| Wylie | e-texts produced with BDRC’s OCR application |
རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་བཞུགས་སོ།། ། ་རྒྱ་གར་སྐད་དུ། རཏྣ་པ་ཏྲེ་ཤ་ཨཱ་གྷཱ་ཏྲ་ཙཀྲ་ཏན་ཏཱ་ནཱ་མ། བོད་སྐད་དུ། རིན་པོ་ཆེ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ ་ཕྱག་འཚལ་ལོ།། འདི་སྐད་བདག་ཉིད་ཀྱིས་སེམས་དཔའ་རྡོ་རྗེའི་དོན་ཡོངསུ་གོ་བའི་དུས་ཉིད་ན། སྤྲུལ་པའི་སྐྱེས་བུ་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེ་ཡིས།། དྷ་ཧེ་ནའི་འདུ་ཁང་ཆེན་པོ་རུ།། ་རིགས་ཁྱད་པར་ཅན་གདུག་པ་ཅན་གྱི་ཚོགས་མཁས་པ་ཉི་ཤུ་རྩ་གཅིག་ལ་སོགས་པའི་འཁོར་དཔག་ཏུ་མེད་པ་རྣམས་བསྡུས་ནས།། ལྷུན་གྲུབ་ཤེས་པ་རང་གསལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ ་སྙོམས་པར་བཞུགསོ།། ཞུག་མ་ཐག་ཏུ་འཁོར་ཐམས་ཅད་ཀྱི་རྒྱུད་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལས་ཟག་པ་མེད་པའི་ཆོས་ཉིད་དུས་གཅིག་ཏུ་ཤར་བར་གྱུར་ཏོ།། དེ་ནས་འཁོར་རྣམས་ཀྱི་ནང ་ནས་ཉིད་དང་འདྲ་བའི་སྤྲུལ་པ་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་བཞེངས་ནས།། འཇམ་དཔལ་བཤེས་གཉེན་གྱིས་སྤྲུལ་པའི་སྐྱེས་བུ་དགའ་ར་བ་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ལོ།། ཨེ་མ་ཧོ། ་སྤྲུལ་པའི་སྐྱེས་བུ་ལགས།། འཁྲུལ་པའི་འཁོར་བའི་སེམས་ཅན་རྣམས།། རྒྱུ་རྐྱེན་དངོས་པོ་ཅི་ལས་འཁྲུལ།། སྤྲུལ་པ་སྣང་བའི་སྐྱེ་མཆེད་ཀྱིས།། ཆོ་འཕྲུལ་བསྟན་པ་ཇི་ལྟར་ལགས།། ་འདི་འདྲའི་ཆོ་འཕྲུལ་ངོ་མཚར་ཆེ།། དཔྱང་ཟག་ཆད་པའི་འགྲོ་བ་ལ།། ཟབ་མོའི་དོན་ཆེན་བཤད་དུ་གསོལ།། ཞེས་ཞུས་པས། དགའ་རབ་རྡོ་རྗེས་འཇམ་དཔལ་གཤེས་གཉེན་གྱིས་ཚིག་གསན་པར་གྱུར་ནས།། འཇམ ་པལ་བཤེས་གཉེན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཨེ་མ་རྒྱུ་རྐྱེན་ལས་ལས་མ་བྱུང་པའི།། ཤེས་པ་ཆོས་སྐར་གས་ལ་བ་ལ།། ཡེངས་པའི་ཚུལ་གྱི་འཁོར་བར་འཁྱམས།། དེ་ལ་སྟོན་པ་རྣམ་གསུམ་གྱིས། ་ལམ་ལ་སོ་སོར་བགྲོད་པ་ཡིས།། བསྟི་གནས་བཏགས་པའི་སངས་རྒྱས་ཐོབ།། ཞེན་པ་གཉིས་པོ་རང་གྲོལ་ཕྱིར།། མན་ངག་འདུས་པའི་འཁོར་ལོ་བཤད།། ཅེས་གསུངས་པས།། འཁོར་ཐམས་ཅད་རྟོག་པའི ་བསམ་པ་དང་འདུན་པ་འབང་པོ་དུས་ཅིག་ཏུ་སྐྱེས་པར་གྱུར་ནས།། སྐྱེས་བུ་ཆེན་པོས་བཤད་དུ་གསོལ་ཞེས་ཞུས་སོ།། གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། གླེང་གཞི་ཞུས་པ་དང་བཅས་པའི་ལེའུ་སྟེ། ་དང་པོའོ།། ། དེ་ནས་སྟོན་པ་དགའ་རབ་རྡོ་རྗེ་ཞེས་བྱ་བ་དེ་ཡིས།། འཇམ་དཔལ་བཤེས་གཉེན་ལ་སོགས་པའི་མཁས་པ་ཉི་ཤུ་རྩ་གཅིག་ལ།། ཨུ་རྒྱན་གྱི་སྐད་དམ་བ་དྷ་ཡི་བརྒྱུད་དེ། ་སྐད་ཅེས་བཀའ་སྩལ་ཏོ།། ཀྱེ་མ་མ་ནོར་མ་བཅོས་དོན་ཆེན་ལ།། རང་བྱུང་ཡེ་ཤེས་རིག་པར་ཤར།། རྣམ་པར་མི་རྟོག་རྟོག་ལས་འདས།། དེ་བཞིན་ཉིད་ལས་བཅོས་སུ་མེད།། འོན་ཀྱང་རྒྱལ་བའི་དགོངས་པའི་དོན།། ་ཀུན་བཟངས་དབྱིངས་ཀྱི་དོན་ཆེན་ནས།། རང་བྱུང་རིག་པའི་རྩལ་ཤར་བས།། འདི་དོན་རྩ་བ་དག་གིས་གཟུང་།། རྟོགས་དཀའ་རྡོ་རྗེའི་རྩ་བ་ལ།། རིག་པ་རྩལ་དང་གབ་མངོན་ཕྱུང་།། ཐལ་ཕྱུང་ཅོག་བཞག་ཐུག ་ཕྲད་དང་།། ཚོལ་བ་རྗེས་མེད་དམིགས་རྗེས་མེད།། གཏོང་ཕུར་དག་གིས་མན་ངག་གིས།། གཅོད་བྱེད་དོན་གྱི་འཁོར་ལོ་བསྐོར།། གདམས་ངག་སྡོང་ཆེན་བརྒྱད་པོ་ལ།། ཡལ་ག་ལོ་མདབ་དུ་མར་སྨིན།། ་དཔེར་ན་འཛམ་བུ་སྲིག་ཤ་བཞིན།། འབྲས་བུ་དགོས་པ་དུ་མ་འབྱུང་།། དེ་བཞིན་མན་ངག་རེ་རེ་ཡིས།། འགྲོ་བའི་རང་རྒྱུད་གྲོལ་བའི་ལམ།། དཔེར་མེ་གསེར་འགྱུར་རྩི་བཞིན་དུ།། དུག་ལྔ་ཡེ་ཤེས་ཆེན་པོར ་འགྱུར།། སྡུག་བསྔལ་བདེ་བའི་ཀློང་དུ་འགྱུར།། དེ་འགྱུར་དེ་གསལ་བདག་གིས་ནི།། མན་ངག་སྐད་ཀྱི་བཤད་པའི་དོན།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་དགྲ་བརྒྱ་དང་བརྒྱད་བཅུ་གཉིས།། མི་ནུབ ་རྒྱལ་མཚན་དོན་བཀྲོལ་ནས།། གསང་བའི་དོན་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། རིག་པའི་མཛོད་འཛིན་ཁུ་བྱུག་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅུ ་། གཉིས་སྟོན།། རིག་པརྩད་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། ཙལ་ཆེན་དོན་གྱི་གཞི་མ་ལྔ།། ཀློང་དགུབམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅཝོ་ལྔ་ཡི།། ་པདྨ་རྩད་གཅོད་འཁོར་ལོ་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། ཁྱུང་ཆེན་སྤྲོས་བསྡུའི་རྩོལ་མེད་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་བདུན་ཅུ་རྩ་བརྒྱད་ཀྱིས།། བསམ་གཏན་རྩད་གནོད། ་འཁོར་ལོར་བསྐོར།། རེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། སེམས་བསྒོལ་ཐེག་པའི་དམིག་སེལ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་དགུ་བཅུ་རྩ་བརྒྱད་ཀྱིས།། ཚད་མ་རྩད་གཅོད་འཁོར་ལོ ་བསྐོརཿརེ་རེས་འགྲོ་བའི་རང་རྒྱུད་འགྲོལ།། བྱང་སེམས་ཀློང་གི་རྩ་བ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངགྲ་བཅཝོ་བརྒྱད་ཀྱིས།། རྟོགས་པ་རྩད་གཅོད་འཁོར་ལོ་བསྐོར།། མཐར་ཐུག་ཐིག ་ལེ་དྲུག་པ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་ཉི་ཤུ་རྩ་བརྒྱད་ཀྱིས།། ཡང་དག་རྩད་གཅོད་འཁོར་ལོ་བསྐོར།། སྤྱི་གཅོད་ཐེག་པའི་ཡང་རྩེ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གད ་ངག་བཅཝོ་ལྔ་ཡིས།། དགེ་སྡིག་རྩད་གཅོད་འཁོར་ལོ་བསྐོར།། རྗེ་བཙུམ་ཐེག་པའི་རྒྱལ་པོ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གནས་ལུག་དོན་གྱི་མན་ངག་བཅུས།། རྡོ་རྗེ་རྩད་གཅོད་འཁོར་ལོ་བསྐོར།། ་འདོད་འབྱུང་ཡིད་བཞིན་ནོར་བུ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅུ་དྲུག་གིས།། བསྟིང་གནས་ཞེན་གཅོད་འཁོར་ལོ་བསྐོར།། འཕང་མཐོ་ན་མཁའ་རྒྱལ་པོ་ལ།། ཀློང་དགུ། ་བམ་པོ་ཉི་ཁྲི་ནས།། གདམ་ངག་བདུན་བཅུ་རྩ་གཉིས་ཀྱི།། བཟུང་འཛིན་རྩད་གཅོད་འཁོར་ལོ་བསྐོར།། ཐོག་ཏུ་འབེབས་པའི་ཏིག་ཆེན་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་ཚིག ་གསུམ་གྱིས།། རྩོལ་སྒྲུབ་རྩད་གཅོད་འཁོར་ལོ་བསྐོར།། ཕྲ་བཀོད་གསེར་མིག་གཡུས་སྒྲས་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམ་ངག་བཞི་བཅུ་རྩ་ལྔ་ཡི།། ཡི་གེ་རྩད་གཅོད་འཁོར་ལོ་བསྐོར།། ་ཡོངས་འདུས་སྲོག་གི་འཁོར་ལོ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅུ་དྲུག་གིས།། གསང་ཆེན་རྩད་གཅོད་འཁོར་ལོ་བསྐོར།། བདེ་འཇམ་ཡངས་དོག་མེད་པ་ལ།། ཀློང་དགུ་བམ ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་བཅོ་བདུན་གྱིས།། སྡུག་བསྔལ་རྩད་གཅོད་འཁོར་ལོ་བསྐོར།། ཐོགས་མེད་རྩེ་མོ་བྱུང་རྒྱལ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་དགུ་བནྡྷ་རྩ་དྲུག་གིས།། ་བདུད་རྩི་བཙད་གཅོད་འཁོར་ལོ་བསྐོར།། ཀུན་འདུས་ཀུན་གྱི་རྩ་བ་ལ།། ཀློང་དགུ་བམ་པོ་ཉི་ཁྲི་ནས།། ཟབ་མོའི་གདམས་ངག་ཉི་ཤུ་ཡིས།། བདག་འཛིན་རྩད་གཅོད་འཁོར་ལོ་བསྐོར།། སྤྱི་བཅིངས་དོན་གྱི་ཆེ་བ ་ལཿཀློང་དགུ་བམ་པོ་ཉི་ཁྲི་ནས།། གདམས་ངག་ཉི་ཤུ་རྩ་གཉིས་ཀྱི།། རྟག་ཆད་རྩད་གཅོད་འཁོར་ལོ་བསྐོར།། མ་རིག་འཁྲུལ་པ་ཚར་གཅོད་ཅིང་།། ཡང་དག་དོན་ལ་བགོད་པའི་ཕྱིར། ་རྡོ་རྗེ་ལྟ་བུའི་རྩ་བ་ལ།། སྡོང་ཆེན་བརྒྱད་ཀྱི་འཁོར་ལོ་བསྐོར།། བདུན་བརྒྱད་ཙ་བདུན་སྤྲུལ་པ་འགྱེད།། བདག་གཞན་ཞེན་པར་རང་སར་གྲོལ།། རིག་པ་རྩལ་གྱི་སྡོང་པོ་ལ།། ཅིར་སྣང་རིག་པའི་གོ་བ ་སྐྱེཿགབ་པ་མངོན་འབྱུང་སྡོང་པོ་ལ།། ཆོས་སྐུ་རང་གསལ་རྟོགས་པ་འཆར།། ཡེ་ཤེས་ཟང་ཐལ་སྡོང་པོ་ལ།། རང་བྱུང་མེན་པ་ཀ་ནས་མེད།། ཆོས་སྐུ་ཐུག་ཕྲེང་སྡོང་པོ་ལ།། ཅིར་སྣང་ཆོས་སྐུ ་སོ་ཤེས་སྐྱེ།། ཆོས་ཉིད་ཅོག་བཞག་སྡོང་པོ་ལྔ།། ཅིར་སྣང་ཆོས་ཉིད་བྱས་ཟིན་འགྲུབ།། ཚོར་བ་རྗེས་མེད་སྡོང་པོ་ལ།། རྟགས་སྣང་མི་བདེན་ཡིད་ཆེས་སྐྱེ།། དམིག་པ་རྗེ་མེད་སྡོང་པོ་ལ།། དྲན ་མེད་ཉམས་བླང་ཤུགས་ལས་འབྱུང་།། འཛིན་མེད་སྟོང་ཕུར་སྡོང་པོ་ལ།། འཛིན་མེད་ཡེ་ཤེས་ཤུགས་ལ་འཆར།། ཅེས་པ་བཅཝོ་བརྒྱད་ཀྱི་དོན་ནན་ཏན་དང་བཅས་པ་གསུངས་སོ།། གངས ་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། འཁོར་ལོ་བཅཝོ་བརྒྱད་ཀྱི་གདམས་ངག་སྣང་བའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་སྤྲུལ་པའི་སྐྱེས་བུ་ཆེན་པོ་དེས།། འཇམ་དཔལ ་བཤེས་གཉེན་ལ་སོགས་པའི་འཁོར་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཉིད་ཡེ་ནས་སངས་རྒྱས་པས།། བྱ་བཙལ་མེད་པར་ལྷུན་གྱིས་གྲུབ།། འདི་ལྟར་སྣང་བས་སངས་རྒྱས ་ཉིད། རང་བྱུང་ཡེ་ཤེས་འཕེལ་འགྲིབ་མེད།། འཁོར་འདས་ལམ་པའི་ཆོས་རྣམས་ཀུན།། གང་ཡང་བླང་དོར་མི་བྱ་ཞིང་།། ཟག་པ་མེད་པའི་ངངལ་བསྟིམ།། མ་བསྟིམས་བཟུང་ཡང་འགལ ་རྒྱུ་མེད།། ཀུན་དངོས་ལྷན་གྲུབ་རང་ཤར་ལ།། འགལ་དང་མི་འགལ་ག་ལ་ཡོད།། ཆོས་སྐུ་མཉམ་ཉིད་ཆེན་པོ་ལྟར།། མཉམ་པར་ལྟ་ཡང་གནས་རྒྱུ་མེད།། རང་བྱུང་ཡེ་ཤེས་འགག་མེད་ལ།། ་མཉམ་དང་མི་མཉམ་ག་ལ་ཡོད།། འབྱུང་འཇུག་འཛིན་མེད་སྟོང་པར་ལྟ།། སྟོང་ཉིད་ཡུལ་ལ་གནས་པ་མེད།། རིག་པ་རང་བྱུང་ཡེ་ཤེས་ལ།། སྟོང་དང་རིག་པ་དབྱེར་མི་ཕྱེ།། སྨོས་མེད་རང་བྱུང ་བདེ་ཆེན་ལ།། བགྲོད་མེད་རྩོད་བྲལ་རླུང་ལམ་ཤར།། འདི་ལ་སྒོམ་རྒྱུ་ཅི་ཡང་མེད།། འབད་པ་རྩོལ་བའི་ནད་ཡིན་ཏེ།། རྣམ་རྟོག་རྐུན་བུར་ལྡང་བ་ལ།། སྡོང་ཆེན་བརྒྱད་པོས་ཟིལ་གྱིས་གནོན། ་ཟིལ་གནོན་རྟོགས་པ་རང་སར་གྲོལ།། མཁའ་ལ་ཉི་མ་ཤར་བ་ཡིན།། སྣང་སྲིད་འཁོར་འདས་རིག་པ་ཤར།། དེ་ལ་སྤང་རྒྱུ་གང་ཡང་མེད།། དམུན་ལོང་ཆུ་ཕུར་མི་ཕྱེད་བཞིན།། བླ་མ་དང་ལྡན ་མན་ངག་གྲུབ།། རིག་པ་ཆོས་སྐུར་གསལ་བ་ལ།། འདི་ལ་གྲུ་བ་གང་ཡང་མོད།། གླང་ཆེན་སྨྱོན་པ་ཇི་བཞིན་དུ།། སེམས་ཀྱི་འདུ་འཕྲོ་ངེས་མེད་ལ།། འདི་བརྟག་བསྟན།། ་ཅིང་སྤྱད་དུ་མེད།། ངོ་ཤེས་མི་དང་ཕྲད་པ་བཞིན།། ཅིར་རྒྱུད་ཡེ་ཤེས་ཐུག་ཕྲད་ལ།། འདི་ལ་ཞེན་ཅིང་གླད་དུ་མེད།། རྒྱ་མཚོར་སྣང་སྲིད་གསལ་བ་བཞིན།། ལྷུན་གྲུབ་དབྱིངས་ཀུན་གསལ ་འདི་ལ་བདག་གཞན་ཐ་དད་བྲལ།། ཁྱི་རྐུན་ཁང་སྟོང་ཚོལ་བཞིན་དུ།། ཆོས་ཉིད་ཅིར་ཡང་མ་རྙེད་པས།། གཞན་ནས་རྩལ་དུ་ཅི་ཡང་མེད།། མིག་ནཱད་ཅན་གྱི་རྒྱང་མིག་ལྟར།། སེམས་ལ ་སྣང་རྒྱུ་མ་རྙེད་པས།། འདི་ལ་དམིགས་གཏད་བཙའ་དུ་མེད།། ཁྱི་གསར་སྟོང་ལས་བཀྲོལ་བ་བཞིན།། གང་ཡང་བཟུང་དུ་མ་རྙེད་པས།། དྲན་པའི་ཐག་པས་གདག་སུ་མེད།། ཅེས་གསུང ་གདམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལུས། མཐར་ཐུགས་དོན་གྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་སྤྲུལ་པའི་སྐྱེས་བུ་དགྲའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གན ་ལ་རྒྱུད་གཏང་བ་འདི་གསུངས་སོ།། ཊཱི་རྗེ་འཇམ་དཔལ་བཤེས་གཉེན་རྒྱུད་འདི་ཟུང་།། ཁྱོད་ཉིད་འཕགས་པའི་སྤྲུལ་པ་སྟེ། ཁྱོད་ངའི་རང་བཞིན་ཡིན།། གསང་བའི་གདམས་ངག་རྒྱུ ་ཆེན་འདི།། མི་ནུ་བ་ཡོངས་ཀྱི་བཙས་སུ་ཞོག། རིན་ཆེན་གཏེར་བཞིན་དགོས་པ་འགྲུབ།། བྱ་བརྩལ་མེད་པའི་རྒྱུད་ཆེན་འདི།། ཀུན་གྱི་ཐུན་མོང་མ་ཡིན་ཏེ།། སྣོད་ལྡན་པསྐལ་པར ་སྦྱངས་སྦྱངས་པ།། ལས་འཕྲོ་ཅནྡ་ལ་མྱུར་དུ་བྱིན།། ཅེས་གསུང་སོ།། འཇམ་འབལ་བཤེས་གཉེན་ལ་སོགས་པའི་འཁོར་ཐམས་ཅད། དགའ་མགུ་ཡིད་རངས་ཏེ།། དགའ ་རློབ་རྡོ་རྗེ་ལ་མངོན་པར་བསྟོད་དོ།། རིན་པོ་ཆེ་གོ་དམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་ལས། གཏད་གཉེར་གྱི་ལེའུ་སྟེ་བཞི་པའོ།། ་རིན་པོ་ཆེ་ག་དམས་ངག་སྣ་ཚོགས་འཁོར་ལོའི་རྒྱུད་རྫོགས་སོ།། མདྨ ་