CLOSE WINDOW

Gbr006.26: dbang bskur bla ma rin po che'i rgyud
Wyliee-texts produced with BDRC’s OCR application

མ་རིན་པོ་ཆེ་ལྡི་རྒྱུད་བཞུག ་རྒྱ་གར་སྐད་དུ། ཨ་བྷི་ཥིཉྩ་གུ་རུ་རཏྣ་ཏནྟྲ། བོད་སྐད་དུ། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལོ།། ་དབང་བསྐར་བླ་མ་རིན་པོ་ཆེའི་རྒྱུད་འདི་ལ་སྤྱི་དོན་གསུམ་གྱིས་བསྟན་སྟེ། དེ་ལ་དང་པོ་རྡོ་རྗེ་སེམས་དཔའི་ཚེ་བསྒྲུབ་བསྟན་པ་དང་། གཉིས་པ་དབང་རིན་པོ་ཆེ་བསྐུར་བར་བསྟན་པ་དང་། གསུཾ ་པ་སངས་རྒྱས་ཀྱི་གདམས་པ་བསྟན་པའོ།། དེ་ཡང་དང་པོར་ཚེ་གཏན་ཏེ། ཚེ་སྒྲུབ་ལ་ཡང་གསུམ་སྟེ། མཎྜ་བྲི་ཞིང་བརྒྱན་དགོད་པ་དང་། རྫས་དང་ཡོ་བྱད་སོགས་པར་བསྟན་པ ་དང་། ཡིས་ལྷའི་སྔགས་དང་ཕྱག་རྒྱས་ཚེ་འགུག་ཅིང་ཏིམ་པར་བསྟན་པའོ།། དང་པོ་མཎྜ་འདོམ་གང་གྲུ་བཞི། དེ་ལ་ཤར་དུ་སོར་བཞི་སྟོང་དེ་ལྷའི་ཕོ་བྲང་བཀོད།། ཨོཾ་ཨཿཧཱུཾ་སྭཱ་ཧཱ། ་ཞེས་ཆག་ཆག་གདབ། ཕྱི་མའི་ཐིག་ནི་ཞི་བའི་དཀྱིལ་འཁོལ་བཞིན།། དབུས་སུ་ཕོ་བྲང་ཟླུམ་པོ་ལ།། རྡོ་རྗེ་རྒྱ་གྲམ་གྲི་བར་བྱ།། ཕྱོགས་བཞི་མཚམས་བརྒྱད་རིན་པོ་ཆེ།། དེའི་ཕྱི་རིམ་པདྨ་དྲུག ་གྲུ་ཆད་སྒོ་ཁྱུད་ལྡན་པར་བྲི།། དེ་ནས་རྫས་དང་ཡོ་བྱད་བཀོད།། དབུས་ཀྱི་ཕོ་བྲང་ཟླུམ་པོ་ལ།། གསེར་གྱི་བུམ་པ་བཟང་པོ་རུ།། ཛ་གད་ཆང་གིས་གཏམས་ལ་བཞག། ཨརྨེ་ཏ་དང་རིན་པོ་ཆེ།། གསེར་གྱི་སྐ་ཡ་གཙུག་ལ ་བཞག། དེའི་མགུལ་པ་དར་གྱི་བཅིངས།། གཟུང་ཐག་རྣམ་བཞི་ཕྱོགས་བཞིར་གདུགས།། ཙན་དན་ཤིང་གི་ཁ་རྒྱན་ལ།། དབུས་སུ་རྨ་བྱའི་རྒྱལ་མཚན་གཟུགས།། འབྲང་རྒྱས་གྲུ་བཞི་རྒྱུས་པ་ལ།། དབུས་ཀྱི་ཚེ་ནི་ཟླུམ ་པོར་བྱ།། མར་གྱིས་ལེགས་པར་བྱུགས་བྱས་ལ།། རྩེ་མོར་རྣམ་པར་རྒྱལ་བར་གཟུཊ། དེ་ཏིང་རྨ་བྱའི་རྒྱལ་མཚན་གཟུགས།། འབྱུང་པོ་གདོན་བགེགས་ཞི་བར་བྱེད།། དེའི་གཏིང་མེ་ལོང་རྒྱལ་མཚན་གདགས།། ཡིས ་ཀུན་ཏུ་གསལ་བའི་རྟགས།། དེ་ནི་དབུས་ཀྱི་ཕོ་བྲང་ངོ་།། ཕྱོགས་བཞི་རིན་ཆེན་འཁོར་ལོ་ལ།། རིན་ཆེན་བུམ་པ་བཞི་བཀོད་དེ། བགེ་ཊ་བསྐྲད་བྱིན་བརླབས་བྱས་ནས་ནི།། བུཾ་པའི་ཡོ་བྱད་བླུགས་པར་བྱ།། ཁ་བརྒྱན་མགུལ་ཆི། ་གོང་བཞིན་བྱ། རང་རང་ལྷའི་སྔགས་ཀྱི་མཚན།། དེ་ནས་ཚེའི་སྙིང་པོ་ནི་འབྲུ་བཅུད་འདི་དག་རྟག་པར་བཟླས།། ཨོཾ་ཚེ་ཀུ་རུ་ཛྙཱ་ན་པཉྩ་བཛྲ་སཏྭ་ཧཱུཾ། རྟག་པར་བཟློས་ནས་དངོས་གྲུབ་འབྱུང་།། རྡོ་རྗེ་སེམས་དཔའི་ཚེ་དང ་ལྡན། ཨོཾ་ནས་པཉྩ་ཀུན་འདྲེ། རད་ན་མ་ལེ་ཏྲེ། པདྨ་དྷ་ར་ཧཱི། ས་མན་དྷ་ར་ཧ། ཅེས་ལྷ་མོ་སོ་སོའི་བསྙེན་པ་དབུལ་ལོ།། དེ་ནས་མ་ཏི་བསྐུལ་པ་འདི་སྐད་དོ།། ཧཱུཾ་བཅོམ་ལྡན་མགོན་པོ་ཡིས་ཚེ་དཔག་མེད། ཐུགས ་རྗེ་ཡོན་ཏན་སྐུ་མཚོགས་བསམ་མི་ཁྱབ།། སྐུ་མདོག་དཀར་ལ་གངས་རི་འཚེ་རབ་འདྲ།། རིན་ཆེན་བརྒྱན་དང་དོ་ཤལ་སེན་མོ་དོ།། ཡིད་བཞིན་རིན་ཆེན་དབུ་རྒྱན་ཕྲེང་བ་བསྣམས།། གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཀུན་ལ་སཱ ་གཡོན་པ་མཆོད་སྦྱིན་ཕྱག་རྒྱ་བུམ་པ་བསྣམས།། འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་ཞིང་།། རྣལ་འབྱོར་ཚེའི་དངོས་གྲུབ་སྩལ་དུ་གསོལ།། ཧཱུཾ་བཛྲ་དྷྲི་ག་ཅེས་བདག་རྡོ་རྗེ་སེམས་དཔར་གྱུར་ཏེ།། ཤར་ཕྱོགས་རྡོ་རྗེ་རྩེགས ་པའི་ཞིང་ཁམས་ན།། རྡོ་རྗེ་མི་བསྐྱོད་ཡུབ་རང་བྱུང་བ།། ཕྱག་ན་རིན་ཆེན་དངུལ་གྱི་བུམ་པ་འཛིན།། བདུད་རྩིའི་ཆུ་རྒྱུན་རྒྱུད་ཀྱི་ཏིང་འཛིན་གྱིས།། སེན་ཞེ་སྡང་ལས་ཀྱི་བག་ཆགས་འཁྲུད།། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེ ་མཛད་པ།། འགྱུར་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ།། ལྷོ་ཕྱོགས་རིན་ཆེན་རྩེགས་པའི་ཞིང་ཁམས་ནས།། རི་ནི་འབྱུང་ལྡན་ཡུབ་རང་བྱུང་བ།། ཕྱག་ན་རྡོ་བཻ་ཌཱུརྱའི་བུཾ་པ་བསྣམས།། བདུད་རྩིའི་ཆུ་རྒྱུན་རྐུན་གྱི་ཏིང་འཛི ་གྱིས། སེན་ང་རྒྱལ་ལས་ཀྱི་བག་ཆག་འཁྲུད།། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ།། འགྱུར་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ་དུ།། ནུབ་ཕྱོགས་པདྨ་རྩེ་རྩ་བའི་ཞིང་ཁམས་ནས།། སྣང་བ་མཐའ་ཡས་ཡུབ་ར ་བྱུང་བ། ཕྱག་ན་རིན་ཆེན་བྱི་རུའི་རཱུ་པ་བསྣམས།། བདུད་རྩིའི་མུ་རྒྱུས་རྒྱུན་གྱི་ཏིང་འཛིན་གྱིས།། སེཾན་འདོད་ཆགས་ལས་ཀྱི་བག་ཆཊ་འཁྲུད།། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ། ་འགྱུར་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ།། བྱང་ཕྱོགས་རྒྱ་གྲམ་རྩེགས་པའི་ནིང་ཁམས་ན།། དོམ་ཡང་གྲུབ་པ་ཡུབ་རང་བྱུང་ལ།། ཨིརྒྷ་ནི་ལའི་ནུམ་པ་ཕྱག་ན་བསྡམས།། བདུད་རྩིའི་ཆུ་རྒྱུན་རྒྱུན་གྱིས་ཏིང་འཛིན་གྱིས།། ་ཕྲག་དོག་ལས་ཀྱི་བག་ཆགས་འཁྲུད།། འགྲོ་བ་ཡོངས་ཀྱི་ཚེ་དཔལ་བསྐྱེད་མཛད་པ།། འགྱུར་མེད་ཚེའི་དངོས་གྲུབ་སྩལ་དུ་གསོལ།། ཅེས་བརྗོད་པས་ཕྱི་སྣོད་ཀྱི་འཇིག་རྟེན་འབྱུང་བ་ལྔས་བསྡུས་པ་ཐཾད་དུ་པ་ཆོས་ཀྱི་དབྱིངས་སུ་བསྡུས།། ་ནང་བཅུད་ཀྱི་འཇིག་རྟེན་འགྲོ་བ་རིག་དྲུག་གིས་སེཾན་ཐང་རིགས་ལྔ་སངས་རྒྱས་ཀྱི་སྐུ་སྐྱེ་ཤི་མེད་པའི་ཚེར་བསྡུས་ཏེ་གནསོ།། དེ་ནས་རིགས་དྲུག་གི་སེཾན་གྱི་ཚེ་བུཾ་པའི་ལྷ་ལ་བསྡུས་པ་དེ།། བདག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་བསྐུ ་ཏེསེཾན་གྱི་རིག་པ་བྱང་ཆུབ་ཀྱི་སེམས་དང་། བདག་གི་རིག་པ་བྱང་ཆུབ་ཀྱི་སེམས་གཉི་སུ་མེད་པར། བདག་གི་ཙིཏྟ་རིན་པོ་ཆེ་གུར་བུག་པའི་ནང་སྟིམ་པའི་དུས་ན།། འགྱུར་མེད་རྡོ་རྗེ་ལྟ་བུའི་ཆེ་ཞེས་བྱའོ།། འགྲོ་དྲུག་བྱང་ཆུབ ་སེམས་དེ་ཡང་། བདག་གི་བྱང་ཆུབ་སེམས་སུ་གཅིག་འབྱུང་སྟེ།། ཚེ་འགུཊ་པ། ཧཱུཾ་བཅོམ་ལྡན་མགོན་པོ་ཡིས་ཚེ་དཔག་མེད།། ཐུགས་རྗེ་སྐུ་མཆོག་སྨོན་པས་མི་ཁྱབ།། སྐུ་མཆོག་དག་བས་ར་གསེར་གྱི་ངོ་བོ་འདྲ།། རིན་བརྒྱན་ཕྲེང ་ཤལ་སེན་མོ་དོ།། ཡིད་བཞིན་རིན་ཆེན་དབུ་བརྒྱན་ཕྲེང་བས་རྒྱན།། གཡས་པ་སྐྱབས་སྦྱིན་ཕྱག་རྒྱ་ཀུན་ལ་སྙོམས།། གཡོན་པ་མཆོད་སྦྱིན་ཕྱག་རྒྱ་བདུད་རྩིའི་བུམ་པ་བསྣམས།། འགྲོ་བ་ཡོངས་ཀྱི་ཚེ་ལ་དབང་བསྒྱུར་ཞིང་།། ཚེ་ཟད། ་ཚེ་ཉམས་མོད་ལ་འཚོ་བར་མཛོད།། ཚེ་དཔག་མེད་ཀྱི་ཡུམ་ཆེན་ལོ་ནཱ་ནི།། ཚེའི་དབང་པོ་རྒྱུད་འཕེལ་ཆགས་པའི་སྤྱན།། དཀར་མོ་མདོག་བཟངས་འགྲོ་བའི་ཚེ་གསོམ།། ཕྱག་ན་རིན་ཆེན་ཤེལ་གྱི་དུཾ་པ་བསྣམས།། འཇིག་རྟེན་རིགས ་དྲུག་གནས་ནས་ཚེ་ཁུག་ལ།། ཚེ་ཟད་ཚེ་ཉམས་མོད་ལ་མཚོ་བར་མཛོད། ན་མོ་བྷ་ག་ཝ་སྟེ། ཨ་པ་ར་མི་ཏ་ཨ་ཡུ་ཛྙཱ་ན། སམ་དྷ་ར་སན་ད་ར། སུ་པ་རི་ཤོ་ར་ཙ་ཡ། ཏ་ཐཱ་ག་ཏ་ཡ། ཏདྱ་ཐཱ། ཨོཾ་མ་ཧཱ་ས་མ་ཡ། བེ་རེ་བེ་རེ་སྭཱ་ཧཱ། ཚེ་ཟད ་མོད་ལ་སོས་ཤིང་དར་ཅིང་རྒྱས་པར་གྱུར། ཅིག། རྡོ་རྗེ་སེམས་དཔའ་ལ་ཚེ་སྤང་བ་ནི།། ཧཱུཾ་བསྐལ་པ་གྲངས་མེད་འདས་པའི་སྔོན་རོལ་ནས།། ཚེ་བ་སཊ་པས། སྐྱེ་ཤི་ལས་འདས་རྣལ་འབྱོར་ཆེན་པོའི་མཐུ།། རྒྱལ་བས་རྟོགས ་དཀའ་དེ་ཉིད་སྐུ་གསུང་ཐུགས།། བཅོམ་ལྡན་ཚེའི་དངོས་གྲུབ་འདིར་སྩོལ་ཅིག། ཀུན་ཏུ་བཟང་པོ་བཟང་མོའི་སྦྱོར་བ་ཡིས།། བྱང་ཆུབ་སེམས་ནི་ཅིར་ཡང་སྒྱུར་དུ་བཏུབ།། སྣ་ཚོགས་ཅིར་ཡང་སྒྱུར་བའི་ཚེ་འཕེལ་མ།། བཅོམ་ལྡན་ཚེའི་དངོས ་གྲུབ་འདིར་སྩོལ་ཅིག། ཁྲོ་བོ་ཁྲོ་མོའི་ཐུགས་ཀ་ནས།། ལྕགས་ཀྱུ་དཀར་དང་དམར་གྱི་ཚོགས་བཀྱེ་ནས།། བདེ་བར་གཤེན་པའི་ཐུག་ཁ་མན་ཆད་ནས།། མཐུ་ཆེན་ལྷ་ཀླུ་གནོད་སྦྱིན་གང་ཡང་རུང་།། གཤིན་རྗེ་དམར་པོ་ལག་ནས་ཚེ་དྲོངས ་བཅོམ་ལྡན་མོའི་རིངས་གྲལ་རྒྱས་དུགས་པ། ས་སུ་དཱན་ཐུམ་ཚང། ཨཱ་བཛྲས་སུ་ཥ.། ཏྲཱནཱ་བ་ཏི་ཀུ་རྦ་ཛ། ཨཱ~ཾ་བཛྲཱ་ཨ་ས+འུརྦཧཱུཾ། སརྦ་ཏ་ཐཱ་ག་ཏ་ཛྲ་ཏ་ལ། མཛྲ་ས་ཨཱིཚཾ། མེས་མ ་བགེག་བཟང་བ་དང་།། དབང་བསྐུར་བ། བྱམས་དང་ལྡན་པ་གསང་བ་རིགས་ཀྱི་ཡུམ།། ཆོས་དབང་བསྒྱུར་བྱིན་གྱིས་རློབ་པར་མཛོད།། རྟ་མསྨིན་ཁྲོ་བོ་ཆེན་པོ་བགེགས་ཚོགས་བཀྲང།། མི་འགྱུར་བརྟན་པར་དབང་བསྐུབ་བྱིན་གྱིས་རློབས།། བུཿ ་ལོ་ཙྪ་ན་ཨཱ~ཾ། བཛྲ་ལོ་ཙྪན་ཧཱུཾ། རཏྣ་ལོཙྪ་ན་ཏྲཾ། པདྨ་ལོ་ཙྪ་ན་ཧྲི། ཀརྨ་ལོ་ཙྪ་ན་ཨ། ཅེས་དབང་བསྐུར་རོ།། ཚེ་སྙིམ་པ། དབང་གི་རྒྱལ་པོ་རྟ་མཆོག་དཔལ།། གསང་བ་ཡུམ་བཞིའི་མཁའ་དབྱིངས་ནས།། རིགས་ཀྱི་ཡུམ་དང་། རོལ་པ་མཛད ་རྒྱས་འདེབས་མས་ནི་རྒྱས་བཏབ་ནས།། ཇི་ལྟར་རྒྱལ་པོའི་ཕྱག་རྒྱ་ལ།། དྲན་རྣམས་འདའ་བར་མི་བྱེད་ལྟར།། བདག་ཉིད་གསང་པས་རྒྱས་བཏབ་པས།། སུ་ཡང་འདའ་བར་མ་བྱེད་ཅིག། ཚེ་འཛིན་མས་ནི་ཚེ་ཟུང་ཤིག། ་བདུད་དཔ་གཤིན་རྗེ་གང་ལ་ཡང་།། ཚེ་དཔལ་མི་ཤོར་དམ་དུ་ཟུང་།། སྦེད་བྱེད་མས་ནི་ཚེ་སྤོས་ཤིག། སྦེར་བྱེད་གཟུང་བའི་ཚེ་སྦས་ནས།། མཐུ་ཆེན་གཤེན་རྗེ་གང་གིས་ཀྱང་།། ཚེ་ལ་ཡང་འདྲོག་བྱེད་འགྱུར་མེད།། སྤེལ་བྱེད་མ ་ནི་ཚེ་སྤེལ་ཅིག། སྤེལ་བྱེད་གསབ་པས་ཚེ་སྦས་ན།། ཚེ་དང་གཟིག་བྱིན་རྒྱས་པར་སྦལ།། ཚེའི་བུམ་པ་བསྟན་པ། བཅོམ་ལྡན་མགོན་པོ་ཡིས་ཚེ་དཔགས། མཁའ་དབྱིངས་རྣམ་དག་ཡུམ་གྱི་གཞལ་ཡས་ན།། རྡོ་ཡིས་དཔལ་གྱི་གསུ་དྲུ་སྐུ། ་བྱང་ཆུབ་བདེ་མཆོག་རོལ་པ་ཐབས་ཀྱི་གཙོ།། གཉིས་མེད་རོལ་པ་ཐུགས་ཀྱི་དཀྱིལ་འཁོར་ནས།། བྱང་ཆུབ་སེམས་རྒྱུན་ཡིས་ཐུགས་རྗེ་ཡིས།། སྐལ་ལྡན་རྣམས་ལ་ཚེའི་དངོས་གྲུབ་སྩོལ།། སྤྲོས་པས་འཇིག་རྟེན་ཀུམ་གྱི་བཀྲག་དང་ལྡན།། ཨཿ།། ་པས་ཁམས་གསུམ་ཡོངས་ཀྱི་མདངས་དང་ལྡན།། བསྡུས་པས་སྲིད་པ་གསུམ་གྱི་དབང་དང་ལྡན།། བཅིངས་པས་འབྲལ་མེད་རྡོ་ལུ་གུ་རྒྱུད།། བརྟན་པས་མི་འགྱུར་རྡོ་རྗེ་ལྷུན་པོ་འདྲ།། བདག་ནི་སྐལ་ལྡན་རྡོ་རྗེ་བདེ་ཆེན་ཏེ། ཁམས་གསུམ་བརྗིད ་མཆོག་ཚེའི་དངོས་གྲུབ་སྩལ་དུ་གསོལ།། དེ་ནས་ཚེ་བརྟན་ཞིང་བཀྲ་ཤིས་པར་བྱ་བའི་ཕྱིར།། རྡོ་སེམས་དཔའི་ཚེ་སྒྲུབ་གཞུང་དང་འཐུན་པར་བྱས་ནས།། རྣལ་འབྱོར་ཚེའིལི་སི་ཏི་ཐོབ་པར་བྱེད་པ་ནི། རྡོ་སེམས་དཔའ་ཚེ་བསྒྲུབ་བསྟན་པའོ།། ཅེས་ཡེས ་བླ་མ་རིན་པོ་ཆེའི་རྒྱུད་བསྟན་པ་དང་རྡོ་རྗེ་སེམས་དཔའི་ཚེ་སྒྲུབ་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་དབང་བསྐུར་བའི་ཐབས་བསྟན་ཅིང་།། བཀྲུ་དང་བསྟན་དང་རྫོགས ་པ་དང་། མཐར་ཕྱིན་པའི་འདམས་ངག་གོ་ཅེས་འབྱུང་སྟེ། སློབ་མ་སྣོད་དང་ལྡན་བྱའི་ཕྱིར།། ཡིས་བདུད་རྩི་ཆེན་པོ་ཡིས།། ཕྱི་ནང་གསང་བའི་ཁྲུས་ཀྱང་བྱ་ཅེས་འབྱུང་སྟེ། ལུས་ངག་ཡིད་གསུམ་གྱིས་ཁྲུས་ཀྱི་ཆོ་ག་བྱས་ཏེ། སྣོད་དག་པར་བྱས་ནས ་གསང་སྔགས་ཀྱི་སྣོད་དུ་རུང་བར་བྱས་ལ། དབང་བསྐུར་བར་བྱའོ།། དེ་ཡང་ཡིས་སྤྱི་ཐུགས་ཀྱི་དབང་རྫོགས་པར་བྱ་བ་ལ། མང་སྤྱོད་རྫོགས་པའི་སྐུ་ལྔས་དབང་བསྐུར་ཏེ། ཤར་གྱི་བུམ་པ་བླངས་ཏེ། ཧཱུཾ་ཤར་ཕྱོགས་ཆོས་དབྱིངས་དངུལ་གྱི་བུཾ་བ་ན། ་རྡོ་རྗེ་འི་སྤྱོད་ལུབསྐུ་བསྟན་པ་།། བྱང་ཆུབ་སེམས་དཔའི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུང་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུར་བས།། ཞེས་སྔང་འཁོར་བའི་རྒྱུན་གཅད་ནས།། མེ་ལོང་ལྟ་བུའི་ཡིས་ཀྱིས། ་དབང་མཆོག་དེས་ནི་དབང་བསྐུར་རོ།། བཛྲ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཧཱུཾ། ལྷོ་ཕྱོགས་ཆོས་དབྱིངས་གསེར་གྱི་བུམ་པ་ན།། རིན་ཆེན་འབྱུང་ལྡན་ཡུཾབ་སྐུ་བསྟན་པ།། རིན་ཆེན་སེམས་དཔའི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུང་བསྡུས་ནས།། ་བོ་ནས་ནི་དབང་བསྐུར་བས།། ང་རྒྱལ་འཁོར་ལ་རྒྱུན་བཅད་ནས།། མཉེ་པ་ཉིད་ཀྱི་ཁཾས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུརརོ།། རཏྣ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཏྲཾ།། ནུབ་ཕྱོགས་ཆོས་དབྱིངས་ཟངས་ཀྱི་བུམ་པ་ན།། སྣང་བ་མཐའ་ཡས་ཡུབ ་སྐུ་བསྟན་པ།། པདྨ་སེམས་དཔའི་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུད་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུར་བས།། འདོད་ཆཊ་འཁོར་བའི་རྒྱུན་གཅད་ནས།། སོ་སོར་རྟོན་པའི་ཡིས་ཀྱིས།། དབང་མཆོག་དེ་ནི་དབང་བསྐུར་རོ།། ་པདྨ་ཀ་ཡ་ཤ་ཨ་བྷི་ཥིཉྩ་ཧྲི། བྱང་ཕྱོགས་ཆོས་དབྱིངས་ཨིནྡའི་བུཾ་པ་ན།། དོན་ཡང་གྲུབ་པ་ལུབ་སྐུ་བསྟན་པ།། ལས་ཀྱི་སེམས་དཔའ་འཁོར་དང་བཅས།། སྙིང་པོ་དོན་གྱི་བཅུང་བསྡུས་ནས།། སྤྱི་བོ་ནས་ནི་དབང་བསྐུ་རོ།། ཕྲག་ད། ་འཁོར་བའི་རྒྱུན་ཡང་གཅད།། བྱ་བ་གྲུབ་པའི་ཡིས་ཀྱིས།། དབང་མཆོག་དེས་ནི་དབང་བསྐུརོ།། ཀརྨ་ཀ་ལ་ཤ་ཨ་བྷི་ཥིཉྩ་ཨ།། དབུས་ཕྱོགས་ཆོས་དབྱིངས་རྣམ་དག་ཞིང་ཁམས་ནས།། བཅོམ་ལྡན་ཀུན་བཟང་ཡུབ་སྐུ་བསྟན་པ།། ཆོ་མ་དུཾ ་ཡིས་འཁོར་དང་བཅས་སྙིང་པོ་དོན་གྱི་བཅུད་བསྡུས་ནས། སྤྱི་བོ་ནས་ནི་དབང་བསྐུར་བས།། གཏི་མུག་འཁོར་བའི་རྒྱུན་གཅད་ནས།། ཆོས་ཀྱི་དབྱིངས་ཀྱི་ཡིས་ཀྱིས་ཀར་བང་མཆོག་དེས་ནི་དབང་བསྐུར།། བུད་དྷ་ཀ་ལ་ཤ་ཨ་བྷི ་ཥིཉྩ་ཨོཾ། དེ་རིབ་ཕན་ཆད་བུ་ཁྱོད་ནི།། རྒྱལ་བའི་སྲས་སུ་དབང་བསྐུར་བས།། ཉོན་མོངས་ལྔ་དང་མཚམས་མེད་ལྔ།། དེ་ནས་རང་བྱུང་དག་པའི་སྐུ།། མི་གནས་མྱ་ངན་འདས་པ་ཡིས།། དབང་བསྐུར་དམ་པ་ཐོབ་པར་ཤོག། ཅེས་ལོང་སྤྱོད་རྔོ ་པའི་སྐུ་ལྔས་དབང་བསྐུར་བ་བསྟན་པའོ།། བར་འདིར་རིན་པོ་ཆེ་སྣ་བདུན་གྱི་དབང་དང་།། བཀྲ་ཤིས་རྫས་བརྒྱད་ཀྱི་དབང་བསྐུར་རོ།། དེ་ནས་རྒྱལ་རྟ་ཌ་ཕྱག་རྒྱའི་དབང་བསྐུར་བ་ལ་གཉིས་ཏེ། བྱང་ཆུབ་སེམས་དཔའ་དྲུག་གི་ཕྱག་མཚན་གྱིས་དཔ ་བསྐུར་བ་དང་།། སངས་རྒྱས་ཀྱི་གདུང་རྒྱུད་འཛིན་པ་ཨ་ཙཤྱ་མི་བཞིས་འདོད་པའི་ཡོན་ལྔས་དབང་སྐུར་བསྟན་པའོ།། དེ་ལ་ཕྱག་མཚན་གྱི་དབང་བསྐུར་བ་ནི།། སྔོན་སུཾ་ཨུ་གསུམ་དགའ་ལྡན་གྱི་གནས་རྣམ་པར་རྒྱལ་བའི་ཁང་བཟངས་སུ།། ལྷའི ་དབང་པོ་བརྒྱ་བྱིན་གྱི་བཙུན་མོ་བཞི།། སྲས་ཉེ་དབང་སུཾ་ཙུ་རྩ་གཉིས་ལ།། ཤིང་གི་རྒྱལ་པོ་ཡོངསུ་ས་རྟོལ་འབྲས་བུ་སྨིན་པའི་དུས་སུ།། ལྷ་རྫས་ཀྱི་མེ་ཏོག་དང་འབྲས་བུ་དང་།། སྙིང་པོ་དང་། སྨན་དང་རྩི་ཐོག་དང་། འབྲུ་བཅུད་དང་། གདུ་རྦ་དང་། ་བ་དན་དང་། རྒྱལ་མཚན་དང་། དུང་དང་། པི་ཝང་དང་། གླིང་བུ་དང་སིལ་སྙན་དང་། གླུ་དང་གར་དང་། རོལ་མོ་དང་རྩེ་འཇོས་དབང་བསྐུར་ཏེ། ལྷའི་རྒྱལ་སྲིད་ཐོབ་པར་བྱསོ།། དེ་བཞིན་དུ་རིགས་ཀྱི་ཁུ་ཁྱོད་ལ་དབང་བསྐུར་བས་ལྷའི་དབང ་པོ་རྒྱ་བྱིན་ལྟ་བུའི་དབང་ཐོབས་པར་འགྱུརརོ།། དེ་ནས་ལྷ་མ་ཡིན་གྱི་གནས་མི་ཕམ་རྒྱལ་བས་བྱིན་པ་ཞེས་བྱ་བར་ལྷ་མ་ཡིན་གྱིས་རྒྱལ་པོ་ཐ་བཟངས་རིགས་ཞེས་བྱ་བས།། ཤིང་གི་རྒྱལ་པོ་ཡོངསུ་ས་རྟོལ་གྱིས ་མེ་ཏོག་རྒྱས་པའི་དུས་སུ།། དཔའ་བོ་ས་འཛིན་པ་དང་། ལག་ན་བེ་ཅོན་དང་། ཁྲོས་པའི་རྐན་རྡེབས་དང་། རྣོ་བ་རྡོ་མཆུ་ཅན་ནོ།། དེ་རྣམས་ནི་དམག་དཔོན་དུ་དབང་བསྐུར་རོ།། ཕྱི་མ་རྣམས་ནི་དམག་མིར་དབང་བསྐུརོ།། འཁོར་གྱི་གྱད ་ཆེན་པོ་བཞི་ལ་སོགས་ཏེ། དཀའ་བ་སྤྱོད་པའི་སྐྱེས་བུ་རྣམས་ལ། ག་མཚོན་དང་། སྟ་རི་དང་། མཆོག་གི་ཧ་ཏ་དང་། ལྕགས་ཀྱུ་ཞགས་པ་དང་། བེ་ར་ཀ་དང་། མདའ་གཞུ་ལ་སོག་ཏེ། མ་ཧེའི་ཤ་དང་རྟག་དང་དོམ་དང་དྲེང་དང ་ལྕེ་སྤྱང་དང་ཀང་ཀ་དང་མི་དང་ཁྱི་དང་། རྟ་ལ་སོགས་པའི་ཤ་ཁྲག་དང་དབང་པོས་དབང་བསྐུར་ཏེ། དམག་དཔོན་དུ་དབང་བསྐུ་རོ།། དམག་བྱིན་པོ་རྣམས་ནི་གཏོར་མ་དང་མྱོས་པའི་ཆང་དང་། འབྲུའི་ཆང་དང་། གཙོང་དཔལ་ཕུག་དུ ་སྒོག་སྐྱ་ཡན་ཆད་ཀྱི་དབང་བསྐུར་ཏེ། དམག་མིར་དབང་བསྐུར་རོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་ཐཾད་དབང་དུ་འདུས་པར་འགྱུ་རོ།། དེ་ནས་ལྷོའི་འཛམ་བུ་གླིང་མི་འབྱེད་ཀྱི ་འཇིག་རྟེན་གྱི་ཁམས་དབུས་ཚ་ནོ་ཛཾ་ག་དན་དུ། མིའི་སྟོན་པ་ཤཱཀྱ་སེང་གེས་ཤིང་གི་རྒྱལ་བ་ཡོངས་སུ་ས་རྟོལ་གྱི་ལོ་འདབ་རྒྱས་པའི་དུསུ། འཁོར་ས་བཅུའི་བྱང་ཆུབ་སེཾས་དཔའ་རྣཾས་དང་། འཕགས་པ་ཉམ་ཐོས་དགྲ་བཅོམ་པ་རྣཾས་ལ། ་དེ་བཞིན་གཤེགས་པ་ལྔའི་བུཾ་པ་དང་། སེག་པར་དང་། བླ་གོས་དང་། སངས་རྒྱས་ཀྱི་སྐུ་གདུང་རིན་པོ་ཆེས་དབང་བསྐུརོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འགོ་བ་རྣམ་པར་འདྲེན་པའི་སྟོབས་དང་ལྡན་པར་འགྱུར་རོ།། དེ་ནས ་བདག་མ་ཡིན་པའི་འཇིག་རྟེན་གྱི་ཁམསུ།། བྱོས་སོང་གི་རྒྱལ་པོ་ཨ་བ་གླང་མགོ་ཅན་ཞེས་བྱ་བས། བྱོལ་སོང་ཀྱི་གཙོ་བོ་ལྔ་ལ་སོགས་ཏེ། གཏི་མུག་གི་བདག་ཏུ་འཛིན་པ་རྣམས་ལ། ཤིང་གི་རྒྱལ་པོ་ཡོངས་སུ་ས་རྟོལ་དབུགས་འབྱིན་པའི ་དུས་སུཿཤེས་རབ་ཀྱི་པོ་ཏི་དང་། ལྷའི་རོལ་མོ་དང་། སྒྲ་སྙན་དང་། བདེན་པའི་ཚིག་གིས་དབང་བསྐུརོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བས། ཤེས་རབ་མ་རྨོངས་པ་དང་། ལྷ་དང་མིའི་མཛད་སྤྱོད་ཐཾད་ལ་ལོང་སྤྱོད་པར་གྱུར་ཏོ།། ་དེ་ནས་འཇིག་རྟེན་གྱི་ཁམས་ཏིར་ཀ་ཞེས་བྱ་བ་ན། ཡི་དགས་རྒྱལ་མོ་ཁ་འབར་མ་ཞེས་བྱ་བས། ཤིང་གི་རྒྱལ་པོ་རྒྱུད་པའི་དུསུ། འཁོར་གྱི་པྲེ་ཏ་ཀ་ཞེས་པ་གསུམ་ལ། རིན་པོ་ཆེ་སྒྲོམ་བུ་དང་། འདོད་པའི་ཡོན་ལྔས་དབང་བསྐུརོ།། དེ་བཞིན ་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། འཇིག་རྟེན་གྱི་སྙིང་པོ་བྱང་ཆུབ་ལ་གནས་ཀྱི་བར་དུ། ཡི་དགས་ཀྱི་སྡུག་བསྔལ་ལས་གྲོལ་བར་གྱུར་ཏོ།། དེ་ནས་འཇིག་རྟེན་གྱི་ཁས་རྨེ་ཤ་ཅན་ཞེས་བྱ་བ་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོས། ་འཁོར་གྱི་མགོ་བརྙན་ཆེན་པོ་བཞི་ལ། དཔག་བསམ་ཤིང་དང་། ཁྲུས་ཀྱི་རྫིབ་བུ་དང་། མེས་ཀྱི་མར་མེ་དང་། སྙན་པའི་ཚོ་གས་དབང་བསྐུའོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། དམྱལ་ཁས་བཅུ་དྲུག་གི་སྡུག་བསྔལ་བདེ་བ ་ཆེན་པོའི་ལོང་སྤྱོད་དུ་གྱུར་ཏོ།། དེ་ཡན་ཆད་ཐུབ་པ་དྲུག་གི་ཕྱག་མཚན་གྱི་དབང་བསྐུར་བར་བསྟན་པའོ།། དེ་ནས་པཎྜི་ཏས་དབང་སྐུར་བ་ནི་གནམ་ལ་རྡོ་རྗེའི་ཟམ་མ་ཆད། ས་ལད་ཀྱྀ་རོ་ཧྲཱི ་མ་ཡལ། བར་ན་གདིས་ངག་ཟམ་མ་ཆད་ཅེས་འབྱུང་སྟེ། སྨོན་དགའ་རབ་རྗེ། འཇམ་དཔལ་བཤེས་གཉེན་ལ་སོགས་པ་རིམ་པར། དབང་དང་འབྲེལ་པའི་ཆོས་བསྟན་པའི་ཚེ།། སློབ་མ་བཀྲག་དང་གཟི་མདངས་སྐྱེད་ཅིང་། ལྷ ་ལོང་སྤྱོད་ཐོབ་པར་བྱ་བའི་ཕྱིར། འདོད་པའི་སྐྱོན་ལྔས་དབང་བསྐུར་ཏེ། ཚེ་དང་གལ་ཕྱི་དང་། མཛའ་གང་དང་འཛག་ཏི་དང་། ཟླ་གོང་དང་ཟླ་རྒྱས་དང་ཟླ་ཁྲོམ་དང་། ཟླ་ཚེས་དང་། དྲག་པོ་དང་། ཀུན་ཏུ་རྒྱུ་ལ་སོཊ་ཏེ། འདོད་པའི་སྟོན་ལྔས ་དབང་བསྐུརོ།། དེ་བཞིན་དུ་རིགས་ཀྱི་བུ་ཁྱོད་ལ་དབང་བསྐུར་བས། ལོངས་སྤྱོད་ཕུན་གསུམ་ཚོགས་པ་ལ་ལོང་སྤྱོད་པར་གྱུར་ཅིག། ཅེས་ཡིས་བླ་མ་ཆེན་པོའི་རྒྱུད་ལས། དབང་བསྐུར་བླ་མ་རིན་པོ་ཆེ་ལ་རྒྱུད་ཕྱུང་སྟེ། ཡིས་སྤྱི་བླུག་སུ་དབང ་བསྐུར་བར་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ་ལ་ཕྱག་བཙལ་ནས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཚེ་མོ།། མ་འོངས་པའི་སེཾན་རྣམས་ལ། སངས་རྒྱས་ཀྱི་འབྲས་བུ་སྨིན་པར་བྱ་བའི་ཐབས་ནི། དབང་དང་འབྲེལ་པའི་ཆོས་འཕགས་ན། དབང་གི་འབྲས་བུ་མཐར་ཕྱིན་པའི་བྱ་རྩལ་དང་བྲལ་བའི་ཆོས་ཇི་ལྟར་ལཊ། བསྟན་དུ་གསོལ་ཅེས་ཞུས་ཏེ། ་དེ་ནས་སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་པུད་དང་རིན་པོ་ཆེ། ཚད་མེད་པ་བཞིའི་ཏིང་འཛིན་ལས་བཞེངས་ཏེ། ཞལ་མཛུབ་མཛད་ནས། རོ་ལངས་བདེ་བ་ལྷའི་བུ་ཉོན་ཅིག། ང་ལ་ཕྱོགས་བཅུ་དུས་གསུཾ་གྱི་སངས་རྒྱས་ཐ~ཾད་ཀྱི་དབང་རིན ་ཆེཚེ་རྫོགས་པ་ཡིན་ཏེ། དབང་ཐ~ཾད་ཀྱི་སྙིང་པོ་རིག་པ་རྩལ་གྱིས་དབང་གིས་སྐད་གཅིག་གསུམ་ལ་གྲོལ་བ་འདི་ལ། བསྐུར་ཐབས་ལྔ་སྟེ། ཡིས་ཀྱི་མར་མེ་དང་། རིན་པོ་ཆེ་གསེར་གྱི་ཐུར་མ་དང་། མེ་ལོང་དང་། སངས་རྒྱས་ཀྱི་མཚན་དང་། རྡོ་དྲིལ་བུ་ད ་ལྔའོ།། དེ་ནས་ཚིག་འདི་བགྲ་ཊ་སྟེ། དཀྱོར་ལ་སྐོར་བ་བྱས་ལ་སྒོ་ལ་དར་གྱི་ཡོལ་བ་བྲེས་ལ། བ་བྷ་བྲི་བར་བྱའོ།། ཀྵུཾ་མ་ཧཱ་སུ་ཁ་རིགས་ཀྱི་བུ་ཁྱོད་ཡོངསུ་མྱ་ངན་ལས་འདས་པར་འདོན་དཾ་བྱའོ།། ན་མོ་བུ་དྷ་ཡ་ཧོ།། འོ་ན་ཁྱོད་ས་གཞི་འོ་མ་ཤི་ས་ཤིའོ། ་རིགས་ཀྱི་བུ་དྷ་ཧི་ཀན། བྷ་ཧི་ཀ་ན་མ་ལཱ་མ་ལཱ། མ་ཧཱ་སུ་ཁ་རི་སི་དྷི་ཧོ།། དེ་བཞིན་རིམ་པས་བསྟན་པ་ནི། མན་ངག་ཐབས་ཀྱི་རྒྱལ་པོ་ཡིན། དེ་ནི་བདེན་པར་བསྟན་པར་བྱའོ།། མར་མེ་ལག་ཏུ་བསྒྱུར་ལ། རིགས་ཀྱི་བུ་འཇིག་རྟེན་གྱི་ཁམ ་སུ་ང་མ་འོངས་པའི་ཚེ། གྱད་ཡུལ་ཤིང་ས་ལ་ཆེན་པོའི་སྙིང་པོ་མེ་ཏོག་པདྨ་ལ་སྟོང་དང་ལྡན་པའི་སྤྲུགས་ནས་འཐོན་ཏེ། སྐུ་ཡོངསུ་རྫོགས་པའི་དུས་སུ། རང་གི་སྙིང་པོ་བྱང་ཆུབ་ཀྱི་སེམས་གསལ་བའི་སྒྲོན་མེ་རཱ་ཏེ། ངས་མཐོང་མ་མྱོང་བའི་ཡུ ་མཐོང་།། རིགས་ཀྱི་བུ་དེ་བཞིན་དུ་ཡིས་ཀྱི་མར་མེར་གསལ་བའི་སྒྲོན་མ་འདིས་དབང་སྐུར་བས། མི་རིག་པའི་སྙིང་ཏོག་གསལ་ནས། སངས་རྒྱས་ཀྱི་བདེན་པ་མཐོང་པར་འགྱུརརོ།། རིགས་ཀྱི་བུ་རང་རིག་པའི་ལེས་ལ་འགྱུར་བ་མེད་ཅིང་། རྣམ ་རྟོག་གྲི་མ་བསླད་པས། ཡིད་གང་དུ་ཡང་འཇུག་པ་མེདོ།། རིག་ཀྱི་བུ་དེ་བཞིན་དུ། རིན་པོ་ཆེ་གསེར་གྱི་ཐུར་མས་དབང་བསྐུར་བས། འགྱུར་བ་མེད་པར་མྱུར་བའི་སྟོབས་དང་ལྡན་པར་གྱུར་ཏོ།། རིག། ་ཀྱི་བུ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དགས་པའི་ཡུལ་དུ་སྣང་བའི་དུས་སུ། གཟུང་འཛིན་གྱི་མཐའ་ལས་འདསོ།། རིགས་ཀྱི་བུ་དེ་བཞིན་དུ་མེ་ལོང་ལྟ་བུའི་ཡིས་འདིས་དབང་བསྐུར་བས། སངས་རྒྱས་ཀྱི་ཞིང་ཡོངསུ་དག་པ་སྣང་བར་གྱུར་ཏོ།། རིགས ་ཀྱི་བུ་རང་བྱུང་གི་ཡིས་ལ་འགག་པ་མེད་པར་ཤར་བའི་དུས་སུ། སྐུ་གསུམ་གྱི་སྣང་བ་མངོན་དུ་གྱུར་ཏེ། ཡིས་ཀྱི་གཟུགས་བརྙན་ལ་ཐིམ་པའི་དུས་སུ། ལེན་མ་མྱོང་བའི་ལུས་བླངས་ཏེ་བྱང་ཆུབ་ཀྱི་སྙིང་པོ་ལ་བྱང་ཆུབ་ཀྱི་སྙིང་པོར་ཤ་རོ།། རིགས་ཀྱི། ་བུ་དེ་བཞིན་དུ་འོད་གསལ་བ་འདིས་དབང་བསྐུར་བས། སྙིང་པོ་བྱ་རྩལ་དང་བྲལ་བའི་སྐུ་ཐོབ་པར་གྱུར་ཏོ།། རིགས་ཀྱི་བུ་རྡོ་ལྟ་བུའི་སྐུ་དུས་གསུམ་དུ་མི་འགྱུར་བར་བསྟན་པའི་དུས་སུ། སྤྲོས་པའི་མཐའ་ལས་འདས་ཏེ། ཐུགས་རྗེ་འབྱུང་བའི ་སྒོ་མ་འག་ཌ་བས། སྤྲུལ་པའི་སྐུ་གསུང་རིག་པའི་ཁུ་བྱུག་ཏུ་གྲག་སོ།། དེ་བཞིན་དུ་རྟཊ་ཀྱི་རྡོ་རྗེ་དང་དྲིལ་བུས་དབང་བསྐུར་བས། རིགས་ཀྱི་བུ་རྡོ་རྗེས་ནི་འགྱུར་བ་མེད་པ་ལ། དྲིལ་བུས་ནི་ཐུགས་རྗེའི་རྩལ་འགག་པ་མེད་པའི་དབང་ཐོབ་པ ་གྱུར་ཏོ།། ཀྱཻ། རིགས་ཀྱི་བུ་མ་འོངས་པའི་སེཾན་རྒྱུད་དག་པ་རྣམས་ལ་ངས་བསྟན་པ་བཞིན་བྱོས་ཤིག། ཅེས་བཀའ་སྒོ་ནས། དགའ་རབ་རྡོ་རྗེ་དེ་བཞིན་དུ་མཛད་པ་ནི།། གནམ་ལ་རྡོ་ཟམ་མ་ཆད་དེ་ལྟ་བ་མི་འགྱུར་བ་ལ་བཞག། ས་ལ་དཀྱིལ་འཁོར ་རིགས་མ་ཡལ་ཏེ། རྟོགས་པའ་ཡས་རང་གས་ལོ།། བར་ན་གདམས་ངག་ཟམ་མ་ཆད་སྟེ། དུས་གསུམ་གྱི་སངས་རྒྱས་དགོངས་པ་རྒྱུད་པ་དང་། རིགས་འཛིན་བརྡས་རྒྱུད་པ་དང་། གང་ཟག་རྣ་བས་རྒྱུད་པ། རྒྱུད་མན་ངག་ཏུ་དྲིལ་ནས་གཏེར་དུ་སྦ་སོ།། ་སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེ།། རིག་པ་རང་ཤར་གྱི་དགོངས་པ། རིགས་པ་སྤྱི་བླུགས་ཀྱི་དབང་དུ་བསྟན་པ། ཡིས་བླ་མ་ཆེན་པའི་རྒྱུད་ལས། དབང་བསྐུར་བླ་མ་རིན་པོ་ཆེའི་རྒྱུད་བསྟན་པའི་ལེའུ་སྟེ། ལེའུ་ལག་གསུ ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ཡང་ཞུས་པ། ཀྱཻཿཀྱཻ་ཐུགས་རྗེ་ཆེན་པོ་མ་འོངས་པའི་སེ་ནི་རྣམས་ལ། ཚེ་དབང་རིན་པོ་ཆེ་གདམས་པའི་དུས་སུ། སློབ་མའི་སྐྱོན་ཡོན་བསྟན་པ་དང་། ་དུས་དང་གནས་ཀྱི་སྐྱོན་ཡོན་གང་། རྡོ་རྗེ་འཆང་གིང་བསྟན་དུ་གསོལ་ཅེས་ཞུས་ཏེ། རྡོ་རྗེ་འཛིན་པ་ཉོན་ཅིག། སློབ་མའི་སྐྱོན་ཡོན་རྣམ་གཉིས་ཏེ། སྤང་བར་བྱ་བའི་བསློབ་མ་བཞི།། དང་དུ་སླང་བའི་བསློབ་མ་བཞི།། བློ་དམན་ཤེས་རབ ་ཆུང་པ་དང་།། བྱེད་ལུས་ནི་དམད་པ་དང་། གསང་དབང་མེད་པར་རྫོབ་པ་ལ།། རྒྱུད་ཀྱི་རྒྱུ་བོ་དོན་མི་བཤད།། བཤད་ཀྱང་བློ་རྒྱུད་མ་གྲོལ་བས།། དེ་བྲ་ཞིབ་ཏུ་བསྟན་པ་མེད།། སེང་གེ་དཀར་མོའི་འོ་མ་འདི།། རིམ་ཆེན་གསེར་གྱི་འཛིན ་གྱི། སྣོད་ངན་གཞན་དུ་བྱུག་པ་དང་།། སྣོད་འཇིག་འོ་མ་འཕོ་བར་འགྱུར།། ཅེས་གསུང་སོ།། དང་ལྡན་བརྩོན་འགྲུས་ཆེ་བ་དང་།། བླ་མ་ལ་ནི་གུས་པའོ།། བློ་བརྟན་འགྱུར་མེད་སྒོམ་སྲན་ཆེ།། རྟག་ཏུ་སྙིང་རྗེ་ལྡན་གྱུར་པ།། དེ་ནི་སྒྲུབ་པ ་རུ་བཞག། སྒྲུབ་ལ་བརྩོན་ཞིང་དམ་ཚིག་ཆེ།། ཞེ་གནག་ཁོང་གདུག་བརྟན་པར་སྨྲ།། བསྟན་པ་བསྲུང་བའི་སྣོད་དུ་བཞག། བུད་མེད་མགོ་འགར་ཤེས་རབ་ཟབ།། དད་པ་བརྟན་ཞིང་ཐེག་ཆེན་མོས།། དེ་ནི་སྙིང ་རྗེའི་སློབ་མར་བཞཀ། བྷྲཱུཾ་རྡོ་རྗེ་འཛིན་པ་ཉོན་ཅིག། ཚེ་དབང་རིན་ཆེན་རྫོགས་བྱེད་པའི།། དུས་ཀྱི་སྦྱོར་བ་བསྟན་པ་ནི།། རྣམ་པ་བཞི་རུ་ཤེས་བྱ་སྟེ།། དེའི་མདོ་ནི་བསྡུ་བ་ཅེས།། ངས་བསྟན་ཁྱོད་ཀྱི་ཡིད་ལ་ཟུང་།། དབྱར་དགུན ་སྟོན་སྤྱད་བཅུ་གཉིས་ལ།། སྒྱིད་ཟླ་གསུམ་ནི་སྲིན་བལ་གྱི་ཕུང་པོ་ལྟ་བུའོ།། དབྱར་ཟླ་གསུམ་ནི་པདྨ་ལྟ་བུའོ།། སྟོན་ཟླ་གསུམ་ནི་རིན་པོ་ཆེ་ལྟ་བུའོ།། དགུན་ཟླ་གསུམ་ནི་རྡོ་རྗེ་ལྟ་བུའོ།། དེ་ཡང་ཤིང་གི་རྒྱལ་པོ་ཡོངས་སུ་ས་རྟོལ་དང་། ་སྦྱར་ནས།། རྩ་བ་དང་། སྡོང་པོ་དང་། མྱུ་གུ་དང་གསུམ། ལོ་འདབ་དང་། མེ་ཏོག་དང་། འབྲས་བུའོ།། དེ་ཡང་སྟོན་ཟླ་ར་བ་ལ་རྫས་བསག། སྙོམ་ཟླ་འབྲིང་པོ་ལ་སྒྲུབ་པ་བྱ།། སྟོན་ཟླ་ཐ་ཆུང་གི་ཞལ་དབང་བསྐུར།། དགུན་ཟླ་ར་བ་ཞི ་ཉལ་གདམྦ་ངག་གི་བཞུག་རྫོགས་པར་བྱའོ།། དེ་ནི་སྦྱོར་བ་དང་པོའོ།། དེ་ཡང་ཐུབ་པ་དྲུག་ལྟར་བྱས་ན།། ཙནྡྲ་བཅུ་གཉིས་འབྲིང་པོ་ལ།། བརྒྱད་ས་ཞུགས་ལ་རྒྱས་པར་རྫོགས། དེ་ནི་སྦྱོར་བ་འབྲིང་པོའོ།། དེ་ཡང་པཎྜི་ཏའི་བསྐུར་ཐབས ་ནི། ཟླ་བ་བཅུ་གཉིས་གང་ཡང་རུང་།། བཅུ་ཅིག་བཅོ་ལྔའི་བར་གྱིས་རྫོགས།། དེ་ནི་སྦྱོར་བ་ཐ་མ་ཡིན།། དུས་ཚོད་ཆེས་གྲངས་བཟང་པོ་ལ།། བཀྲ་ཤིས་བརྗོད་ཅིང་དབང་བསྐུར་ན།། ཚེ་དང་ལོང་སྤྱོད་རྒྱས་འགྱུར་ཞིང་།། བུ་ཚ་རིགས ་རྒྱུད་འཕེལ་བར་འགྱུར།། ཅེས་དག་ལ་རབ་རྡོས་གསུངསོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོས་ཞུས་པ། ཐུགས་རྗེ་ཆེན་པོ་ཚེ་དབང་རིན་པོ་ཆེ་བསྐུར་བའི་དུས་སུ། གནས་ཀྱི་སྟོན་བསྟན་དུ་གསོལ།། ཅེས་ཞུས་ཏེ། རྡོ་རྗེ་འཛིན་པ ་ཏན་ཅིག། བཀྲ་མི་ཤིས་པའི་དབང་གནས་དང་། ཡ་ག་བར་ཆད་ཀྱི་གནས་དང་། དེ་ལ་རྨེ་ཤ་ཅན་གྱི་གྲོང་ཁྱེར་དུ་གཏུགས་པས།། ཟིན་པའི་གྲོང་ཁྱེར་དུ། ལྷ་འདྲེ་དྲག་པོ་རྒྱུན་སྲང་དང་། བསོད་ནམས་ཟད་པའི་གྲོང་ཁྱེར་དང་། ་མགར་བ་ལྷ་མཁན་ཡུག་ས་མོ།། གྲོང་ཁྱེར་ཆེན་པོའི་དབུས་དག་ཏུ། རྣལ་འབྱོར་པ་ཡིས་དོན་མི་འགྲུབ། ཅེས་གསུངསོ།། རི་གསུམ་འདུས་པའི་རྩེ་མོ་དང་། རྩི་ཤིང་སྨན་ལྗོངས་བྱ་སྐད་སྙན།། རྒྱབ་མཐོ་མདུན་གཞོལ་གཞོག ་སྐྱོབ་པ། གཞན་ཡང་བཀྲིས་ཉམས་དགའ་ཡིད་འཐད་དང་། བསོད་ནམས་གྲུབ་པའི་དགོན་པ་དང་། གྲོང་ཟད་མཐའ་དང་ནགས་ཚལ་དུ། དཾ་པའི་དོན་དེ་སྒྲུབ་པར་གསུངས་ཅེས་ཡིས་བླ་མ་ཆེན་པོའི་རྒྱུད་ལས། དབང་སྐུར་བླ་མ ་རིན་པོ་ཆེའི་རྒྱུད། སངས་རྒྱས་མར་མེ་མཛད་སྟོང་གི་གཙུག་ཕུད་རིན་པོ་ཆེས་མཛད་པ་ལས་ལེའུ་སྟེ་བཞི་པའོ།། ། ཨཱ་ཙརྱ་བི་མ་ལ་མི་ཏྲ་དང་། བོད་རྒྱ་ལོ་ཙྪ་བ་ཀ་ཆོག་ཞང་གསུམ་གྱིས ་སྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ་རྫོགས་སོ།། ། ཐརས་རྒྱ་ཡིས་བཏབ་པོ།། སྔོན་དུ་གྲོ་བའི་བསྙེན་པ་སྟེ།། རྟ་གོན་ཆོ་ག་རྫོགས་པའོ།། དང་པོ་ལ་ནི་སྒྲུབ་པ་འབྱུང་།། ཏིང་འཆི ་སྔགས་དང་འཕྲོ་འདུ་བྱ།། གཉིས་པ་ཚེ་དབང་བསྐུར་བར་བྱ།། གསུམ་པ་ཡིས་སྤྱི་བླུགས་དབང་།། བཞི་པ་སངས་རྒྱས་རབ་བདུན་དང་།། ལྔ་པ་རིགས་པ་རྩལ་གྱི་དག ་རིམ་པ་བཞིན་དུ་ལས་ལ་སྦྱར།། རྫོགས་དང་རྒྱུད་ལུང་མན་ངག་བཤད།། ང་ཡིས་བསྟན་པའི་ཚེ་རབ་པ་འདི།། མོ་བསྒྱུར་བར་དུ་བཤད་པ་མྱེན།། ཅེས་དག་ལ་རབ་རྡོ་རྗེས་འཇམ་དཔལ་ལ་གདམས་པའོ། ་སོ་ཡིས་བླ་མའི་ལེ་འུ་ལག་རྫོགསོ།། ། དགེའོ།། སྐྲྀ། ་