CLOSE WINDOW

Gbr006.24: ye shes thig le zang thal gyi rgyud
Wyliee-texts produced with BDRC’s OCR application

ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་བཞུགསོ།། ་རྒྱ་གར་སྐད་དུ། ཛྙཱ་ན་ཏི་ལ་ཏན་ཏྲ། བོད་སྐད་དུ། མི་ཐིག་ལེ་ཟང་ཐལ་གྱི་རྒྱུད་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཡེ་ཤེས་ཞིང་ཁམས་དག་པའི་གནས།། སྟོན་པ་ཀུན་བཟང་རྫོགས་པའི་སྐུ།། གསང་བདག་རྡོ་རྗེ་སེམས་དཔའ་ལ།། ་ཡེ་ཤེས་ཟང་ཐལ་བསྟན་པ་ལ།། བཅོམ་ལྡན་འདས་ཀྱིས་སྐུ་བསྟན་ཏེ།། གསང་བདག་ཆེ་ལ་བཀའ་སྩལ་པ།། གཞི་ནི་ཕྱོགས་མེད་ཆེན་པོ་ལ།། རྒྱུན་དུ་ཕྱོགས ་འཕྲིན་ལས་ཅིར་ཡང་ཐོགས་པ་མེད།། སྣ་ཚོགས་སྣང་ཞིང་འགྱུར་བ་མེད།། ཐོགས་མེད་འགག་པ་མེད་པ་ལས ་མེད་འཆར་བའི་གཞི།། ངོ་བོ་རང་བཞིན་རོལ་པར་ཤར།། ་བམས་སྣང་བའི་བཞིས་ཟིན།། ཅེས་གསུངས་སོ།། གསང་པའི་བན་པོ་ཆེན་པོ་དེས། ཡང་ཆེན་བསྟན་པས་གཞེངས་ནས་ཅང་། བཅོམ་ལྡན་འདས་ཀྱི་འདི་ན་ནུས ་མ་དག་འཁྲུལ་པ་དག་པ་འཇིག་རྟེན་དང་།། ཡང་དག་ཡེ་ཤེས་སྣང་བ་གསུམ།། དེའི་གནས་ལུགས་ཇི་ལྟར་ལགས།། ངོ་སྤྲོད་བསྡད་པ་ཇི་ལྟར་ལགས།། ཡེ་ཤེས་དབྱེ་བ་བཤད་པར་ཞུ།། ཅེས་གསོལ ་པས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལེགས་པར་ཉོན་ཅིག་གསང་བདག་ཆེ།། ངས་བཤད་པ་ལ་མ་སྦག་གཅིག། ཅེས་གསུངས་སོ།། ཡེ་ཤེས་རང་ཐལ་གྱི་རྒྱུད་ལས་གླིང་གཞིའི ་ལེའུ་སྟེ་དང་བའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལེགས་པར་ཉོན་ཅིག་གསང་བདག་ཆེ།། ཀུན་གཞི་སྤྱི་དབྱིངས་སྤྱན་གྲུབ་ལ།། སྤུན་གྲུབ་གཞིའི་རླུང་ལྔ་ལས། ་རྩ་ལ་ཤུགས་མ་ནིང་རླུང་འགྱུ་སྟེ།། རིག་པའི་ཤེས་པ་ཕྲ་བ་ལ།། རང་སྣང་སྟོང་པའི་སྣང་བ་ལྟས།། ཡིད་ལ་འགྱུས་པའི་རང་སྣང་གསལ།། ཁ་དོག་སྣ་ཚོགས་རང་གསལ་འབར།། འབར་བའི་ཀློང་ན་ཕྱི་ནང་སྣང་བྱེད་གསལ།། འོད་ལ་རིག་པའི། ་ཡེ་ཤེས་རང་ཤར་ནས།། ཐེག་ལེ་ཡེ་ཤེས་ཟང་ཐལ་ཆེན་པོར་ཤར།། རང་ཤར་ཡིན་པས་ཆོས་ལས་འདས་པའི་སྐུ།། ཕྱི་ནང་མེད་པའི་ཡེ་ཤེས་ཟང་ཐལ་ལ།། རྒྱུ་རྐྱེན་གཉེན་པོ་རང་སར་གྲོལ་བས་ན།། ཁམས་གསུམ་ཀུན་གྱི་གཉེན ་གཅིག་པོ།། ཕྱི་ནང་མེད་པའི་དུ་ཁྲོད་དུ།། ཀུན་ཏུ་བཟང་པོ་དུར་དུ་ཞུགས།། དུར་གྱི་མིང་ནི་ཡངས་པ་ཅན།། ཁྲོད་ཀྱི་མིང་ནི་པདྨ་ཅན།། ཤིང་གི་མིང་ནི་ལྗོན་པ་སྟེ།། མཁའ་འགྲོའི་མིང་ནི་རྡོ་རྗེ་འཚོ།། མཆོད་རྟེན་མིང་ནི་རྡོ་རྗེ་བརྩེགས། ་རིའི་མིང་ནི་སི་རའི་རོ།། བསྒོམ་ཆེན་མིང་ནི་ནོར་བུའི་འོད།། ནོར་གྱི་མིང་ནི་རིན་པོ་ཆེ།། ཕྱི་ནང་མེད་པའི་དུར་ཁྲོད་ཡིན།། ཅེས་གསུངསོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས།། སངས་རྒྱས་དུར་དུ་བཞུགས་པའི་ལེའུ་སྟེ། གཉིས་པའོ།། ་དེནས་བཅོམ་ལྡན་འདས་ཀྱིས་ནི། ཐུགས་རྗེ་ཆེན་པོའི་ཀློང་ཡངས་ན་སེམས་དཔའ་ཆེ་ལ་བཀའ་སྩལ་པ། མིང་མ་ཐོགས་ཀྱི་སྤྱི་བྱིངས་ནས།། སེམས་ཅན་འཁྲུལ་པའི་མཚན་ཉིད་ནི།། སྣ་ཚོགས་རང་སྣང་ཁ་དོག་ལས།། མཐིང་ལ ་དཀར་པོ་སེར་ལེབ་བརྒན།། ཡེ་ཤེས་ཆེ་བའི་རྩ་ལ་སྣང་བས། དུ་མ་ཡུལ་དང་འཁྲུལ་པས་ན།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། ང་རྒྱལ་ཁོང་ཁྲོ་ཁྲག་དོག་དང་།། གཞིའི་དུས་ན་མཚན་ཉིད་འཛིན།། ལམ་གྱི་དུས་ན་དངོསུ་ཤར ་འབྲས་བུའི་དུས་ན་མཚན་མགོལ།། རང་གྲོལ་མ་ཤེས་སྣང་བས་བསྒྲིབས།། མི་ཤེས་མོངས་པས་འདས་དུ་བྱིང་།། འཁོར་བའི་ཆུ་བོས་རྟག་ཏུ་གཡེངས།། ཆུ་བོའི་གཞི་ནི་རྟག་ཏུ་འབབ།། དྲུག་སོགས་སྔོན་པོར་གྲུབ་པ་མི ་རང་རང་ལྷུན་གྱི་མཚན་ཉིད་འཛིན།། ཞེན་པ་བློ་ཡིས་འཁྲུལ་པ་ལྟས།། ཉམས་ཀྱི་སྣང་བས་ལུས་སུ་བཟུང་།། ལུས་ཀྱི་མིང་ནི་འགྲོ་དྲུག་ལུས།། གནས་ཀྱི་མིང་ནི་འཁོར་བའི་གནས།། དུར་ཁྲོད་མིང་ནི་མུ་ཁའི་དུར།། གཉིས་མེད་པ་ལ་གཉིས ་འཛིམ་པས།། བསྒོམ་ཆེན་གྲོང་ལ་ཡན་དུ་རྟགས།། ཁ་དྲག་ལམ་དུ་ཚོགས་པའི་ཚེ།། ཡེ་ཤེས་གསང་ལམ་མ་ཤེས་པས།། དེ་ཚེམ་རྟོགས་མ་རིགས་རྨོངས་པ་ཡིས།། འཁོར་བ་རྣམ་པར་རྟོགས་ལས་བྱུང་།། རྣམ་རྟོག་མེད་མ་སངས ་རྒྱས་མིང་ཡང་མེད།། འགྲོ་དྲུག་མེད་ན་སྐུ་དྲུག་མིང་ཡང་མེད།། དུག་དྲུག་མེད་ན་ཡིས་ཆེན་པོ་དྲུག། ཡེ་ཤེས་བྱ་བའི་མིང་ཡང་མི་ཐོག་སོ།། ཕུང་པོ་ལྔ་པོའི་སྣང་བ་དག། མེད་ན་རིག་ལྔའི་མིང་ཡང་མ་གྲུབ།། འབྱུང་བ་ལྔ་པོ་མེད་པ་ན། ་ཡུམ་ཆེན་ལྔ་པོ་ག་ལ་གྲུབ།། བཅིངས་པ་མེ་ན་རྒྱ་ཆང་ཡིན།། ཕྱོགས་མེད་རྟོགས་ན་རང་གྲོལ་ཡིན།། ཚོགས་བརྒྱད་ཚོགས་དྲུག་མེད་པ་ན།། སེམས་དཔའ་སེམས་མ་ཐུབ་པ་དྲུག། སྒོ་བསྒོམར་གྲུབ་པ་ཅི་ལ་རུང་།། དེ་ལ་རང་རྒྱུད་མའི ་འཁྲུལ་པ་ཡིན།། འགྲོ་དྲུག་རང་སོའི་མཚན་ཉིད་དབུས་གནས་སོ།། ལྔ་སྔས་བསྐོར་བས་འཁྲུལ་འཁོར་ཞེས་སུ་བཤད།། ཅེས་གསུང་སོ།། ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། འགྲོ་དྲུག་རངས་ངོ་སྤྲད་པའི་ལེའུ་སྟེ། གསུམ་པའོ།། ་དེ་ནས་ཡང་བཀའ་སྩལ་པ།། གྱི་སེམས་དཔའ་ཆེན་པོ་ཉོན་ཅིག། དག་པ་འཇིག་རྟེན་འཁྲུལ་པ་རྣམ་པ་གཉིས།། ཡར་ལྡན་དྲག་དང་ངེས་པ་མེད་པ་ཡིས།། ལོངས་སྤྱོད་རྫོགས་པ་སྐུའི་སྐུ་ཞིང་ཁམས་བསྟན་པ་ཡང་།། འབྱུང་རླུང་སར་མ ་འཁྲུལ་བའི་འོད་ལྔ་དང་པོའི་དུས་ཡིན་ཏེ།། སྤྱོད་ཡུལ་དང་པོ་འཇུག་པའི་དུས་ཡིན་ཏེ།། འབྱུང་བ་ལྔ་རུ་མིང་མ་ཐོགས་པ་ཡིས།། འོད་གསལ་སྣང་བ་འཇའ་མཚོན་དངས་པ་འདྲ།། གཞིའི་ཡོན་ཏན་རྒྱ་མཚོ་དངས་པ་འདྲ།། སྒྱུམ་ལྟ་བུའི ་རྡོ་རྗེ་སེམས་དཔའ་རེ།། ལ་ཀའི་མི་རེང་འདྲ་སྟེ་རྟག་པ་དཀའ།། ཆོས་ཉིད་རང་སྣང་མེ་ལོངས་གཡའ་དག་འདྲ།། འཁྲུལ་སྣང་ལོང་སྐུ་ཆུ་ཟླའི་དཀྱིལ་འཁོར་ལྟར།། གསལ་ལམ་འདྲེས་ཕྱི་ནང་མེད་པར་གནས།། འགྱུ་བ་ཐོགས་མོ་སྨིག་རྒྱུ་ལྟ ་བུ་དང་།། སྐུའི་ཆེ་བ་མཚན་དང་ཡོམ་ཉན་རྒྱས།། དེ་འདྲའི་འཁྲུལ་སྣང་ལོང་སྤྱོད་རྫོགས་སྐུ་ཡི།། ཆེ་བའི་ཡོན་ཏན་རང་རང་འཁོར་གྱི་བསྐོར།། མཚན་ཉིད་འཇིམ་པ་རང་རང་སྟེ་ཚོམས་སྦྱོར།། རང་རྟགས་ཕྱག་མཚམ་ཐ་དད་སོ་སོར་སྣང་། འཁོར ་ལོ་པདྨའི་ཞིང་ཁམས་བདེ་བ་གསལ།། ཤེས་རབ་དག་པ་རྡོ་རྗེ་སེམས་དཔའ་དང་།། འབྲས་བུ་མཐར་ཐུགས་རྡོ་རྗེ་སེམས་དཔའ་དང་།། འཁྲུལ་སྣང་ལོང་སྐུའི་རྡོ་རྗེ་སེམས་དཔའ་དང་།། མིང་དུ་རྡོ་རྗེ་སེམས་དཔའ་མཉམ་པ་ལས།། སྒྲ་འཐུན་ངོན ་ལ་མན་ངག་རྒྱས་པར་སྟོན།། ཅེས་གསུངསོ།། ཡེ་ཤེས་ཐིག་ལེ་ཟ་ཐལ་གྱི་རྒྱུད་ལས།། འཁྲུལ་སྣང་རྡོ་རྗེ་སེམས་དཔའི་ཞིང་ཁམས་ངོ་སྤྲང་བའི་ལེའུ་སྟེ། བཞི་པའོ།། ། དེ་ནས་ཡང་བཀའ་སྩལ་པ། འབྲས་བུ་མཐར ་ཐུགས་རྡོ་རྗེ་སེམས་དཔའ་ཡིས།། དེའི་མཚན་པའི་གདམས་པ་པོ་སྤང་བསྟན།། འབྱུང་བ་ལྔ་རུ་མིང་དུ་བཏགས་པ་དང་།། ཚོགས་བརྒྱད་དྲུག་དང་སྒོ་ལྔ་ཕུང་པོ་ལྔ།། འབྱུང་བ་ལྔ་ནི་རྣམ་པ་གཉིས་སྣང་།། ནང་འབྱུང་མྱི་འབྱུང། ་རྣམ་པ་གཉིས་སུ་སྣང་།། ཕྱིའི་འབྱུང་བ་རྣམ་པ་ལྔ་པོ་ཡང་།། མཚན་ཉིད་འཛིན་པས་བརྡས་མཚོན་ཏེ།། འོད་ལྔ་ཡུལ་ལྔ་རེ་རེ་ལ་ཡང་སྣང་།། རང་སྣང་དང་གྲོལ་ཡུལ་དང་གཞལ་ཡས་ཁང་།། མ་བྲིས་དཀྱིལ་འཁོར་སྒོམ་མི་དགོས།། ཕུང་པོ་དག། ་ལ་རྟེན་བཅས་པ།། ཁ་ཁྲག་དྲོང་དབུགས་སེམས་ཀྱི་མཚན་ཉིད་འཛིན།། ཡུལ་ལྔ་འོད་ལྔ་དག་ཏུ་ངོ་སྡང་པས། ཡུལ་དང་འོད་དུ་བསྒོམ་པ་བྱ་མི་དགོས།། ཕུང་པོ་ལྔ་པོ་སྐུ་ལྔ་རིགས་སྔར་ངོ་སྤྲད་པས།། སྐུ་ལྔ་རིགས་ལྔ་བསྒོམ་པ་བྱ་མི་དགོས། ་རྣམ་ཤེས་ཚོགས་བརྒྱད་སེམས་དཔའ་བརྐྱད།། དེའི་ངོའི་སྤྱོད་བྱས་པ་ཡིན།། ཚོགས་བརྒྱད་གནས་གྱུར་སེམས་དཔའ་སྒོམ་དུ་མེད།། ཡུལ་བརྒྱད་རང་སྣང་སེམས་མ་བརྒྱད་།། སེམས་མའི་ངོ་སྤོང་བྱས་པ་ཡི།། གནས་གྱུར་སེམས་མ ་བསྒོམ་དུ་གདོད་ནས་མེད།། ཚོགས་དྲུག་ཐུབ་པ་དྲུག་ཏུ་ངོ་སྤྲང་པས།། གནས་གྱུར་ཐུབ་པ་བསྒོམ་དུ་ཡེ་ནས་མེད།། དེ་ལྟར་བསྒོམས་བྱ་བསྒོམ་པའི་མཚན་ཉིད་ཀྱང་།། ཕྱིན་ཅི་ལོག་བཞི་རྟག་ཆར་མུ།། གནས་མ་བསྒྱུར་བར་ངོ་སྤང ་པས།། སྒོ་བསྒོམ་བསྒོམ་དུ་ཡེ་ནས་མེད།། ཕྲ་བར་དག་གི་རྡུལ་ཡང་།། དག་པ་འཇིག་རྟེན་སྣང་བ་ཡེ་ནས་རྫོགས།། རྫོགས་པར་ཤེས་ནས་བསྐྱེད་དུ་ཡེ་ནས་མེད།། མ་ཤེས་བསྐྱེད་པས་སྤང་བླང་འདུ་འབྲལ་ཅན།། མཐར ་ཐུགས་རྡོ་རྗེ་སེམས་དཔའ་ཅེས་ཀྱི་དེ་ལ་བྱ།། ཅེས་གསུངསོ།། ཐིག་ལེ་ཉག་ཅིག་ཡེ་ཤེས་ཟང་ཐལ་གྱི་རྒྱུད་ལས།། འབྲས་བུ་རྫོགས་པར་ངོ་སྤྲད་པ་དག་པ་འཇིག་རྟེན་པའི་སྣང་བ་བསྟན་པའི་ལེའུ་སྟེ་ལྔ་པའོ།། ་དེ་ནས་ཡང་བཀའ་སྩལ་པ།། ཡང་དག་ཡེ་ཤེས་སྣང་བ་བསྟན་པ་ནི།། ཕྱི་ནང་གཉིས་སུ་མྱེད་པས།། ཡེ་ཤེས་ཟང་ཐལ་ཆེན་པོ་དུག་ལྔ་རྩི་རུ་རང་སར་གྲོལ།། སྐུ་ལྔ་རྩི་རུ་དངོས་པོ་མེད།། དབྱེར་མེད་ཡེ་ཤེས་ཟང་ཐལ་ལ།། ཕྱི་ནང ་མེད་པའི་ཡེ་ཤེས་གསལ།། མ་དག་སྣང་བ་རང་རྒྱུད་པ།། རང་རྒྱུད་མཚན་མ་རང་སར་གྲོལ།། སྦྲུལ་གྱི་མདུད་པ་ལྔ་མདུད་འདྲ།། དྲི་མས་དྲི་མ་འཁྲུབ་དང་།། བྱུ་ཀུས་ཀྱུ་ཀུས་འབྱིན་པ་ལྟར།། དུག་ལྔ་ལམ་དུ་ཁྱེར་བ་དང་། ་དུག་ལྔ་ངོ་སྤྱོད་བྱས་པ་ཡིས།། ཡེ་ཤེས་ཟང་ཐལ་ཁོང་ནས་འབར།། ན་མཁའ་དག་ལ་རལ་གྲི་བསྐོར་བ་བལྟར།། དུག་ལྔ་ཕྱོགས་མེད་རང་གྲོལ་གྱི།། སྲོག་གི་སྤུ་གྲི་སོ་བརྡེབས་ཀྱིས།། བདག་གསོད་གཞན་གྲོལ་ཤེས་པར་བྱ།། ་ཉི་མ་ཟླ་བའི་རྟ་ལ་ཞོན།། ཐོག་གི་ཟླ་ནི་བདེག་པར་བྱ།། གློག་གི་ཞག་པས་བཅིང་པར་བྱ།། གཞའ་མཚོན་ཕུབ་ཆུང་གཏན་དུ་གཏིང་།། ན་མཁའ་སྟོང་པ་གོས་སུ་གོན།། རླུང་གི་འཁོར་ལོ་གོང་དུ་བསྐོར།། དམིགས་པ་ཅན་ལ ་འཕངས་པར་བྱ།། སྣང་གསལ་རལ་གྲི་ཕྱག་ཏུ་ལོང་།། སྐྱེ་འགྲོའི་རྩི་ཤིང་གཅད་པར་བྱའོ།། ཡེ་ཤེས་སྟོང་གསལ་ཆེན་པོ་ལ།། ཐུགས་རྗེ་ཉི་མའི་སྙིང་པོ་ལྟར།། ཐམས་ཅད་སེལ་བའི་འོད་པོ་ཆེ།། བདག་གསོད་གཞན ་སྒྲོལ་ཐབས་ལ་མཁས།། བྱང་ཆུབ་སེམས་དཔའ་ཤེ་རབ་དག་པའི་རྡོ་རྗེ་སེམས་དཔའ་ཡང་སྤད་པའོ།། ཞེས་གསུང་སོ།། ཡེ་ཤེས་རང་བྲམ་ཐིག་ལེའི་རྒྱུད་ལས།། དག་པ་འཇིག་རྟེན་པ་བསྐ་ལ་ངོ་སྐང་བའི་འདུན ་དྲུག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་སེམས་དཔར་སྐུ་སྤྲུལ་ནས། ཉིད་ཀྱི་ཉིད་ལ་བཀའ་སྩལ་པ།། ཡེ་ཤེས་ཆེན་པོ་ཟད་ཐལ་ལ།། འདུས་བྱས་དགེ་སྒྲ་མི་འཇུག། རང་སྣང་གསང་མཛོད་སྣང་བ་ལ། ་བར་རོའི་འོད་ཀྱི་སྒྲ་མི་འཇུག། བློ་དངོས་གཉིས་མེད་རང་གྲོལ་ལ། བསྒོམ་པར་བྱ་བའི་བློས་མི་བསླད།། ཤེས་རབ་དག་པའི་ཡེ་ཤེས་ཡིན།། དབུགས་མེད་སྤྱན་གསུམ་རང་གྲོལ་ལ།། བར་དང་ངོའི་སྒྲ་མི་འཇུག། ཆོས་ལས་གྲོལ་བའི ་ཟད་ཐལ་ལ།། རྒྱུད་ཞེས་བྱ་བའི་ལྷད་ཀྱི་བསླང།། འགྱུརབརང་གྲོལ་ཡེ་ཤེས་ལ།། བསམ་ཞེས་བྱ་བ་ཚིག་གིས་བཅོས།། རང་གྲོལ་ཡེ་ནས་ཡིན་པ་ལ།། ཐོབ་ཅེས་བྱ་བས་སྡང་བླང་བྱུང་།། མཚན་མ་རང་གྲོལ་གྱི་དགོངས་པ་ཇེ།། རྒྱུད ་པ་བསྐྱེད་པར་བྱ་བ་མིན།། ལྷག་མཐོང་རིག་པའི་ཡེ་ཤེས་ཤར།། གཟུང་འཛིན་རྣམ་རྟོགས་སྒྲིབ་པ་དག། སྒྲིབ་པ་ཀུན་ལས་རབ་ཏུ་གྲོལ།། སྐུ་གསུམ་ཤེས་རབ་དང་སྐུ་འཁྲུངས།། འཁྲུལ་པའི་མཚན་མ་རང་སརམ་གྲོལ།། མ་དག ་ངག་ལ་འཇིག་རྟེན་པའི། སྣང་བ་རྣམ་གཉིས་རང་སར་གྲོལ།། ཕྱི་ནང་མེད་པར་ཐིག་ལེས་ཁྱབ།། ཁྱབ་བརྡལ་ཐིག་ལེ་ཡེ་ནས་བརྡལ།། མ་རིག་པའི་རྩ་བ་ནི། དང་པོ་ཐུགས་སར་བཏུགས་པ་ལ།། འཁྲུལ་པ་ངེས ་ཤེས་པར་བྱ།། བར་དུ་འདུག་སར་གནས་པ་ལ།། སྣང་བ་རྣམ་གསུམ་རབ་ཏུ་གཅེས།། ཐ་མ་འགྲོ་བར་བཏང་བ་ལ།། འགྱུ་བ་སྣ་ཚོགས་འགྲོ་འོང་ལ།། གཉིས་མེད་ཤེས་རབ་ཁྱེར་ཀ་གཅེས།། དུས་གསུམ་གཅིག་ཏུ་བསྲེ་བ་ལ།། ཐིག་ལེ ་ཆོས་ཆེན་ཀློང་ཆེན་དུ།། བྱ་རྩལ་མེད་པའི་རྟ་པོ་ལ།། འགྱུ་བའི་ཁྱི་ཆུང་ཞོན་ནས་སུ།། ཉི་ཟླ་གཉིས་ཀྱི་ལྕགས་ཆེན་ཏེ།། སྐད་ཅིག་མ་ལ་རང་སར་ཐིམ།། དྷ་ཐིམ་དྷ་ཐིམ། ཅེས་གསུང་སོ།། ཡེ་ཤེས་ཟང་ཐལ་ཐིག་ལེའི་རྒྱུད་ལས།། བྱིན ་གྱི་བརླབས་ཀྱིས་བཤད་པའི་ལྕེའུ་སྟེ་བདུན་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ།། གསང་བའི་བདག་པོ་ལེགས་པར་ཉོན།། ངོ་སྤྲོས་བསྡུས་པ་ངག་གིས་བསྟན།། ངོ་སྤྲིང་རྣམ་པ་གསུང ་ཡིན་ནོ།། དཔེ་དང་རྟགས་དང་དོན་དུ་བསྡུ།། དཔེའ་ནི་མན་ཤེལ་དག་པ་སྟེ།། དང་པོ་སྤྱི་སའི་གཞི་རུ་བཞག། ཆོས་ལྔ་དག་དང་ལྡན་པ་སྟེ།། ཀུན་གྱི་གཞི་སའི་དཔེ་མཚོན་བསྟན།། སྣང་བ་རྣམ་གསུམ་དེ་རུ་བསྡུ།། དེ་ནས ་ངོ་སྤྲང་པ།། འོད་དང་ཟེར་དང་འགྱུ་བའི་དཔེ།། ཤེལ་དང་རྣམ་པ་གཞི་རུ་མཚོན།། ངག་དངམ་ངག་ཡང་དག་གསུམ།། བར་སྐབས་དེ་ནས་འཕྲོས་པས་ན།། ངོ་སྤོད་རྣམ་གསུམ་དེ་རུ་འདུས།། ཅེས་གསུངས་སོ།། ཡེ་ཤེས་རྫིག ་ལེ་ཟང་ཐལ་གྱི་རྒྱུད་ལས། དཔེའི་ངོ་སྤྲོད་ཀྱི་ལེའུ་སྟེ། བརྒྱང་པའོ།། ། ས་ར་ཨ་དྷ་ཐིམ་དྷ་ཐིམ། དེ་ནས་ཡང་བཀའ་སྩལ་པ། ཕྱིའི་དཔེ་དོན་རྟགས་ཀྱི་བརྡའ ་གསང་བདག་ཆེ་ལ་བསྟན་པ་ནི།། རང་ལུས་དཔེ་དོན་རྟགས་ཀྱི་བརྡའ།། པོ་སྦྱོང་བདག་གིས་བསྟན་པར་བྱ།། མིག་ནི་དཔེའི་ངོ་སྣོད་ཡིན།། ངག་དང་མ་ངག་ཡང་དག་གསུམ།། རྣམ་ཤེས་འོད་དངཟང ་ཐལ་གསུམ།། རེ་རེ་ལ་ཡང་ལྔ་སྔས་བསྐོར།། ངོ་སྤྱོད་གསུམ་གྱི་དཔེ་རུ་མཚོམ།། ཟང་ཐལ་ཐིག་ལེ་ཆོས་མེན་སྐུ།། འདི་ནི་ལོངས་སྐུའི་ཞིང་ཁམས་སོ།། མཚོམ་གང་ནང་ན་སྒྱུ་མའི་སྐུ།། ཀུན་ཏུ་མི་འགག་ཐུགས་ཡིན་ཏེ། ་དེ་ནི་ལོངས་སྐུའི་ངོ་སྤྲོང་དོ།། ། ཐིག་ལེ་ཉག་ཅིག་པོ་སྣོད་ཡིན།། རྣམ་ཤེས་འགག་པ་མེད་པ་ལ།། དུག་ལྔ་རང་བཞིན་རང་ཤར་བ།། འགྲོ་དྲུག་སྨིན་པའི་རྒྱུ་རྐྱེན་ཚང་།། མ་ངག་འཁྲུལ་པའི་དཔེས་མཚོན་ཡིན།། ་ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ནང་རང་ལུས་ཀྱི་བརྡའི་ངོ་སྤྲོད་པའི་ལེའུ་སྟེ། དགུ་པའོ།། ། བྷ་གྷམྦྷ་ལྷ།། བཅོམ་ལྡན་འདས་ཀྱིས་བཀའ ་སྦྲུལ་པ། སེམས་དཔའ་ཆེན་པོ་ལྷོང་ཉོན་ཅིག། གསང་རྟགས་ཀྱི་ངོ་སྟོང་བསྟན་པ་མིནའི་རྒྱམ་པོ་ཤེལ་གྱི་སྡུག་མ་ཅན། ཆོས་གསུམ་འགག་པ་མེད་པའི་ལམ་དུ་ཤར།། སྣང་སྲིང་གསལ་བ་འོད་བསྲུངས་ཆེན་པོས ་མཛོད་།། འོད་གསལ་འཁོར་ལོ་ཐིག་ལ་རབལ་འབར།། ཐིག་ལ་སྣང་ལ་ལབ་ཙམ་ན།། ཀྱེ་སྦྱངས་མིག་འདྲི་ཨེའི་འོད་གསལ་དེ།། བར་དེའི་མཚོན་པ་བརྡའི་བསྟོད་དེ།། ཕྱི་མར་མི་གདོད་དེ་ལྟ་ཉིད་དུ་གསལ། ་གསལ་གཟང་ཐལ་འདི་ལ་འདུ་ཤེས་ན།། སངས་རྒྱས་ས་ཡང་སྐད་ཅིག་གཅིག་ལ་རྫོགས།། འོད་གསལ་འཁོར་ལོ་བསྐོར་བ་དང་།། གནད་ཀྱི་བཙན་ཐབས་ཆེན་པོ་བསྟན་པ་གཅེས།། དེ་ཡང་རྟགས་ཀྱི་ངོ་སྤྲོང་ཡིན་པར ་ཤེས།། རྩའི་གནད་དང་ཕྱག་རྒྱའི་གནང།། བསྒོམ་པ་འོད་གསལ་འཁོར་ལོ་བསྐོར་ཤེས་ན།། བར་དོ་མེད་པའི་ཡེ་ཤེས་ཟང་ཐལ་འཆར།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ཐིག་ལེ ་བཙན་ཐབས་སུ་བསྟན་པ་དང་། འོད་གསལ་འཁོར་ལོ་བསྐོར་བའི་ལེའུ་སྟེ། བཅུ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་ཅིག། ཡང་ན་རྟགས་ལ་ངོ ་སྤྲོད་འདི་ལྟ་སྟེ།། རྩའི་རྩལ་པོ་ཤེལ་གྱི་སྡུག་མ་ཅན།། ཉི་མ་ཟླ་བའི་ནང་ན་ཟུག་ནས་གནས།། དོན་གྱི་ངོ་བོ་ཐིག་ལེ་ཆོས་མེན་སྐུ།། གངས་རི་བརྩེགས་པའི་གནས་དང་འབྲེལ་བ་ཡི།། ནུང་དུས་འཆར་དུས་ཐིམ ་དུས་མ་ཤེས་ན།། ཆགས་སྔངས་བློ་ཡིས་ཡུལ་ལས་འདས་མི་སྲིད།། སྐྱེ་བ་གཅོད་པ་གནས་པ་གསུམ།། འདུ་འབྲལ་མེད་པར་འཁོའ་བའི་རྩལ་དུ་འཆར།། དེའི་རྩལ་དུ་དབུགས་ཀྱི་འགྲོ་འོད་ཀྱང་། ་གསུམ་དུ་བྱུང་བས་སེམས་ཀྱི་རྟགས་སུ་ཤར།། གང་རི་གཉིས་ལ་ཡོབ་ཆེམ་ལྟ་བུའི་རྩ།། སྙིང་ང་བརྩའི་བར་ན་གོང་དང་འདྲ།། དེ་གཉིས་འབྲེལ་པའི་རྩའི་ནང་ནས་ནི།། འགག་མེད་ཐོག་མེད་དབུགས་མེད ་པའི།། ཟང་ཐལ་ཕྱོགས་མེད་འགྲོ་བ་ཡིས།། གནད་ཀྱི་གདམས་པ་ཡིན་པར་མ་ཤེས་ན།། ཐིག་ལེ་ཉ་གཅིག་ཁས་ལེན་སྨྱོན་པ་ཡིན།། དགའ་རབ་རྡོ་རྗེ་རིག་པའི་གསང་ལམ་དང་།། རྡོ་རྗེ་སེམ། ་དཔའ་ཡེ་ཤེས་གསང་ལམཿ།། ཀུན་ཏུ་བཟང་པོའི་ཐིག་ལེ་ཆོས་མིན་སྐུ།། ཐག་ཆོད་དོན་གྱི་ཡེ་ཤེས་མ་ཤར་ན།། དཔེའི་ངོ་སྦྱོང་ཚིག་གི་མ་ཡ་ཡིན།། འགྲོ་དྲུག་འཁྲུལ་པའི་འདམ་ནས་འཐོན་པ་དཀའ།། རྟེན་གྱི་གསང་ལམ ་རྟགས་ཀྱི་གསང་ལམ་དང་།། ཡེ་ཤེས་གསང་ལམ་བཞི་པོ་མ་བྱེད་ན།། ཐིག་ལེ་ཡེ་བརྡལ་ཅི་ཁྱབ་བློའི་ཡུལ།། སེམས་འཛིན་བསྒོམ་ཆགས་བཞི་དེས་ལྷའི་ཆོས།། རང་རྒྱུད་ཆགས་སྔང་རང་ཁ་བློའི་ཆོས།། ཆོས་སྤྱོད་བཅུ་དཔ ་མི་དགེ་བཅུ་སྤྱད་ཀྱང་།། ཐིག་ལེ་ཆོས་མེན་ཆོས་ཀློང་ཞལ་མི་མཐོང་།། ཤེ་རབ་རིག་པ་མ་རིག་ཡིད་དང་བཞི།། གནད་གྱི་གདམས་ངག་དམ་པ་མ་ཤེས་ན།། ཡེ་ཤེས་བྱུག་ཕྲད་འཆར་བའི་དྲིས་མིན་མཆི།། རྣམ་རྟོགས་ཡེ་ཤེས ་བང་ཐལ་ངོ་སྤོང་མ་བསྟན་ན།། སྐུ་གསུམ་འདུ་འབྲལ་མེད་པའི་ངོ་མི་ཕྲང་།། ཟུང་འཛིན་ཟུང་ཐལ་འགྲོ་བའི་གནང་མེད་ན།། ཐིག་ལེ་ཉག་གཅིག་འཆར་བའི་དུས་མམཆི།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་བར་ཐལ ་གྱི་རྒྱུད་ལས། རྟགས་ཀྱི་ངོ་སྤྲང་པའི་དོན་གྱི་ཡིས་ངོ་སྤྲད་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། ཡང་བཀའ་སྩལ་པ། ཉོན་ཅིག་རྡོ་རྗེ་སེམས་དཔའ་ཆེ།། ཡེ་ཤེས་དབྱེ་བ་བསྟན་པ་ནི།། གན ་གནས་ཡེ་ཤེས་ལྷུན་གྲུབ་ནི། ཀ་རྒྱ་མ་ཆད་པའི་ཡེ་ཤེས་བཞི།། འགག་པ་མེད་པའི་ལྗིན་ནོ།། མ་དག་འཁྲུལ་པའི་ཡེ་ཤེས་ནི།། འཁྲུལ་པས་ཡེ་ཤེས་མིང་མ་ཐོགས།། ལམ་གྱི་ཡེ་ཤེས་རྣམ་པ་བཞི།། རང་བྱུང་རང་རིག་ལྷག་མཐོ། ་དང་།། ངོ་བོ་ཉིད་ཀྱི་ཡིད་ཤེས་ནི། ཤེས་པར་དག་པའི་ཡེ་ཤེས་ཡིན།། ཤེས་པ་ཛ་དག་ས་ཡང་ཞེས་ཨ་ན།། དག་པ་ཡཻ་ཤེས་ནི།། མེ་ལོང་ཡེ་ཤེས་ལ་སོགས་ལྔ།། ཇི་ལྟ་བ་དང་ཇི་རྙེད་མཁྱེན།། ངོ་བོ་ཉིད་ཀྱི་ཡེ་ཤེས་དང་།། རྣམ་པ་བརྒྱད ་དུ་རིག་པར་བྱ།། ཡང་དག་ཡེ་ཤེས་སྣང་བ་ནི།། ཡུལ་དང་ཡེ་ཤེས་ཟང་ཐལ་དང་།། ཕྱོགས་མེད་པའི་ཡིས་དང་།། ཡེ་ཤེས་ཁྱབ་བརྡལ་ཆེན་པོ་དང་།། ངོ་བོ་ཉིད་ཀྱི་ཡེ་ཤེས་དང་།། རྣམ་པ་གཞི་རུ་འདུས་པ་ཡིན།། ཡེ་ཤེས་ཡེ་ཤེས ་ཁྱད་པར་འཕགསཀ། ཡེ་ཤེས་ཟང་ཐལ་ཁྱད་པར་ཆེ།། ཕྱི་ནང་མེད་པར་སྣང་སྲིད་བརྡལ།། ཡངས་སོ་ཆེའོ་ཡེ་ཤེས་ཆེ་།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས།། ཡེ་ཤེས་ཀྱི་དབྱེ་བའི་ལེའུ་སྟེ། བཅུ ་གཉིས་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཤཱ་ཏིང་འཛིན་དེ་ལས་གཞེངས་ཏེ།། གསང་བའི་བདག་པོ་ལ་བཀའ་སྩལ་པ།། ཉོན་ཅིག་སེམས་དཔའ་རྡོ་རྗེ་འཛིན།། ཕྱོགས་འཛིན་མེད་པའི་ཐི ་ཡེ་རེ།། འགག་པ་མེད་པའི་ཡེ་ཤེས་ཡིན།། ཡེ་ཤེས་ངོ་སྤྲོང་བསྟན་པ་ནི།། ཡེ་ཤེས་ཟང་ཐལ་ཆོས་ལས་འདས།། འཁོར་བར་འདོག་པར་འགྱུ་བ་ཡིན།། མྱང་འདས་རྫོགས་པའང་འགྱུ་བ་ཆེ།། སྔོ་དངོས་གཉིས ་ཀྱི་བར་མཚམས་སུ།། ཕྱི་ནང་གཉིས་ཀྱི་རྐང་འཛིན་པ།། གཟུང་འཛིན་གཅོད་པའི་ཤེས་རབ་ཀྱིས།། ཕྱི་ནང་གཉིས་སུ་འབྱེད་པ་ནི།། ཐིག་ལེ་ཉག་གཅིག་ཀུན་ཁྱབ་ལ།། དུས་ལ་ལྟས་པ་འཁྲུལ་པའི་བློ།། ་རྫོགས་ཆེན་ཐིག་ལེ་ཟང་ཐལ་ལ།། ཕྱོགས་མཚམས་སྟེང་འོག་འདོད་པ་གང་།། ཐམས་ཅད་མ་བསྒྲུབས་རྫོགས་ཆེན་ལ།། དགག་སྒྲུབ་བྱས་ན་གོལ་བ་ཡིན།། ཨེ་མ་ཧོ་རིགས་ཀྱི་བུ། ངས་བཤད་པ་ལ་མ་སྐྲག་གཅིག། ཆོས ་རྣམས་ཐམས་ཅད་ཐིག་ལེ་ཡེ་བརྡལ་ཡིན།། ཡིན་པར་ཤེས་པས་འཁོར་དུ་འཁོར་ས་མེད།། ཐམས་ཅད་ཕྱི་ནང་མེད་ཀློང་།། སངས་རྒྱས་འཁྲུལ་པས་མིང་དུ་བཏགས་པས་ནོར།། ཐིག་ལེ་ཕྱོགས་མེད་ཤེས་ཟང་ཐལ་ལ། ་སྐུ་བསྒོམ་འདོད་པས་ཀུན་ཏུ་བརྟགས་པས་བསྡུས།། ཕྱི་ནང་མེད་པའི་ཡེ་ཤེས་པ་ཐལ་ལ།། འབྲས་བུ་ཕྱི་དུས་མི་འདེབས་དེ་སྟེ་ཉིད་དུ་གྲུབ།། ཐིག་པ་བར་མཚམས་མ་གྲུབ་ཟུང་ཐལ་ལ།། བར་དེའི་གདམས་པ་ས? ་ཆེན་ལམ་པའི་ཆོས།། ལམ་ལ་རེན་བག་ཆགས་ལས་ལ་རེ།། ལྔས་ལ་རེ་ན་རང་བྱུང་ཡེ་ཤེས་བརྫུན།། སངས་རྒྱས་ཐུགས་རྗེ་བྲི་བཀོལ་མེད་པ་ལ།། ཐུབ་དྲུག་འབྱུང་བར་འདོད་པ་ཡིད་སྨོན་བློའི་ཡུལ།། རྫོགས་ཆེན ་བློ་ལས་གྲོལ་བའི་ཆོས་མེམ་ཡིན།། ཐུགས་རྗེ་བྲི་བཀོལ་མེད་པ་ཡི།། ཐམས་ཅད་སྐུ་གསུམ་རོལ་པར་མ་ཤེས་ན། ཐུགས་རྗེ་དུས་ལ་ལྟོས་ན་འཁྲུལ་པས་འཁྲུལ་པར་རྒྱུད། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ ་ཟང་ཐལ་གྱི་རྒྱུད་ལས། ཐིག་ལེའི་རང་སྒྲོ་ལ་ངོ་སྤྲང་བའི་ལེའུ་སྟེ། བཅུ་གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས། ཡང་པ་ཅན་གྱི་གནས་ནས་གཞེངས་ནས།། བྱང་ཆུབ་སེམས་དཔའ་བཛྲ་ས ་ཏཱ་ལ་བཀའ་སྩལ་པ། སྐུ་གསུམ་དབྱེ་བ་བསྟན་པར་བྱ་ཡིས།། སེམས་དཔའ་ཆེན་པོ་ཉོན་ཅིག།། ཆོས་སྐུའི་ཆོས་སྐུ་ལོངས་སྐུ་དང་།། སྤྲུལ་པའི་སྐུ་རུ་དབྱེ་བར་བྱ།། ལོངས་སྐུའི་ཆོས་སྐུ་ལོང་སྐུ་དང་།། སྤྲུལ་པའི་སྐུའི་དབྱེ་བ་དང་། ་སྤྲུལ་སྐུའི་ཆོས་སྐུ་ལོང་སྐུ་དང་།། སྦྲུལ་སྐུའི་དབྱེ་བ་བཤད་པར་བྱ། ཆོས་སྐུ་ན་མཁའ་ལྟ་བུ་ལ།། ལོངས་སྐུ་སྤྲིན་གྱི་ཚུལ་དུ་སྣང་།། སྤྲུལ་པའི་སྐུལ་དབྱ་བར་བྱ།། ལངས་སྐུའོ་ཆས་སྒྲ་ལངས་སྐུ་དང་། སྤྲུལ་པའི་སྐུའི་དབྱེ་བ་དང ་སྦལ་སྐའི་ཆོས་སྐ་ལང་སྐུ་དང་།། སེལ་ཨའི་དཔྱ་བ་ཤུད་པར་བྱ།། ཆས་སྐན་མཁའ་ལྟས་ལ།། ལོངས་སྐུ་སྨན་གྱི་ཚལ་དེ་སྟེང།། སྤྲུལ་པའི་སྐུ་ནི་ཆར་ལྟ་བུ།། ཆོས་སྒྱུ་མཁའ་ཁྱབ་ཟང་ཐལ་ཡིན།། ཆོས་སྐུའི་ལོངས་སྒྱུ་ཐིག ་ལ་རང་གསལ་ཡན།། ཆོས་སྐུའི་སྤྲུལ་སྐུ་ཐུགས་རྗེ་ཕྱོགས་མེད་ཡིན།། འགག་མེད་ཐིག་ལེའི་སྦྲུལ་སྐུ་སྟེ།། ཇེ་སྤོང་ཐུག་རྗེ་ཅན་ལ་གདབ།། ཐུགས་རྗེ་ཕྱོགས་རིས་མེད་པ་ཡིན།། ཕྱོགས་རིས་མང་པའི་ཟོང་ཐལ་ཆོས་མིན ་ཐིག་ལེ་ཆོས་མེན་ཡངས་པའི་རངས་ན།། རིག་པ་ཆོས་མེན་ཡེ་ཤེས་ཆེན་པོ་སྟེ།། ཐིག་ལེ་ངོ་སྤྲོད་འདི་ལ་སྤྱད་ནུས་ནེ།། ཐིག་ལེ་སྒྲིབ་མེད་ཡེ་ཤེས་ཆོས་མེན་སྐུ།། བར་མཚམས་མེད་པའི་ཐིག་ལེ་ཁོང་ནས་ཤར།། ལམ་གྱི་གདམས ་ངག་འགྱུ་བ་མི་དགག་པར།། ཕྱོགས་ལྷུང་མེད་པའི་ཤེས་རབ་ཆེན་པོ་ཡིས།། ཆོས་ཀྱི་ངོ་སྦྱོང་ཆེན་པོ་ཡིན།། དེ་ལས་འདའ་དུས་སངས་རྒྱས་ཡུལ་མེད་མཐོང་།། རིག་པ་ཡུལ་མེད་འདི་ལ་ངོ་སྤྲོད་ན།། སངས་རྒྱས ་རང་ཆས་ཡིན་པས་ཡུལ་མེད་ཡིན།། ཅེས་གསུངསོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། སྐུ་གསུམ་དབྱེ་བའི་ལེའུ་བཅུ་བཞི་པའོ།། ། ཀུན་ཏུ་བཟང་པོས་བཀའ་སྩལ་པ། སེམས་དཔའ ་ན་པོ་ཁྱོད་ཉོན་ཅིག། ལོངས་སྐའི་དབྱེ་བ་འདི་ལྟ་སྟེ། ནོར་བུ་རིན་ཆེན་ལྟ་བུ་སྟེ། ཐུགས་རྗེ་འདོད་ཡོན་འཆར་བའི་གཞི།། ཡོན་ཏན་སོ་སོར་སྣང་བ་ད་ང་། ལོངས་སྐྲའི་ཆོས་སྐ་བསྟན་པ་ནི།། ཇི་ལྟ་བའི་ཡེ་ཤེས་ཡིན།། ལོང ་སྐུ་སྒྱུ་མའི་གཟུགས་སྐུ་ཡིན།། སྦྲུལ་སྐུ་ཇི་སྙེད་ཡེ་ཤེས་ཡིན།། སྒྱུ་མ་ལྷུན་གྲུབ་འོད་ཀྱི་ཕུང་པོ་ལ།། སྐུ་ལྔ་ལ་སོགས་བསམ་གྱི་མི་ཁྱབ་པ།། འཛི་རྟེན་འདི་འམ་ཐམས་ཅད་ན།། ཏིལ་གྱི་གང་བུ་བཞིན་དུ་ནི།། ཡོངསུ་གང་ཞིང ་བར་མཚམས་མེད།། ཡེ་ཤེས་སྒྱུ་མའི་སྦུབས་ཀྱི་ངོ་སྤྲོད་འདི།། མ་ཧཱ་ཡོ་གའི་གོལ་གཞི་གོལ་ས་དང་། ཨ་ནུ་ཡོ་གའི་གོལ་གཞི་གོལ་ས་གཉིས། དབྱེར་མེད་རང་སར་མ་ཤེས་སྒྲིབ་པ་ཡིན།། རང་ལུས་ཐིག་ལེ་བསྙུངས་པས་གོལ ་ས་ཚེད།། ཕྱི་ནང་མེད་པའི་ཐིག་ལེ་ཆོས་ཉིད་ཀློང་།། འབྲས་བུ་མ་རྩེ་ལ་རང་ལ་གྲུབ་པས་ནོར་བུ་རིན་ཆེན་འདྲ།། ཡེ་ནས་ཡོད་པ་མཐོང་བས་དབུལ་མོ་གཏེར་རྙེད་ཚུལ།། སངས་རྒྱས་ཐིག་ལེ་ཕྱོགས་མེད་སྐུ།། གཟུགས ་སྐུ་མཉམ་ལ་མ་འདྲེས་པ།། ནོར་བུ་རིན་ཆེན་ཡོན་ཏན་འདྲ།། སྦྲུལ་སྐུ་སོ་སོར་ཤར་བ་ཡིན།། ནོར་བུ་རིན་ཆེན་ཐུགས་རྗེ་འདྲ།། ནོར་བུ་རིན་ཆེན་ཕྱོགས་མེད་དེ།། གཉིས་མེད་ཆོས་སྐུའི་ངོ་སྤྲོད་ཡིན།། ཅེས་གསུངས་སོ།། ཡེ་ཤེས ་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས།། ལོངས་སྐུའི་དབྱེ་བ་ལ་ངོ་སྤྲད་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། །། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། སྤྲུལ་པ་སྐུའི་དབྱེ་བ་བསྟན་པ་ནི།། ་ཉི་མ་འོད་དང་ཟེར་དང་གསུམ།། ཡོན་ཏན་ཕྱོགས་མེད་འཐུན་པར་གྲུབ།། སྤྲུལ་པ་སྐུའི་ཆོས་སྐུ་ནི།། ཐིག་ལེ་ཆོས་མེན་ཀུན་གྱི་བཞི།། མྱལ་བའི་གནས་ན་ལྷུན་གྱི་གྲུབ།། རྒྱ་ཆང་ཕྱོགས་སུ་མ་ལྷུང་བས།། དོན་ནི་ལྷུན་གྱིས་གྲུབ་པ ་ཡིན།། འགྲོ་དྲུག་ཆོས་ཀྱི་སྐུའི་གཞིར།། ལྷུན་གྱི་གྲུབ་པར་བཤད་པ་ཡིན།། རྒྱ་མ་ཆད་པས་ལྷུན་གྱི་གྲུབ།། ཉི་མའི་སྙིང་པོ་སྟོང་གསལ་ཏེ།། ཤར་གླིང་ལ་སོགས་རྒྱུ་བའི་དུས།། རྒྱ་མ་ཆང་བའི་གར་ཀྱང་སྣང་།། ཕྱོགས་སུ་མ་ལྷུང ་གར་ཀྱང་རྒྱུ། ངོ་བོ་རྟོག་མེད་ཟད་ཐལ་ཏེ།། ཀུན་ལ་བྲི་བཀོལ་འབྱེད་པ་མེད།། རྟོག་མེད་མཉམ་པས་སྙུན་གྱི་གྲུབ།། ཟེར་ནི་ཕྱོགས་མེད་འཆར་བའི་རྒྱུ།། བྲི་བཀོལ་མེད་པས་ཡོངས་ལ་སྣང་།། སྣང་གསལ་ཡངས་པའི་ཟེར་ནུ ་ཤར།། སྤྲུལ་པའི་སྐུའི་ལོངས་སྐུ་ནི། སྣང་བ་འགག་མེད་རང་དུ་གསལ།། རང་གསལ་རང་གངས་ཆེན་པོ་འདིས།། རྟག་ཏུ་འདི་ལྟར་ལྷ་སྤྱོད་ན།། ལོངས་སྐུའི་ངོ་སྡོང་ཆེན་པོ་ཡིན།། སྤྲུལ་པའི་ངོ་སྤྲོད་བསྟན་པ་ནི། ་ཉི་མའི་འོད་ཀྱི་སྣང་བ་དེ།། ཉི་མ་ཕྱེད་ཀྱི་དུས་དག་ན།། རང་རང་མཐོང་ཀྱིས་དབྱིངས་སུ་གྲུབ།། བསམ་པ་མི་འདྲ་སྣ་ཚོགས་ཤར།། ཉོན་མོངས་བརྒྱད་ཁྲི་བཞི་སྟོང་སྨིན།། རྩ་བ་དུག་ལྔ་དག་ལ་འདུས།། དེ་ཡང ་གསུམ་དུ་འདུས་གསུམ་པོ་གཅིག། གཅིག་པོ་མ་རིག་དེ་ཉིད་ཅི་ལས་གྲུབ།། རྩེ་གཅད་རྩེ་བཅད་སྐེད་གཅོད་ཀྱི།། ཐོག་མ་བར་དང་མཐར་གཅོད་པའི།། ཡེ་ཤེས་ངོ་བཟུང་ངོ་སྦྱོང་སྟོན།། གཅིག་པོ་མཚན་མ་རང་སར་གྲོལ།། གཉིས ་མེད་ཟླད་ཐལ་སྐུ།། ཕྱོགས་ལྷུང་མེད་པའི་ཡེ་ཤེས་ཤར།། རྒྱ་མ་ཆད་ཀྱི་ཆོས་བསྐུར་གསལ།། ལྷུན་གྱི་གྲུབ་པས་རང་སར་གྲོལ།། རང་སྣང་དག་ལས་མེད་ཙམ་ན།། རིག་པ་ཡུལ་མེད་ཅེས་ཀྱང་བྱ།། ཆོས་ལ་བདག་མེད་ཅེས ་ཀྱང་བྱ།། སངས་རྒྱས་ཡུལ་མེད་ཅེས་ཀྱང་བྱ།། གཟིགས་སྣང་མཐའ་ལས་གྲོལ་ཡིན།། ཅེས་གསུང་སོ།། ཡེ་ཤེས་ཐིག་ལེ་འཁོར་ལོ་ཁོང་འབར་གྱི་རྒྱུད་ལས་ལེའུ་སྐབས་ཏེ་བཅུ་དྲུག་པའོ།། ་སརྦ་མ་ལ་ད་དྷུ་ཨ་སིང་ཤ་ཥཱ་ཙ་ལ་ཨཱ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས།། བདེ་ཆེན་རང་འབར་གྱི་ཏིང་ངེ་འཛིན་ལས་བཞེངས་ནས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། བྷྲཱུཾ། སེམས་དཔའ་ཆེན་པོ་ཉོན་ཅིག ་སྐུ་གསུམ་དབྱེར་མེད་བསྟན་པ་ནི།། རྒྱ་མཚོ་དང་པའི་དུས་ཉིད་ན།། ངར་དང་རླབས་དང་སྦུ་བ་དང་།། ཆབ་རོམ་སྣ་ཚོགས་ཅིར་སྣང་ཀྱང་།། ཆུ་བོ་དག་ལས་འདས་པ་འམ།། རྒྱ་ཆང་ཕྱོགས་སུ་ལྷུང་བ་ནི།། ཕྲ་རབ་བསྐུལ་ཙམ ་མ་མཐོང་ངོ་།། དེ་བཞིན་འགྲོ་བ་རིགས་དྲུག་དང་། ལོངས་སྤྱོད་རྫོགས་པ་སྒྱུ་མའི་སྐུ།། སྣ་ཚོགས་མཚན་མར་སྣང་བ་རྣམས།། ཐིག་ལེ་ལྷུན་གྲུབ་ཡེ་བརྡལ་ཡིན།། དབྱེ་རྒྱུད་བརྡུལ་ཡང་མི་རྙེད་དེ།། རྒྱ་མ་ཆད་པར་རྟོགས་ཙམ་ན། ་རྟོགས་པ་རང་གྲོལ་ཞེས་ཀྱང་བརྗོད།། ཕྱོགས་མེད་ཡེ་ཤེས་རང་ལ་ཤར།། རང་ཤར་རང་སྣང་ཞེས་སུ་བཤད།། དབྱེར་མེད་ཀློང་ནས་རང་གྲོལ་བས།། ཕྱི་ནང་སྣང་སྲིད་དུབ་ཆུབ་བརྡལ།། ཐིག་ལེ་ཀུན་ཁྱབ་ཞེས་སུ་བསྟན།། དཔེར ་ན་ཐག་པ་སྦྲུལ་འཁྲུལ་གོལ།། འཁྲུལ་པ་འཇུག་ལྡོག་རང་གྲོལ་ཡིན།། དབྱེར་མེད་འདུ་འབྲེལ་མེད་ཅེས་བྱ།། སྣང་སྲིད་ཐིག་ལེ་བརྡལ་བས་བར་མཚམས་མཚོམ་པར་དཀའ།། ཐིག་ལེ་འགག་མེད་ཡིན་པས་རོལ་པ་ཅིར་ཡང ་འཆར།། རོལ་པ་རང་སར་གྲོལ་བས་མཚན་མའི་ཡུལ་མ་མཐོང་།། བློ་ཆུང་བྱིས་པའི་ཕྱོགས་སུ་བཟུངས་པ་འཁྲུལ།། ཕྱོགས་མེད་རང་གྲོལ་སྣང་སྲིང་ཐིག་ལེར་འབར།། འབར་བའི་རྒྱལ་པོ་འདི་ལ་དབྱེ་བ་ཡེ་ནས་མེད། ་ཅེས་གསུངས་སོ།། ཐིག་ལེ་འཁོར་ལོ་འབར་བཞང་ཐལ་གྱི་རྒྱུད་ལས།། སྐུ་གསུམ་འདུ་འབྲལ་མེད་བྱའི་ཀློང་བྱ་བརྩལ་དང་བྲལ་བར་བསྟན་པའི་ལེའུ་སྟེ། བཅུ་བདུན་པའོ།། ་སྟ་གྷ་ཨ་སྟེ། དེ་ནས་ཡང་བཀའ་སྩལ་པ། སེམས་དཔའ་ཆེན་པོ་ཉོན་གཅིག། ཡེ་ཤེས་རླུ་ཆེན་པོ་སྤོད་བསྙེན་པ་ནི།། དཔོ་ན་གཉིས་སུ་ངོ་སྤང་ངོ་།། ལྷུང་ཆེན་མདས་འཕངས་གཅོད་པ་དེ།། རྩོལ་དང་སྡོམ་པས ་ཡིན་ཏེ། བཤོག་པ་ཐང་ལྷོད་མེད་པ་ཡིན།། སྐད་གཅིག་རི་རབ་ཁང་སྟོང་ལྟར།། མ་རིག་འགག་མེད་གཟུང་འཛིན་ཀློང་།། ཆགས་ཞེན་གཉིས་ཀྱི་རྩ་བ་ཅན།། རླུང་གིས་ཐམས་ཅད་སྨིན་པར་བྱེད།། ་དངོས་པོ་མེད་པས་གྲུང་མཐའ་སླེབ།། བགྲོད་པ་མེད་པར་སྟོང་གསུམ་འགྲོ། འོང་བ་མེད་པ་རང་སར་ལྡོག། འགྱུ་བ་རླུང་གི་རྟ་ཕོ་ཅན།། རླུང་གི་རྟ་ཕོ་སྒྲོལ་བ་ན། ཕྱི་བོ་རྟ་དང་བྲེལ་བ་ཡིན།། ལོང་བ་ལྟ་དང་བྲལ་བ་ལྟར།། ཡེ་ཤྭེ ་རླུང་ཆེན་གཅོད་པ་ཡིང་།། གཟུགས་སོགས་ལེན་པར་བྱེད་པ་དེ།། ཁྲོ་བོ་རྟ་བྲལ་མན་ངག་གིས།། གཟུགས་སོགས་རང་སྣང་དཔལ་གྱི་མགོན།། ཡེ་ཤེས་ལུས་ལ་རིག་པ་འཇུག། སྐྱོང་པར་བྱེད་པ་རླུང་ཡིན་པས ་རླུང་གི་ངོ་སྤོང་བསྟན་པ་ཡིན།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། རླུང་གི་པོ་སྤྲོད་བསྟན་པའི་ལེའུ་སྟེ་བཅཝོ་བརྒྱད་པའོ།། ཧ་ཡཱ་ཀཱཪྵ། དེ་ནས་བཅོམ་ལྡན ་འདས་ཀྱིས།། རྡོ་རྗེ་སེམས་དཔའ་ཁྱོད་ཉོན་ཅིག། རླུང་གི་ཐམས་ཅད་སྦྱོངས་པ་ཡིན།། རླུང་སྟོབས་ཅན་གྱི་དཔེ་བསྟན་པ།། གཞི་དཔལམ་དང་འབྲས་བུ་རང་།། དེ་ཉིད་རང་སར་གྲོལ་བའི་གཞི།། དེའི་མཚོན་པ་བསྟན་པ་ནི། ་དཔེར་ན་བྱ་ཁྱུང་རུམ་དུ་འཇུག་པའི་རུས།། ཕ་མ་གཉིས་ཀྱང་རླུང་ལས་གྲུབ།། བུ་ཡང་རླུང་གི་སྐྱུ་རུ་གནས།། ཕ་མ་སྲེང་ལེམ་སྦྱོར་བའི་ཚེ།། བཞི་རླུང་འདུས་པའི་བུའི་རླུང་དུ་སྦྱར།། ཁྱུང་མོའི་མངལ་ཁའི་ནང་དུ་ནི ་རླུང་གི་སྒོ་བཞབས་རྡོལ་གྲུབ།། ཞབས་བརྡོལ་མའི་མངལ་སྒོར་གཏང་།། སྒོ་ངའི་དབྱིབས་ནི་རྒྱ་མདུང་འདྲ།། མདོག་ནི་ལྗང་ཁུ་ཐལ་ཁར་གནས།། ཕ་མ་གཉིས་ནི་རླུང་ཟ་བས།། གཟན་ན་མི་དགོས་དེ་ལྟར་ཡིན།། ་རྩོལ་བ་མེད་པར་མཁའ་ལྡིང་།། ཚང་གི་མིང་ནི་མ་ཐོག་སོ།། ཁྱུང་ལ་ཡུལ་མེད་དེ་ལྟ་ཡིན།། བུ་ཡང་རླུང་ཟ་ཆེན་པོར་བྱུང་།། མངལ་གྱི་སྨྱུག་གུའི་རླུང་གིས་ནི།། བུའི་གསོས་སུ་འགྱུར་བས་ན།། ཁྱུང་ཕྲུག་མངལ་དུ་བཤོག ་རྫོགས་པས།། རླུང་ཆེན་འགོམ་པ་བྱུང་བ་ཡིན།། བྱུང་ཕྲུག་མངལ་ནས་ཚར་བ་དང་།། བུ་གུའི་ནང་ནས་ངམ་གྲོག་དང་།། བར་སྣང་སྟོང་པའི་གཡང་མཐོང་བས།། ཁྱུང་ཕྱུག་བཤོག་པ་ཐང་གམ་པས།། སྒོ་ང་རྒྱ་ཆག་པ་དེ ་ལྟར་ཡིན།། བྱུང་ཕྲུག་མ་དང་མཉམ་པ་དང་།། རྩོལ་བ་མེད་པར་མཁའ་ལ་ལྡིང་།། མིས་མ་མཐོང་བ་དེ་ལྟར་ཡིན།། དེའི་དོན་ནི་འདི་ལྟ་སྟེ།། དང་པོ་ལྷུན་གྲུབ་འགག་མེད་རླུང་།། འཁྲུལ་པའི་གཞི་རླུང་ཞེས་སུ་བཤད། ་དེ་ནས་འཁྲུལ་པ་ལམ་གྱི་རླུང་།། ཕྱོགས་མེད་གཡོ་བའི་རླུངབ་ཆེན་ཡིན།། འཇུག་པའི་རླུང་དང་གཡོ་བའི་རླུང་།། གཅོད་པའི་རླུང་དུ་བྱུང་བས་ན།། མཚན་མ་ལམ་པའི་རླུང་ཞེས་བྱ།། ཁམས་གསུམ་རླུང་གི་སྲིད་པས ་ན།། སུན་རྫོབ་ཆུང་ནི་འཁོར་བ་ཡིན།། ཕ་རབ་མ་ནི་ལྷུནམ་གྲུབ་འགག་མེད་ཡིན།། ང་ལས་བུ་ནི་ཕྱོགས་མེང་ཤར།། བཅུང་འཛིན་གཉིས་སུ་སྦྱོར་བས་ནི།། རླུང་ཆེན་འགག་པ་མེད་པ་ངེས།། འཆིར་བའི་ས་འོན ་བསྐྱེད་པ་ཡིན།། འཁོར་བ་སྨིན་པ་རླུང་གི་བྱ་རླུང་གི་སྣ་ཚོགས་གྲུབ་པར་བྱེད།། ཁམས་གསུམ་སེམས་ཅན་དག་ཏུ་འགྲུབ།། དེ་ན་རཱུབ་ལ་ངོ་སྤྲད་པས།། ། རླུང་གསུམ་རྩ་བ་གཅིག་ཏུ་འདུས།། གཅིག་པོ ་ཡེ་ཤེས་ཟང་ཐལ་རླུང་།། ཟང་ཐལ་རླུང་དུ་ངོ་སྤྲད་པས།། ། འགྱུ་བ་ཞབས་བརྡོ་ལ་རླུང་བྲལ་དེས།། ། དབུགས་མེད་ཟང་ཐལ་ཐོག་མེད་པས། འབྱུང་བ་ལྔ་ཡི་མ་གྲུབ་པས1། ཡེ་ཤེས་ཟང་ཐལ་ཡིན་པའི་རྟགས།། ཕུབ་པོ་ལྔས ་ནི་མ་སྒྲིབ་པས།། ཐིག་ལེ་ལྷུན་གྲུབ་ཡིན་པའི་རྟགས།། ཆུ་བོ་གཞིས་ནི་ཁྱེར་མ་ནུས།། ཡེ་ཤེས་འབའ་ཞིག་ཡིན་པའི་རྟགས།། རྒྱུ་རྐྱེན་ཀ་ནས་མ་གྲུབ་པས།། སྐུ་གསུམ་འདུ་འབྲལ་མེད་པའི་རྟགས།། རླུང་ལས་ཡེ ་ཤེས་ངོ་སྦྲང་ནས།། ཐིག་ལེ་ཉག་ཅིག་དཔའ་བར་བས།། ཡེ་ཤེས་རང་གྲོལ་ཡིན་པའི་རྟགས།། རྒྱུ་ལ་འབྲས་བུ་དབྱེར་མེད་པས།། གཞི་ནི་ལྷུན་གྱི་གྲུབ་པའི་རླུང་།། ལམ་ནི་རང་བྱུང་རླུང་དུ་ཤར།། འབྲས་བུ་མཚན ་མ་སྣ་ཚོགས་བཅོད་པའི་རླུང་།། རླུང་ཆེན་དེ་ལ་ངོ་སྤངན།། གཞི་ལམ་འབྲས་བུ་དབྱེར་མེད་པས།། ཡེ་ཤེས་ངོས་བཟུང་རླུང་དུ་ཤད།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས། ་ཡེ་ཤེས་རླུབ་ལ་ངོ་སྤང་བའི་ལེའུ་སྟེ་བཅུ་དགུ་པའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པོ། སེམས་དཔའ་ཆེན་པོ་ཁྱོད་ཉོན་ཅིག། གོ་བར་དཀའ་བ་བརྡའ་བའི་དོན།། ཟབ་མོ ་དགྲ་རུ་བརྗོད་པ་ཉམས།། ཡེ་ཤེས་ཟང་ཐལ་ཕྱི་ནང་མེད་པའི་མཁའ།། གཞན་སྣང་མེད་པས་སྒྲིབ་པའི་མིང་ཡང་མེད།། ལྕེ་སྤྱང་མིག་ཅན་རླུང་ལས་གྲུབ་པའི་སྐུ།། ཉི་ཟླའི་འོད་ཙམ་བྱིན་བརླབས་འགག་མེད་སྐུ།། སེང་གེའི་རྩལ། ་ཅན་མཚན་མ་ཟིལ་གྱི་གནོན།། རྩལ་གསུམ་ལུས་ལ་རྫོགས་པས་སྐུ་གསུམ་འདུ་འབྲལ་མེད།། ཐོགས་མེད་དཔའ་བ་རྟག་མོ་ཚང་མ་ལྟར།། དཔའ་བརྡུལ་ཡེ་ཤེས་ཐོགས་མེད་གཅད་པ་ཅེས།། དངོས་མེད་གཡོ་བ་ལས་ཀྱི ་རླུང་དང་འདྲ།། འཇིག་རྟེན་ཆགས་འཇིག་རླུང་གིས་རྩལ་ལས་ཤར།། འཁོར་བ་མྱ་ངན་རྟོག་པ་རླུང་གི་གདམས།། སྐྱེ་འཆིའི་རྒྱུན་གྱིས་རླུང་གིས་རྟག་ཏུ་འདེབས།། དབུགས་དང་བྲལ་བས་གཉིས་མེད་ཟང་ཐལ་འཆར།། ་ཡར་ལྡན་ཡོན་ཏན་མར་ལྡན་སྐྱོན་དུ་འཆར།། གཉིས་མེད་ཟང་ཐལ་གྱི་ནང་ཐིག་ལེར་བརྡལ།། ཡེ་ཤེས་ཟང་ཐལ་འུབ་ཆུབ་འདུ་འབྲལ་མེད།། ཅེས་གསུངས་སོ།། ཡེ་ཤེས་ཐིག་ལེ་ཟང་ཐལ་གྱི་རྒྱུད་ལས།། གནས་ལུཊ ་ལ་ངོ་སྤྲད་པའི་ལེའུ་སྟེ་ཉི་ཤུ་པའོ།། ། ཡང་བཅོམ་ལྡན་འདས་བདེ་བ་ཅན་གྱི་གནས།། རིན་པོ་ཆེ་པདྨའི་གདན་ལས་གཞེངས་ནས།། རྡོ་རྗེ་སེམས་དཔའ་ལ་བཀའ་སྩལ་པ། ཀྲཱྀ་ཀྵེ་ཧོ།། ་ངས་བཤད་པའི་རྒྱུད་ཆེན་པོ་འདི།། ཡེ་ཤེས་ཐིག་ལེ་འདུ་འབྲལ་མེད།། ཟང་ཐལ་ཡིན་པས་ཆོས་མེན་སྐུ།། ཕྱི་ནང་མེད་པས་ཐིག་ལེའི་རྒྱུད་དུ་བཟུང་།། ཡེ་ཤེས་ཟང་ཐལ་རབ་ལ་ཤར།། ཡེ་ཤེས་རབ་ཤར་རྒྱུདར ་དུ་བཟུང་།། འབྲས་བུ་ཕྱི་དུས་མི་འདེབས་པས།། ཐོབ་མེད་ནོར་བུའི་རྒྱུད་དུ་བཟུང་།། ཅེས་གསུངསོ།། ཡང་དཀའ་སྩལ་པ། འཁོར་བ་རང་གྲོལ་ཡེ་ཤེས་བསྟན།། ཡེ་ཤེས་འཁོར་ལོའི།། ་རྒྱུད་དུ་ཟུང་།། ཡེ་ཤེས་གསང་བ་རང་ལ་ཤར། འཁོར་བ་མཚན་མ་རང་སར་གྲོལ།། གསང་བ་འཁོར་ལོའི་རྒྱུད་དུ་ཟུང་།། ཅེས་གསུངས་ནས། མྱ་ངན་ལས་འདས་སོ།། དེ་ནས་རྡོ་རྗེ་སེམས་དཔའ་ཐུགས་མྱ་ངན ་གྱི་ཟིན་ནས། རྗེམ་མེ་ཆུང་། ཐུགས་རྗེ་ཆེན་པོ་སྣ་ངན་ལས་འང་སོ།། བདག་ལ་ནི་མགོན་དུང་དབང་གཞན་མེད་དེ།། ཨོཾ་ཐ~ཾད་ཅེས་བརྗོད་པས།། རིན་པོ་མེའི་སྲོག་ཕུལ།། རིན་པོ་ཆེས་བྲིས་པས་རྒྱུང་འདི་རང་སྡང་རྣམ་ངག་གིས་རྣམཐ ་ལ་བབ་སོ།། བྱིན་གྱིས་བརླབས་ནས་བཤད་པའི་རྒྱུད་།། ཡེ་ཤེས་ཐིག་ལེ་ཡང་ཐལ་འདི།། རྡོ་རྗེ་སེམས་དཔའ་ལ་བྱིན་གྱི་བརླབས་ཀྱིས་རྗེས་སུ་ཡིད་རང་བའི་ལེའུ་སྡེ་ལྔ་གཅིག་པའོ།། ་རྫོགས་སོ།། ་