| Wylie | e-texts produced with BDRC’s OCR application |
གསང་བ་ཡང་གཏེར་གྱི་རྒྱུད་བཞུག་སོ།། ་རྒྱ་གར་སྐད་དུ། གུ་ཎྱ་བྷིན་དྷུ་ཏན་ཏྲ། བོད་སྐད་དུ། གསང་བ་ཡང་གཏེར་གྱི་རྒྱུད། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། བཅོམ ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། འཕགས་པའི་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བ་དང་། བདུད་འདུལ་བའི་དུས་ན། ཡིད་མ་ལ་ཡའི་བསྟན ་བ་ལ་གནས་སོ།། དེའི་ཚེ་དེའི་དུས་ན། འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལགས།། བྷ་ག་བན་ཀུན་ཏུ་བཟང་པོའི་དགོངས་པ་དང་། ་ཁམས་གསུམ་གྱི་མ་ནུ་འདི་རྒྱུ་ཅི་ལས་འཁྲུལ་ཅིང་ཇི་ལྟ་བུ་ལགས།། གསང་བ་ཆེན་པོས་བདག་ལ་བསྟན་དུ་གསོལ།། ཅེས་ཞུས་པས། རྡོ་རྗེ་སེམས་དཔའ་ཆོས་ཀྱི་ངང་ལས ་རྣམ་ལོ།། དེ་ལས་གཞེངས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཉོན་ཅིག་ལེགས་པར་ཡིད་ལ་ཟུང་གཅིག། ཅེས་བཀའ་སྩལ་ཏོ།། སྤྱིས་འཁྲུལ་པ་ལམ་དང་ནི ་གོལ་གནས་ལུགས་ངོ་སྤྱོད་དང་།། འབྲས་བུ་ཐར་ཕྱིན་ངས་བསྟན་ནོ།། ཞེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། གླིང་གཞིའི་ལེའུ་སྟེ་དང་པའོ།། ། ་དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས།། རྡོ་རྗེ་སེམས་དཔའ་ལ་ཞུས་པ། སྤྱི་ས་ཆེན་པོ་ནི་གང་ལགས།། ཞེས་ཞུས་པས། ཡང་བཀའ་སྩལ་པ། ཀྱཻ་བྷྲཱུཾ་ཉོན་ཅིག་སྐྱེས་ཅེས་བྱ་བ་ནི། ངས་ཁྱོད་ལ ་བསྟན་པར་བྱ་ཡིས།། ཐོག་མ་སངས་རྒྱས་དང་སེམས་ཅན་མིང་ཡང་མེད།། སངས་རྒྱས་རྣམ་པར་རྟོགས་ལས་བྱུང་བའི་ཕྱིར།། རྣམ་པར་རྟོགས་པ་རང་དུ་ཡང་མ་འཁྲུལ་ཏེ། དེའི་ཚེ་དེའི་དུས་ན། ཆོས་ཀྱི་དབྱིངས་ཞེས ་བྱའོ།། སངས་རྒྱས་ཀྱི་གཞི་ཞེས་བྱའོ།། སེམས་ཅན་སངས་རྒྱས་ཀྱི་འབྱུང་གནས་ཞེས་བྱའོ།། འཁྲུལ་པའི་གཞི་ཤེས་ཀྱང་བྱའོ།། ཐམས་ཅད་བསྐྱེད་པའི་མ་ཞེས་ཀྱང་བྱའོ།། ཀུན་གྱི་གཞི་ཞེས་བྱའོ།། སེམས་ཅན་འཁྲུལ་པའི ་ཕྱི་མོ་ཞེས་བྱའོ།། འགྲོ་དྲུག་མེད་དོ།། འབྱུང་བ་ལྔ་མེད་དོ།། དུག་ལྔ་མེད་དོ།། སྒོ་ལྔ་མེད་དོ།། ཆགས་སྔང་བཅུར་མེད་དོ།། ཕུང་པོ་ལྔར་མེད་དོ།། ལམ་མེད་དོ།། ཉོན་མོངས་པ་མེད་དོ།། སྒྲིབ་པ་མེད་དོ།། སྦྱངས་པ་མེ ་ངོ།། ཉོན་མོངས་པ་མེད་དོ།། བྱང་བ་མེད་དོ།། སངས་རྒྱས་མེད་དོ།། ཆོས་མེད་དོ་དགེ་འདུན་མེད་དོ།། དགྲ་མེད་དོ།། བརྡའ་མེད་དོ།། ཡི་གེ་མེད་དོ།། འོད་མེད་དོ།། སྐུ་ལྔ་མེད་དོ།། ཡེ་ཤེས་ལྔ་མེད་དོ།། སྤྱན་ལྔ་མེད་དོ།། མངོམ ་ཤེས་ལྔ་མེད་དོ།། རིགས་ལྔ་མེད་དོ།། ཡུམ་ལྔ་མེད་དོ།། འདྲེ་མེད་དོ།། ལྷ་མེད་དོ།། ཐོབ་པ་མེད་དོ།། མ་ཐོབ་པ་མེད་དོ།། རྟོགས་པ་མེད་དོ།། མ་རྟོགས་པ་མེད་དོ།། ཉི་མ་ཟླ་བ་མེད་དོ།། དེ་ནི་སངས་རྒྱས་འབྱུང་ཡང་དེ་ལྔ། ་མེད་དོ།། དེ་ནམ་འཁྲུལ་པ་ཞེས་བྱའོ།། མ་ནི་གཞི་མ་དེ་རང་བཞིན་ནོ།། ལྷུན་གྱི་གྲུབ་བོ།། དཔེ་ག་བུར་དང་། འདྲའོ།། རྒྱ་མ་ཆད་དོ།། ལྷུན་གྱི་གྲུབ་བོ།། ཀུན་ཏུ་འཆར་རོ།། མཐའ་གང་ལ་ཡང་མི་གནས་སོ།། ཅེས་གསུང ་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས།། གཞི་གཏན་ལ་དབབ་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། དེ་ལྟ་བུ་གང་ཡང་མ་མཆིས་ན། ཁམས ་གསུམ་མ་ནུ་བྷུངྒ་ཇི་ལྟར་ལགས།། ཞེས་ཞུས་པས། དཔེར་ན་རིན་པོ་ཆེ་འཆང་བའི་མི་དེ་ལ།། གཡུ་དང་གསེར་དང་རིན་པོ་ཆེའི་སྣ་ལྔ་མེད་དོ།། རིན་པོ་ཆེ་དེ་ལས་ཐམས་ཅད་འབྱུང་ངོ་།། དེ་བཞིན་དུ་གཞི་སྦྱིས་ནས་ཐམས་ཅད ་འཁྲུལ་ལོ།། དེ་ཇི་ལྟར་འཁྲུལ་ཅེས་ཞུས་པས།། གཞི་དེ་ལ་སྒོ་རྣམ་པ་ལྔ་ཡོད་དེ།། ལྷུན་གྲུབ་འགག་མེད་ཀྱི་སྒོ་དཔེར་ན། ག་པུར་དང་འདྲའོ།། ཐམས་ཅད་འབྱུང་བ་ནོར་བུ་རིན་པོ་ཆེ་དང་འདྲའོ།། རྣོན་པོའི་སྒོ་མེ་ཤེལ་དང ་འདྲའོ།། རྟུལ་པོའི་སྒོ་རུ་ཤེལ་དང་འདྲའོ།། མ་ནིང་སྒོ་གླང་ཆེན་གར་ཆད་མྱོང་བ་དང་འདྲའོ།། ཅེས་གསུངས་སོ།། སྒོ་ལ་ནི་ཡེ་ཤེས་འཆར་བའི་སྒོ་ཡང་ཡིན།། མ་རིག་པ་སྐྱེ་བའི་སྒོ་ལྔ་ཡང་ཡིན ་རླུང་ལྔར་འབྱུང་བའི་སྒོ་ལྔ་ཡིན།། ཡུལ་དུ་བྱུང་བའི་སྒོ་ལྔ་ཡིན།། ཕོ་མོ་གཉིས་སུ་བྱུང་བའི་སྒོ་ཡང་ཡིན་ནོ།། མ་ནིང་དུ་འབྱུང་བའི་སྒོ་ཡང་ཡིན་ནོ།། དཔེར་མག་བུར་བེ། སྨན་དུག་ཁ་ཟས་གསུ། ་དུ་འབྱུང་ཡང་།། རིམ་ཆེན་སྣ་སྔར་འབྱུང་བ་བཞིན།། སྒོ་ལྔར་སྣང་ཡང་ཐམས་ཅད་འབྱུང་བའི་གཞི་ཡིན་ནོ།། གསང་བ་ཡང་གཏེར་གྱི་རྒྱུ་བ་ལས། འཁྲུལ་པའི་དཔེ་བསྟན་པའི་ལེའུ་སྟེ། གསུམ་པའོ།། ་དེ་ནས་ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས། སྒོ་ལྔ་བཤད་ཚུལ་བསྟན་དུ་གསོལ།། ཅེས་ཞུས་པས། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་ཉོན་ཅིག། སྒོ་ལྔ་དང་པོ་ལྷུན་གྲུབ་འགག་མེད་སྒོ་དེ་ནས། ལྷུན་གྲུབ ་ཀྱི་རང་བཞིན་རླུང་གཡོས་པས། རྣོ་བོའི་སྒོ་རིག་པ་གསལ་ལ་རྟོག་པ་མེ་འདྲ་བ་གཅིག་བྱུང་བས། བྲོང་དུ་བྱུང་བས་རིག་གཅོད་ནུས་པས།། གཙང་སྒྱུ་མ་རྙེད་དོ།། བར་དེར་ང་སྙམ་པ་གཅིག་སྐྱེས།། ཡིད་ལ་ཝལ་གྱི ་བྱུང་ངོ་།། བར་དེར་ཤེས་པར་འགྱུར་རོ།། འབྱུང་བ་བྱུང་སྟེ་རང་སྣང་ལྟ་ནུས་སོ།། རྣོན་པོའི་སྒོ་མ་འགགས་པས་རང་སྣང་དམར་པོར་ཤར་རོ།། རྟུལ་པོའི་སྒོམ་འགགས་པས་རང་སྣང་དཀར་པོར་ཤར་རོ།། ལྷུན་གྲུབ་ཀྱི་སྒོས ་འགགས་པས།། རང་སྣ་པས་རང་སྣ་བ་མཐིང་ཁར་ཤར་རོ།། ཐམས་ཅད་འབྱུང་བའི་སྒོ་མ་འགགས་པས་རང་སྣང་སེར་པོར་ཤར་རོ།། མ་ནིང་གི་སྒོམ་འགགས་པས་རང་སྣང་སྔང་ཁུར་ཤར་རོ།། དེ་ཡི་དུས་སུ་རྣོ་བ་ལས་མིག ་གི་དབང་པོ།། ལྷུན་གྲུབ་ལས་ཡིད། རྟུལ་པོ་ལས་རྣ་བ། སྤྱན་གྲུབ་ལས་ལུས། ཐམས་ཅད་འབྱུང་བ་ལས་སྒྲ།། མ་ནིང་ལས་ལྕེ། དབང་པོ་ལྔ་དང་ལྡན་པ་དེ་ལས། རང་སྣང་འོད་ལྔར་མཐོང་སྟེ། སྒོ་ལྔ་ལས་འདི་ལྟར་འཁྲུལ་ལོ།། ་གོང་དུ་ཤར་བའི་སྣང་བ་ལྔ་ལས་སྤྱོད་ནུས་སོ།། འོད་ལས་སྤྱད་པས་གཟུགས་ཁམས་སུ་སྐྱེའོ།། འགྱུ་བ་ནི་འདོད་པའི་ཁམས་སུ་གནས་སོ།། ཡིད་ནི་གཟུགས་མེད་པའི་ཁམས་སུ་གནས་སོ།། དེ་ངོ་མ་ཤེས་པས་ཁམས་གསུམ ་རུ་འཁོར་རོ།། རྒྱུད་དྲུག་ཏུ་འཁྱམས་སོ།། འོད་ལ་སྟོང་པོའི་རྒྱས་ཐེབས་ན་ལམ་ལྔ་ལས་གྲོལ་ཏེ། དང་པོ་ཀུན་ཏུ་བཟང་པོས་ལམ་ལ་སྦྱངས་སོ།། འགྱུ་བ་འོད་གསལ་འཁོར་ལོ་བསྐོར་བས། བསྒོམ་པའི་མིང་མ་ཐོབ་པོ།། ་བཞི་སྒོ་ལྔ་པོ་ཤེས་པས་འཁྲུལ་པའི་གཞི་སང་།། སྒོ་གཞི་ལ་རྒྱས་ཐེབ་སོ།། སངས་རྒྱས་སོ།། ཐམས་ཅད་མཁྱེན་པ་ཐོབ་བོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། འཁྲུལ་པ་དམར་ཁྲིད་ཀྱི་ལེའུ་སྟེ། ་བཞི་པའོ།། ། དེ་ནས་འོད་ཟེར་རབ་ཏུ་འཕྲོ་བས། འཕྲུལ་པའི་གདམས་ངག་པ་སྟན་དུ་གསོལ།། ཅེས་ཞུས་པས། ཁམས་གསུམ་སྟོང་དང་ཤཱཅུང་ངུ་འཁྲུལ་པ་བསྟན་པར ་བྱ། ཅེས་གསུངས་ནས། འཁྲུལ་པ་ལམ་གྱི་དུས་ན་ནི།། རང་འོང་ལྔ་འོད་དུ་མཐོང་། མཐོང་བས་ཆགས་པ་རབ་ཏུ་སྐྱེས།། དེས་ན་འདོད་ཆགས་ཞེས་སུ་འཁྲུལ།། རིག་པ་གཞི་ལ་ལྷན་གྱི་སོང་།། རང་སྣང ་ཁ་དོག་མ་མཐོང་བས།། དེ་ལ་ཞེ་སྡང་རབ་ཏུ་འཁྲུལ།། དེས་ན་ཞེས་སྡང་རབ་ཏུ་འཁྲུལ།། གཉིས་སུ་མེད་པར་མ་ཤེས་པས།། དེས་ན་གཏི་མུག་ཞེས་སུ་འཁྲུལ།། དེ་ང་དང་ང་ཡི་མཉམ་པའི ་ཡུལ་དུ་བཟུང་།། དེས་ན་ང་རྒྱལ་ཞེས་སུ་འཁྲུལ།། ང་རྒྱལ་ཆ་ལས་ཁོང་ཁྲོ་བྱུང་།། འགྱུ་བ་ཆ་ནི་ཕྲ་མོ་དེ།། གཞི་ལ་ཐིམ་ནས་འོད་མི་སྣང་།། དེ་ནས་འོད་མཐོང་ཕྲག་དོག་དག་ཏུ་འཁྲུལ།། རྣོ་བོའི་སྒོ་ལས་ཕོ་རུ་བཟུང་སྟེ་ཞེ་སྡང་སྐྱེས ་མངལ་དུ་འདྲིམས་པས་ཕོ་རུ་འཁྲུལ།། རྟུལ་པོའི་སྒོ་ལས་མོ་རུ་བཟུང་སྟེ་འདོད་ཆགས་སྐྱེས།། མ་ནིང་སྒོ་ལས་གཉིས་ཀར་གཟུང་།། མངལ་དུ་འགྲིམས་པས་མ་ནིང་འཁྲུལ།། ཕོ་ཨོ་མ་ནིང་དེ་ནསཿའཁྲུལ།། ཆགས་པ ་སྐྱེས་ནས་ཡི་དགས་དང་།། ཞེ་སྡང་སྐྱེས་པས་དམྱལ་བ་དང་། གཏི་མུག་སྐྱེས་པས་བྱོལ་སོང་དང་།། ཁོང་ཁྲོ་ཕྲག་དོག་ལྷ་མིན་ལྷ།། དུག་ལྔ་འཁྲུལ་པས་འགྲོ་དྲུག་འཁྲུལ།། འདོད་ཆགས་ཞེ་སྡང་གཏི་མུག་སོགས།། ་སྒོ་ལྔ་དག་ལས་འབྱུང་བར་འགྱུར།། ཅེས་གསུངས་སོ།། སྒོ་ལྔ་སྣང་བ་མ་འགགས་པས།། འོད་ལྔ་གཟུང་བས་གཟུགས་ཀྱི་ཕུང་པོར་འཁྲུལ།། ཉམས་སུ་མྱོང་བས་ཚོར་བའི་ཕུང་པོར་འཁྲུལ།། དཀར་དམར་ལྔ་རུ་ཕྱེ་བྲ ་འདུ་ཤེས་ཕུང་པོར་འཁྲུལ།། མངལ་དུ་ཆུད་པས་འདུ་ཤེས་ཕུང་པོར་འཁྲུལ།། སྒོ་ལྔ་ཆགས་པས་རྣམ་པར་ཤེས་པའི་ཕུང་པོར་འཁྲུལ། ཅེས་གསུངསོ།། དེ་ནས་མངལ་ནས་སྐྱེས་པའི་ཚེ།། རིག་པ་གསལ་བས་མ ་འགགས་པས།། སྣང་བ་གསལ་གྱི་བྱུང་མཐོང་བས།། འབྱུང་བ་ལྔའི་མིང་མ་ཐོག། དེ་ན་རྣོན་པོའི་སྒོ་ལས་མཐོང་མིང་དུ་འཁྲུལ།། ཐམས་ཅད་འདུས་པའི་རྟགས་ཆེན་ཡིན།། རྟུལ་པོའི་སྒོ་ལས་སྒྲ་གཅིག་བྱུང་།། ད་ལྟ ་རྣ་བའི་རྣམ་ཤེས་འཁྲུལ།། འདྲེན་པའི་སྒོ་ལས་དྲི་རུ་བྱུང་།། ད་ལྷའི་སྣའི་རྣམ་ཤེས་འཁྲུལ།། ཐམས་ཅད་སྒོ་ནས་རོ་རུ་བྱུང་།། ད་ལྟ་ལྕེའི་རྣམ་ཤེས་འཁྲུལ།། ལྷུན་གྲུབ་སྒོ་ནས་རེག་ཏུ་བྱུང་།། ད་ལྟ་ལུས་སུ་འཁྲུལ་པའི། ་ཅེས་གསུངས་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། བཅུད་དུ་འཁྲུལ་པ་བསྟན་པའི་ལེའུ་སྟེ། ལྔ་པའོ།། ། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས ་ཕྱིའི་སྣོད་འདི་བསྟན་དུ་གསོལ། ཅེས་གསུངས་པས། བཀའ་སྩལ་པ་ཕྱི་འབྱུང་བ་ལྔ་དང་ཕྱིའི་རི་རབ་དང་། ཕྱིའི་གཞལ་ཡས་ཁང་དང་། ཕྱིའི་འདྲི་དང་། ནང་གཱི་འདྲེ་དང་། ཕྱིའི་ལྷ་དང་། ནང ་གི་སྒྲ་དང་། ཕྱིའི་ལམ་དང་། ནང་གི་ལམ་དང་། ཕྱིའི་ཕུང་པོ་ལྔ་དང་། ནང་གི་ཕུང་པོ་ལྔ་དང་། ཕྱིའི་སྒོ་ལྔ་དང་། ནང་གི་སྒོ་ལྔ་དང་། གསང་བ་བླ་ན་མེད་པ་ཡངདྲ་གཏེར་དམར་ཁྲིད་དུ་བསྟན་པའོ།། རྗེས་གསུངས ་སོ།། དབང་པོ་ཡང་རབ་ཏེ་དོན་གྱི་འགྱུར་ཡང་། བདག་གི་མགོ་རྒྱས་པར་བཤད་དུ་གསོལ།། ཅེས་ཞུས་པས། ཡང་བཀའ་སྩལ་པ།། ཕྱིའི་འབྱུང་བ་ལྔ་ནི། སྒོ་རྣམ་པ་ལྔ་ལས། བར་གྱི་བསྐལ ་བ་ལ་འོད་ལྔ་རང་འཁྲུལ་ལོ།། ཐ་མ་འབྱུང་བ་ལྔ་རུ་འཁྲུལ་ཏེ། རྣོན་པོའི་སྒོ་ལས་མེར་འཁྲུལ།། རྟུལ་པོའི་སྒོ་ལས་ཆུར་འཁྲུལ།། མ་ནིང་སྒོ་ལས་ན་མཁར་འཁྲུལ།། ལྷུན་གྲུབ་ཀྱི་སྒོ་ལས ་ས་རུ་འཁྲུལ་ལོ།། ཐམས་ཅད་ཀྱི་སྒོ་ལས་རླུང་དུ་འཁྲུལ་ལོ།། ཕྱིའི་འབྱུང་བ་ལྔའོ།། ནང་གི་འབྱུང་བ་ལྔ་ནི། རྣོན་པོ་དྲོད། རྟུལ་པོ་ལས་ཁྲག། མ་ནིང་ལས་སེམས། ལྷུན་གྲུབ་ལས་ས། ཐམས་ཀྱི་སྒོ་ལས་དབུགས་སུ་འཁྲུལ ་ལོ།། དེ་ནས་རི་རབ་གླིང་བཞིར་འཁྲུལ་ཏེ། རྣོན་པོ་ལས་ནུབ། རྟུལ་པོ་ལས་ཤར།། མ་ནིང་ལས་དབུས། ལྷུན་གྲུབ་ལས་ལྷོ།། ཐམས་ཅད་ལས་བྱང་ངོ་།། དབུས་ཀྱི་རི་རབ་ལས་ཀྱང་རྣོན་པོ་ལས་ཀྱང་ནུཔ་ར་ག། ་རྟུལ་པོ་ལས་ཤར་གང་རི།། ལྷུན་གྲུབ་ལས་ལྷོ་བཻ་དུརྱ། ཐམས་ཅད་ལས་བྱང་ཨིནྡྲ་ནི་ལ། དེ་ནི་ཕྱིའི་མེ་རི་རབ་པོ།། ད་ནི་ནང་གི་རི་རབ་ནི། འཐིལ་གཞི་གླིང་བཞི་ལུས་རི་རབ་མགོ་བུམ་པའོ།། ཕྱིའི་ལྷ་ཁང་ངོ་།། རྒྱལ ་བ་རིགས་ལྔ་ལ་སོགས་འབུར་དང་། རིས་སུ་བྲིས་པའོ།། ནང་གི་ལྷ་ཁང་ནི། རང་ལུས་རིགས་ལྔའོ།། ནང་གི་ལམ་ལྔ་ནི་སྒོ་ངའི་རྣམ་ཤེས་སོ།། ཕྱིའི་འདྲེ་ལྔ་ནི། མགོན་པོ་དང་ནག་པོའོ།། ཤར་དང་དཀར་མོ། ་ཆུ་དང་སེར་མོ།། ག་ཙན་དང་དམར་མོ།། སྣ་ཚོགས་སྒྱུ་བ་ཕོ་མོ། ནང་གི་འདྲེ་ལྔ་ནི། གཟུགས་སྡུག་པ་མི་སྡུག་པ་ཞེ་སྡང་དུག་གསུམ་འདྲེ་འཕུང་པོའི་བདུད། གཅོད་པའི་འདྲེ། སྒྲ་སྙན་པ་དང་མི་སྙན་པ་དུག་གསུམ་གྱི ་འདྲེ།། ཉོན་མོངས་པ་གཏི་མུག་གི་འདྲེ།། དྲི་ཞིམ་པ་དང་མི་ཞིམ་པ་ང་རྒྱལ་ཡིད་ལ་བྱེད་པའི་བདུད། ང་རྒྱལ་གྱི་འདྲེ།། རོ་ཞིམ་པ་དང་མི་ཞིམ་པ་འདོད་ཆགས་ལྷའི་བུའི་བདུད། ཆགས་པའི་འདྲེ། ལུས་རེག་བྱ་འཇམ་པ་དང ་རྩུབ་པ་དང་། ཕྲག་དོག་དང་། ཁོང་ཁྲོའི་བདུད། སྲོག་གཅོད་པའི་བདུད། འདྲི་ལྔ་ཕྱི་ནང་དུ་བསྟན་པའི་རིག་པ་ངོས་བཟུང་དུ་བསྟན་པའོ།། ཕྱིའི་ལམ་ལྔ་འོད་ལྔ། ནང་གི་ལམ་ལྔ་སྒོམ་ལྔ། རྣམ་ཤེས་ལྔའོ།། ཕྱིའི་ཕུང་པོ་ལྔ་ནི ་འབྱུང་བ་ལྔ། ནང་གི་ཕུང་པོ་ལྔ་ནི་གཟུགས་ལ་སོགས་པའོ།། ཕྱིའི་གཞལ་ཡས་ཁང་ནི་ཕྱིའི་འབྱུང་བ་ལྔ།། ནང་གི་གཞལ་ཡས་ཁང་ནི་འོག་མིན་གནས། ཅེས་གསུང་སོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། ཕྱི་ནང་སྣོ ་བཅུད་དུ་འཁྲུལ་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས།། འབྱུང་བ་ལྔ་ལ་ནི་རིག་པར་མི་སྣང་ཡང་མདངས་དང་། མེ་ཏོག་འབྱུང་བ་ལ། སེམས་སུ་མི་སྣང་བ་ཇི ་ལྟ་བུ་ལགས།། ཕུང་པོ་ཡང་གདོས་པར་སྣང་བ་ལྔ།། གངོས་པའི་སྒོ་ནས་ཉམ་ན་ཁྱད་ཆེ་བས། འདི་ནི་ཇི་ལྟར་ལགས།། ཅེས་ཞུས་པས་ཡང་བཀའ་སྩལ་པ། ཐོག་མ་ལྷུན་གྱི་གྲུབ་པ་དབྱེ་བ་མེད་པ་ལ། ་རླུང་རྣམ་པ་ལྔ་ལྷུན་གྱི་གྲུབ་སྟེ། དཔེར་ན་ནོར་བུ་རིན་པོ་ཆེ་དང་འདྲ་སྟེ། ཐམས་ཅད་འབྱུང་བའི་གཞིམ་སྟེ། རླུང་རྣམ་པ་ལྔ་ནི། སྐྱེད་པར་བྱེད་པའི་རླུང་དང་། གཡོ་བར་བྱེད་པའི་རླུང་དང་། སྨིན་པར་བྱེད་པའི་རླུང་དང་། འགག་པ་ཡེ ་པའི་རླུང་། སེས་པའི་དྲུང་།། དེ་ཡང་སྒྱུ་མ་ཅང་ཕྱོགས་སམ་ནྟང་ལྷུན་གྱི་གྲུབ་བོ།། དའི་མངའི་དུས་ན། རྣ་བའི་རླུང་དང་། རྒྱལ་པོའི་དྲུང་དང་། ཞེས་པའི་རླུང་དང་། མ་ནི་རླུང་ང ་བ་ཐུགས་རྗེའི་རླུང་དང་སྔར་བྱུང་ངོ་།། ནོན་པོ་རླུང་ལས་པོ།། རྟུལ་པོ་རླུང་ལས་མོ།། འདྲེས་པ་ལས་གཉིས་ཀ་མ་ནིང་ལུས་མན་དྷེ།། ཐུགས་རྗེལ་རྣམ་པ་དེ་ལྟར་འཁྲུལ་ལོ།། རྗེ་བོའི་རླུང་ནི་སྒོ་ངལ་གནས།། རྟུལ་པོའི་ནི་འབྱུང་བ ་ལ་གནསོ།། འདྲེས་པ་ནི་སྤྱིས་ལ་གནས་སོ།། མ་ནིང་ནི་ཀུན་གཞི་ལ་གནས་སོ།། སེལ་བ་ནི་ཡིད་ལ་གནས་སོ།། དེ་ཡང་རྒྱ་མ་ཆང་ཕྱོགས་སུ་མ་ལྷུང་བའོ།། རྣོ་བོ་ནི་རིག་པར་བྱུང་བའོ།། རྟུལ་པོའི་འབྱུང་བ་ལྔར་སྣང་བ ་སྟེ།། དེ་ལ་ཡང་སྨིན་པ་མོའི་རླུང་གི་མདོག་དང་དབྱིབས་ལེགས།། སྡུད་པ་ཆུའི་རླུང་གི་བསྐྱེད་ནུས།། གཡོ་བའི་རླུང་གི་འབྲས་བུ་འབྱིན་ནུས།། འདེགས་པ་སའི་རླུང་གིས་རྫོགས་པས་བསྐྱེད་ནུས། ཡོངས་ལ་ཁྱབ་པ་ནི་མཁ ་རླུང་གིས་འབྲས་བུ་འབྱིན་ནུས་ཏེ།། དགུན་ནི་གཡོ་བ་རླུང་གིས་གཡོ་བའོ།། དཔྱིད་ནི་འདེགས་པ་སའི་རླུང་གིས་བསྐྱེད་ནུས།། དབྱར་ནི་བསྡུད་པ་ཆུའི་རླུང་གིས་ལོ་འདས་རྒྱས་ནས།། སྟོན་ནི་སྨིན་པ་མེའི་རླུང་གིས་འབྲས་བུ་འབྱིན ་ནུས། ཐམས་ཅད་འདུས་པ་ན་མཁའི་རླུང་གིས། འབྲས་བུ་བཞི་ལ་ཐིམ་མོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། རླུང་ལྔ་དུས་བཞི་སྦྱོར་བ་བསྟན་པའི་ལེའུ་སྟེ་བདུན་པའོ།། ་དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས།། ཆོས་ཐམས་ཅད་རང་གི་མཚན་ཉིད་དུ་དྲིལ་ཏེ།། ཞུ་ཅེས་གསུངས་སོ།། བཀའ་སྩལ་པ། ཀྱཻ་འོད་ཟེར་རབ་ཏུ་འཕྲོ་བ་ཉོན་ཅིག། རང་གིས་མཚན་ཉིད་མ་ཤེས་ན།། ལུང་སྟོང་ནང་གི་རླུང་པོ ་འདྲ།། རང་གི་མཚན་ཉིད་འདི་ལྟ་སྟེ། རྣོ་བོས་ཞུས་ནས་བཞིས་བསྐོར་ཏེ། རྣོ་པོ་མའི་མངལ་དུ་འཇུག། གཡོ་བའི་རླུང་གི་གཡོས་པས་རིག་པ་གསལ་ནུས། སྨོན་པའི་རླུང་གི་ཚོལ་ནུས།། བསྡུས་པའི་རླུང་གི་ཟ་ནུས། འདེག ་པའི་རླུང་གིས་བསྐྱེད་ནུས། ཡོངས་ལ་ཁྱབ་པའི་རླུང་གིས་འབྲས་བུ་འབྱིན་ནུས་ཏེ། སྤྲུལ་པའི་སྐུར་སྣང་ངོ་།། བསྟམ་མོ།། དེས་ན་མ་ངེས་ཏེ། འཆི་ཞེས་བྱ་བ་འབྱུང་བའི་དུས་སུ། གཡོ་བའི་རླུང་གྲོལ་བས་འགྲོ་བའི ་སྟོབས་ཤོར།། སྨིན་པའི་རླུང་གཏོར་བས་དྲོད་གཏོར།། བསྡུད་པའི་རླུང་ཤོར་བས་མདངས་ཤོར་དྲི་ལྡོག། འདེགས་པའི་རླུང་ཤོར་བས་མི་ངོ་མི་ཤེས་ཏེ། ཡོད་ལ་ཁྱབ་པའི་རླུང་གིས་འབྲལ་བུ་དབྱིངས་སུ་བསྐྱལ་ལོ།། ་དེ་ནས་འཆི་ཞེས་བྱ་བའི་སྒྲ་བྱུང་བས། དམར་ཁྲིད་ཡང་དག་པ་འདི་དགོས་སྟེ། རིག་པ་ཞེས་བྱ་བ་ནི་ཡེ་ཤེས་ཟང་ཐལ་ངོ་ཤེས་པ་ལ་བྱའོ།། མ་རིག་པ་ཞེས་བྱ་བ་ནི། ཡེ་ཤེས་ངོ་མ་ཤེས་པས་ལ་བྱའོ།། ་མ་ཞེས་བྱ་བ་ནི་ཀུན་གཞིའོ།། མ་རིག་པ་ནི་ཐུག་ཀ་ལ་གནས་སོ།། ཀུན་ཏུ་རྟགས་པ་དང་ལྷན་ཅིག་སྐྱེས་པའི་མ་རིག་པ་གཉིས་ནི། བློ་སྐསྒང་གཉིས་ལ་གནས་སོ།། གནས་དཔལམ་དང་སྒོ་དང་ནི ་སྐྱོན་དང་འབྲས་བུ་ཡོན་ཏན་དག་ཏུ་བཤད།། རིག་པ་སྙིང་ན་གནས་པ་སྟེ།། ཤེས་རབ་ཞེས་སུ་རབ་ཏུ་གྲགས།། ངོ་བོ་རྩོལ་དང་ལས་དང་ནི།། གནས་དང་ལམ་དང་སྒོ་དང་ནི།། ཡོན་ཏན་འབྲས ་བུ་རྣམ་པ་བརྒྱད། ཅེས་གསུངསོ།། ཡང་བཀའ་སྩལ་པ།། དེ་རྣམ་མ་ཤེས་མ་རིག་པ་། འགྲོ་བ་འཁྲུལ་པ་རུ་རུ་སྨིག་རྒྱུ་སྙེད་པ་འདྲ། ཅེས་གསུངསོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། རིག་པ་དང་མ་རིག་པའི་སོ་མཚམས་བསྟན ་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་འོད་ཟེར་རབ་ཏུ་འཕྲོ་བས། རིག་པ་མའི་ལམ་དུ་བཟུང་བ་དང་།། འབྲས་བུ་ཇི་ལྟར་ཐོབ་པ་ལགས། ཞེས་ཞུས་པས། བཀའ་སྩལ་པ། རིག་པ་འོད་གསལ་བས་འཁོར་ལོ་བསྐོར་དང་ཡུཾ། ་ཟང་ཐལ་འཆར།། རྒྱུད་མ་སྐྱེས་ཅིང་རྐྱེན་ལ་རག་མ་ལུས།། ཡེ་ཤེས་ཟང་ཐལ་ཡེ་ནས་གནས་པ་ལ།། མཚན་མའི་ཡུལ་གྱིས་རྣམ་པ་སྐྱེས་པའི་ཚེ།། འོད་གསལ་དང་དུ་ཤེས་པས་མཚན་མ་བསྐོར།། བཟུང་འཛིན་སྤྲོས་པ་མཆོད་ན་ཡིས ་གསལ།། དེ་ཡང་དམར་ཁྲིད་དག་ལས་ཤེས་པར་བྱ།། གསལ་བའི་ཚད་ནི་ཏིལ་གྱི་མར་མེ་འདྲ།། གཟུང་འཛིན་སྤྲོས་པ་སྒུར་ལ་གྲོག་སུ་འགྲོ། དཔེར་ན་མེ་ལ་བུང་ཤིང་བསྣན་པ་འདྲ།། དཔེར་ན་འཁོར་ལོ་གྱེན་དུ་དྲག་བསྐོར་ན།། འཁོར ་ལོའི་ནང་དུ་ཚུད་པའི་སེམས་ཅན་རྣམས།། དངོས་མེ་ཐལ་བར་སོང་ནས་འཁོར་ལོའི་གྲོག་སུ་འགྲོ།། མཚན་མ་མེད་ན་འཁོར་ལོ་ཙི་ལ་བསྐོར།། འཁོར་ལོ་བསྐོར་ནས་མཚན་མ་ཀླག་པར་འགྱུར།། དེ་བཞིན་བཟུང་འཛིན་མ་སྐྱེས་འོད ་གསལ་འཁོར་ལོ་ཅི་ལ་བསྐོར།། བཟུང་འཛིན་འོད་གསལ་བསྐོར་བས་འོད་ཀས་ལ་གྲོགསུ་འགྱུར།། སྒོ་ལྔ་རྣམ་ཤེས་པར་ན་ཡས་ཟང་མ་གནས།། ཡིས་ཟང་མ་ཡིན་པས་སངས་རྒྱས་དགོངས་པ་ཐོབ།། རྣམ་ཤེས་ཡུལ་གྱི་བར་ན་ཡིས་ཟང ་ཐལ་གནས།། ཡིས་ཟད་ཐལ་མཐོང་ན་ཚོགས་དྲུག་བདེ་བ་རྒྱུན་མི་ཆད།། ཡིད་དང་ཡིད་ཀྱི་རྣམ་ཤེས་པར་ན།། རང་བྱུང་ཡིས་འཁོར་ལོ་གནས།། རང་བྱུང་འཁོར་ལོ་བསྐོར་ན་ཡེ་ཤེས་རྒྱུན་མི་ཆད།། ཡིད་དང་རྣམ་ཤེས་མེད་ན་རང་བྱུང་གང ་ནས་བཙལ།། ཡིད་དང་རྣམ་ཤེས་རོལ་མ་གཟུང་འཛིན་རྒྱུན་མི་ཆར།། འབྲས་བུ་འགྲོ་དྲུག་འཁྱམས་ཏེ་ཐར་པའི་དུས་མི་མཆི།། སྙིང་པོ་ཡེ་ཤེས་ཟད་ཐལ་ཆོས་མེན་སྐུ།། ཐོག་པ་མེད་པའི་ཡེ་ཤེས་མ་མཐོང་ན།། སྤྱོད་པ་མང་པོ་འབྲས་བུ ་མཐར་མི་ཕྱིན།། ཅེས་གསུངསོ།། གསང་བ་ཡང་གཏོར་གྱི་རྒྱུད་ལས།། རིག་པ་ལམ་ཁྱེར་གྱི་ལེའུ་སྟེ་དགུ་པའོ།། ། ཡང་འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བས།། རིག་པ་ལམ་དུ་ཁྱེར་བའི་མན་ངག་དེའི་འབྲས་བུ ་བསྟན་དུ་གསོལ།། ཅེས་ཞུས་པས་ཡང་བཀའ་སྩལ་པ། ཕྱིའི་སྐུ་གསུམ་ནང་གི་སྐུ་གསང་བའི་སྐུ་གསུམ་དང་། ཕྱིའི་ཤེས་རབ་ནང་གིས་ཤེས་རབ་དང་།། གསང་བའི་ཤེས་རབ་རྣམ་གསུམ་མོ།། ཕྱིའི་སྐུ་གསུམ་འབྲེལ་པ་མེད།། ནང ་གི་སྐུ་གསུམ་འདུས་བྱས་ཡིན།། གསང་བའི་སྐུ་གསུམ་འདུ་འབྲལ་མེད།། ཕྱིའོ་ཤེས་རབ་རྣམ་གསུམ་སྤྲོས་སྤྱོང་ཡིན།། ནང་གི་ཤེས་རབ་ཡིད་སྨོན་ཡིན།། གསང་བའི་ཤེས་རབ་རང་གྲོལ་ཡིན།། དེ་ལ་གསང་བའི་ཤེས ་རབ་རྣམ་གསུམ་ལ།། ཐོག་པ་མེད་པའི་ཤེས་རབ་ཀྱིས།། ཙི་ཏྟའི་ནང་དུ་ལྷག་གིས་ལྟས་པས།། མྱུར་བའི་ཤེས་རབ་གྲོགས་ལྟ་བུ་དེ་མཐོང་སྟེ།། ཡེ་ཤེས་ཁོང་གསལ་དུ་ལྷངས་ཀྱི་མཐོང་སྟེ། ་ཟབ་པའི་ཤེས་རབ་རྒྱ་མཚོ་ལྟ་བུ་དེས་ཁྱབ་སྟེ།། ཕྱི་ནང་མེད་པར་ལྷང་ངེས་པ་དེ་ཟང་ཐལ་གསལ་བ་ནི།། ནང་གི་སྐུ་གསུམ་ཤེས་རབ་གསུམ་ཨོ།། རིག་པ་འོད་གསལ་དུ་ལྷག་གིས་བསྐོར་བ།། ཐོག་པ་མེད་པའི་ཤེས་རབ།། ཡེ་ཤེས་ཟང་ཐ ་དུ་ལྷང་དེ་གསལ་བ་ནི་མྱུར་བའི་ཤེས་རབ།། ཕྱི་ནང་མེད་པར་ཟང་ཐལ་དུ་གསལ་བ་ནི་ཟབ་པའི་ཤེས་རབ་པོ།། དེ་ལ་ཕྱིའི་སྐུ་གསུམ་ལ་སྣང་བ་འོད་གསལ་དུ་ཐོག་པ་མེད་པར་ཧྲིག་གིས་བསྐོར་བ་ནི།། ཐོག་པ་མེད་པའི་ཤེས ་རབ། ཤེས་པ་ཟ་ཐལ་དུ་ལྷངས་ཀྱིས་གསལ་བ་ནི།། མྱུར་བའི་ཤེས་རང། གཉིས་སུ་མེད་པའི་ཏྲིག་ལེ་ཧ་ལོ་ཆར་ཕོག་པ་ལྟ་བུ་ནི།། ཟབ་པའི་ཤེས་རབ་པོ།། སྐུ་གསུམ་ལམ་དུ་ཁྱེར་བའི་ཤེས་པར་བསྟན་པའོ།། ་ཅེས་གསུངསོ།། གསང་བ་ཡང་གཏེར་གྱི་རྒྱུད་ལས། མན་ངག་དམར་ཁྲིད་ཀྱི་ལེའུ་སྟེ་བཅུ་པའོ།། ། འཕགས་པ་འོད་ཟེར་རབ་ཏུ་འཕྲོ་བ།། དགའ་འགུ་རྗེ་སུ་ཡིད་རང་ངོ་།། སྤྲུལ་པའི་སྐུར ་སྤྲུལ་པའི་སྐུ་ལ་རྒྱུད་ལ། གདམས་པ་ཡང་དག་པ།། ཡང་ཏི་ནག་པོ་གསེར་གྱི་འབྲུ་ཅིག་པ། དམར་ཁྲིད་སྡེ་བསྐོར་དོན་བསྐོར་མ་ལུས་པ་བསྟན་པ། སེལ་མེད་པའི་ནན་ངག་རྫོགས་སོ།། ལན་ཅིག་ཞུས་པས་དག་པར་བྱས།། ་