀྱི་སྐུ། ཟབ་ཅིང་ཆ་འཕྲ་འགག་མེད་རང་བཞིན་གསལ། ཅེས་འབྱུང་སྟེ་སེང་ཕྱུག་མ་དང་ཕྲལ་ནས་འཕྱོང་པ་ལྟར། བདག་དང་བྲལ ་བས་ཡིས་དབྱིངས་ན་གསལ། ཅེས་གསུངསོ།། ངན་སོང་གསུམ་ལ་རང་བྱུང་གི་ཡིས་ཡོད་ཀྱང་འབྱིན་མི་ནུས་ཏེ། ཤེས་པ་རང་གསལ་བ་ཙམ་འཐུན་པའི་ལམ་སྣང་སྟེ། བསོད་ནམས་ཀྱི་སྟོབས་ཆུབ་པས་བདེན་པ་ལ་སྤྱོད་མ་ནུསོ།། ་སེམས་དཔའ་ཆེན་པོ་སངས་རྒྱས་ཐ~ཾད་ལ་ཟག་མེད་ཀྱི་ཡིས་ན་མཁའ་དང་ཉི་མའི་ཚུལ་དུ་གནས་སོ།། རྟོགས་པའི་མཐའ་ཤེས་རབ་རང་བཞིན་མེད་པས་ཤེས་པར་བྱའོ།། ཐུགས་རྗེའི་བྱེ་བྲག་ཆུ་བོ་ག་གའི་རྒྱུན་བཞིན་མོ་འཆད་པ་ཉི་མིའི ་ཟེར་ལྟ་བུར་ཤེས་པར་བྱའོ།། སེན་ལ་ཁྱབ་པའི་ཉི་མའི་འོད་བཞིན་ཁྱབ་པས་བདེ་ལྡན་ཕུན་སུམ་ཚོག་སོ།། ཅེས་སངས་རྒྱས་ལ་འོད་ཟེར་འབྱུང་བ་དང་། སེམས་ཅན་ལ་འོད་ཟེར་འབྱུང་བ་བསྟན་པ། སྟོན་པ་རྡོ་རྗེ་སེམས་དཔའ ་སྙས་ལུ་བ་སྤྱན་རས་གཟིགས་ཀྱི་ཞུས། བསྡུས་པ་དགའ་རབ་རྡོ་རྗེ་བསྡུས་སོ།། ཤེས་ལྷ་མ་འོད་ཟེར་ཅན་གྱི་རྒྱུད་ལས། སངས་རྒྱས་ཡེ་ཤེས་ལུས་ཅན་དུ་བསྟན་པའི་ལེམ་ས་གསུན། ་པའོ།། ། རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་། བོད་ཀྱི་ལ་ཙྪ་བ་བཀའ་གཅོག་གསུམ་གྱིས་བསྒྱུར་ཅིང་ཞུས་ཏེ་གཏམ་ལ་ཕབ་པ་ལྷ་མོ་འོད་ཟེར་ཅན་གྱི་རྒྱུད་རྫོགས་སོ།། ་དགེའོ།། །། མ ་